ར་རྫ་འཇམ་དབྱངས་སྐྱིད།
ཤེས་རིག་མ་དར་གོང་གི་གདོད་མའི་སྤྱི་ཚོགས་དུས་སུ། བུད་མེད་ཀྱིས་ལོག་གཡེམ་བྱས་པ་ཡིན་ན། སྲོག་གཅོད་པ་དང་སྐྲ་ལོ་འབྲེག་པ། སྣ་དང་རྣ་བ་གཅོད་པ་སོགས་ཀྱི་སྲོལ་ཡོད་པ་རེད། ཕྱི་གླིང་གི་རྒྱལ་ཁབ་ཁ་ཤས་སུ་བུ་མོ་ཞིག་གིས་འགྲོགས་བཟང་བཙལ་བ་ཡིན་ན། ཁྱོ་ག་དང་རང་གི་ཕ་དང་ཕུ་ནུ་གང་རུང་གིས་བུ་མོ་དེ་བསད་ཀྱང་ཁྲིམས་མཐུན་ཡིན་པ་རེད། གཞན། དབྱིན་ཇི་རུ་ཁྱོ་ག་དམག་ལ་འགྲོ་སྐབས་ཁྱོ་མོའི་མོ་མཚན་ལ་ལྕགས་ཟྭ་རྒྱག་པའི་སྲོལ་ཞིག་ཀྱང་དར་མྱོང་ཡོད་རེད། དེ་ནི་དམུ་རྒོད་སྤྱི་ཚོགས་གང་གི་མཚོན་རྟགས་རེད་ལ། མིའི་རིགས་ཀྱི་ངོ་གནོང་དགོས་པའི་ལོ་རྒྱུས་ནག་པོ་ཞིག་ཅི་ལ་མིན། བུད་མེད་ལ་སྲོལ་དང་ཁྲིམས་དང་སྒྲིགས་དང་ལམ་ལུགས་འཛུགས་མཁན་ནི། ཏག་ཏག་སྐྱེས་པ་ཚོ་ཡིན་པ་རེད་ལ། ཡིན་ཡང་། ཁོ་ཚོས་རང་སྣང་གང་ཤར་གྱིས་ཁྱོ་མོ་མང་པོ་བསྟེན་ཆོག་གི་ཡོད་པར་མ་ཟད། བུད་མེད་ལ་གང་འདོད་དུ་ལོག་གཡེམ་དང་ཐ་ན་བཙན་གཡེམ་བྱས་ཀྱང་ཉེས་ཆད་ཕོག་གི་ཡོད་པ་མ་རེད། དོན་དག་འདི་ནི། སྔོན་ཐོན་རྒྱལ་ཁབ་ཅིག་ལ་མཚོན་ན། འདས་ཟིན་པའི་ལོ་རྒྱུས་རལ་པོ་ཞིག་རེད་འདུག
ཡིན་ཡང་། འུ་ཅག་གངས་ཅན་བུད་མེད་ཚོར་མཚོན་ན། དོན་དག་དེ་ད་ལྟ་བའི་དུས་སུ་ཡང་འབྱུང་གིན་པ་སྐྱེས་མ་རིག་འཛིན་ལ་བྱུང་བའི་གནས་ཚུལ་དེས་གསལ་ར་སྤྲད་འདུག ཁ་སང་དོན་རྐྱེན་དེ་མཐོང་མ་ཐག གློ་བུར་དུ། ཟླ་བ་ཁ་ཤས་སྔོན་ལ་བལྟས་པའི་ཨི་རན་གྱིས་དོན་དག་ངོ་མ་གཞིར་བཟུང་ནས་ཕབ་པའི《རྡོ་འཛིང་གིས་བསད་པའི་བུ་མོ་སོ་ལ་ཡ》ཞེས་པའི་གློག་བརྙན་ཏེ་ཡིད་ལ་ཝ་ལེར་ཤར་ཡོང་། ང་ཚོས་ཀླ་ཀློ་ཞེས་འབོད་པའི་ཁོ་ཚོའི་བྱ་སྤྱོད་དེར། ལྟ་མཁན་ཀུན་ཞེན་པ་གཏིང་ནས་ལོག་སྟེ་༼ཀླ་ཀློ་དམུ་རྒོད་ཚོ༽་ཞེས་དམའ་འབེབས་སེར་བ་འབབ་འབབ་བྱེད་ཀྱི་འདུག་ན་ཡང་། ངས་སོ་ལ་ཡ་ཡི་ལས་དབང་མཐོང་ནས་མིག་ཟུང་མཆི་མས་བརླན། དེ་མུར། རང་ཉིད་བསྐལ་པ་ནས་བསྐལ་པའི་བར་མི་རིགས་དེའི་བུད་མེད་ཅིག་གི་སྐྱེ་བ་མི་ལེན་པའི་སྨོན་ལམ་ཕུར་ཚུགས་སུ་བཏབ་པ་ཡིན།
སྤྱི་ཟླ7པའི་ཚེས 16 ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། མོ་ལོ30 ཅན་གྱི་སྐྱེས་མ་རིག་འཛིན། སྐྱེས་པ་ཞིག་དང་ལུས་འབྲེལ་བྱུང་བར་རྐྱེན་བྱས། ཁོ་མོའི་མགོ་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་ཧྲིལ་པོ་དམར་ཧྲེང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་དོན་དེས། ང་རང་ཧ་ལས་ཧང་སང་ཧོན་ཐོར་སོང་། དེ་ནི་ཏག་ཏག་ཀླ་ཀློའི་སྤྱོད་པ་རེད། ཁ་ནས་དམངས་གཙོ་འདྲ་མཉམ་བར་མེད་དུ་སྒྲོག་པའི་སྤྱི་ཚོགས་ཤིག་ཏུ་དེ་འདྲའི་ཡ་བྲལ་དུ་སོང་བའི་སྦྱོར་བ་རྩོམ་པ་མཐོང་སྐབས། ཡིད་ནི་རབ་ཏུ་སྐྱོ་ཞིང་སེམས་པ་འཁྱག་གིས་བསྡམས་སོང་།
སྤྱིར་ཕོ་མོ་ལྐོག་འབྲེལ་བྱས་པ་ལ། ཀུན་སྤྱོད་ཀྱི་རྣམ་གཞག་གིས་བཤུང་ན་འགྲིག་པ་མ་གཏོགས། དབང་པོ་རྣམ་ལྔ་ཚང་བའི་བདེ་ཐང་གི་མི་ཞིག་དབང་པོ་སྐྱོན་ཅན་དུ་བཏང་བ་ནི་ཁྲིམས་འགལ་གྱིས་མིའི་ལུས་ལ་གནོད་འཚེ་བཟོས་པ་རེད་ལ། གྱོན་ཆས་བཙན་བཤུ་བྱས་ནས་དམར་ཧྲེང་དུ་ཁྲོམ་ལ་ཁྲིད་པ་ནི་ཁྲིམས་འགལ་གྱིས་མིའི་སེམས་ལ་གནོད་འཚེ་བཏང་བ་ཤ་སྟག་ཡིན་པས། བྱེད་གཏེ་བདུན་པོ་ནི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་དོགས་གཞིའི་ཉེས་ཅན་རྩོད་མེད་ཡིན་པ་རེད། གནས་ལུགས་དེ་ལྟར་ཡིན་པས་ན། ཐོག་མར་མིའི་ཐོབ་ཐང་ལ་ཁྲིམས་འགལ་གྱིས་རྡོག་རོལ་གཏོང་མཁན་དེ་ཚོ་ཁྲིམས་གཏུགས་ཀྱིས་ཁོ་ཚོས་སྐྱེས་མ་རིག་འཛིན་གྱི་ལུས་སེམས་ལ་བཟོས་པའི་སྡུག་བསྔལ་ལ་ཁྲིམས་གཅོད་གུན་གསབ་བྱེད་དུ་བཅུག་པའི་རྗེས་ཐོགས་སུ། ད་གཟོད་རིག་འཛིན་དང་སྐྱེས་པ་དེའི་བར་བྱུང་བའི་ཚུལ་མིན་ལོག་གཡེམ་གྱི་དོན་དག་དེ་རྩད་གཅོད་ཞིབ་གསལ་དང་ཐག་གཅོད་དྲང་སྙོམས་བྱས་ན་འགྲིག་པ་རེད།
དེ་ལྟ་མ་ཡིན་པར་དོགས་གཞི་ཉེས་ཅན་བདུན་པོ་རྒྱ་ཡན་དུ་བསྐྱུར་པ་ཡིན་ན་ནི། བོད་མིའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཟེར་བ་སྐྱག་རྫུན་དུ་འགྲོ་ཉེན་ཆེ་བར་མ་ཟད། སྐྱེས་པ་དང་བུད་མེད་སུ་གང་གི་ཐོབ་ཐང་ལའང་འགན་སྲུང་མེད་པ་ཆགས་ངེས་པས། ངེད་ཅག་ཕོ་མོ་རིས་མེད་ཀྱིས་དོན་འདིར་དོ་ཁུར་དང་འབྲེལ་ཡོད་ལས་སྣེར་གནོན་ཤུགས་སྤྲོད་དགོས་གལ་ཤིན་ཏུ་ཆེ་བ་རེད། བརྒྱ་ལ་དོན་དག་དེ་འགྲོ་མིའི་ཐོབ་ཐང་གཞི་རྩར་བཞག་ནས་ཐག་གཅོད་དྲང་སྙོམས་ཤིག་མ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་སུ་མང་གཙོ་དང་འདྲ་མཉམ། དྲང་བདེན་ཡོང་བར་གེགས་སུ་འགྲོ་བའི་དོན་རྐྱེན་དེ་རིགས་ཆུ་ངན་ལམ་ཞུགས་ཀྱིས་མང་ནས་མང་དུ་འགྲོ་རྒྱུ་རེད།
ཀུན་གྱིས་ཤེས་དགོས་པ་ཞིག་ནི། དོན་རྐྱེན་དེས་སྐྱེས་མ་རིག་འཛིན་གྱི་སེམས་ཁམས་ལ་ག་འདྲའི་ཟུག་གཟེར་དང་མི་ཚེ་ལ་ཅི་འདྲའི་སྐྱོ་སྣང་བཟོ་ཡོང་བ་དེ་རེད། ང་བུད་མེད་ཅིག་གི་ངོས་ནས་བལྟས་ན། སྲོལ་རྒྱུན་གྱི་སྤྱི་ཚོགས་ཁྲོད་འཚར་བའི་བུད་མེད་ཅིག་ལ་མཚོན་ན། གཅེར་བུར་བཏང་བ་ནི། བཙན་གྱིས་ཤི་ལམ་དུ་བརྫང་བ་དང་གཅིག་མཚུངས་ཡིན་པ་རེད།
འཇིག་རྟེན་འདི་ནས་མི་གཅིག་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཡིན་ན། མི་ཐམས་ཅད་ཀྱི་ཐོབ་ཐང་ལ་འགན་སྲུང་མེད་པ་རེད། ཡང་། མི་སྟོབས་ཆེན་དག་དཔུང་བསྡོངས་ནས་མི་གཉོམ་ཆུང་རྣམས་ཀྱི་ཐོབ་ཐང་ལ་རྡོག་རོལ་བཏང་ཆོག་ན། མི་རིགས་སྟོབས་ཆེན་དག་གིས་མི་རིགས་གཉོམ་ཆུང་ལ་ཐུབ་ཚོད་མི་ཆོག་པའི་གནས་ལུགས་ཇི་ལྟར་རྩོད།
བྱེས་སུ་སྡོད་པའི་སྐྱེས་མ་རིག་འཛིན་གྱི་མགོ་ལ་སྡུག་བསྔལ་དེ་བྱུང་བ་དང་འདྲ་བར། གཞིས་སུ་སྡོད་པའི་བུད་མེད་ཀྱི་ཐོབ་ཐང་ལ་ཡང་རྡོག་རོལ་བཏང་དང་གཏོང་མུས་སུ་ཡོད་པ་རེད། དེ་ཡང་། ལོ་དུ་མའི་སྔོན་ཞིག་ལ་མགོ་ལོག་རྨ་ཆེན་དུ་བུད་མེད་ཅིག་གིས་འགྲོགས་བཟང་བཙལ་བ་ཁྱོ་གས་ཤེས་རྗེས། ཁོས་ཆུང་མའི་རྣ་བ་ཡ་གཅིག་བཙན་གྱིས་གྲི་ཡིས་བྲེགས། འགོར་འགྱངས་བྱས་པ་མིན་ནམ། གང་ལྟར་སྨན་ཁང་དུ་འབྱོར་རྗེས་ཐང་ལ་ལྷུང་བའི་རྣ་བ་དེ་བཙེམ་སོས་མ་ཐུབ་པ་རེད། མོས་འགྲོགས་བཟང་བཙལ་བའི་ནག་ཉེས་ལ་རྣ་བ་ཡ་གཅིག་ཤོར་བས་མི་ཚད། གནས་ཡུལ་ནས་འདུག་ཏུ་མ་བཅུག་པར་ཁྱོ་གས་བཙན་ཤེད་ཀྱིས་ཁོ་མོ་ཕྱིར་ཕ་ཡུལ་དུ་སྤྱུགས་པ་རེད། ཐོས་ཚུལ་ཡིན་ན། མོས་རྣ་བ་མེད་སའི་སྐྲ་ལོ་རྟག་པར་ཐར་དུ་འཕྱངས་ནས་རྣ་ཤུལ་གྱི་ནག་ཁུང་དེ་འགེབས་ཀྱི་ཡོད་པ་རེད་ཟེར། ས་ཆ་དེ་རུ་དོན་དེ་རིགས་རྒྱུན་ལྡན་ཞིག་ཏུ་ལྟ་བ་དང་། ངས་ཀྱང་གནས་ཚུལ་དེ་ནང་གཏམ་གྱི་ཚུལ་དུ་ཐོས་པ་ལས་གསར་ལམ་སོགས་སུ་མཐོང་བ་མིན། ཡང་གཅིག་བསམས་ན། གཞི་རིམ་མཐའ་འཁོབ་ཀྱི་བུད་མེད་ལ་མནར་གཅོད་གཏོང་བ་དེ་ནི། བོད་ནང་གི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་ནས་གསར་འགྱུར་ཞིག་གི་རིན་ཐང་ཡང་མེད་པ་ལྟར་སྣང་།
དོན་དག་དེ་རིགས་བྱུང་བའི་རྒྱུ་མཚན་ནི། བོད་པའི་ལོ་རྒྱུས་སུ་བུད་མེད་ཀྱིས་ལོག་གཡེམ་བྱས་ན་སྣ་དང་རྣ་བ་འབྲེག་ཆོག་པ་ཁྲིམས་སུ་གཏན་ལ་ཕབ་ཡོད་པའི་སྲོལ་རོ་དེས་བསྐྱེད་པ་རེད་འདོད། ལར། ཕོ་མོ་གང་རུང་གི་ལོག་གཡེམ་བྱེད་པའི་སྲོལ་དེ་ཡག་པོ་ཞིག་མིན་པས་མི་ཚད། བདེ་ཐང་དང་འཕྲོད་བསྟེན་གང་ལ་ཡང་ཕན་མེད་གནོད་ཚབས་ཆེ་བས་སྤྱོད་པ་དེ་གཅུན་ན་འགྲིག་མོད་ཀྱང་། བློ་ཕངས་པ་ཞིག་ལ། དེ་འདྲ་ཞིག་མ་ཡིན་པར། བོད་ནང་གི་གཞི་རིམ་གྱི་སྐྱེས་པ་ཚོས་གྲོང་ཁྱེར་དང་གྲོང་བརྡལ་གང་རུང་དུ་སྨད་འཚོང་མ་ལས་མཚན་མའི་འགོས་ནད་རིན་གྱིས་ཉོས་ནས་རོང་འབྲོག་ཁུལ་དུ་ཁྱེར་ཏེ་རང་གི་ཆུང་མ་དང་བུ་ཕྲུག་ལ་བགོས་དང་བགོ་གི་ཡོད་པའི་དོན་དངོས་ཁ་དར་འདུག་པ་རེད། དགོས་དབང་གིས་མི་འགྱངས་པར་ཐོན་གྲབས་འདུག་པའི་བདག་གི《སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་》ཞེས་པའི་བུད་མེད་ལས་དབང་སྐོར་གྱི་དེབ་ལས་དུམ་མཚམས་ཤིག་དྲངས་ན། “གཞན་ཡང་ཕ་ཡུལ་འབའ་རྫོང་རང་ནས་ཡིན་པའི་སྨན་པ་ལྷག་བསམ་ཅན་ཕག་མོ་སྒྲོལ་མ་ལགས་ཀྱི་སྙིང་གཏམ་ཚ་མོ་དེ་རེད། མོས། ས་དེ་གའི་ཞོལ་མ་ཡུལ་ཚོ་དང་རྨ་བྱང་ཡུལ་ཚོ་ལ་སོགས་ཀྱི་འབྲོག་ཁུལ་དུ། མཚན་མའི་འགོས་ནད་སྦྱར་མ་བྱུང་ཚད་ཇེ་དྲག་ཏུ་ཕྱིན་གྱི་ཡོད་ཐོག ནད་དེས་བསད་པའི་བུད་མེད་ཁ་ཤས་ཤིག་ཀྱང་ཡོད་ལ། ནད་དེ་ཚབས་ཆེན་དུ་གྱུར་པའི་བུད་མེད་ཅིག་ཟི་ལིང་གི་གཞུང་བཙུགས་སྨན་ཁང་དུ་ལེན་ཁ་མ་ཉན་པར་ཐབས་ཟད་འུ་ཐུག་ནས་སྒེར་གཉེར་གྱིས་སྨན་ཁང་ཞིག་ཏུ་བསྡད་པ་རེད་ཅིང་། དེ་ལས་བརྟག་དཔྱད་མཐར། བུད་མེད་གང་དེའི་མོ་མཚན་ཧྲིལ་པོ་སྦྱར་ནད་ཀྱིས་ཟོས་ཚར་ཏེ་བུ་སྣོད་ལ་ཐུག་གི་བར་དུ་གཏུགས་འདུག་པ་རེད་ཅེས་ནན་སེམས་དྲག་པོས་ང་ལ་བཤད་བྱུང་། ཁོ་མོས་ད་དུང་། ཨ་ཡེ་རྒན་མོ་ཞིག་ལས། སྐྱེས་པ་ཞིག་གིས་ཟི་ལིང་གི་རླངས་འཁོར་ས་ཚིགས་སུ་སྒོར་གཉིས་བརྒྱ་ཕར་སྤྲད་ནས་འགོས་ནད་དེ་ཚུར་ཉོས་ཡོང་བ་རང་གི་ཆུང་མར་བསྒོས་ཤིང་། ཆུང་མའི་ནད་དེ་སྨན་བཅོས་ཀྱི་སྨན་རིན་ལ་ད་ཕན་སྒོར་ཁྲི་གཉིས་གསུམ་བཏང་ཡང་དྲག་བསྐྱེད་བྱུང་མེད་པའི་སྐད་ཆ་གོ་ཚུལ་ཡང་ང་ལ་བཤད་བྱུང་།” རེད་ཡ། དེ་དག་ཚང་མའི་སྐྲ་འབྲེག་སྣ་གཅོད་དགོས་ན། ང་ཚོའི་འཚོ་བའི་ཁྲོད་ཁ་སྣ་མི་ཚང་བའི་སྐྱེས་པ་ཅི་འདྲའི་མང་པོ་ཡོད་རྒྱུ་རེད་ཨང་།
བུད་མེད་ཀྱིས་༼གྲལ་རིམ་དགྲ་བོ༽་ལྟར་གཉའ་གནོན་བཟེད་མི་དགོས་བར་དུ། ངས་སྤྱི་ཚོགས་ཀྱི་དམུ་རྒོད་བྱ་སྤྱོད་གང་ལ་ཡང་ཁ་གཏད་གཅོག་ངེས་ཡིན། རྒྱུ་མཚན། བུད་མེད་ཀྱང་སྐྱེས་པ་ནང་བཞིན་སྐྱིད་དགའ་ལོངས་སྐྱོད་ལ་དགའ་བའི་མཚན་ཉིད་ཡོངས་སུ་ཚང་བའི་༼མི༽་ཡིན་པས་སོ།།
2011/08/09/ཉིན་གྱི་ཕྱི་དྲོར་བྲིས་གྲུབ།
ཡོང་ཁོངས། སེང་རྡོར་དྲ་བ།
འཇམ་དབྱངས་སྐྱིད་ལགས་གོང་གི་གནས་ཚུལ་དེ་བུ་མེད་ལ་ཐོབས་ཐང་མེད་པའི་འོག་བྱུང་བ་ཞིག་མ་རེད་
དེ་ནི་བཙན་པོ་དབང་ཤེས་ཀྱི་འོག་ནས་བུ་མེད་ཉམ་ཆུང་དེར་ཐུབས་ཚོད་བཤད་པ་ཞིག་རེད་གནས་ཚུལ་དེར་བོད་ཀྱི་བུ་མེད་ལྷན་ཚོགས་ནས་ངེས་པར་དུ་ཐུགས་འགན་ཞེས་ནས་ཉེས་ཆེན་རྒྱ་ཡན་དུ་གཏོང་མེ་རུང།
མ་ཟད་བཙན་བྱོལ་བོད་གཞུང་ངོས་ནས་བུ་མེད་ཉམ་ཆུང་དེའི་བདེ་བསྡུག་ལ་དགོང་པ་ཞེས་དགོས་པ་མ་ཟད་བུ་མོ་དེར་ཉེས་འརྡུང་གཏོང་ཁན་དེའི་རིགས་བོད་པ་བསྐྱབས་བཅོལ་བའི་མིང་ཐོག་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གཏོང་མི་རུང།
འཇམ་དབྱངས་སྐྱིད་ལགས་ཀྱིས་བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་གནང་རྒྱུའི་ཆོད་སེམས་ལ་རྗེས་སུ་ཡི་རང་དང་འབྲེལ་ཞུ་རྒྱུ། སྤྱིར་ད་རེས་བྱེས་ཀྱི་སྤྱི་ཚོགས་ཁྲོད་གནས་ཚུལ་ཐབས་སྡུག་འདི་འདྲ་བྱུང་བ་དངོས་འབྲེལ་ཡང་། འཛམ་གླིང་ན་མི་གྲངས་མང་ཤོས་གཉིས་པར་གྲགས་པའི་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིའི་ནང་ཁ་འཐོར་དུ་གནས་པའི་བོད་པའི་སྤྱི་ཚོགས་འདིར་མཚོན་ན་རྩ་བའི་ཆ་ནས་གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་རང་དབང་དང་འདྲ་མཉམ་ཅན་གྱི་དམངས་གཙོའི་ཁེ་དབང་ལ་ལོངས་སུ་སྤྱོད་བཞིན་ཡོད་ཀྱང་། གཞན་དབང་སྟབས་བསྟུན་གྱིས་དུས་རྒྱུན་ཕར་འགྲོ་ཚུར་འོང་བྱེད་དཀའ་བའི་མཐའ་མཚམས་ཀྱི་དམིགས་བསལ་ས་ཁུལ་ཁུག་ཀྱོག་ན་ཆགས་པའི་བསྟན་འཛིན་སྒང་ལྟ་བུར་ད་དུང་ཡང་གནའ་བོའི་འདྲ་མཉམ་མིན་པའི་སྤྱི་ཚོགས་ཀྱི་ལྟ་བའི་ཤུགས་རྐྱེན་ངན་པ་རང་ཆས་སུ་ཡོད་པའི་མི་ངན་དེ་འདྲ་རེ་ཟུང་མཆིས་པའི་ཉེར་ལེན་ལས་གནས་ཚུལ་ཐབས་སྐྱོ་བོ་དེ་ལྟ་བུ་བྱུང་བ་རེད་མོད། ད་ཆ་སྐྱེས་མ་རིག་འཛིན་ལགས་དང་ཁོ་མོར་རྒྱབ་སྐྱོར་བྱེད་མཁན་གྱི་བདེན་པའི་སྟོབས་ཤུགས་བཙན་པོ་དབང་ཡོད་བྱེད་མཁན་ཕ་རོལ་པོ་ལས་རྣམ་པར་རྒྱལ་ཏེ་མི་ངན་དེ་ཚོར་ཉལ་བའི་གཉིད་ཀྱང་མི་ཁུག་པའི་ཚོད་དུ་བསྐྱལ་ཟིན་པ་འདི་ཡང་བྱེས་འབྱོར་བོད་མི་ཚོས་ལོངས་སུ་སྤྱོད་པའི་དམངས་གཙོའི་ཁྱད་ཆོས་རང་དབང་དང་འདྲ་མཉམ་ཞེས་པ་དེའི་དགེ་མཚན་ཞིག་ཏུ་འདོད་དོ།
འཇམ་དབྱངས་སྐྱིད་ལགས་ཀྱིས་རྩོམ་སྤུས་ལེགས་ཤིག་སྤེལ་འདུག རྣམ་པ་ཚོ། གསུངས་དང་། ཡང་སྙིང་མི་དེ་དག་རྒྱ་ཡན་དུ་བཏང་ཟིན་པ་རེད་དམ། ཡང་ན་ཉེས་ཆད་བཅད་ཡོད་པ་རེད། ཉེས་ཆད་བཅད་མེད་ན་བོད་གཞུང་གི་འབྲེལ་ཡོད་ཚན་པའི་ཁ་པར་ཨང་གྲངས་འདིར་ཞོག་དང་དྲ་གྲོགས་ཚོས་མུ་མཐུད་ནས་བུད་མེད་ལས་ངན་མ་དེའི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་རེད།
གནས་ཚུལ་དེ་དང་པོ་ཁ་བརྡ་ལས་མཐོང་དུས་དེ་ཙམ་དོ་སྣང་མ་བྱས་མོད། ཕྱིས་སུ་ངོ་དེབ་དང་ཕ་ཡུལ་དྲ་བ་བཅས་སུ་ཞིབ་ཏུ་ལྟ་དུས་ངོ་མ་སེམས་སྐྱོ་དགོས་པ་ཞིག་དང་། ཞེ་མེར་དགོས་པ་ཞིག་རེད་འདུག བོད་ཀྱི་སྤྱི་ཚོགས་སུ་དེ་འདྲའི་བདུག་རྩུབ་ཆེ་བའི་མི་ཡོད་པ་ད་བར་མ་ཤེས།
གང་ལྟར་ཁོ་ཚོ་རྒྱ་ཡན་དུ་ནམ་ཡང་གཏོང་མི་རུང་།
ཀློག་མཁན་རྣམ་པ་སུ་ཡིན་རུང་བུད་མེད་དེ་རང་ཉིད་ཀྱི་སྲིན་མོ་ཞིག་ཡིན་ན་རང་ཉིད་ཀྱིས་གང་ཞིག་བྱེད་ས་རེད་བསམ་བློ་ཡག་པོ་ཞིག་གཏོང་ནས་བུད་མེད་དེའི་སྐོར་དབུས་བུད་མེད་ལྷན་ཚོགས་དང་བོད་གཞུང་ལ་ཞུས་ནས་མི་ངན་དེ་དག་ལ་ཉེས་ཆད་ལྕི་མོ་གཅོད་དགོས་པའི་འབོད་སྐུལ་བྱེད་རོགས།
(( ཁ་ཁུ་སིམ་མེར་སྡོད་མི་ཐུབ་ལ་སྡོད་མི་རུང་བའི་འབོད་སྐུལ། ། ))
དེ་རིང་གི་དོན་རྐྱེན་དེ་ནི་སྤྱིར་འགྲོ་བ་མི་དང་བྱེ་བྲག་བུད་མེད་ཀྱི་ཐོབ་ཐང་ལ་ཡང་དགོས་༸གོང་ས་མཆོག་གི་བཀའ་སློབ་བཅས་བརྩི་མེད་དུ་གཏང་བ་མ་ཟད་། ཉམས་ཆུང་ནུས་མེད་ལ་ཐུབ་ཚོད་གཏང་བ་ཡིན་པས། སྤྱིར་བཀའ་འཁྲི་གསར་པས་ཐུགས་འགན་བཞེས་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིགས་བཙུགས་དང་། བྱེ་བྲག་ཉམས་ཆུང་ནུས་མེད་ཀྱི་དོན་དུ་བདེན་པའི་རྒྱབ་ལང་བྱེད་ཁན་ཡོང་ནས། དེ་རིང་གི་གནས་ཚུལ་དེ་ནི་དུས་རབས་ཉེར་གཅིག་པ་དེའི་ནང་ཆེས་ཀླ་ཀློའི་བྱ་བ་ཞིག་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ཞེས་དུས་རྒྱུན་དུ་འབོད་ཁན་ནང་པའི་སྤྱི་ཚོགས་དང་། བྱམས་སྙིང་རྗེའི་བཀའ་སློབ་ཀྱིས་འཛམ་གླིང་ཕལ་ཆེར་སྙན་གྲགས་ཡོད་པའི་༸གོང་ས་མཆོག་གི་ལམ་སྟོན་འོག་གནས་པའི་བོད་མིའི་སྤྱི་ཚོགས་འཁྲོད་བག་ཆག་ངན་པ་ཞིག་ཞག་ཡོད་ལ། དེ་མིན་རྒྱ་དམར་ནས་དུས་རྒྱུ་དུ་བོད་ཡུལ་ནི་ཆེས་མུན་ནག་དང་ཀླ་ཀློ་རེད་ཅེས་གཞི་མེད་སྙོན་བཙུག་བྱེད་བཞིན་ཡོད་པ་དེའི་དཔང་རྟགས་སམ་གྲོགས་སུ་འགྲོ་ཉན་འདུག་ལ་དུས་རབས་དེའི་བོད་ཀྱི་ལོ་རྒྱུས་འཁྲོད་ནག་ཐིག་ཞིག་ཀྱང་རེད་ལ། དེར་ཆོས་སྲིད་གང་གི་ངོས་ནས་ལྟས་ཀྱང་ཚོགས་པ་སྒེར་བུད་མེད་ཚོགས་པ་ལྟ་བུ་མ་ཡིན་པར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡོང་དང་མི་སྒེར་གང་ཐད་ནས་ཞབས་འདྲེན་ཉམ་ཆུང་ལ་ཐུབ་ཚོད་ཤོད་ཁན་དེ་དག་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་མི་གཏོང་བར་དངོས་ཤུགས་རྒྱུད་གསུམ་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག
སྤྱིར་འཇམ་དབྱངས་སྐྱེད་ཀྱི་བཤད་པ་དེ་བདེན་པ་འདུག་ཡིན་ཡང་འདི་ནི་བུད་མེད་ཀྱི་ཐོབ་ཐང་ལ་དམའ་འབེབ་བྱས་པ་ཞིག་མ་ཡིན་པར་འདི་ནི་བཙན་པོས་ཉམ་ཆུང་ལ་ཐུབ་ཚོད་བཏང་པ་ཞིག་རེད་དྲན་གྱི་ཡོད། བོད་མི་ལ་ཁ་དཔེ་ཞིག་ཡོད་བཞིན། མགོ་ལྷ་སྐུའི་རྡུང་དང་རྡོ་ལུས་རྡུང་བྱིན་རླབས་མེད་ན་འདྲ་འདྲ་རེད་ཟེར་པ་ལྟར་འདི་འདྲ་བུད་མེད་ཚོ་ལ་ཐུབ་ཚོད་བྱས་པ་ནི་རྒྱ་ནག་དམར་གཞུང་གི་དྲག་གནོན་བྱས་པ་དང་གཅིག་མཚུངས་སུ་ངེས།
འཇམ་དབྱངས་སྐྱིད་ལ་རྒྱབ་སྐྱོར་གཙང་མ་ཡོད།
བོད་ནང་དུ་མཚོན་ན་ད་དུང་མང་གཙོ་དང་འདྲ་མཉམ་ཐོབ་ཐང་སོགས་ཅི་འདྲ་ཞིག་ལ་བཤད་ཀྱིན་ཡོད་པ་ཤེས་ཡོན་ཅན་རེ་ཟུང་མ་གཏོགས་ཤེས་ཀྱི་མེད་པ་གསལ་བོ་རེད། དེ་འདྲ་ཡིན་པས་རྒྱུ་མཚན་ང་ཚོས་ཤེས་བཞིན་པ་རེད། འོན་ཀྱང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནི་འཛམ་གླིང་ནང་རང་དབང་མང་གཙོ་དང་ཐོབ་ཐང་འདྲ་མཉམ་ཆེས་མཐོ་བའི་རྒྱལ་ཁབ་ཞིག་ཏུ་ཡོད་པ་རེད། བཙན་བྱོལ་གཞུང་དང་ཁྱད་པར་དུ་བུད་མེད་ཚོགས་པས་བུད་མེད་རིག་འཛིན་དང་། གནས་ཚུལ་འདི་འདྲ་སླད་ཡང་མི་འབྱུང་བས་ཆེད་ལས་འགུལ་ཞིག་མ་སྤེལ་ཚེ། བཙན་བྱོལ་གཞུང་འདི་གཉོམ་ཆུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་པ་གསལ་བོ་ཆགས་པ་རེད།
ད་ལམ་གྱི་རྩོམ་ཡིག་འདིར་བལྟས་ན་འཇམ་དབྱངས་སྐྱིད་ད་དུང་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཤེས་ཚད་མི་འདུག བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་འདྲ་མཉམ་བྱེད་དགོས་ས་ལྟོས་ས་ལ་བལྟས་ནས་བཤད་དགོས་པ་ལས། འདྲ་མཉམ་བྱེད་མི་རུང་སར་འདྲ་མཉམ་བཤད་ན་དེ་ནི་མ་ཤེས་པའི་རྟགས། དཔེར་ན་ད་ཐེངས་ཀྱི་དོན་རྐྱེན་དེའི་ཁྲོད་ནས་ཁྱིམ་ཚང་གཅིག་གི་ནང་ནས་སྐྱེས་པ་དེའི་རང་གི་གཟའ་ཟླ་བུད་མེད་དེའི་སྣ་བཀོག་པ་སོགས་བྱས་ཚེ། ཐོབ་ཐང་འདྲ་མཉམ་བཤད་ན་འགྲིག་པ་ཞིག་རེད། གང་ཡིན་ཟེར་ནས་གཟའ་ཚང་གཉིས་བར་གྱི་ཐོབ་ཐང་འདྲ་མཉམ་བྱས་ནས་བལྟས་ས་ཁྱོ་ཀ་ལ་བལྟས་ནས་ལྟོས་འཇོག་སྐྱེས་མེད་དེ་ལ་ཐོབ་ཐང་གི་སྐད་ཆ་བཤད་ན་འགྲིག་པ་ཞིག་རེད།
འོན་ཀྱང་ད་ལམ་གྱི་གནད་དོན་དེ་ནི་མདོ་དེད་ནས་སོང་ན་སྐྱེས་དམན་ཞིག་གིས་སྐྱེས་དམན་གཞན་ཞིག་གི་སྣ་བཀོག་པ་སོགས་ཉེས་རྡུང་བཏང་པ་ཞིག་རེད།
ད་ལམ་གྱི་རྩོམ་ཡིག་འདིར་བལྟས་ན་འཇམ་དབྱངས་སྐྱིད་ད་དུང་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཤེས་ཚད་མི་འདུག བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་འདྲ་མཉམ་བྱེད་དགོས་ས་ལྟོས་ས་ལ་བལྟས་ནས་བཤད་དགོས་པ་ལས། འདྲ་མཉམ་བྱེད་མི་རུང་སར་འདྲ་མཉམ་བཤད་ན་དེ་ནི་མ་ཤེས་པའི་རྟགས། དཔེར་ན་ད་ཐེངས་ཀྱི་དོན་རྐྱེན་དེའི་ཁྲོད་ནས་ཁྱིམ་ཚང་གཅིག་གི་ནང་ནས་སྐྱེས་པ་དེའི་རང་གི་གཟའ་ཟླ་བུད་མེད་དེའི་སྣ་བཀོག་པ་སོགས་བྱས་ཚེ། ཐོབ་ཐང་འདྲ་མཉམ་བཤད་ན་འགྲིག་པ་ཞིག་རེད། གང་ཡིན་ཟེར་ནས་གཟའ་ཚང་གཉིས་བར་གྱི་ཐོབ་ཐང་འདྲ་མཉམ་བྱས་ནས་བལྟས་ས་ཁྱོ་ཀ་ལ་བལྟས་ནས་ལྟོས་འཇོག་སྐྱེས་མེད་དེ་ལ་ཐོབ་ཐང་གི་སྐད་ཆ་བཤད་ན་འགྲིག་པ་ཞིག་རེད།
འོན་ཀྱང་ད་ལམ་གྱི་གནད་དོན་དེ་ནི་མདོ་དེད་ནས་སོང་ན་སྐྱེས་དམན་ཞིག་གིས་སྐྱེས་དམན་གཞན་ཞིག་གི་སྣ་བཀོག་པ་སོགས་ཉེས་རྡུང་བཏང་པ་ཞིག་རེད། གང་ཡིན་ཟེར་ནས་ཁྱོ་ཀ་རང་ལ་དབང་བའི་སྐྱེས་དམན་དེས་ཁྱོ་ཀ་རང་ལ་མི་དབང་བཞིན་དུ་བར་དུ་འཛུལ་མཁན་གྱི་སྐྱེས་དམན་དེར་ཉེས་རྡུང་བཏང་པ་ཞིག་རེད།
ད་ལམ་གྱི་རྩོམ་ཡིག་འདིར་བལྟས་ན་འཇམ་དབྱངས་སྐྱིད་ད་དུང་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་ཤེས་ཚད་མི་འདུག བུད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་འདྲ་མཉམ་བྱེད་དགོས་ས་ལྟོས་ས་ལ་བལྟས་ནས་བཤད་དགོས་པ་ལས། འདྲ་མཉམ་བྱེད་མི་རུང་སར་འདྲ་མཉམ་བཤད་ན་དེ་ནི་མ་ཤེས་པའི་རྟགས། དཔེར་ན་ད་ཐེངས་ཀྱི་དོན་རྐྱེན་དེའི་ཁྲོད་ནས་ཁྱིམ་ཚང་གཅིག་གི་ནང་ནས་སྐྱེས་པ་དེའི་རང་གི་གཟའ་ཟླ་བུད་མེད་དེའི་སྣ་བཀོག་པ་སོགས་བྱས་ཚེ། ཐོབ་ཐང་འདྲ་མཉམ་བཤད་ན་འགྲིག་པ་ཞིག་རེད། གང་ཡིན་ཟེར་ནས་གཟའ་ཚང་གཉིས་བར་གྱི་ཐོབ་ཐང་འདྲ་མཉམ་བྱས་ནས་བལྟས་ས་ཁྱོ་ཀ་ལ་བལྟས་ནས་ལྟོས་འཇོག་སྐྱེས་མེད་དེ་ལ་ཐོབ་ཐང་གི་སྐད་ཆ་བཤད་ན་འགྲིག་པ་ཞིག་རེད།
འོན་ཀྱང་ད་ལམ་གྱི་གནད་དོན་དེ་ནི་མདོ་དེད་ནས་སོང་ན་སྐྱེས་དམན་ཞིག་གིས་སྐྱེས་དམན་གཞན་ཞིག་གི་སྣ་བཀོག་པ་སོགས་ཉེས་རྡུང་བཏང་པ་ཞིག་རེད། གང་ཡིན་ཟེར་ནས་ཁྱོ་ཀ་རང་ལ་དབང་བའི་སྐྱེས་དམན་དེས་ཁྱོ་ཀ་རང་ལ་མི་དབང་བཞིན་དུ་བར་དུ་འཛུལ་མཁན་གྱི་སྐྱེས་དམན་དེར་ཉེས་རྡུང་བཏང་པ་ཞིག་རེད། འདི་འདྲ་བོད་སྤྱི་ཚོགས་མིན་ན་ཡང་མང་པོ་ཞིག་འབྱུང་བཞིན་པ་གསར་འགྱུར་ཁག་ལས་སྟོན་བཞིན་འདུག
འོ་ད་འགྲིག་མི་འདུག ངའི་གློག་ཀླད་ཀྱི་སྐྱོན་རེད་དམ། དྲ་ལམ་གྱི་སྐྱོན་རེད། བྲིས་མ་ཚར་གོང་ནས་ཤོར་ནས་འགྲོ་སོང་། མ་ཟད་ཚར་མང་པོ་ཞིག་སླེབས་འདུག གཅིག་བྱས་ན་འདིའི་སྐོར་ལ་མང་པོ་མ་ཤོད་ཟེར་བཞིན་ཡོད་པ་རེད་དམ། ཡང་ན་མང་པོ་མང་པོ་ཞིག་བཤད་དགོས་འདུག་ཟེར་བཞིན་ཡོད་པ་རེད།
ངས་ཀྱང་གཅིག་ཞུ་འདོད་བྱུང་། བུད་མེད་ཐོབ་ཐང་སྐོར་བཤད་ན། དཔེར་ན། དུས་རབས་ཉེར་གཅིག་འདིའི་ནང་ལ་ཡང་ཁ་ཆེའེ་ལུང་པ་མང་པོར་བུད་མེད་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་འདུག་ལ་སྣ་བྲེགས་པ་དང་རྡུང་རྡེག་གཏོང་བ་ལྟ་བུ་ནི་གནས་ཚུལ་ཆུང་ཆུང་འདྲ་ཞིག་རེད། ཁ་ཆེ་རང་ཉིད་ཀྱི་ལྟ་གྲུབ་དང་འགལ་བའི་བུད་མེད་ལ་ཡུལ་མི་ཡོངས་ཀྱིས་རྡོ་རུབ་བཏང་ནས་དམར་གསོད་གཏོངབ་མངོན་སུམ་དུ་རིག་རྒྱུ་འདུག་ལ་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད། བུད་མེད་དམར་གསོད་གཏོང་མཁན་མང་ཆེ་བ་ནི་གཅེན་པོ་དང་གཅུང་པོ་ཕུ་བོ་དང་ནུ་བོ་ཕ་བཅས་རེད་འདུག། མ་ཟད་ད་དུང་བུ་མོ་ནར་མ་གསོན་པ་བྱིས་པ་རང་མང་པོ་ཁྱོ་བོ་པོར་རྒན་ལག་པས་འཁྱོག་ཚད་དེ་འདྲར་མནའ་མར་བསྟེར་བ་སོགས་མི་སྲིད་པ་མང་པོ་རིག་རྒྱུ་འདུག། དེ་ཚོ་རིག་དུས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་བུད་མེད་ཐོབ་ཐང་ལྷན་ཚོགས་སོགས་ག་པར་ཡོད་མེད་མཐོང་རྒྱུ་རིག་རྒྱུ་མི་འདུག། གོ་ལ་ཧྲིལ་པོར་ཁ་ཆེའི་མི་འབོར་ཆེ་ཤོས་རེད་ལ་ཁ་ཆེ་མ་ཡིན་པ་མང་པོ་ཁ་ཆེར་བསྒྱུར་མཁན་ཡང་མང་པོ་འདུག། དེ་ཚོ་ཕལ་ཆེར་ཁ་ཆེའེ་མི་རིགས་ཀྱི་ལྟ་གྲུབ་ནང་ལ་སྐྱེས་པར་ཐོབ་ཐང་དང་ཁེ་ཆེན་པོ་ཡོད་པ་མ་ཟད་བུད་མེད་མང་པོ་མནའ་མ་ལེན་ཆོག་པ་མི་རིགས་འཕེལ་རྒྱས་ལ་ཚོད་འཛིན་མེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་འདུག་སྙམ།
བོད་ཀྱི་བུད་མེད་ལྷན་ཚོགས་ལ་མཚོན་ན་བུད་མེད་ཀྱི་ཐོབ་ཐང་ལེན་མི་ཤེས་ལ་སྤྱི་ཚོགས་ཀྱི་མདུན་གྲལ་དུ་ཐོན་ཐུབ་མཁན་ཉུང་ཉུང་རེད། འདས་མ་ཐག་པའི་བཀའ་ཁྲིའི་འོས་ལངས་རྒྱུད་རིམ་ནང་སྒྲོལ་མ་རྒྱ་རི་རྒྱགས་པ་ལགས་མ་གཏོགས་མཐོང་རྒྱུ་རིག་རྒྱུ་མེད་ཐག་ཆོད་རེད་པ། བོད་ཀྱི་བུད་མེད་མེད་ལྷན་ཚོགས་ཀྱིས་འཇོན་ཐུབ་པ་སྤྱི་ཚོགས་ཞབས་ཞུའི་ཐད་ལ་ཧུར་ཐག་ཆོད་རེད་དེ་ནི་རྗེས་སུ་ཡིད་རང་དང་དགའ་བ་སྒོམ་དགོས་པ་ཞིག་རེད། གཞན་ནུབ་ཕྱོགས་པའི་བུད་མེད་ལ་མཚོན་ན། ཆབ་སྲིད། དཔལ་འབྱོར། རིག་གནས། ལུས་རྩལ། རྩེད་རིགས། འཇོན་ཐང་གང་གི་ཆ་ནས་སྤྱི་ཚོགས་ཀྱི་མདུན་གྲལ་དུ་ཚང་ཁ་ཤིག་ཤིག་རེད། ངས་ནམ་རྒྱུན་ཀུ་རེའི་ཚུལ་དུ་མི་གཞན་ལ་འདི་ལྟར་ནུབ་ཕྱོགས་ཀྱི་བུད་མེད་འདི་ཚོ་རླིག་འབྲས་ཡོད་པ་ལས་ལྷག་ཅིག་རེད་འདུག་ཞེས་བཤད་ཀྱིན་ཡོད་ལ་དངོས་གནས་ཕོ་མོ་འདྲ་མཉམ་ཟེར་དུས་འདི་ཚོར་ཟེར་བ་རེད། གཞན་ཕོ་མཚན་མོ་མཚན་གྱིས་མཚན་མའི་དབང་གིས་ཕོ་དབང་མོ་དབང་ལོགས་སུ་དབྱེ་བ་མ་གཏོགས་ཕོ་མོ་འདྲ་མཉམ་དུ་འཇོག་ས་མེད། གང་ལྟར་བསྟན་འཛིན་སྒང་གི་བུད་མེད་རིག་འཛིན་ལགས་ཀྱིས་ཀྱང་བུད་མེད་ཀྱི་ཐོབ་ཐང་ལེན་མི་ཤེས་ཐག་ཆོད་རེད། གནས་ཡུལ་རྒྱལ་ཁབ་ལ་ཁྲིམས་ཡོད་པ་རེད་ལ་ཉེན་རྟོག་པ་ཡང་ཡོད་ངེས་དེ་འདྲའི་བཟའ་ཟླ་ངན་པ་ཞིག་ཡོད་པ་ཁོ་མོས་རྒྱུན་དུ་ནས་མི་ཤེས་པ་ག་རེ་ཡིན་ནམ། རྒྱུན་དུ་ནས་ཁོ་པ་ཁྲིག་ཁྲིག་ཅིག་ཡིན་ཚོད་རེད་ལ་ཁོ་མོས་ཁྱོ་བོ་གཞན་མཉམ་དུ་ལུས་འབྲེལ་བྱེད་དུས་ནས་དོགས་ཟོན་བྱེད་དགོས་ངེས་རེད་ལ་སྣ་བཏུབས་སྐྲ་བྲེགས་ཉེས་རྡུང་བཏང་གཅེར་བུར་ཁྲོམ་བསྐོར་བྱས་དེ་འདྲའི་དུས་ཡུན་ནང་ཉེན་རྟོག་པ་བོས་མི་ཐུབ་པའམ་བོས་མཁན་མེད་སོང་བ་རེད་མི་ཤེས། མ་གཞི་རྒྱ་གར་ཉེན་རྟོག་པ་ལྟོ་འདིར་རྐང་རིང་དེ་ཚོ་སྐྱག་པ་བསྲུང་མཁན་སྐྱག་བསྲུང་ཀྱང་ཀྱང་ཡིན་པས་ཁོ་མོར་ཐུགས་ཁག་མེད། གང་ལྟར་གནས་ཡུལ་རྒྱལ་ཁབ་ལ་ཁྲིམས་ཡོད་པ་རེད་ལ་ཁྲིམས་གཏུགས་ཡག་པོ་བྱེད་དགོས་ངེས་རེད་ལ་ས་གནས་གཞིས་འགོས་དབུས་གཞིས་མི་རྣམ་པས་ངེས་པར་དུ་དོ་ཁུར་གནང་དགོས་ངེས་རེད། མཐར་བདེན་པའི་རྒྱབ་ཏུ་ལངས་ཡོད་ལ་བདེན་པ་བདེན་མཐར་འཁྱོལ་བའི་སྨོན་འདུན་བཅས།
བོད་ཕྱི་ནང་གཉིས་ནས་དོན་རྐྱེན་རྫོབ་ཆེན་འདིའི་ཐད་མ་གྲོས་གཅིག་མཐུན་གྱིས་རྒོལ་གཏམ་ཡང་དང་ཡང་དུ་བཏང་བ་ནི། ཅིས་ཀྱང་མི་རིགས་འདི་ལ་ཤ་ཚ་བའི་གཏམ་ཡིན་ཕྱིར་དྲ་གྲོགས་ཚོའི་ལྷག་བསམ་དེ་ལ་མི་བསྟོད་སུ་ལ་བསྟོད། འོན་ཀྱང་ནམ་རྒྱུན་དྲ་གྲོགས་ཚོ་བྱ་བོ་བཞིན་དུ་གྲགས་རྒྱུ་མང་ནས་བྱ་སྒོང་གཏོང་རྒྱུ་མེད་ལ། ད་ཐེངས་ཡང་འུར་བརྒྱབས་ནས་འདུག་རྒྱུ་ཡིན་པ་འདྲ། འདི་ལྟར་གནས་སྟངས་རེ་རེ་བཞིན་གླེང་གིན་གླེང་གིན་ཡང་འཐུས་ཤོར་ལ་སོང་བའི་གནད་དོན་དག་ནི། དེ་རིང་གི་ཉིན་མོ་ལ་ཐུག་གི་བར་སྤྱི་དོན་རེད། མི་སྒེར་བ་ཞིག་གི་དོན་རྐྱེན་ཞིག་ཡིན་ཚེ་ཚིག་སྣེ་གཅིག་ལ་ཡང་འཇུས་ནས་ཤི་འཐམས་རོ་འཐམས་བྱེད་རྒྱུ་དགའ་བའི་དྲ་གྲོགས་ཚོ། བོད་སྤྱི་བའི་རྩ་དོན་ནི་བཤད་བསྡད་ན་འགྲུབ་འགྲོ་བ་དང་རང་ཤུ་བརྒྱབས་བསྡད་ན་ཐོབ་འགྲོ་རྒྱུ་ཞིག་ཨེ་རེད།
རེད་་རེད། ད་རེས་གི་དོན་དག་འདི་བུད་མེད་ཀྱི་ཐོབ་ཐང་སོགས་ལ་འབྲེལ་བ་ཆེན་པོ་མེད་གི།
ཡིན་ན་ཡང་།
ཆུང་ས་ན་ཆུང་སར་ཐུབ་ཚོད་བཏང་། ཉམ་ཆུང་གིས་ཉམ་ཆུང་ལ་སྡུག་རྒྱོང་བཏང་། སྐྱབས་བཅོལ་བས་སྐྱབས་བཅོལ་བར་མནར་གཅོད་འདི་འདྲ་བཏང་ན།
བཙན་པོས་ཉམ་ཆུང་ལ་ཐུབ་ཚོད་གཏོང་བ་དང་། སྟོབས་ཆེན་གིས་ནུས་མེད་ལ་དབང་ཡོད་ཤོད་པ་ནི་རྒྱུན་ལྡན་ལྟ་བུ་ཞིག་དང་། ལྷག་པར་དུ་ཆོས་མེད་སྨྲ་བ་རྒྱ་གུང་ཁྲན་གིས་བྱེད་སྟངས་དེར་ཡང་ཁག་དེ་ཙམ་མིན་འདུག་སྙམ་པ་ཡིད་ལ་ཤར་གིས།
ཁོང་ཚོར་ཅི་ཁག གཅིག་ནས་ཆོས་དང་ལས་འབྲས་སོགས་ཁས་མི་ལེན། གཉིས་ནས་དྲག་པོའི་ལས་གང་ཞིག་བྱེད་དགོས་ཀྱང་དེང་རབས་གི་མཚོན་ཆ་ལག་ཐོགས་མི་དགོས། གསུམ་ནས་་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་དང་འའཛམ་གླིང་གི་མི་འབོར་ལྔ་ཆའི་གཅིག་ཟིན་ཡོད།
བསྟན་འཛིན་སྒང་གཞིས་ཆགས་ནི་ཕ་ཡུལ་དགྲ་ལག་དུ་བསྐྱུར་ནས་རང་ཉིད་སྐྱབས་བཅོལ་ལ་སླེབས་ཏེ་འཚོ་གོས་གནས་མལ་སོགས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་སྡོད་མཁན་གི་བཙན་བྱོལ་བ་སྤྱི་མཚུངས་ཙམ་རེད། དེའི་ནང་ན་མི་གཞན་གྱི་སྐྲ་སྣ་གཏུབས་ཕོད་པའི་བློ་ཡུལ་ལས་འདས་པའི་མ་རུངས་དགྲ་བོའི་བྱ་ངན་དེ་འདྲ་ཞིག་ཡོང་དོན་ཅི་རེད།
གལ་ཏེ་ཁྱོད་ལ་ཆུ་ཚོད་ཡོད་ན་འདིའི་ནང་དུ་ཡོད་པའི་དཔར་ལ་གཅིག་ལྟོས་དང། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་འདི་ན་འདུག
http://www.facebook.com/profile.php?id=775080986&ref=ffa#!/media/set/?set=a.250349488320688.64901.100000369175335
ཁྱོད་ཀྱིས་བཤད་པ་ཡིན་ན་མདོ་དེད་ནས་སོང་ན་སྐྱེས་དམན་ཞིག་གིས་སྐྱེས་དམན་གཞན་ཞིག་གི་སྣ་བཀོག་པ་སོགས་ཉེས་རྡུང་བཏང་པ་ཞིག་རེད། དེ་དག་ཡིན་ན་མི་འདི་དག་ཁྱོད་ཀྱི་གང་འཇོག་གི་ཡིན(གཉེན་ཉེ་གཞིས་གྲོང་གསུམ་པའི་བསྟན་འཛིན་ཆོས་གྲུབ་དང་། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། གཞིས་གྲོང་གཉིས་པའི་པ་སངས་དང་རྒྱལ་མཚན། པདྨ་བཅས་མི་ ༧ ཀྱིས་བུ་མོ་རིག་འཛིན་ཉེས་རྡུང་ཚད་མེད་བཏང་ཞིང་།)
ཡ་དཀོན་མཆོག་གསུམ་ལ་ཚད་གཙུགས། རྡ་རམ་སའི་བུད་མེད་ཚོགས་པ་དེ་བདེ་སྡུག་གང་གི་ཆེད་དུ་གཙུགས་པ་ཡིན་ནམ།
དྲ་གྲོགས་ཚོ། འདི་བུད་མེད་ཚོགས་པ་གཅིག་པུས་ལས་འགན་མ་རེད། རང་གཞུང་ཡོད་པ་རེད། རྒྱ་ལ་མ་ཐུབ་ཀྱང་རང་མི་རང་བདག་མི་ནུས་པ་ཅི་རེད། མ་གོ་མ་ཤེས་མདོག་མདོག་གིས་མ་བཞུགས་རོགས། སྤྱི་འཐུས་དེ་ཚོས་ནང་ཁུལ་རྙོག་དྲ་ལས་དེ་རིང་གོ་མེད་ཚོར་མེད་དུ་ག་རུ་བྱས་ནས་ཆགས་པ་རེད།
ཉམས་ཆུང་ལ་བདག་སྐྱོང་མེད་ན་གཞུང་ཞེས་པ་འདིར་སྙིང་པོ་ཅི་ཡོད། མི་ཧམ་ཅན་ཁག་ཅིག་གིས་ཁ་ལག་ཟ་བྱེད་དང་དཔལ་འབྱོར་བསྡུ་རུག་གི་ལག་ཆ་ཞིག་ལས་ཅི་ཡོད།
གནམ་ས་གཉིས་ལ་རྩི་མི་དགོས་མཁན་མི་ངན་འདི་ཚོ་ལ་ཉེས་ཆད་ལྕི་ཐག་རེ་བཅད་ན་མ་གཏོགས་བློ་བདེ་མ་སོང་ལ། རང་ལ་ཆུང་མ་ཡོད་བཞིན་དུ་འཆལ་བོ་དེ་ལའང་བཟོ་ལྟ་ཞིག་སྤྲོད་དགོས།
གཞོན་ནུ་འདི་དུས་རྒྱུན་དྲང་པོ་འདྲ་ཞིག་ཡོད་ཀྱང་དེ་རིང་དཀྱོག་དཀྱོགས་གྱུར་འདུག ཕར་ཆེན་ཁོང་དང་འབྲེལ་བ་ཡོད་ཁོ་ཐག་རེད། དྲ་གྲོགས་ཚོས་གཟིགས་དང་།
འཇམ་དབྱངས་སྐྱིད་ཀྱིས་སེམས་ལ་ཟུག་དགོས་པའི་རྩོམ་ཡིག་ཅིག་སྤེལ་འདུག དུས་རབས་ཉེས་གཅིག་པ་འདིའི་ནང་ད་དུང་ཡང་སྔར་སྲོལ་བཞིན་བུ་མོ་ལ་འཛིན་པའི་ལུགས་སྲོལ་འདིས་ངའི་སྙིང་གས་ཆགས་སུ་བཏང་སོང་། ངོ་མ་་་་་་་་ཐབས་སྡུག་རེད་་་་་་་་ངེས་པར་དུ་མི་དེའི་རིགས་དང་དེའི་སྲོལ་ལ་འཇུག་པའི་རིགས་ཚང་མ་རྩ་མེད་དུ་གཏོང་དགོས།།
ང་ཀྱོག་ཀྱོག་ཆགས་དང་ཆགས། ཁ་སང་ཁང་པ་རྩི་གཏོང་སར་སོང་ནས་རྐས་འཛེགས་སྟེང་ནས་མར་ཟག་སྟེ། འཚང་ར་དང་དཔྱི་ཉུག་པར་དེར་ཀྱོག་ཀྱོག་ཆགས་འདུག ཧཧ
བུད་མེད་ཚོགས་པས་ད་ལྟ་ཡང་ཁ་ཁུ་སིམ་པོར་གནས་འདུག འབུམ་སྡེ་ལའི་མི་ངན་གྱི་བྱ་སྤྱོད་དེ་ལ་བུད་མེད་ཚོགས་པ་སྐྲག་པ་འདྲ། བློ་ཕམ་ཡོད། དངོས་གནས་བྱས་ན་བུད་མེད་ཚོགས་པས་སྐྱེས་པ་དེ་དག་གི་རླིག་པར་རྡོ་སྦྲག་ནས་དམར་ཧྲེང་མར་ཁྲོམ་དུ་ཁྲིད་དགོས། དེ་རྗེས་མཇེ་མགོར་སི་པན་དང་། ཚ་དང་། ལྐུག་ལ་་ཟྭ་བྱུག་ནས་ཉིན་གང་འཇོག་དགོས། དེ་ལྟར་བྱས་ན་བློ་ཚིམ་པ་ཞིག་ཡོང་ས་རེད། བུད་མེད་དེ་སྙིང་རྗེ།
འདི་ནི་ང་ཚོ་བོད་མི་རིགས་ཀྱི་ངོ་ཚ་རེད། ༧གོང་ས་མཆོག་གི་ཞབས་ལ་ཐུ་གུ་བཏགས་པ་རང་རེད། ངན་པ་རྒྱ་ཡན་དུ་གཏང་མིན་དེས་ང་ཚོའི་མང་གཙོ་དང་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་སྙན་མོ་དག་ར་སྤྲོད་བྱེད་རེད། བུད་མེད་ཚོགས་པར་ཡང་རྒྱང་ནས་བལྟས་ཡོད།
ར་སྤྲོད་བྱེད་ངེས་རེད་་་ཅེས་ནོར་བཅོས་ཡོང་བར་ཞུ།
འདི་ནི་ང་ཚོ་བོད་མི་རིགས་ཀྱི་ངོ་ཚ་རེད། ༧གོང་ས་མཆོག་གི་ཞབས་ལ་ཐུ་གུ་བཏགས་པ་རང་རེད། ངན་པ་རྒྱ་ཡན་དུ་གཏང་མིན་དེས་ང་ཚོའི་མང་གཙོ་དང་ཁྲིམས་ལུགས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་སྙན་མོ་དག་ར་སྤྲོད་བྱེད་ངེས་རེད། བུད་མེད་ཚོགས་པར་ཡང་རྒྱང་ནས་བལྟས་ཡོད།
བོད་ནང་དུ་བུད་མེད་ལ་ཐོབ་ཐང་མེད་པ་དངོས་བདེན་རེད།བཙན་བྱོལ་ནང་ང་ཚོ་རྒྱུས་མྱོང་ཡོད་མཁན་ཚོས་སོམས་དང་།སྤྱིར་ཁྱོ་ཀ་ཚོ་སོ་སོའི་ཆུང་མར་ཞེད་སྣང་ཆེན་པོ་དང་ལྐོག་ཏུ་ལོག་གཡེམ་བྱེད་པར་བོད་མོ་ཚོར་ཕྱི་རྒྱལ་བ་བོད་མིར་རྒྱུས་ཡོད་མཁན་ཚོ་ཧོན་འཐོར་གྱིན་འདུག་པ་མ་ཟད།སྐྱེས་དམན་ཕྱི་རྒྱལ་ལ་སྔོན་དུ་བཏང་ནས་ཁྱོ་ཀ་རྗེས་སུ་འགྲོ་མཁན་ནང་ནས།ཁྱོ་ཀ་མ་གཡུག་མཁན་བརྒྱ་ཆ་༡༠ཙམ་ཡང་དཀོན་སེ་འདུག་པས།བཙན་བྱོལ་ནང་བུད་མེད་ལ་ཐོབ་ཐང་ཡོད་མེད་སྐད་ཆ་བཤད་ས་བསྡད་མེད།འོན་ཀྱང་།ད་རེས་དོན་རྐྱེན་འདི་གོང་ནས་ཁ་ཤས་ནས་གསུང་པ་ལྟར་བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད་བཏང་བ་ཅིག་ཡིན་དུས།ངེས་པར་གཞུང་གིས་རོགས་རམ་འོག་ཁྲིམས་ཐོག་གི་ཐག་གཅོད་དྲང་བདེན་ཅིག་ཡོང་གལ་ཆེ་བ་ལས།དེ་ལ་བུད་མེད་ཐོབ་ཐང་སོགས་ཉ་ཉུང་མཉམ་བསྲེས་བྱེད་པ་ནི་རྒྱུས་མེད་རྒྱུས་གཏམ་དང་རི་བོང་གནམ་རྡིབ་རང་རེད།
ཧ་ཧ་ཧ་ཧ་ཧ་དངོས་གནས་བདེན་པ་རེད་ད་དུང་ངའི་གྲོགས་པོ་ཞིག་གནས་ཚུལདེས་རྐྱེན་པས་སྨྱོན་པ་ཆག་འདུག།
ར་རྫ་འཇམ་དབྱངས་སྐྱིད་མཆོག་ལ་བཀྲ་ཤིས་བདེ་ལེགས་ཡོད། ཕྱི་གསལ་ནང་གསལ་དང་དམངས་གཙོ། རང་དབང་ལོངས་སུ་སྤྱོད་ཀྱིན་པའི་སྤྱི་ཚོགས་ཤིག་ཡིན་ཞེས་བསྒྲགས་ཀྱིན་པའི་བཙན་བྱོལ་སྤྱི་ཚོགས་འདིར་བོད་ནང་ནས་དངོས་སུ་ལྟ་རྟོག་མ་གནང་བ་ཡིན་ན། ཆོས་ལྡན་གྱི་སྤྱི་ཚོགས་ཤིག་ནས་སྡིག་ལྡན་ཡ་མ་ཟུང་དུ་མི་འགྱུར་བའི་ངེས་པ་ནམ་ཡང་མེད་པས། བོད་ནང་ནས་བཙན་བྱོལ་སྤྱི་ཚོགས་ལ་མུ་མཐུད་དོ་སྣང་དང་དག་ཐེར་གནང་བར་རེ་བ་ཤིན་ཏུ་ཆེ།
གཞོན་ནུ་ལགས། ལྷུང་ནང་དཀྱོག་དཀྱོགས་ཆགས་པ་ཡིན་ན་ཕྱི་ལོག་ཙམ་རེད།
ནང་ནས་ཀྱོག་པ་ཡིན་ན་ཚེ་འདི་ཕྱི་གཉིས་ཀར་ཀྱོག་ལམ་ཞིག་ཏུ་གནས་རྒྱུ་རེད།
ཕྱི་ལ་ཚོས་བཏང་ནས་རེ་བ་ཅན་འདི་ཚོ་དང་། ཁྲུས་བྱེད་ནས་སྡུག་པ་དག་མཁན་འདི་ཚོ་ལ་ཡིད་གཏན་ཞིག་མེད་ཡ།
གནད་དོན་འདིའི་འཐད་ལ་དྲ་གྲོགས་ཚོས་ངེས་པར་དུ་མི་ངན་དེ་ཚོའི་པར་རིས་གསར་ལམ་ཁག་ཏུ་འཇོག་ཐུབ་ན་ཡག་པོ་འདུག ངས་དམ་བཅའ་ལ། ང་རྩོད་སར་སླེབས་རྒྱུ་མ་རེད་ལ། རྩོད་ནས་ཐུབ་མེད་མི་ཤེས། འོན་ཏེ་ངས་མི་ངན་དེ་ཚོ་ལ་མཐུ་ལུད་རེ་བཏབ་ཁོ་ཐག་ཡིན། དྲ་གྲོགས་རྒྱུས་ཅན་ཚོས་པར་རིས་གསར་བསྒྲགས་གནང་རྒྱུར་བསྒུག་ཡོད།
གཞོན་ནུ་ལགས། ལྷུང་ནས་དཀྱོག་དཀྱོགས་ཆགས་པ་ཡིན་ན་ཕྱི་ལོག་ཙམ་རེད།
ནང་ནས་ཀྱོག་པ་ཡིན་ན་ཚེ་འདི་ཕྱི་གཉིས་ཀར་ཀྱོག་ལམ་ཞིག་ཏུ་གནས་རྒྱུ་རེད།
ཕྱི་ལ་ཚོས་བཏང་ནས་རེ་བ་ཅན་འདི་ཚོ་དང་། ཁྲུས་བྱེད་ནས་སྡུག་པ་དག་མཁན་འདི་ཚོ་ལ་ཡིད་གཏན་ཞིག་མེད་ཡ།
གནད་དོན་འདིའི་འཐད་ལ་དྲ་གྲོགས་ཚོས་ངེས་པར་དུ་མི་ངན་དེ་ཚོའི་པར་རིས་གསར་ལམ་ཁག་ཏུ་འཇོག་ཐུབ་ན་ཡག་པོ་འདུག ངས་དམ་བཅའ་ལ། ང་རྩོད་སར་སླེབས་རྒྱུ་མ་རེད་ལ། རྩོད་ནས་ཐུབ་མེད་མི་ཤེས། འོན་ཏེ་ངས་མི་ངན་དེ་ཚོ་ལ་མཐུ་ལུད་རེ་བཏབ་ཁོ་ཐག་ཡིན། དྲ་གྲོགས་རྒྱུས་ཅན་ཚོས་པར་རིས་གསར་བསྒྲགས་གནང་རྒྱུར་བསྒུག་ཡོད།
གཞོན་ནུ་ལགས། ཕྱི་ལ་ཚོས་བཏང་ནས་ཀྱོག་ཀྱོག་ཆགས་པ་ཡིན་ན་སྐྱོན་རྒྱུ་མ་རེད།
དེ་མིན་ནང་ནས་ཀྱོག་པ་ཡིན་ན་འདི་ཕྱི་གཉིས་ཀར་ཀྱོག་ཀྱོག་འགྱུར་རེད།
ཕྱི་ཚོས་ལ་རེ་བ་མ་བྱེད། སྙིང་པོ་ཡོད་མ་རེད། ཨེ་གོ
དྲ་གྲོགས་ཚོས་ངེས་པར་དུ་མི་ངན་དེ་ཚོའི་པར་རིས་གསར་ལམ་ཁག་ཏུ་འཇོག་དགོས།
ང་ཚོས་རྩོད་པ་བྱེད་ཐུབ་མིན་མི་ཤེས་ཏེ། མི་ངན་དེ་ཚོ་ལ་མཆུ་མ་རེ་ལས་བཏབ།
ངེས་པར་དུ་པར་རིས་འཇོག་རོགས་ཞུ།
མི་ངན་དཔུང་སྒྲིག་གི་གང་འདུག
དྲ་སྐྱོན་གྱིས་མཆན་མང་པོ་ཞིག་ཤོར་འདུག་པས་དགོངས་དག་ཞུ་རྒྱུ་ཡིན།
༄༅།།འཇམ་སྐྱིད་ལགས་ཐུགས་རྗེ་ཆེ་མང་ཉུང་གང་བཤད་ཀྱང་རིགས་འཛིན་ལགས་སུ་སྡུག་པོ་གཏོང་མི་རྣམས་ཁ་ན་ཁྲ་ལ་རྩ་བ་ནས་འགྲོ་རྒྱུའི་འཐོབ་ཐང་མ་སྤྲོད་རོགས་སྲིད་སྐྱོང་མཆོག་ལ་ཞུ་བཞིན་མཆིས།།
གྲོགས་པོ་ཚོས་བཤད་དགོས་པ་ཚང་མ་བཤད་འདུག ད་ངས་མང་པོ་མི་བཤད། བུ་མོ་རིག་འཛིན་ལ་རྒྱབ་སྐྱོར་ཡོད། མི་ངན་དེ་ཚཽ་ལ་ཆད་པ་བཅད་དགོས།
ལས་རྒྱུ་འབྲས་མེད་མཁན་གྱི་མི་རིགས་ཞིག་གི
ལས་རྒྱུ་འབྲས་ཡོད་ཟེར་བའི་ཆོས་ཞིག་སྤྱངས།
ལུང་པ་མེད་པའི་མི་རིགས་ཞིག་གི
དམངས་གཙོ་ཡིན་ཞེས་ཅ་ཙོ་སྒྲོགས།
བོད་མི་རིགས་འདི་ནི་འཇིག་རྟེན་འདིའི་ནང་ཀླ་ཀློའི་ལས་སྡུག་ལབ་ན་མ་འགྲིག་པ་མེད།
སྙིང་མ་རྗེ།
གོང་གི་རྩོམ་ཡིག་འདི་དབྱིན་བསྒྱུར་གྱིས་ཚགས་པར་གཞན་ཁག་ལ་གཏོང་གལ་ཆེ་བར་མཐོང་། ང་ཚོས་བོད་ཀྱི་སྤྱི་ཚོགས་ནང་གི་ཏའ་ལི་པན་ཤོག་ཁག་རྩ་མེད་བཟོ་རན་རེད། སློབ་ཕྲུག་གིས་སློབ་ཕྲུག་གསད་པ་དང་བཙན་གཡེམ་སོགས་ག་རེ་བྱུང་ཡང་། རྒྱལ་ཁབ་ཀྱི་ཁྲིམས་དང་གཏུན་མི་དགོས་པར་ཐག་གཅོད་བྱེད་ཐུབ་པས་སྤྱི་ཚོགས་འདི་ལ་གཤག་བཅོས་བྱས་མ་ཐུབ་ན་ང་ཚོར་རང་དབང་དང་ཐོབ་ཐང་རྩོད་རྒྱུ་ལྷག་ཡོད་ཚོད་མི་འདུག