སྐྱོ་སྣང་ཞིག Posted on 2013-04-02 By ཁ་བརྡ་ 32 Comments on སྐྱོ་སྣང་ཞིག མེ་ཏོག་དཀར་པོ། མི་ཚེ་འདི་མུ་ཏིག་གི་ཕྲེང་བ་འདྲ་བྱུང་། མཛེས་སྡུག་དང་རིན་ཐང་ཇི་ལྟར་ཆེ་ཡང་ཚེ་སྲོག་གི་སྐུད་པ་ཕྲ་མོ་འདི་ཉིན་ཞིག་ཆད་རྒྱུ་ཉག་གཅིག་ཡིན། ཀྱེ་མ། ཇི་འདྲའི་སྐྱོ་བ་ལ་ཨང་། གང་གི་ཚེ་ཨ་མའི་འོ་མ་མངར་མོ་དེ་དང་། ཨ་མའི་དྲོད་ལྡན་གྱི་པང་ན་སྐྱིད་པའི་དགའ་སྟོན་ལ་རོལ་བའི་ང་། ད་ནི་མི་ཚེའི་རྐེད་པར་སླེབས་ཟིན་འདུག མུ་ཏིག་གི་ཕྲེང་རྡོག་ཟད་འགྲོ་གིན་འདུག ངོ་མ་ཤེས་པ་ནས་ཤེས་པའི་ངའི་སྙིང་ཉེ་བའི་མཛའ་གྲོགས། འཛུམ་དང་སྙན་པའི་ངག་གིས་མོལ་བའི་ངའི་གཉེན་ཉེ། སེམས་དང་སེམས་གཉིས་འབྲེལ་བའི་ངའི་མཐུན་གྲོགས། ཡོད་ཚད་དོར་ཏེ་གཅིག་པུར་ཆ་དགོས་ཨང་། མི་བཟོད་པའི་སྡུག་བསྔལ་འདི་མ་མྱོང་བར་གནས་ཐབས་མེད་ཨང་། ཀྱེ་མ། མི་ཚེ་འདི་ངོ་མ་རྨི་ལམ་དང་འདྲ་བྱུང་། ང་ཚོ་འཚོ་བའི་གསོན་དབུག་ལྡན་དུས་ཅིའི་ཕྱིར་ང་དང་ཁྱོད་ཅེས་འཁྲུག་པར་བྱེད། དུས་ཐུང་རྨི་ལམ་འདྲ་བའི་སྐུད་པ་ཕྲ་མོའི་མི་ཚེ་འདིར། སྣ་ཚོགས་པའི་ཟུག་རྔུའི་ལྗིད་བཀལ། ཅིའི་ཕྱིར་ན་དགའ་སྤྲོ་དང་། བཟོད་སྲན་དང་། བསམ་ཤེས་དང་། གཞན་ཕན་གྱི་ཕྲ་ཚོམ་གྱིས་མི་བརྒྱན། མུ་ཏིག་གི་ཕྲེང་བའི་རིན་ཐང་ཤེས་དགོས་ཨང་། ཚེ་སྲོག་གི་སྐུད་པ་ཕྲ་མོའི་ཉེན་ཁ་ཡང་ཤེས་དགོས་ཨང་། སྙིང་ཉེ་བའི་མཛའ་གྲོགས་དག མི་ཚེ་འདི་དངོས་གནས་རྨི་ལམ་དང་འདྲ་གི དགའ་སྐྱོ་ཡི་ཟློས་གར་ཆུ་ཡི་གཉེར་མའི་རང་བཞིན་ལས་ཤུས་པ་འདྲ་འདུག ག་ནས་བསམ་ཀྱང་སྟོང་ལྷང་ལྷང་གི་སྣང་བ་ཆུ་འཁྱག་གིས་བྲང་ཁོག་གི་སྙིང་ལ་གཟན། ཀྱེ་མ། ༠༢ ། ༠༤། ༢༠༡༣ མཚན་མོ་དོན་མེད་པའི་སྐྱོ་སྣང་ཞིག་བྱུང་བ་དེ་མ་ཐག་ཡི་གེར་ཕབས། སྣ་ཚོགས།
རྩི་ཐོག་བ་མོའི་ཁ་ལ།། སྐྱི་བསེར་རླུང་གི་ཕོ་ཉ།། མེ་ཏོག་སྦྲང་བུ་གཉིས་ཀྱི།། འབྲེལ་མཚམས་བྱེད་མཁན་ལོས་ཡིན།།
མིན། ང་ལ་ཤིན་དུ་སྙན་པོ་བྱུང་། བདེན་པ་ཡིན། དགའ་སྐྱོའི་ཚོར་བ་ཞིག་དང་། འཇིགས་སྣང་ཏོག་ཙམ་བསླེབས་བྱུང་། ང་རང་ཡང་ལོ་བཞི་བཅུའི་ནང་འབུད་འགྲོ་བཞིན་ཡོད། ལྟས་ངན་འཆི་བ་ཁོ་དྲན་ཐེངས་རེ་རེར་ཅུང་མ་སྐྱིད་པ་ཡིང་གི་འདུག
བོད་ཀྱི་ལམ་རིམ་སྒོམ་སྟངས་བྱས་ན་འཆི་བ་མི་རྟག་པ་ལ་སྐྲག་དགོས་པ་འདྲ་ཡང་། ནུབ་ཕྱོགས་པའི་ལམ་རིམ་ལྟར་ན་རྒས་པ་ལ་སྐྲག་དགོས་པ་འདྲ། ནུབ་ཕྱོགས་པ་དེ་ཚོས་གཞོན་གཞོན་སྐབས་ནས། དུར་ས་ཉོས་ཡོད་ཟེར་མཁན་མང་པོ་འདུག་མོད། ལོ་ག་ཚོད་ཡིན་མིན་དྲིས་ན་ཞེད་ཐག་ཆོད་འགྲོ་གི་འདུག ད་ང་ཡང་མི་ཞིག་གིས་ལོ་ཚོད་དྲིས་ཡོང་ན་ཞེད་སྣང་འདྲ་ཞིག་འདུག ང་ཚོ་ས་མཐའ་ཞིག་ནས་ཤི་ས་རེད་བསམ་ན་ལྷག་པར་དུ་སྐྲག་གི
ལོ་དྲིས་མི་ཉན་ཡ། ཨ་བུ། སུམ་བཅུ་ཡན་ལ་ལོ་དྲིས་མི་ཉན། ལོ་དྲིས་པ་ནི་གྲྭ་བཞི་བཙོན་ཁང་ནང་དུ་བཙུད་ནས་ཀོ་ལྕགས་བྲབ་པ་ལས་ཀྱང་སྡུག
མེ་ཏོག་སེམས་པ་མ་སྐྱོ། གཡུ་སྦྲང་ལྡིང་བསྐོར་རྒྱབ་ཡོད། ལས་དང་སྨོན་ལམ་ཡོད་ན། གྲུ་གསུམ་ཁང་དུ་མཇལ་ཡོང། སྟོན་ལོ་ས་ལ་ཟག་སོང། རི་མགོ་ཁ་བས་གཡོགས་སོང། ཆུ་མོ་དར་ཁ་འགྲིག་སོང། མེ་ཏོག་རང་ཤི་རྒྱབ་གྲབས། ཆགས་སྡང་སྐྱི་སེར་རླུང་པོས། མེ་ཏོག་འདབ་མ་གཏོར་སོང། སེམས་པ་སྐྱོ་རྒྱུ་མི་འདུག ལྡིང་བསྐོར་བྱེད་དེ་ལོག་ཆོག
མི་རྟག་དུཿཁ་འཁོར་བའི་རང་བཞིན། །མི་དགའ་ནའང་ཁད་ཀྱིས་སླེབས་ཡོང་། །སྟོང་པ་བདག་མེད་ཐར་བའི་ལམ་ལ། །ཅུང་ཟད་སོམ་དང་སྐྲག་སྣང་ཞི་འགྲོ། །སྲོག་ཆད་ཡོད་པའི་མི་བུ་ང་ཡིས། །ལོ་བརྒྱར་སྡོད་པའི་འཆར་གཞི་ཤོམ་ན། །མེ་ཏོག་པད་དཀར་ད་ནངས་བཞད་པ། །ཤེས་ཡོན་དྲི་བསུང་སྤྲོ་ཁོམ་ལོས་ཡོད། །སྐྱབས་གནས་ཡོད་ན་གསོལ་བ་འདེབས་དགོས། །སྐྱོན་ཆ་ཅི་བྱས་བཤགས་སྡོམ་མ་བརྗེད། །ཤི་གསོན་སྐྱེ་འཆི་རྨི་ལམ་རྫུན་རིས། །བག་ཆགས་མེད་ན་སྐྲག་དོན་མི་གདའ། །གནས་ལ་དད་དང་འགྲོ་ལ་བརྩེ་བ། །རྣམ་དཀར་སྨོན་པའི་སེམས་བསྐྱེད་གཙང་མ། །མ་དོར་ཤི་ན་འཆི་བྲོད་སྐྱེས་འོངས་། །
སྐྱོ་སྣང་བ་མོས་ཟིན་པའི་མེ་ཏོག ། སླར་ཡང་འདབ་མ་ཀུན་ནས་རྒྱས་ལ།། དྲི་མེད་ལྷག་བསམ་ཉི་མའི་ཟེར་འདི།། མཐུན་པའི་གྲོགས་སུ་སོང་ངོ་ཀྱེ་ལགས།།
འཆི་བར་སྐྲག་པ་ནི་བཟང་སྐྲག་སྟངས་ན་སྐྱོ་ དགའ་གཉེན་སྤུན་ཆེད་དང་བྲལ་བར་དོག་ནས་འཇིག་པ་ནི་དེའི་ལྡོག་ཕྱོགས་བསྒྲུབ་ཏུ་མེད་ དེ་ལས་ལམ་རིམ་ཆེ་མོ་ལས་གསུངས་པ་བཞིན་སྐྲག་ན་དོན་ཆེ་བ་ཡོང་ངེས། ལམ་རིམ་ལས་་་་་འཇིག་རྟེན་ཕྱི་མིའི་དོན་ངན་འགྲོའི་རྒྱུ་འགོག་པ་དང་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་མ་བསྒྲུབ་པར་འཆི་བར་འཇིག་པ་ཞིག་དགོས་ཞེས་གསུང་པ་བཞིན་་་་་་་དེ་དག་ལ་འཇིག་སྐྲག་བྱུང་ཚེ་དེའི་ལྡོག་ཕྱོགས་བསྒྲུབ་ཏུ་ཡོད་པས་སོ།
མེ་ཏོག་རྙིད་ལ་མ་འཇིགས། ། བཞད་དུས་འཛུམ་ནས་སྡོད་དགོས། ། མེ་ཏོག་སེམས་པ་མ་སྐྱོ། ། གཡུ་སྦྲང་བསྐོར་ནས་ཡོང་བགྱིད། །
མེ་ཏོག་རྙིད་ལ་མ་འཇིགས། ། བཞད་དུས་འཛུམ་ནས་སྡོད་དང་། ། མེ་ཏོག་སེམས་པ་མ་སྐྱོ། ། གཡུ་སྦྲང་བསྐོར་ནས་ཡོང་བགྱིད། །
མེ་ཏོག་དེའི་ནང་ཆུ་ཞིག་བླུག་རོགས་བྱོས་དང་། མེ་ཏོག་གི་ལོ་མ་སྐམ་འོང་གི་ཡོད་ས་རེད། སྐྱོ་སྣང་རིང་ལུགས་ཀྱི་འདུ་ཤེས་བསྐྲུན་སྟངས་ཀྱི་རིག་གནས་འདིས་ཚེ་འདིའི་འཚོ་གནས་འབད་བརྩོན་ཡང་དག་ཞིག་བྱ་བཅུག་གི་མ་རེད། མེ་ཏོག་དཀར་པོའི་མཛེས་སྡུག ཁ་བརྡའི་གཡུ་སྦྲང་འཁོར་ས། ལོ་མ་རླུང་གིས་འཁྱེར་དུས། གཡུ་སྦྲང་སེམས་པ་སྐྱོ་རོགས།། ཨ་ཙི་གཡུ་སྦྲང་སྔོན་པོ། སེམས་པ་སྐྱོ་ནས་མ་བཞུགས། དུས་བཞིའི་འཁོར་ལོ་འཁོར་དུས། མེ་ཏོག་ཡང་བསྐྱར་སྐྱེས་ཡོང་། མེ་ཏོག་རྒས་ན་རྒས་བཅུག གཡུ་སྦྲང་ཤི་ན་ཤི་བཅུག མི་རྟག་འགྱུར་བའི་ཆོས་འདི། གཅིག་འགྲོ་གཅིག་སླེབས་རེད་དོ།།་་་ཧཧཧཧ
མེ་ཏོག་མི་རྟག་མ་བསམ། རྟག་འཛིན་སེམས་ཞིག་བསྒོམ་དང། རྒས་དང་འགྱུར་བའི་སྐྱོ་སྣང། མེད་པར་འགྱུར་བ་མཐོང་སོང། ཕྱི་གླིང་རྒད་པོ་རྒད་མོ། སྐུ་ཚེ་རིང་བར་འཚོ་འདི། མི་རྟག་ཡིད་ལ་མེད་པའི། གཏན་ཚིགས་ངེས་ཤེས་རྙེད་སོང།
མེ་ཏོག་སྐྱག་རྐྱལ། ཁ་བརྡ་ཚང་ནས་ཁ་སྡིག་ཡིད་སྡིག་མང་པོ་བསགས་ཡོད་པ་ཨ། ད་ཁྱོད་ལ་འགྱོ་ས་ཟིག་ཡོད་ནི་མ་རེད། ལས་མཁན་ཨ་བུ་ལག་རིང་གིས་ཅིག་རྙབ་ཡོངས་དུས། ཁྱོད་ཤོར་ས་ཞིག་མེད། ཧ་ཧ་ཧ། སྐྱག་གས་བལ་ནི་མ་རེད། སྐྱེ་བར་སྔ་ཕྱི་ཡོད་རུང་ཤི་བར་སྔ་ཕྱི་ཡོད་ནི་མ་རེད། དེ་ལས་མ་ཤི་གོང་ལ་ཡོག་ཞིག་བཏང་ནས་ཆོས་ཞིག་དོན་ན་ཡག་ནི་རེད། ཧ་ཧ་ཧ། ཁ་རྒོད་པོ་འདི་ཚོ་ལ། ཅི་འདྲའི་སྙིང་ཉམས་ཆུང་རེ། ཧ་ཧ་ཧ།
བན་དེ་པའི་བཤད་པར་ཡང་བདེན་པ་ཞིག་འདུག བཤད་སྲོལ་ལ། དབུ་མ་གཞན་སྟོང་རྟག་འཛིན་བཟང་། །ཆོས་པ་དབུ་དཀར་ས་སྟེང་གང་། །ཟེར་སྲོལཞིག་འདུག ངས་ལོ་རྒྱུས་ངོས་ནས་སྡོམ་རྩིས་ཞིག་བྱས་པ་ཡིན་ཏེ། གཞན་སྟོང་འདོད་པ་དགུང་ལོ་༦༠་མ་བརྒལ་བ་ཞིག་མེད་ཚོད་རེད། གནའ་དུས་བརྒྱ་ཕྱེད་ཚེ་ལོ་བརྒལ་ན་ཚེ་རིང་བར་བརྩི་བས། རྟག་བརྟན་ཐེར་ཟུག་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡོད་སྙམ་པའི་མོས་སྒོམ་འདིས་ཀྱང་ཚེ་ཀེགས་སེལ་བ་ཡིན་སྲིད་དོ། །
མེ་ཏོག་སེར་ཐིགས་ལྷུང་འདུག ། དྲི་ཞིམ་དེ་ཡང་ཡར་འདུག ། གཡུ་སྦྲང་སེམས་པ་སྐྱོ་ཡང་། ། ཆོས་ཉིད་བསྒྱུར་ཏུ་འེ་ཡོད། ། སྐྲ་ལོར་དཀར་ཐིགས་ལྷུང་འདུག ། ཐོད་པར་རི་མོ་བབས་འདུག ། དུང་སོ་དེ་ཡང་འཐོར་འདུག ། ལོ་ཚོད་འདྲི་དགོས་འེ་འདུག ། རོ་དང་འདྲ་བའི་མཇེ་དེ། ། རླིག་སྤུའི་ཁུང་ན་གཉིད་འདུག ། སྐེད་པ་དེ་ཡང་གུག་འདུག ། ལོ་ཚོད་འདྲི་དགོས་འེ་ཡོད། །
སྔོན་མ་ཞིག་ལ།་མི་ཞིག་ནས་ཨ་ཁུ་སྟོན་པར་༼ང་ཤི་གྲབས་ཡོད་དུས་ངེས་པར་དུ་ལན་བསྐྱལ་རོགས་གནང་༽ཞེས་མངགས།་དེར་བརྟེན་ཨུ་སྟོན་པས།་ཉིན་རྟག་པར་ཁོ་ལ་འདི་རིང་ལུང་པའི་ཕུ་ནས་མི་ཞིག་ཤི་སོང་ཟེར་བ་དང་། ཡང་དེ་བཞིན་སང་ཉིན་ལུང་པའི་མདའ་ནས་མི་ཞིག་ཤི་འདུག་ཅེས་མི་གྲོངས་རིམ་བཞིན་ཁོ་ལ་ལན་བསྐྱལ་བ་རེད། འོན་ཀྱང་ཁོ་ལ་དེ་ཙམ་དོ་སྣང་མ་བྱུང་བས།་ ཉིན་ཞིག་ཁོ་རང་ན་ནས་འཆི་གྲབས་བྱེད་དུས་ཨ་ཁུ་དང་མཇལ་བས་ཁོས་ཨ་ཁུ་སྟོན་པར་ང་འཆི་ཁར་སླེབས་རུང་ལན་བསྐྱེལ་མ་བྱུང་ཞེས་འཁྲུག་པ་བརྒྱབ། ཨ་ཁུས་ངས་ཉིན་རྟག་པར་མི་གྲོངས་རིམ་བཞིན་ཁྱེད་ལ་ལན་བསྐྱལ་ནས་འཆི་བ་ཇི་ཐག་ཉེ་རུ་འགྲོ་བཞིན་ཡོད་པའི་གོ་བརྡ་སྤྲད་པ་ཡིན་ཞེས་ལན་བཏབས།་གོང་གི་སྒྲུང་ཐུང་དེ་བཞིན་མེ་ཏོག་དཀར་པོ་ལགས་ནས།་ ང་ཚོ་དྲ་གྲོགས་ཚོར་མགོ་མེད་ཚོར་མེད་དུ་འདུག་མི་རུང་བར་འཆི་བ་དྲན་དགོས་པའི་བརྡ་ལན་ཞིག་གནང་བར་ཐུགས་རྗེ་ཆེ།
གཞོན་ནུའི་ལང་ཚོ་རྒྱས་པ་འདི།། ཉིན་རེ་ཉིན་རེ་རྒུད་ནས་འགྲོ།། མེ་ཏོག་མཚར་སྡུག་ལྡན་པ་འདི།། དུས་ཀྱི་གཞན་དབང་འགྱུར་ལ་ལྟོས།།
རྟག་པ་བསྒོམས་ནས་ཚེ་ཅུང་རིང་ཙམ་སོང་སྲིད། ནམ་ཞིག་འཆི་བ་ཡོང་དུས་འཁོར་བ་ནས་ཐར་མ་ཐུབ་ན། ཚེ་རིང་ཡང་དགོས་པ་ཆུང་། ཚེ་ཐུང་རུང་འཁོར་བའི་རྒྱ་ལས་ཐར་བའི་གདེང་ཞིག་ཡོད་ན་དོན་ངོ་མ་སྐྱིད་ཤོས་འདི་རེད། མ་ཟད་གཞན་སྟོང་བ་ཚོས་རྟག་པ་སྒོམ་གྱིན་མེད་པ་འདི་ཁྱེད་ཀྱི་མཁྱེན་པར་མཛོད། ད་དུང་ཕྱི་རྒྱལ་མགོ་སེར་མཚོ་ཚེ་རིང་བ་འདི་རྟག་པ་སྒོམ་པ་ལས་མ་བྱུང་། དོན་ངོ་མ་ཁོང་ཚོའི་བཟས་བཅུད་ལུས་པོར་འཕྲོད་པ་དང་། གཙང་སྦྲ་དང་ལུས་སྦྱོང་སོགས་མང་པོ་ལ་བརྟེན་ནས་ཡོང་བ་ཡིན་པ་མཁྱེན་པར་མཛོད།
ལོ་ངོ་ལྔ་བཅུ་ཙམ་སྔོན་དུ། བདག་ཝཱ་རཱ་ཎ་སཱིར་སློབ་སྦྱོང་བྱེད་པའི་དུས་ལ། ད་མི་ལོ་སུམ་ཅུར་སླེབས་སོང་བསམ་པ་ཞིག་ཤར་ནས། ཚེ་ལ་ལོང་མེད་པའི་སྣང་བ་ཞིག་སྐྱེས། དེ་བཞིན་ཚེ་དང་ལྡན་པ་མེ་ཏོག་དཀར་པོ་ལ་ཡང་གློ་བུར་གྱི་སྐྱོ་ཤས་ཤིག་སྐྱེས་པའི་རྟགས་བསྟན་པས་མི་མང་པོའི་སེམས་ལ་འགྱུར་བ་ཞིག་སླེབས་པ་ཡིན་ནམ། ་ ་
འདིར་ཕེབས་ནས་བསམ་ཚུལ་གསུངས་མཁན་དག་ལ་དགའ་ཡོད། ལྷག་པར་ལུང་རྟོགས་དང་གནམ་གཉིས་ནས་གསེར་ཐིག་འདྲ་བའི་ཡིག་འབྲུ་ཁ་ཤས་བྲིས་པ་ལ་ཡང་ངོ་།།
རྒྱ་ནག་གི་རླུང་གི་ཉམས་ལེན་དང་། དྲག་རྩལ་འགྲན་བསྡུར་སྐབས་ཀྱི་གདམས་པ་གཅིག་ནི། ང་འཆི་བར་མི་བྱ། ངེས་པར་རྒྱལ་བར་འགྱུར། ཅེས་ཡང་ཡང་གསལ་བཏབ་ན་ཚེ་སྲོག་གི་སྟོབས་ཤུགས་རྒྱས་པ་ལ་ཕན་ཟེར། རྙིང་མའི་གདམས་པ་ཞིག་ཏུ། ཆོས་ལ་ཆོས་ཤེས་མི་བྱ་རྟག་པ་ཡིན་པའི་བློ་བཞག འཁོར་བ་རྟག་པ་མིན་པས་ཆེད་འཛིན་མེད་པའི་བློ་བཞག སངས་རྒྱས་རང་ལ་གནས་པས་རང་ངོར་བལྟས་ཤིང་ངང་བསྐྱངས། ཞེས་པར་ཡང་གོ་བ་ཁྱད་པར་ཅན་རེ་ཡོད་ཚོད་གདའ། །
ཡུན་རིང་འགྲོགས་ན་འཇིག་རྟེན་བྱ་བ་ལ། ། མི་སྐྱོ་ཞེས་བྱ་གཅིག་ཀྱང་མིན་འདུག་ལ།། སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་སྟེ།། སེམས་ཀྱི་ཁོང་ན་ལན་གཅིག་འོང་བར་ངེས། །དགེ་འདུན་ཆོས་འཕེལ།།
མེ་ཏོག་ནམ་ཟླ་ཡལ་སོང་།།
གཡུ་སྦྲང་སེམས་པ་མ་སྐྱོ།།
བྱམས་པའི་ལས་འཕྲོ་ཟད་པར།།
ང་ནི་སྐྱོ་རྒྱུ་མི་འདུག།
རྩི་ཐོག་བ་མོའི་ཁ་ལ།།
སྐྱི་བསེར་རླུང་གི་ཕོ་ཉ།།
མེ་ཏོག་སྦྲང་བུ་གཉིས་ཀྱི།།
འབྲེལ་མཚམས་བྱེད་མཁན་ལོས་ཡིན།།
དཔེ་སྙན་པོ་འདུག
བསམ་ཤེས་ཀྱིས་ང་ནམ་མཁར་བཀྱགས་ནས་སར་བརྡབ་པ་མ་རེད་དམ།
མིན། ང་ལ་ཤིན་དུ་སྙན་པོ་བྱུང་། བདེན་པ་ཡིན། དགའ་སྐྱོའི་ཚོར་བ་ཞིག་དང་། འཇིགས་སྣང་ཏོག་ཙམ་བསླེབས་བྱུང་། ང་རང་ཡང་ལོ་བཞི་བཅུའི་ནང་འབུད་འགྲོ་བཞིན་ཡོད། ལྟས་ངན་འཆི་བ་ཁོ་དྲན་ཐེངས་རེ་རེར་ཅུང་མ་སྐྱིད་པ་ཡིང་གི་འདུག
བོད་ཀྱི་ལམ་རིམ་སྒོམ་སྟངས་བྱས་ན་འཆི་བ་མི་རྟག་པ་ལ་སྐྲག་དགོས་པ་འདྲ་ཡང་། ནུབ་ཕྱོགས་པའི་ལམ་རིམ་ལྟར་ན་རྒས་པ་ལ་སྐྲག་དགོས་པ་འདྲ། ནུབ་ཕྱོགས་པ་དེ་ཚོས་གཞོན་གཞོན་སྐབས་ནས། དུར་ས་ཉོས་ཡོད་ཟེར་མཁན་མང་པོ་འདུག་མོད། ལོ་ག་ཚོད་ཡིན་མིན་དྲིས་ན་ཞེད་ཐག་ཆོད་འགྲོ་གི་འདུག ད་ང་ཡང་མི་ཞིག་གིས་ལོ་ཚོད་དྲིས་ཡོང་ན་ཞེད་སྣང་འདྲ་ཞིག་འདུག ང་ཚོ་ས་མཐའ་ཞིག་ནས་ཤི་ས་རེད་བསམ་ན་ལྷག་པར་དུ་སྐྲག་གི
འོ་འོ། བྱས་ན་ངའི་ཀུན་རྟོག་གི་རི་མོ་ཡི་གེར་ཕབ་པ་དེ་ཏག་ཏག་བྱུང་བཞག
ལོ་དྲིས་མི་ཉན་ཡ། ཨ་བུ། སུམ་བཅུ་ཡན་ལ་ལོ་དྲིས་མི་ཉན། ལོ་དྲིས་པ་ནི་གྲྭ་བཞི་བཙོན་ཁང་ནང་དུ་བཙུད་ནས་ཀོ་ལྕགས་བྲབ་པ་ལས་ཀྱང་སྡུག
མེ་ཏོག་སེམས་པ་མ་སྐྱོ།
གཡུ་སྦྲང་ལྡིང་བསྐོར་རྒྱབ་ཡོད།
ལས་དང་སྨོན་ལམ་ཡོད་ན།
གྲུ་གསུམ་ཁང་དུ་མཇལ་ཡོང།
སྟོན་ལོ་ས་ལ་ཟག་སོང།
རི་མགོ་ཁ་བས་གཡོགས་སོང།
ཆུ་མོ་དར་ཁ་འགྲིག་སོང།
མེ་ཏོག་རང་ཤི་རྒྱབ་གྲབས།
ཆགས་སྡང་སྐྱི་སེར་རླུང་པོས།
མེ་ཏོག་འདབ་མ་གཏོར་སོང།
སེམས་པ་སྐྱོ་རྒྱུ་མི་འདུག
ལྡིང་བསྐོར་བྱེད་དེ་ལོག་ཆོག
མི་རྟག་དུཿཁ་འཁོར་བའི་རང་བཞིན། །མི་དགའ་ནའང་ཁད་ཀྱིས་སླེབས་ཡོང་། །སྟོང་པ་བདག་མེད་ཐར་བའི་ལམ་ལ། །ཅུང་ཟད་སོམ་དང་སྐྲག་སྣང་ཞི་འགྲོ། །སྲོག་ཆད་ཡོད་པའི་མི་བུ་ང་ཡིས། །ལོ་བརྒྱར་སྡོད་པའི་འཆར་གཞི་ཤོམ་ན། །མེ་ཏོག་པད་དཀར་ད་ནངས་བཞད་པ། །ཤེས་ཡོན་དྲི་བསུང་སྤྲོ་ཁོམ་ལོས་ཡོད། །སྐྱབས་གནས་ཡོད་ན་གསོལ་བ་འདེབས་དགོས། །སྐྱོན་ཆ་ཅི་བྱས་བཤགས་སྡོམ་མ་བརྗེད། །ཤི་གསོན་སྐྱེ་འཆི་རྨི་ལམ་རྫུན་རིས། །བག་ཆགས་མེད་ན་སྐྲག་དོན་མི་གདའ། །གནས་ལ་དད་དང་འགྲོ་ལ་བརྩེ་བ། །རྣམ་དཀར་སྨོན་པའི་སེམས་བསྐྱེད་གཙང་མ། །མ་དོར་ཤི་ན་འཆི་བྲོད་སྐྱེས་འོངས་། །
སྐྱོ་སྣང་བ་མོས་ཟིན་པའི་མེ་ཏོག །
སླར་ཡང་འདབ་མ་ཀུན་ནས་རྒྱས་ལ།།
དྲི་མེད་ལྷག་བསམ་ཉི་མའི་ཟེར་འདི།།
མཐུན་པའི་གྲོགས་སུ་སོང་ངོ་ཀྱེ་ལགས།།
ངེས་འབྱུང་པུ་ར་ཞིག་སྐྱེས་འདུག
འཆི་བར་སྐྲག་པ་ནི་བཟང་སྐྲག་སྟངས་ན་སྐྱོ་ དགའ་གཉེན་སྤུན་ཆེད་དང་བྲལ་བར་དོག་ནས་འཇིག་པ་ནི་དེའི་ལྡོག་ཕྱོགས་བསྒྲུབ་ཏུ་མེད་ དེ་ལས་ལམ་རིམ་ཆེ་མོ་ལས་གསུངས་པ་བཞིན་སྐྲག་ན་དོན་ཆེ་བ་ཡོང་ངེས།
ལམ་རིམ་ལས་་་་་འཇིག་རྟེན་ཕྱི་མིའི་དོན་ངན་འགྲོའི་རྒྱུ་འགོག་པ་དང་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་མ་བསྒྲུབ་པར་འཆི་བར་འཇིག་པ་ཞིག་དགོས་ཞེས་གསུང་པ་བཞིན་་་་་་་དེ་དག་ལ་འཇིག་སྐྲག་བྱུང་ཚེ་དེའི་ལྡོག་ཕྱོགས་བསྒྲུབ་ཏུ་ཡོད་པས་སོ།
མེ་ཏོག་རྙིད་ལ་མ་འཇིགས། །
བཞད་དུས་འཛུམ་ནས་སྡོད་དགོས། །
མེ་ཏོག་སེམས་པ་མ་སྐྱོ། །
གཡུ་སྦྲང་བསྐོར་ནས་ཡོང་བགྱིད། །
མེ་ཏོག་རྙིད་ལ་མ་འཇིགས། །
བཞད་དུས་འཛུམ་ནས་སྡོད་དང་། །
མེ་ཏོག་སེམས་པ་མ་སྐྱོ། །
གཡུ་སྦྲང་བསྐོར་ནས་ཡོང་བགྱིད། །
ནམ་ཟླ་ཡལ་བའི་མེ་ཏོག
སེམས་པ་སྐྱོ་བར་མ་གནང།
བུ་ཆུང་ཀ་བའི་རྒྱན་དུ།
མཆོད་པའི་རྟེན་དུ་བྱེད་ཡོང།
མེ་ཏོག་སྐྱོ་བ་རྐྱེན་རེད། །
ཁ་བརྡར་སླེབས་པ་ལས་རེད། །
མེ་ཏོག་དཀར་བ་ཚོན་རེད། །
སེམས་པ་དཀར་བ་ཆོས་རེད། །
མེ་ཏོག་དེའི་ནང་ཆུ་ཞིག་བླུག་རོགས་བྱོས་དང་། མེ་ཏོག་གི་ལོ་མ་སྐམ་འོང་གི་ཡོད་ས་རེད། སྐྱོ་སྣང་རིང་ལུགས་ཀྱི་འདུ་ཤེས་བསྐྲུན་སྟངས་ཀྱི་རིག་གནས་འདིས་ཚེ་འདིའི་འཚོ་གནས་འབད་བརྩོན་ཡང་དག་ཞིག་བྱ་བཅུག་གི་མ་རེད།
མེ་ཏོག་དཀར་པོའི་མཛེས་སྡུག
ཁ་བརྡའི་གཡུ་སྦྲང་འཁོར་ས།
ལོ་མ་རླུང་གིས་འཁྱེར་དུས།
གཡུ་སྦྲང་སེམས་པ་སྐྱོ་རོགས།།
ཨ་ཙི་གཡུ་སྦྲང་སྔོན་པོ།
སེམས་པ་སྐྱོ་ནས་མ་བཞུགས།
དུས་བཞིའི་འཁོར་ལོ་འཁོར་དུས།
མེ་ཏོག་ཡང་བསྐྱར་སྐྱེས་ཡོང་།
མེ་ཏོག་རྒས་ན་རྒས་བཅུག
གཡུ་སྦྲང་ཤི་ན་ཤི་བཅུག
མི་རྟག་འགྱུར་བའི་ཆོས་འདི།
གཅིག་འགྲོ་གཅིག་སླེབས་རེད་དོ།།་་་ཧཧཧཧ
མེ་ཏོག་མི་རྟག་མ་བསམ།
རྟག་འཛིན་སེམས་ཞིག་བསྒོམ་དང།
རྒས་དང་འགྱུར་བའི་སྐྱོ་སྣང།
མེད་པར་འགྱུར་བ་མཐོང་སོང།
ཕྱི་གླིང་རྒད་པོ་རྒད་མོ།
སྐུ་ཚེ་རིང་བར་འཚོ་འདི།
མི་རྟག་ཡིད་ལ་མེད་པའི།
གཏན་ཚིགས་ངེས་ཤེས་རྙེད་སོང།
མི་རྟག་གཞན་ཕན་བསམ་པས།
ཚེ་འདིའི་འཚོ་བར་གནོད་ཀྱི།
རང་ཕམ་གཞན་རྒྱལ་བློ་ཡིས།
བོད་འདི་ཕུངས་བར་ལོས་ཤེས།
མེ་ཏོག་སྐྱག་རྐྱལ། ཁ་བརྡ་ཚང་ནས་ཁ་སྡིག་ཡིད་སྡིག་མང་པོ་བསགས་ཡོད་པ་ཨ། ད་ཁྱོད་ལ་འགྱོ་ས་ཟིག་ཡོད་ནི་མ་རེད། ལས་མཁན་ཨ་བུ་ལག་རིང་གིས་ཅིག་རྙབ་ཡོངས་དུས། ཁྱོད་ཤོར་ས་ཞིག་མེད། ཧ་ཧ་ཧ།
སྐྱག་གས་བལ་ནི་མ་རེད། སྐྱེ་བར་སྔ་ཕྱི་ཡོད་རུང་ཤི་བར་སྔ་ཕྱི་ཡོད་ནི་མ་རེད། དེ་ལས་མ་ཤི་གོང་ལ་ཡོག་ཞིག་བཏང་ནས་ཆོས་ཞིག་དོན་ན་ཡག་ནི་རེད། ཧ་ཧ་ཧ།
ཁ་རྒོད་པོ་འདི་ཚོ་ལ། ཅི་འདྲའི་སྙིང་ཉམས་ཆུང་རེ། ཧ་ཧ་ཧ།
བན་དེ་པའི་བཤད་པར་ཡང་བདེན་པ་ཞིག་འདུག བཤད་སྲོལ་ལ། དབུ་མ་གཞན་སྟོང་རྟག་འཛིན་བཟང་། །ཆོས་པ་དབུ་དཀར་ས་སྟེང་གང་། །ཟེར་སྲོལཞིག་འདུག ངས་ལོ་རྒྱུས་ངོས་ནས་སྡོམ་རྩིས་ཞིག་བྱས་པ་ཡིན་ཏེ། གཞན་སྟོང་འདོད་པ་དགུང་ལོ་༦༠་མ་བརྒལ་བ་ཞིག་མེད་ཚོད་རེད། གནའ་དུས་བརྒྱ་ཕྱེད་ཚེ་ལོ་བརྒལ་ན་ཚེ་རིང་བར་བརྩི་བས། རྟག་བརྟན་ཐེར་ཟུག་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡོད་སྙམ་པའི་མོས་སྒོམ་འདིས་ཀྱང་ཚེ་ཀེགས་སེལ་བ་ཡིན་སྲིད་དོ། །
མེ་ཏོག་སེར་ཐིགས་ལྷུང་འདུག །
དྲི་ཞིམ་དེ་ཡང་ཡར་འདུག །
གཡུ་སྦྲང་སེམས་པ་སྐྱོ་ཡང་། །
ཆོས་ཉིད་བསྒྱུར་ཏུ་འེ་ཡོད། །
སྐྲ་ལོར་དཀར་ཐིགས་ལྷུང་འདུག །
ཐོད་པར་རི་མོ་བབས་འདུག །
དུང་སོ་དེ་ཡང་འཐོར་འདུག །
ལོ་ཚོད་འདྲི་དགོས་འེ་འདུག །
རོ་དང་འདྲ་བའི་མཇེ་དེ། །
རླིག་སྤུའི་ཁུང་ན་གཉིད་འདུག །
སྐེད་པ་དེ་ཡང་གུག་འདུག །
ལོ་ཚོད་འདྲི་དགོས་འེ་ཡོད། །
སྔོན་མ་ཞིག་ལ།་མི་ཞིག་ནས་ཨ་ཁུ་སྟོན་པར་༼ང་ཤི་གྲབས་ཡོད་དུས་ངེས་པར་དུ་ལན་བསྐྱལ་རོགས་གནང་༽ཞེས་མངགས།་དེར་བརྟེན་ཨུ་སྟོན་པས།་ཉིན་རྟག་པར་ཁོ་ལ་འདི་རིང་ལུང་པའི་ཕུ་ནས་མི་ཞིག་ཤི་སོང་ཟེར་བ་དང་། ཡང་དེ་བཞིན་སང་ཉིན་ལུང་པའི་མདའ་ནས་མི་ཞིག་ཤི་འདུག་ཅེས་མི་གྲོངས་རིམ་བཞིན་ཁོ་ལ་ལན་བསྐྱལ་བ་རེད། འོན་ཀྱང་ཁོ་ལ་དེ་ཙམ་དོ་སྣང་མ་བྱུང་བས།་ ཉིན་ཞིག་ཁོ་རང་ན་ནས་འཆི་གྲབས་བྱེད་དུས་ཨ་ཁུ་དང་མཇལ་བས་ཁོས་ཨ་ཁུ་སྟོན་པར་ང་འཆི་ཁར་སླེབས་རུང་ལན་བསྐྱེལ་མ་བྱུང་ཞེས་འཁྲུག་པ་བརྒྱབ། ཨ་ཁུས་ངས་ཉིན་རྟག་པར་མི་གྲོངས་རིམ་བཞིན་ཁྱེད་ལ་ལན་བསྐྱལ་ནས་འཆི་བ་ཇི་ཐག་ཉེ་རུ་འགྲོ་བཞིན་ཡོད་པའི་གོ་བརྡ་སྤྲད་པ་ཡིན་ཞེས་ལན་བཏབས།་གོང་གི་སྒྲུང་ཐུང་དེ་བཞིན་མེ་ཏོག་དཀར་པོ་ལགས་ནས།་ ང་ཚོ་དྲ་གྲོགས་ཚོར་མགོ་མེད་ཚོར་མེད་དུ་འདུག་མི་རུང་བར་འཆི་བ་དྲན་དགོས་པའི་བརྡ་ལན་ཞིག་གནང་བར་ཐུགས་རྗེ་ཆེ།
གཞོན་ནུའི་ལང་ཚོ་རྒྱས་པ་འདི།།
ཉིན་རེ་ཉིན་རེ་རྒུད་ནས་འགྲོ།།
མེ་ཏོག་མཚར་སྡུག་ལྡན་པ་འདི།།
དུས་ཀྱི་གཞན་དབང་འགྱུར་ལ་ལྟོས།།
རྟག་པ་བསྒོམས་ནས་ཚེ་ཅུང་རིང་ཙམ་སོང་སྲིད། ནམ་ཞིག་འཆི་བ་ཡོང་དུས་འཁོར་བ་ནས་ཐར་མ་ཐུབ་ན། ཚེ་རིང་ཡང་དགོས་པ་ཆུང་། ཚེ་ཐུང་རུང་འཁོར་བའི་རྒྱ་ལས་ཐར་བའི་གདེང་ཞིག་ཡོད་ན་དོན་ངོ་མ་སྐྱིད་ཤོས་འདི་རེད། མ་ཟད་གཞན་སྟོང་བ་ཚོས་རྟག་པ་སྒོམ་གྱིན་མེད་པ་འདི་ཁྱེད་ཀྱི་མཁྱེན་པར་མཛོད། ད་དུང་ཕྱི་རྒྱལ་མགོ་སེར་མཚོ་ཚེ་རིང་བ་འདི་རྟག་པ་སྒོམ་པ་ལས་མ་བྱུང་། དོན་ངོ་མ་ཁོང་ཚོའི་བཟས་བཅུད་ལུས་པོར་འཕྲོད་པ་དང་། གཙང་སྦྲ་དང་ལུས་སྦྱོང་སོགས་མང་པོ་ལ་བརྟེན་ནས་ཡོང་བ་ཡིན་པ་མཁྱེན་པར་མཛོད།
ལོ་ངོ་ལྔ་བཅུ་ཙམ་སྔོན་དུ། བདག་ཝཱ་རཱ་ཎ་སཱིར་སློབ་སྦྱོང་བྱེད་པའི་དུས་ལ། ད་མི་ལོ་སུམ་ཅུར་སླེབས་སོང་བསམ་པ་ཞིག་ཤར་ནས། ཚེ་ལ་ལོང་མེད་པའི་སྣང་བ་ཞིག་སྐྱེས། དེ་བཞིན་ཚེ་དང་ལྡན་པ་མེ་ཏོག་དཀར་པོ་ལ་ཡང་གློ་བུར་གྱི་སྐྱོ་ཤས་ཤིག་སྐྱེས་པའི་རྟགས་བསྟན་པས་མི་མང་པོའི་སེམས་ལ་འགྱུར་བ་ཞིག་སླེབས་པ་ཡིན་ནམ།
་
་
འདིར་ཕེབས་ནས་བསམ་ཚུལ་གསུངས་མཁན་དག་ལ་དགའ་ཡོད། ལྷག་པར་ལུང་རྟོགས་དང་གནམ་གཉིས་ནས་གསེར་ཐིག་འདྲ་བའི་ཡིག་འབྲུ་ཁ་ཤས་བྲིས་པ་ལ་ཡང་ངོ་།།
འཆི་བ་ལ་སྐྲག་མི་དགོས་ཏེ། འཆི་བདག་གིས་ཉི་མ་རེ་རེ་བཞིན་ཁྱོད་ལ་བྱམས་པོ་བྱེད་བཞིན་ཡོད་པས་སོ།།
རྒྱ་ནག་གི་རླུང་གི་ཉམས་ལེན་དང་། དྲག་རྩལ་འགྲན་བསྡུར་སྐབས་ཀྱི་གདམས་པ་གཅིག་ནི། ང་འཆི་བར་མི་བྱ། ངེས་པར་རྒྱལ་བར་འགྱུར། ཅེས་ཡང་ཡང་གསལ་བཏབ་ན་ཚེ་སྲོག་གི་སྟོབས་ཤུགས་རྒྱས་པ་ལ་ཕན་ཟེར། རྙིང་མའི་གདམས་པ་ཞིག་ཏུ། ཆོས་ལ་ཆོས་ཤེས་མི་བྱ་རྟག་པ་ཡིན་པའི་བློ་བཞག འཁོར་བ་རྟག་པ་མིན་པས་ཆེད་འཛིན་མེད་པའི་བློ་བཞག སངས་རྒྱས་རང་ལ་གནས་པས་རང་ངོར་བལྟས་ཤིང་ངང་བསྐྱངས། ཞེས་པར་ཡང་གོ་བ་ཁྱད་པར་ཅན་རེ་ཡོད་ཚོད་གདའ། །
མི་སྐྲག་པའི་དབང་ཞིག་གཏན་ནས་མིན་འདུག སྐྱོ་སྣང་ཞིག་མ་སྐྱེས་པར་ཟུར་ས་མིན་འདུག
ཡུན་རིང་འགྲོགས་ན་འཇིག་རྟེན་བྱ་བ་ལ། །
མི་སྐྱོ་ཞེས་བྱ་གཅིག་ཀྱང་མིན་འདུག་ལ།།
སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་སྟེ།།
སེམས་ཀྱི་ཁོང་ན་ལན་གཅིག་འོང་བར་ངེས། །དགེ་འདུན་ཆོས་འཕེལ།།