རྫོགས་ཆེན་དོན་གྲུབ་རྡོ་རྗེ།
གངས་རི་སྨུག་གིས་བཟུང་སོང་།།
གཙང་ཆུ་འཁྱག་གིས་སྡོམ་སོང་།།
ཁ་བའི་ལས་དབང་བསམ་ནས།།
གངས་རིའི་སྤྱན་ཆབ་བསིལ་སོང་།།
གངས་རིའི་དབུ་རྩེ་མཐོན་པོ།།
མ་འགྱུར་གཏན་དུ་བཞུགས་དང་།།
ཕ་མ་རིགས་བཟང་བོད་མི།
སེམས་ཀྱི་བདེ་སྡུག་གཅིག་ཡིན།།
རང་ལུས་རིན་ཆེན་ནོར་བུ།།
དམར་པོ་མེ་ལ་སོང་ན།།
སེམས་ཀྱི་གདུང་ཡུས་ཟེར་བར།།
སུ་དང་གང་གིས་གཟིགས་རོཊ།།
སྒང་དྲུག་རི་བོའི་ལྗོངས་ནས།
སེམས་པས་གཞས་ཤིག་གཏོང་ཡོད།།
སེམས་ཀྱི་གཞས་ཆུང་ཁྲ་མོ།།
གངས་རིའི་སྤྱན་ཆབ་ཡིན་སོང་།།
སྒང་བ་བོད་པ་ཚང་གི། །
སྐྱིད་སྡུག་གླུ་རུ་གྱེར་བ། །
འདས་སོང་དཔའ་བོ་དཔའ་མོའི། །
མཛད་རྗེས་དྲན་པའི་རྟགས་རེད། །
སྒང་བ་བོད་པ་ཚང་གི། །
ཆོལ་གསུམ་གླུ་རུ་གྱེར་བ། །
མི་རིགས་ལ་རྒྱ་ཅན་གྱི །
མགོ་རྣ་ཡོད་པའི་རྟགས་རེད། །
སྒང་བ་བོད་པ་ཚང་གི། །
གོ་ཆགས་གླུ་རུ་གྱེར་བ། །
རྒྱ་སྟགས་ཁྲ་མོ་སྟོང་གི། །
དཔའ་རྩལ་མངའ་བའི་རྟགས་རེད། །