འོས་སྦྱོར་བ། སྐྱོ་བྲག་དགའ་དབང་།
ང་ཚོ་གྲོགས་པོ་ནང་ཚོགས་ཁ་ཤས་ཤིག་གིས། བོད་ཡུལ་གྱི་འགྱུར་འགྲོས་དང་བསྟུན་ནས། སྐྱོ་བྲག །ཅེས་པའི་འཕྲིན་སྟེགས་ཤིག་གཉེར་ཡོད། བྱ་བ་གང་ཞིག་ཡིན་ནའང་། དམིགས་ཡུལ་དང་ལས་འཆར་ནི་ཡོད་དགོས་པ་ལས། ལོང་བའི་ལག་སྙོབ་ལྟ་བུས་མི་ཡོང་བས་ན། དམིགས་ཡུལ་གཙོ་བོ་ནི།
སྐྱོ་བྲག །ཅེས་པའི་འཕྲིན་སྟེགས་འདིར། ཡུལ་སྐྱོ་བྲག་གི་གནས་བླ་མ་དང་སྡེ་དགོན་གྱི་ལོ་རྒྱུས་གནས་ཚུལ་འགྲེམ་སྤེལ་བྱ་འཆར་ཡོད་ན། ཚང་མས་རྒྱབ་སྐྱོར་ཡོད་པ་ཞུའོ། ། ཞེས་པ་འདི་རེད།
ཚོགས་མི་ནི། གཙོ་འགན་པ་མཁན་པོ་དཔའ་བརྟན་དང། ལས་རོགས་རྐང་འཛིན་གྱི་རྩོམ་པ་པོ། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་། སྙན་ངག་པ་ལྷ་རྩེའི་ཁུ་བྱུག །ལོ་རྒྱུས་སྨྲ་བ་མཁས་པ་བདེ་གྲགས། ལོ་ཙཱ་བ་རྩིས་ཆེ་ལེགས་མཐོང་བཅས་སོ། །
ལས་ཀ་ནི། ཚོགས་མི་ཀུན་གྱིས་དམིགས་ཡུལ་གྱི་རྩོམ་རྣམས་གཞི་ལ་བཟུང་། ཞོར་དུ་རང་གི་ཁྱད་ཡོན་དང་མཐུན་པ། མཁན་པོ་དཔའ་བརྟན་གྱིས། ཚོགས་པའི་སྟངས་འཛིན་དང་རང་གི་ལས་ཀའི་ཉམས་མྱོང། སྐྱོ་བྲག་དགའ་དབང་གིས། ཆོས་འཇིག་རྟེན་གྱི་ལམ་སྟོན་བསླབ་བྱ། ལྷ་རྩེའི་ཁུ་བྱུག་གིས། སྣང་བ་རྒྱ་ཡན་གྱི་སྙན་རྩོམ། མཁས་པ་བདེ་གྲགས་ཀྱིས། འབའ་རོམ་བཀའ་བརྒྱུད་པའི་ཆོས་བྱུང་ལོ་རྒྱུས། རྩིས་ཆེ་ལེགས་མཐོང་གིས། རྒྱ་དཀར་ནག་དང་དབྱིན་ཇི་སོགས་ཀྱི་སྐད་ནས་གནས་ཚུལ་ལེགས་བཏུས་སོགས་ལ་གཙོར་འདོན་བྱ་དགོས།
བཀོད་སྟངས་ནི། འཕྲིན་སྟེགས་ནུས་ལྡན་དུ་བྱ་ཕྱིར། ང་ཚོ་ཚོགས་མི་རྣམས་ཀྱི་རྩོམ་ཡིག་ལེགས་པ་དག་ཐོག་མར་འཕྲིན་སྟེགས་འདིར་སྤེལ་བ་ལས་གཞན་དུ་ལག་སྔ་བྱ་མི་རུང།
འཕྲིན་སྟེགས་འདི་སྤྱི་པའི་རྩོམ་སྟེགས་སུ་དམིགས་པ་མིན་ཕྱིར། ཚོགས་མི་མིན་པའི་རྩོམ་ཡིག་དག་གང་བྱུང་དུ་འགོད་དགོས་མེད།
འཕྲིན་སྟེགས་སུ་བཀོད་རྗེས་ཐུན་མོང་གི་ལོངས་སྤྱོད་དུ་གྱུར་ཟིན་པ་ཡིན་ཕྱིར། བརྒྱུད་འགོད་ཆོག་མིན་གྱི་རྗེས་གཅོད་ཅི་ཡང་མེད་པས་རང་དབང་དུ་བྱ་ཆོག་གི་རེད། ཡིན་ནའང་། རང་ལ་མི་ཕན་ཞིང་། རོགས་ལ་གནོད་པའི་ལས་ཀ་ཐ་ཤལ་དག་མ་བྱས་ན་ཡག་གི་རེད། ཅེས་པའི་གཞེན་སྐུལ་ཙམ་ནི་ཞུ་འདོད་ཡོད་དོ། །
སྐྱོ་བྲག་ཅེས་པ་བོད་ཡུལ་མངའ་རིས། དབུས་གཙང་། ཁམས། མདོ་ཡུལ་སོགས་གང་དུ་ཡོད་དམ། སྐྱོ་བྲག་འཕྲིན་སྟེགས་ཀྱིས་བོད་སྐད་གོང་འཕེལ་ལ་ཕན་པར་གྱུར་ཅིག
ཤེས་འདོད་ཀྱིས་དྲིས་པར་ལན་མེད་པའི་རྒྱུ་མཚན་ཅི།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྐྱོ་བྲག་ཅེས་པ་དེང་སང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཞང་ཞེས་པ་དེ་རེད། མདོ་དབུས་ཁམས་གསུམ་ལས་ཁམས་ཀྱི་ས་ཁོངས་རེད། མཁས་པ་དང་གྲུབ་ཐོབ་མང་པོ་འཁྲུངས་ས་ཞིག་ཀྱང་ཡིན་སྐད་འདུག