མི་རྐང་གླིང་བུ།
སྒ་རྭ་ཉག་དགོན་པའི་གོད་ཆག
ད་ཐེངས་ཀྱི་ས་ཡོམ་གྱི་ཆག་སྒོ་འདིས་སྒ་སྐྱེ་དགུ་མདོ་གཙོས་པའི་གྲོང་དང་གྲོང་ཁྱེར། དགོན་སྡེ། ལྷ་ཁང། འབྲོག་ས་སོགས་ཁུལ་དེའི་མི་རྒྱུ་གཉིས་ཀྱི་འབྱུང་ཁུངས་ཡོངས་ལ་གོད་ཆག་ཧ་ཅང་ཚབས་ཆེན་ཕོག་ཡོད་པ་ནི་གསལ་བཤད་མ་དགོས་པ་ཞིག་རེད། དེའི་ནང་གི་སྒ་རྭ་ཉག་དགོན་ཕུན་ཚོགས་ཐེག་ཆེན་གླིང་གི་དགོན་ས་གསར་པ་དེར་གཏོར་སྐྱོན་ཚབས་ཆེན་ཐེབས་ནས་གྱོང་གུད་ཧ་ཅང་ཆེན་པོ་ཕོག་ཡོད་པ་རེད། དེ་ཡང་སྒ་རྭ་ཉག་དགོན་པ་འདི་ནི་མདོ་ཁམས་སྒ་པའི་ཡུལ་གྱི་ལོ་རྒྱུས་ཧ་ཅང་རིང་བའི་དགེ་ལུགས་དགོན་པ་ཞིག་རེད།
༼༡༩༥༨ལོའི་སྔོན་གྱི་སྒ་རྭ་ཉག་དགོན་པ།༽
ཕྱི་ལོ་༡༩༥༨ལོར་རྒྱ་དམག་དང་གདོང་གཏུགས་བྱས་ནས་དགེ་འདུན་པ་དང་ཡུལ་མི་མཉམ་རུབ་ཀྱིས་མི་མང་བཅིང་དཀྲོལ་དམག་དང་ཉིན་ཞག་དུ་མ་འཐབ་འཛིང་བྱས་ནས་ཕན་ཚུན་ཤི་རྨས་ཚབས་ཆེན་ཕོག་ཅིང་མཐར་རྒྱ་དམག་གིས་མེ་སྒྱོགས་བརྒྱབས་ནས་དགོན་པའི་དགེ་འདུན་རྟེན་གསུམ་དང་བཅས་པ་ཐལ་བར་བསྒྱུར་བ་རེད། ཡུལ་ཕྱོགས་འདི་ནས་རྒྱ་དམག་དང་འཐབ་འཛིང་བྱེད་ཆེ་ཤོས་ཀྱི་དགོན་པ་ཞིག་རེད་ལ་ཕན་ཚུན་ཤི་རྨས་བྱུང་ཆེ་ཤོས་ཤིག་ཀྱང་རེད།
༼སྔར་གྱི་དགོན་ཤུལ། རྒྱ་བོད་གཉིས་ཀྱི་གཡུལ་ས།༽
དེ་ནས་དགོན་པ་སྐྱར་གསོ་ཆོག་པའི་སྲིད་ཇུས་བྱུང་བ་ནས་དགོན་པ་འདི་ཉིད་སླར་གསོ་བྱས་ཤིང་དེའང་སྔར་གྱི་དགོན་ཤུལ་དུ་རྒྱ་བོད་འཐབ་འཁྲུགས་བྱས་པས་མི་མང་ཤི་བའི་དུར་ས་སོང་བ་དང། མེ་སྒྱོགས་ཀྱིས་གཏོར་སོང་བས་བསྐྱར་གསོ་ཤིན་ཏུ་དཀའ་བས་སྔར་གྱི་དགོན་ཤུལ་དེའི་ཉེ་བའི་རི་ངོས་ཤིག་ཏུ་སླར་གསོ་དབེན་ཙམ་བྱས།
༼དེང་དུས་དགོན་པ་རྙིང་པ་ཤི་དགེ་གསོན་རིམ་སོགས་དགོན་པའི་ལས་ཀ་འདི་ན་ཡོད།༽
དེ་ཡང་གནས་དེར་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པ་དང་། དགོན་ས་བདེ་མོ་ཞིག་ཀྱང་མེད་པས་དགོན་པའི་མཆོད་གཞིས་རོང་པོ་སྡེ་པའི་ནང་དུ་སྤོ་རྩིས་ཀྱིས་ད་བར་དུ་མི་ལོ་དུ་མའི་རིང་དུ་དགོན་པ་གསར་བཞེངས་བྱས་ཤིང་དེ་རིང་གི་བར་དུ་དགོན་པའི་ཚོགས་ཆེན་འདུ་ཁང་དང་། ཕྱག་མཛོད་ཁང་། གྲྭ་ཤག མཚན་ཉིད་གྲྭ་ཚང་གི་འདུ་ཁང་སོགས་འགའ་ཞིག་གྲུབ་ཅིང་འགའ་ཞིག་བཟོ་བཞིན་པའི་སྐབས་འདིར་འདི་ལྟར་གཏོར་བཤིག་ཐེབས་པ་རེད།
༼འདི་ནི་སྒ་རྭ་ཉག་དགོན་པའི་འབྱུང་འགྱུར་གྱི་དགོན་པ་དེ་རེད་ལ། ད་ལྟ་བཟོ་བཞིན་པ་དེའང་རེད།༽
༼ན་ནིང་སྟོན་ཀ་བཟོ་བཞིན་པའི་སྐབས་ཀྱི་འདྲ་པར།༽
ད་ཐེངས་ཀྱི་ས་ཡོམ་འདི་ཐོག་མར་མགོ་ཚུགས་ས་རག་ཤུལ་འབྲོག་སྡེ་ནས་ཡིན་པ་ཨ་རི་དང་། རྒྱ་ནག་གཉིས་ཀས་བཤད་པ་བཞིན་ཡིན་འདུག་ཅིང་། རག་ཤུལ་དང་འདབས་འབྲེལ་བའི་རོང་པོ་སྡེ་པ་་དང་། རྗེས་བཟང་སྡེ་པ་སོགས་འབྲོག་ས་མང་པོ་ཞིག་གི་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེན་ཐེབས་འདུག འོན་ཀྱང་ལུང་པ་ཁུག་དཀྱོག་ཏུ་སོང་བ་དང། འབྲོག་ས་ཡིན་པ་སོགས་གང་ལྟར་གསར་འགྱུར་རྒྱུད་ལམ་ཁག་དུ་རྒྱ་བོད་གཉིས་ཀས་དོ་སྣང་ཆེར་མ་བྱུང་ཞིང་སྐྱོབས་གསོ་དང། རོགས་རམ་སོགས་ཀྱང་ཧ་ཅང་གི་ཉུང་ཉུང་མ་གཏོགས་རེག་གི་མེད་པ་རེད།
སྐབས་འདིར་རོང་པོ་སྡེ་པའི་ནང་དུ་ཡོད་པའི་སྒ་རྭ་ཉག་དགོན་གསར་པ་འདིའི་གཡས་གཡོན་ནས་ས་གས་པདང་། རི་ཉིལ་བ་སོགས་ཀྱིས་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་ཉེ་འཁོར་གྱི་འབྲོག་པའི་མཆོད་སྡེ་མང་པོ་ཤི་རྨས་བཟོས་འདུག་ལ་ཁང་པ་ཕལ་མོ་ཆེར་རྡིབ་འདུག་ཅིང་རོང་པོ་སྡེ་བ་ནས་མི་གྲངས་༡༥༠ཡན་དུ་གྲོངས་ཡོད་འདུག སྒ་རྭ་ཉག་དགོན་པའི་ཁྲི་པ་ཁམས་མགྱོགས་རིན་པོ་ཆེས་སྐྱེ་དགུ་མདོ་གཙོས་པའི་ཡུལ་མི་གོད་ཆག་ཕོག་ཡོངས་ལ་གཟིགས་སྐོར་མཛད་ཅིང་རྒྱ་སྒོར་ཁྲི་ཉིས་བརྒྱ་ལྷག་གི་རོགས་རམ་གནང་ཡོད་འདུག ཁོང་ནི་དགོན་པ་འདིའི་བདག་པོ་རེད་ལ་དགོན་པ་གསར་པ་འདི་ལ་ནང་གི་རྒྱུ་ཆ་དང་། ཕྱི་ཡི་བཀོད་པ་སོགས་བོད་གཞིས་བྱེས་གཉིས་སུ་ལེགས་ཆ་བླངས་ཤིང་འགྲོ་སོང་ཧ་ཅང་ཤུགས་ཆེར་གཏོང་ནས་གསར་བཟོ་བྱེད་བཞིན་ཡོད་འདུག དེ་ཡང་དགོན་པ་འདི་ཉིད་མ་འོངས་པ་བོད་ཡུལ་སྟོད་སྨད་གང་ནས་འོངས་ཀྱང་ཆོག་པའི་མཚན་ཉིད་གཙོས་པའི་ནང་པའི་ཆོས་ཀྱི་བཤད་སྒྲུབ་གཉིས་ཀྱི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དམིགས་ཡོད་འདུག
བཀུར་འོས་རྩོམ་སྒྲིགས་པ་ལགས། གུས་པས་བྲིས་པའི༼་སྒ་རྭ་ཉག་དགོན་པའི་གོད་ཆག་༽ཅེས་པའི་རྩོམ་དུམ་དེ་ཉིད་ཆ་ཚང་བར་དྲ་ངོས་སུ་བཀོད་ཐུབ་མི་འདུག་པས་བསྐྱར་འགོད་གནང་རོགས་ཞུ། དགོངས་འགལ་མེད་པར་མཛོད།
དགོངས་དག་ཞུ་བ་དང་ཆགས་ཅིག འདི་ནས་བསྐྱར་བཅོས་ཞུས་ཡོད། གསལ་བཤད་གནང་བ་ཐུགས་རྗེ་ཆེ།
ད་རེས་དོལ་རྒྱལ་གཏེར་དཔོན་ལྡན་མ་དགོན་གསར་གྱི་དགོན་སྡེ་ཁག་ལ་ས་ཡོམ་གྱི་གནོད་སྐྱོན་ག་རེ་བཟོས་ཡིན་ནམ
ལྡན་མ་དགོན་སར་གྱི་དགོན་པ་སྐྱེ་དགུ་མདོ་ནས་སྤྱི་ལེར་༢༧༠ལྷག་ཙམ་གྱི་སར་འབྲི་སྟོད་རྫོང་ཐོག་ཏུ་ཡོད་པས་གཏོར་སྐྱོན་ཕོག་པའི་སྐད་ཆ་མི་འདུག་
སྒ་རྭ་ཉག་དགོན་གསར་དང་ཉེ་འཁོར་གྱི་འབྲོག་སྡེ་ཚོའི་ཁང་པ་ཕལ་མོ་ཆེར་རྡིབ་འདུག་ཅིང་ཤི་རྨས་མང་པོ་བྱུང་བ་ལ། ངས་སྙིང་ནས་མྱ་ངན་དང་སེམས་གསོ་ཞུ་རྒྱུ་དང་འབྲེལ། སྒ་རྭ་ཉག་དགོན་པའི་ཁྲི་པ་ཁམས་མགྱོགས་རིན་པོ་ཆེས། སྐྱེ་དགུ་མདོ་གཙོས་པའི་ཡུལ་མི་གོད་ཆག་ཕོག་མཁན་ལ་རོགས་རམ་གནང་བ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཆེན་པོར་ཡོད།
འདིར་ཤེས་ལྡན་མི་རྐང་གླིང་བུ་ལ་འདྲི་རྒྱུ་ཞིག་ཡོད།
༡༽ སྔོན་བྱོན་གྲུབ་ཐོབ་ཆེན་པོ་ར་ཉག་གཏེར་སྟོན་དང་ར་ཉག་རྒྱལ་སྲས་འཁྲུངས་ཡུལ་ས་ཕྱོགས་འདི་ཨེ་ཡིན་ན།
༢༽ ངས་མཐོང་མྱོང་བའི་མདོ་མཁྱེན་བརྩེའི་རང་རྣམ་དུ་”ར་ཉག་”རྒྱལ་སྲས་ཞེས་བཀོད་འདུག་པ་དང་ཁྱེད་ཀྱིས་”རྭ་ཉག་”དགོན་ཞེས་བྲིས་འདུག ར་ལ་ཝ་ཟུར་ཡོད་མེད་ཀྱིས་འབྲི་སྟངས་ཁག་གཉིས་པོ་འདི་ས་གནས་གཅིག་ལ་མིང་འབྲི་སྲོལ་གཉིས་བྱུང་བའམ་ཡང་ན་ས་གནས་གཉིས་ཀྱི་མིང་རེད། ཁོ་བོས་གསལ་བོར་ཤེས་མ་སོང་བས་གསལ་བཤད་གནང་རོགས་ཞུ།
སྒ་རྭ་ཉག་དགོན་གསར་དང་ཉེ་འཁོར་གྱི་འབྲོག་སྡེ་ཚོའི་ཁང་པ་ཕལ་མོ་ཆེར་རྡིབ་འདུག་ཅིང་ཤི་རྨས་མང་པོ་བྱུང་བ་ལ། ངས་སྙིང་ནས་མྱ་ངན་དང་སེམས་གསོ་ཞུ་རྒྱུ་དང་འབྲེལ། སྒ་རྭ་ཉག་དགོན་པའི་ཁྲི་པ་ཁམས་མགྱོགས་རིན་པོ་ཆེས། སྐྱེ་དགུ་མདོ་གཙོས་པའི་ཡུལ་མི་གོད་ཆག་ཕོག་མཁན་ལ་རོགས་རམ་གནང་བ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཆེན་པོ་ཡོད།
འདིར་ཤེས་ལྡན་མི་རྐང་གླིང་བུ་ལ་འདྲི་རྒྱུ་ཞིག་ཡོད།
༡༽ སྔོན་བྱོན་གྲུབ་ཐོབ་ཆེན་པོ་ར་ཉག་གཏེར་སྟོན་དང་ར་ཉག་རྒྱལ་སྲས་འཁྲུངས་ཡུལ་ས་ཕྱོགས་འདི་ཨེ་ཡིན་ན།
༢༽ ངས་མཐོང་མྱོང་བའི་མདོ་མཁྱེན་བརྩེའི་རང་རྣམ་དུ་”ར་ཉག་”རྒྱལ་སྲས་ཞེས་བཀོད་འདུག་པ་དང་ཁྱེད་ཀྱིས་”རྭ་ཉག་”དགོན་ཞེས་བྲིས་འདུག ར་ལ་ཝ་ཟུར་ཡོད་མེད་ཀྱིས་འབྲི་སྟངས་ཁག་གཉིས་པོ་འདི་ས་གནས་གཅིག་ལ་མིང་འབྲི་སྲོལ་གཉིས་བྱུང་བའམ་ཡང་ན་ས་གནས་གཉིས་ཀྱི་མིང་རེད། ཁོ་བོས་གསལ་བོར་ཤེས་མ་སོང་བས་གསལ་བཤད་གནང་རོགས་ཞུ།
དཔྱོད་ལྡན་སྡེ་དགེ་འཇིགས་མེད་ལགས།
༡༽རྭ་ཉག་རྒྱལ་སྲས་མོན་རྟ་དབང་གི་མཁན་ཟུར་ད་ལྟ་མོན་ཡུལ་དུ་བཞུགས་པ་དེའི་དགོན་པ་རེད། ར་ཉག་གཏེར་སྟོན་ཞུ་བ་སུ་ཡིན་མི་ཤེས།
༢༽འདི་པ་སྒ་རྭ་ཉག་དགོན་པའི་མིང་ཟུར་རྭ་ཉག་ཟེར་བའི་གོ་དོན་ནི་དགོན་པ་གནས་ཡུལ་གྱི་ས་ཡི་བཀོད་པ་དམ་ཅན་ཆོས་ཀྱི་རྒྱལ་པོའི་རྭ་གཉིས་གདེངས་པ་ལྟ་བུའི་ཉག་ན་དགོན་པ་ཆགས་ཡོད་པས་ན་རྭ་ཉག་ཅེས་འགྲེལ་སྲོལ་འདུག དགོན་པ་འདི་སྔ་མོ་ཞིག་ན་འབྲི་གུང་གྱི་དགོན་པ་ཡིན་འདུག་ལ་ཕྱིས་སུ་དགེ་ལུགས་སུ་འགྱུར་བ་ཞིག་རེད། དགོན་པ་འདི་སྐྱེ་དགུ་ནས་སྤྱི་ལེ་༣༠ནས་༤༠ཙམ་གྱི་སར་ཡོད།
སྒ་ར་ཉག་དགོན་པའི་ཁྲི་པ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག་གིས་ཤུལ་ལུས་འདས་གསོན་ཡོངས་ཀྱི་ཆེད་དུ་དམིགས་ནས་སྐྱབས་འཇུག་གནང་བ་བཀའ་དྲིན་རྗེས་དྲན་བཅས།།
སྒ་ར་ཉག་དགོན་པའི་ཁྲི་པ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག་གི་སྐུ་ངལ་འཇེ༹མ་མེད་ངང་ཤུལ་ལུས་རང་རིགས་སྤུན་ཟླ་འདས་གསོན་ཡོངས་ཀྱི་ཆེད་དུ་རོགས་རིམ་རྒྱ་ཆེར་གནང་བ་བསྔགས་བརྗོད་དང་ཐུགས་རྗེ་བཀའ་དྲིན་ཆེ་ལགས།།
༇། སྐྱབས་རྗེ་རོང་ཐ་ཆོས་འབྱོར་ལྷན་གྲུབ་དང་དམ་ཆོས་རྒྱལ་མཚོ་གཉིས་ཀྱིས་གདན་ས་སྒ་རྰ་ཉག་ཕུན་ཚོགས་ཐེག་ཆེན་གླིང་གིས་ཁྲི་བར་ཁམས་འགྱོགས་རྔ་བདག་ཡང་སྲིངམཆོག་སྤྲུལ་རིན་པོ་མཆོག་གིས་ཐུག་ཁུར་ཚེད་མིན་ངང་ནས་ས་ཡོམ་གད་ཆག་ཤུལ་གསོན་རྣམས་ལ་ཐུགས་སྨོན་དང་རོག་རམ་གང་ཞུས་པ་དེ་ལ་ངས་སྙིང་ཐག་པ་ནས་དཀའ་དྲིན་རྗེས་དྲན་ཡོད། ང་རང་ཡི་གེ་བྲིས་མ་ཤེས་ནང་འཁྲུལ་འདུག་ན་དགོངས་འགལ་མེད་པར་ཞུ།།
རོགས་སྐྱོར་གནང་བ།
༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲུན་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་ར་ཉག་དགོན་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟི་ལིང་ལ་ཕེབས། དེ་ནས་ཁོང་གིས་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།
གོང་གི་གནས་ཆུ༹ལ་དེ་དག་བོད་ཀྱི་དུས་བབ་ནས་འདོན་སྤེལ་བྱས་ཡིན།།

གོང་གི་གནས་ཆུ༹ལ་དེ་དག་བོད་ཀྱི་དུས་བབས་ནང་གསལ་འདོན་སྤེལ་བྱས་ཡིན།།
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ཁྱེད་རྣམ་པས་གཤམ་གྱི་གནས་ཆུ༹ལ་ཐོག་གཟིགས་འདོད་ཡོད་ཆེ༹། http://www.phayul.com and Ranyag Monasteryརྒྱུད་ནས་གནས་ཆུ༹ལ་ཆ་ཆ༹ང་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན། ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས། བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས།
ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་ སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།
དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།