འབྲོག་རུ་ཆོས་གྲགས།
རྒྱ་ནག་གནམ་ལྕགས་ཐོག་རེད།།
བོད་ཡུལ་ཛ་དྲག་ནང་རེད།།
ཚེ་སྲོག་མེ་མདའི་འོག་རེད།།
དགོན་སྡེ་དམག་སྒར་གྲོང་རེད།།
སྨྲ་བརྗོད་རང་དབང་མེད་པས།།
མི་རྣམས་ལྐུགས་པར་གྱུར་སོང༌།།
ལྐུགས་པའི་སྙིང་གི་ན་ཟུག།
རང་ལུས་མེ་རུ་སྦར་སོང༌།།
བོད་འབངས་སྡུག་གི་ནང་རེད།།
བོད་ཡུལ་དུ་ཁྲོད་གནས་རེད།།
གཞིས་བྱེས་གཉིས་ཀྱི་བརྩེ་དུངས།།
དཀར་པོ་དུང་ལས་ལྷག་རེད།།