རྫ་ཚེ་རིང་བཀྲ་ཤིས།
༡༽ཆུ་བོ་སྐད་ཅིག་ཀྱང་མི་སྡོད་པར་མདུན་དུ་རྒྱུག་ཅིང་། ང་ཚོ་ཡང་དེའི་ངོགས་ན་འཚོ་བ་ཡིན། བྱེ་ཟེགས་དང་འདམ་གྱིས་རྙོག་ཀྱང་རུང་། མེ་ཏོག་གི་ཁ་ཆུས་བརླན་ཡང་རུང་། མཐར་ནི་སླར་ཡང་རྒྱ་མཚོར་འབབ་པར་འགྱུར།
༢༽མཐའ་ཡས་པའི་ཚེ་སྲོག་དག་གི་སླད་དུ་མཐའ་ཡས་པའི་གོ་ཆ་བགོས་པའི་དཔའ་བོ་འགའ་ཞིག་གམ་ཏུ་མཆིས་ཏེ། ཡང་ཡང་མདོངས་གསོལ་དུ་ཕུལ་བའི་སྨྲེ་ངག་དེ་དག་ཐུགས་ལ་བཞག་སྟེ། བདག་གི་སླད་དུ་གཡོ་བར་གྱུར། དེ་དུས་འཇིག་རྟེན་འདིའི་ཚེ་སྲོག་མཐའ་ཡས་པས་རང་གི་བདེ་བ་དག་ཐོབ་པ་ནི།
སྡུག་བསྔལ་མཐའ་དག་དང་བྲལ་བདེ་བའི་ཤུགས་སྦྱིན་པ། །
བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་སྤྲིན་བདེ་བ་དང་། །
བསིལ་ཞིང་དྲི་ཞིམ་ངད་ལྡན་ཆར་བ་འབེབས་མཐོང་ནས། སེམས་ཅན་དམྱལ་བ་དེ་དག་མངོན་པར་དགའ་བར་གྱུར།
༣༽ཚེ་སྲོག་ནི་རྒྱུད་སྐུད་ལས་འཕོས་པའི་གདངས་ཤིན་ཏུ་གཉོམ་པའི་རོལ་དབྱངས་ཙམ་མོད། སྐྱེས་བུ་དམ་པ་དག་གིས་བྱིན་གྱིས་རླབས་པ་ལས་དབྱངས་ཀྱི་ཡན་ལག་གཞན་ཡང་འབྱུང་བར་འགྱུར།
རྟེན་འབྲེལ་ནི་འདི་ལྟ་བུའི་ཆོས་ཅན་ནོ།།
རྟག་ཏུ་བདག་ཉིད་ཀྱིས་བཀྲོལ་བའི་རོལ་དབྱངས་འབའ་ཞིག་གིས་གཉིདལས་སློང་བ་སྟེ། ཁོང་ནི་ལྟོས་པ་མེད་པའི་ཏིང་ངེ་འཛིན་ལ་བྱང་བའང་ཡིན་ནོ། །
༤༽འགྲམ་གྱི་ངོགས་དག་ན་ད་དུང་གཞན་ཡང་ཡོད་དེ། །ཁོང་ཚོ་ཅི་ལ་དགའ་བ་ནི་ངས་ཀྱང་མི་ཤེས་མོད། སེམས་དཔའ་ཆེན་པོ་དེས། རང་གི་ལག་གིས་ངལ་སྟེགས་སུ་འདྲེན་གྱིན་ཚིག་གཞན་ཡང་སྨྲ་སྟེ། ནགས་ཀྱི་དབུས་ན་སྤྲེའུ་སྐྱིད་སྙམ་སྟེ། །
ནགས་མཐའ་མེ་ཡིས་སྐོར་རོ་དིང་རི་བ། དིང་རི་བ། དིང་རི་བ་་་་་་་་་་་་་་
ནགས་ཀྱི་དབུས་ན་སྤྲེའུ་སྐྱིད་སྙམ་སྟེ། །
ནགས་མཐའ་མེ་ཡིས་སྐོར་རོ་དིང་རི་བ། །
ཞེས་པའི་ཚིག་འདི་མཁས་དབང་ཁོང་གིས་ན་ཉིན་ཉག་རོང་རིག་གཞུང་དར་སྤེལ་གྱི་སྒྲོ་གླེང་གི་དབུ་འབྱེད་གསུང་བཤད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་གནས་བབ་ལ་སྡོམ་ཚིག་ཏུ་དྲངས་པའི་ཚིག་སྟེ། གསུང་འདི་མ་གཞི་ཕ་དམ་པ་རྒྱ་གར་གྱི་དིང་རི་བརྒྱད་ཅུ་ཞེས་པའི་ཚིག་རེད་འདུག
ལུགས་གཉིས་ཀྱི་སྦུས་པའི་རྣལ་འབྱོར་བ་ཆེན་པོ་མཁྱེན་ནོ།
རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་སྐྱེས་བུ་རླབས་ཆེན་གྱི་སྐུ་དཔར་མཐོང་གྲོལ་མཇལ་བས་དགའ་སྤྲོ་བརྟས། ཡིག་རྩོམ་དེ་དམ་པ་ཁོང་གི་རྣམ་ཐར་གྱི་ཆ་ཆས་སྐོར་གྱི་་བྱུང་བ་རྒྱས་པར་རེ་འབྲི་གནང་བར་མཁྱེན། བོན་ཟེར་བ་དེ་ལ་བོན་ནག་ཚང་གི་དམོད་ངན་ལ་ལན་རྒྱབ་པར་སྤྲོའོ། གལ་ཏེ་ཁྱོད་རང་གིས་བགྲོ་གླེང་འདོད་ན་ཨེ་མ་ཧོའི་རིག་མཛོད་དུ་ཤོག་དང་ཁ་འཁྲུགས་བཤད་ཆོག ། ཁ་བརྡ་སྤྱིའི་དྲ་བ་དག་མ་རྫོད་ཅིག བོན་འདིར་ཤོག http://amahonet.blogspot.com/2011/05/blog-post_5610.html
ལུགས་གཉིས་ཀྱི་སྦས་པའི་རྣལ་འབྱོར་བ་ཆེན་པོ་རྩ་བའི་བླ་མ་ཁྱེད་མཁྱེན་ནོ།
དམ་པ་གང་གི་གསུངས་གི་ཆ་ཤས།
བསྟན་འཛིན་གྱི་སྐྱེས་བུ་དམ་པ་དག་གི་ཞབས་དྲུང་དུ་ཞུ་གསོལ།
དུས་ཀྱི་མར་གཤམ་འདིར་སྐྱེ་རྒུའི་བསོད་ནམས་ཟད་པའི་དབང་གིས་ངན་སྤྱོད་སྣ་ཚོགས་པ་ཁ་དར་ནས་སྡིག་ལས་ཚབས་པོ་ཆེ་ལ་རབ་ཏུ་བརྩོན་པས་འདི་ཕྱི་གཉིས་ཀ་ཕུང་བར་བྱེད་ཅིང་། ཁྱད་པར་དུ་རང་རེ་གངས་ཅན་མདོ་ཁམས་ཀྱི་ཡུལ་འདིར་ཉེ་བའི་ལོ་འགའི་རིང་ལ་ཟོག་ལུག་རྟ་དང་ཁྱི་ཡན་ཆད་བཤས་རྭར་འབེབས་པའི་བརྩེ་མེད་ཀྱི་གདུག་སྤྱོད་ཡ་ང་བས་ལོ་རེ་ཅེ་མང་ཇེ་མང་ཇེ་དར་དུ་གྱུར་ཏེ་ཉེས་མེད་ཀྱི་སེམས་ཅན་རྣམས་ལ་སྡུག་སྔལ་བཟོད་གླགས་མེད་པ་མྱོང་དུ་འཇུག་ཅིང་། རང་གཞན་ཐམས་ཅད་སྡིག་པ་ལ་སྦྱར་ནས་ངན་སོང་གི་རྒྱུ་འཇིགས་སུ་རུང་བ་ལ་ཆེས་ཆེར་འབད་པས་ལོང་བ་གཡང་ལ་མཆོང་པ་ལྟར་དུ་གྱུར་འདུག་པ་ཀུན་ཀྱིས་མཁྱེན་གསར་ལྟར་ལགས་ལ། སྡིག་ལས་འདི་ལྟ་བུ་མ་བྱས་ན་འཚོ་ཐབས་མེད་པ་ནི་མ་ཡིན་པས་སྡིག་རྒྱུན་འདི་གཅོད་ཅི་ནུས་བྱས་པ་ཤིན་ཏུ་གལ་ཆེའོ། དེས་ན་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་ལྷག་བསམ་ཅན་གྱི་གྲྭ་པ་དཀྱིས་མ་ཡན་ཆད་ཀྱིས་བྱ་བ་འདི་བཏང་སྙོམས་སུ་མི་འཇོག་པར་ནུས་པ་ཅི་ཐོན་གྱིས་འབད་པ་ཞིག་བྱེད་པར་སྣིང་ཐག་པ་ནས་ཞུ་ཞུ། སྤྱིར་འཁཽར་ཡུག་དང་སྼོག་ཆགས་ལ་སྲུང་སྐྱོབ་བྱེད་པ་འདི་ཁྲིམད་མཐུན་གྱི་བྱ་བ་ཡིན་ལ་ཁྱད་པར་དུ་རང་ཅག་སྟོན་པའི་རྗེས་འཇུག་རྣམས་ལ་འོས་བབས་ཀྱི་བགྱི་བ་གལ་པོ་ཆེའང་ཡིན་པས་ཅིས་ཀྱང་ཐུགས་རྗེས་མི་འདོར་བ་མཁྱེན་མཁྱེན་མཁྱེན།
མཁན་ཆེན་དཔལ་དགྱེས་རྡོ་རྗེ་རིན་པོ་ཆེ་ལ་སྐུ་བདེ་པོ་ཡིན་ན།
ཚུལ་ཁྲིམས་བློ་གྲོས་ཚང་འདི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་མཁས་ཤིང་བསམ་མི་ཁྱབ་པའི་ཐུགས་སྟོབས་ཅན་ཞིག་རེད། འདི་ལ་བསྟོད་པ་ཚད་ལས་བརྒལ་བ་བྱས་ཏེ་ཁྲིམས་ཁང་ཏུ་མི་སྐྱེལ་བར་ཞུ། ཁོང་རང་གིས་ལམ་དེ་འགྲོ་བ་མིའི་རིགས་སུ་གྱུར་པ་སྤྱི་སྨན་ལས་སྲིད་གཞུང་དང་མི་རིགས་ཀྱི་རང་དབང་རང་བཙན་སོགས་དང་འབྲེལ་བ་མེད་པའི་ཕྱོགས་སུ་ཞོག་དང་བཟང་རྒྱུ་རེད། རྫ་ཚེ་ལགས་ལ་ཐུགས་རྗེ་ཆེ།