རྨ་རོ་ལངས། ༼རྨ་ལྷོ༽
རི་མཐོན་པོའི་རྩེ་མོ་སྨུག་སྤྲིན་གྱིས་བཟུང་ཐལ།།
ཆུ་གཙང་བོའི་དྭངས་ཤ་རྙོག་མ་ཡིས་གྱུར་ཐལ།།
སེམས་སྐྱོ་སྣང་ཆེ་བའི་ཁེར་རྐྱང་གི་མི་ལ།།
ཆུང་བྱམས་པ་དྲན་པའི་མིག་ཆུ་རེ་སྦྱིན་ཡོང་།།
སྔོན་འདས་པའི་ལོ་ཟླའི་བརྩེགས་རིམ་གྱི་ཁྲོད་ན།།
སེམས་རེ་བའི་ཁེངས་པའི་ལམ་བུ་ཞིག་ཡོད་ཀྱང་།།
གཏམ་མྱི་ཁ་རྒོད་སའི་དེ་རིང་གི་འཇིག་རྟེན།།
དགྲ་འཆི་བདག་དྲན་པའི་གཡུལ་ས་དང་འངྲ་སོང་།།
སེམས་གཡུལ་ལ་ཆས་པའི་རྒྱལ་ཁམས་ཀྱི་ལྟེ་བ།།
ཆུང་རྨི་ལམ་རྨིས་པའི་རྩེད་ར་དེ་ཡིན་ཀྱང་།།
ལམ་ཀྱག་ཀྱོག་བརྒྱུད་པའི་འཚོ་གནས་ཀྱི་ད་ལྟ།།
ལག་སྟོང་བར་གྱུར་བའི་སྤྲང་བོ་ཞིག་ཡིན་སོང་།།
སེམས་སྡུག་ལ་སྦྱོར་བའི་དུས་ཚིགས་ཀྱི་བྱེད་པོས།།
སྨད་རྒྱ་ནག་ཡུལ་གྱི་ལོ་ཟླ་དེ་བསུས་བྱུང་།།
ཤ་མཆིན་པའི་སྟེང་འོག་ན་ཟུག་གིས་ཁྱབ་དུས།།
སྟོད་ཉི་མ་ལྷ་སའི་འཚོ་བ་དེ་དྲན་སོང་།།
ལམ་ཀྱག་ཀྱོག་རིང་མོ་རྡོག་པ་ཡིས་གནོན་དུས།།
ལུས་སེམས་པ་སྐྱིད་པའི་འཁོར་བ་དེ་གང་ན།།
སྡུག་རྔམས་པ་གཏོང་བའི་ལས་ཀ་ཞིག་ཐོབ་པས།།
རོགས་ཆུང་ལོ་མི་དྲན་རང་དབང་ཞིག་མི་འདུག།
༢༠༡༠/༡༡/༣༠ཉིན།