རྩོམ་པ་པོཿ སྐྲན། མཁོ་འདོན་པཿ རྡོ་རྗེ་ཚེ་རིང་།
ཁེར་རྐྱང་དུ།
སེམས་པ་ཞིག་འདི་ན་ཁེར་རྐྱང་དུ།
ཅི་ཡང་བསམ་བཞིན་ཁེར་རྐྱང་དུ།
རྨི་ལམ་རྐོ་བཞིན་ཁེར་རྐྱང་དུ།
སྟོན་ཁའི་སྡོང་ལོ་སེར་པོ་ཞིག་དང་ཀུན་ནས་འདྲ་བར།
ཞབས་ཟུང་གི་རི་མོ་གཡས་ཀྱི་ས་དེར་བཀོད་རྗེས།
མཆུ་སྒྲོས་ཀྱི་ཚོན་རྩི་གཡོན་གྱི་ཆུ་མོས་བཀྲུས་རྗེས།
འཇིག་རྟེན་ཅི་འདྲའི་ཆུང་ཨང་བསམ་བཞིན་ཁེར་རྐྱང་དུ།
གོམ་སྒྲ་ཁེར་རྐྱང་མ་ཞིག་ཁྲིད་ནས་རང་ཉིད་ཀྱི་མལ་ཁང་དུ་ལོག
དེ་ནི་ཧ་ཅང་ཁེར་རྐྱང་ཁེར་རྐྱང་ཞིག་སྟེ།
བར་ཐག་གིས་བཅད་པས་ཁྱོད་ཀྱང་ཁེར་རྐྱང་ངོ་།
ལྷག་མ།
མུ་གེའི་སྟེང་ལ་ཟླ་ལྷག་འདི།
ས་མཐའ་ཡུལ་གྱི་གནོན་ཤུགས་འདི།
ལུས་ཀྱིས་ཐེགས་པར་དཀའ་བའི་ལྗིད་ཤུགས་ཤིག་གོ།
སྐྱོ་བའི་སྟེང་ལ་དྲན་སྣང་འདི།
སྨྲེང་བའི་ཐོག་ཏུ་རྨ་ཁ་འདི།
སེམས་ཀྱིས་བཀྲུ་བར་བཀའ་བའི་ནག་ནོག་ཞིག་གོ།
ཇ་ཕོར་ལས་བཏུས་པ།
ཁམ་གང་འཐུང་བའི་ཚ་བོ་ཞིག་སྟེ།
ཁམ་གསུམ་གཞིབས་པའི་སྐྱུར་མོ་ཞིག་གོ།
དགུན་འཁྱགས་མ་སླེབས་པའི་དུས་སུ།
ཚ་བོར་ཞེ་འདང་མེད་པ་དང་འདྲ་ལ།
ཚ་ཆེན་མ་འཕྱུར་བའི་གོང་དུ།
སྐྱུར་མོར་ཞིམ་སྣང་མེད་པ་དང་འདྲའོ།།
ཇ་ཕོར་ལས་རོ་བྲོ་སྣ་དགུ་རེ་རེ་ལ།
བསམ་གཞིག་གིས་སྡོམ་རྩིས་རེ་རེ་བརྒྱབ་པས་ཆོག་གོ།
འདི་ན་འགྲིག་མེད།
དཀར་བོ་དཀར་མདངས་ཀྱིས་ཆགས་པའམ།
དམར་པོ་ཁྲག་མདངས་ཀྱིས་གཟིམས་པ་དེ།
ཡང་ན། ནག་པོ་དྲགས་མདངས་ཀྱིས་འབྱར་བ་དེ།
དེ་ནི་ཁོ་མོ་དག་གི་རིན་བྲལ་དང་ཞེ་འདང་ངོ་།
ཞེ་དཀར་སེམས་གཙང་གིས་བཀུགས་པའམ།
མགོ་བདེ་དྲན་འཁྲུལ་གྱིས་བསླུས་པ་དེ།
ཡང་ན། དེ་ནི་ཚ་སྤྲིད་ལན་གཅིག་གི་སེམས་གཅོང་སྟེ།
དྲན་ཐོ་ལྗིད་པོ་ཞིག་གི་གསང་གྲངས་བོར་བ་དེའོ།།
དེས་བདེན་པ་ཞིག་གི་རྨང་འཁྱོག་པོར་བཏང་ཡོད།
དེས་དྲོད་འཇམ་ཞིག་གི་ཕུགས་འཁྱགས་པར་བཏང་ཡོད།
དེ་དང་དེ་ལ་སོགས་པས་ཡིད་སེམས་རྨས་ཤིང་།
ཁོ་མོ་ཅག་གི་ནམ་མཁའ་མོག་པོར་བྱས་ཡོད།
09/06/2012 མཚན་མོར།
རྩོམ་པ་པོ་སྐྲན་ལགས་དང་མཁོ་འདོན་པ་རྡོ་རྗེ་ཚེ་རིང་ལགས།།
ཁྱེད་རྣམ་པའི་སྙན་སྙན་ངག་ཚན་པ་བཞི་པོ་དེ་སྙན་པོ་འདུག་ལ་གོ་རྒྱུ་ཡང་ཆེན་པོ་
འདུག་ཐུགས་རྗེ་ཆེ།
ཡིན་ན་ཡང་། སངས་རྒྱས་ཆོས་ལུགས་ཀྱི་གསུངས་སྲོལ་ལ།།
ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ།།
བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ་ཞེས་དང་།།
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་སྔ་ནས།།
གྲོགས་དང་པོ་ལྷ་མོ་བཞད་ཁ་མ།།
གདོང་ལ་ལྟས་ན་འཛུམ་གྱིས་བསུ།།།
ཅི་ཙམ་བལྟས་ཀྱང་ཆོག་ཤེས་མེད།།།
བར་དུ་སྲིན་མོ་ཁྲོ་གཏུམ་མ།།
ཅུང་ཟད་ཙམ་ལ་མི་འགུ་བར།།
ཕར་ལ་ལན་གཅིག་བཤད་པའི་བར།།
རྒྱབ་ལོགས་མིག་ལོག་ཡང་ཡང་བྱེད།།
ཚུར་ལ་ཡིན་མིན་བཅོ་བརྒྱད་སྨྲ།།
སྐྲ་ནས་འཇུས་ཏེ་བརྡུང་པ་ན།།
སྒྱིད་ལ་འཐམས་ནས་མོ་གསོད་ཟེར།།།།ཞེས་དང་།
སྤྱོད་འཇུག་ལས།།
སྐྱེ་ནའང་གཅིག་པུར་སྐྱེ་འགྱུར་ཞིང་།།
འཆི་ནའང་དེ་ཉིད་གཅིག་འཆི་སྟེ།།
སྡུག་བསྔལ་སྐལ་གཞན་མི་ལེན་ན།།
གེགས་བྱེད་མཛའ་བོས་ཅི་ཞིག་བྱ།།
ཞེས་གསུངས་པ་ཇི་བཞིན་དོན་ལ་གནས་པ་དང་།། འདུས་བྱས་མི་རྟག་པའི་ཆོས་ཐམས་ཅད། རང་རང་གི་མཐར་འདའ་བ་ཆོས་ཉིད་ཡིན་པའི་ཕྱིར་རོ།།།།
བཀྲ་ཤིས་བདེ་ལེགས།
བྲིས་བ་བཟང་གི་་་་་་་ད་འུ་ཚོ་སྙན་ངག་ཚིག་དུམ་རེ་ཡི་བཟི་ཆང་བཏུང་ནས་འདུག་ཚོད་མ་རེད།་་་་་་
ཁ་བ་ལགས། འགྱུར་མེད་ཀྱིས་ཁྱོད་རང་འཚོལ་གོན་འདུག་གོ
དྲ་ལམ་ན་དཔྱད་གཞིར་གྱུར་པའི་གྲྭ་པའི་ཞབས་འདྲེན་ཟེར་པའི་པར་ཞིག་མཐོང་སོང་། བྱ་སྤྱོད་འདི་དག་ལ་ང་ཚོས་ངེས་བར་དུ་གཟབ་དགོས་པ་ཞིག་རེད་བསམ། ཅིའི་ཕྱིར་ཞེས་ན་དམ་པ་གོང་མས་ཕྱི་སྐལ་ལྡན་དྭངས་པ་འདྲེན་པའི་མིག་རྐྱེན་དང་ཞེས་དང་། མདོ་ལས། ཤམས་ཐབས་ཟླུམ་པོ་བགོ་བ་ལ་བསླབ་པར་བྱ་འོ་ཞེས་གསུངས་པ་ལྟར་ང་ཚོ་ལ་འགྲོ་འདུག་ཉལ་གསུམ་གྱི་སྤྱོད་པ་མཐའ་དག་ལ་གདམས་པའི་ཤུལ་བཞག་གི་བང་མཛོད་སོགས་ལས་གསལ་བོར་ཤེས་ཐུབ་པོ།་ ཡིན་ན་ཡང་སྤྱིར་གྲྭ་བ་ཟེར་བ་དེ་ཕྱིའི་ཀུན་སྤྱོད་ཁོ་ནའི་སྒོ་ནས་བཞག་ན་ཅུང་ཙམ་ནོར་འདུག་སྙམ། གྲྭ་བ་ཟེར་བ་དེ་དྲི་བྲལ་གྱི་བསླབ་ཁྲིམས་བཙང་མ་ཡོད་མེད་ཀྱི་སྒོ་ནས་འཇོགདགོས། ཅིའི་ཕྱིར་ཞེས་ན་འདི་ལ་ཁྱབ་པ་ཡོད་པའི་ཕྱིར། ཕྱིའི་ཀུན་སྤྱོད་ཁོ་ནའི་སྒོ་ནས་འཇོག་ན་ཁྱབ་པ་མ་ངེས་བར་ང་ཚོས་གླེང་བཞིན་པའི་གོང་གི་ཟིན་བྲིས་འདི་དག་གི་ལེགས་པར་འགྲུབ་པོ། དེང་འདིར་ང་ཚོའི་སྤྱི་ཚོགས་ནང་ཤམས་ཐབས་དམར་པོ་གྱོན་པ་རྟགས་སུ་བྱས་ནས་གྲྭ་བའི་སྐྱོན་ཡོན་ལ་དབྱེ་ཞིབ་བྱེད་པ་ལས་ཁྱབ་པ་མེད་པ་མ་ཤེས་བ་དག་གིས་རང་ཉིད་ཀྱི་གྲྭ་བ་འཇོག་མ་ཤེས་བས་རང་འཚང་ཕྱི་རུ་མངོན་པ་དང་ཡང་ན་གྲྭ་བ་མིག་ནང་དུ་མ་མཛེས་བ་གཉིས་ལས་མ་འདས་པ་ཡིན་ནོ།
ལྡོང་ངུའི་བུ་ལགས། ད་ཁྱོད་ཡིན་ན་ལག་ལེན་དང་ཁ་ཕྱོགས་ཀྱི་སྐྱག་པ་སྐམ་པོ་ཅི་ཞིག་བྱས་ན་བཟང་ངམ། ལགས། བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པས་གསུངས་ཆོག་པ་རེད། ཡིན་ན་ཡང་། མི་ནི་མི་རང་ཡིན་པས་དེས་ཅི་བྱེད་ཅི་བཤད་ནི་ང་རང་མི་རུ་སྐྱེས་རྗེས་ནས་ག་ལེར་གསལ་ཐང་གིས་ཤེས་ཡོད་ལགས།