སྦྲ་དཔལ་ལྡན།
ཕྱི་རོལ་ན་ཀུ་ཅོ་ཧ་ཅང་རྒོད་པས་
ངས་ཕྱིར་མིག་ཅིག་གི་རེ་བཞག་ཁྲོད་དུ་
མིག་ཟུང་དལ་གྱིས་སྒེའུ་ཁུང་ནས་བསྲིངས
འོན་ཀྱང་
ཤ་འདར་རུས་འདར་བྱེད་པའི་ཕྱི་གླིང་པ་ཚོར
གྲོག་མའི་འདུར་རྒྱུགས་བཞིན་གནམ་ས་
ཁ་ལོ་བསྒྱུར་འདུག་པས་
ངས་ད་གཟོད་རང་ཉིད་གཉིད་ལས་སད་དགོས་པ་གཞི་ནས་ཚོར་
ཚོར་འདུ་སྣུམ་པོ་ཞིག་གི་ཕར་ཕྱོགས་ནས
ཡོད་ཚད་ལ་ཁེངས་ར་དབེན་པས་ང་
ཕྱི་རོལ་གྱི་གྲུ་ཟུར་ཞིག་ནས་འདི་ལྟར་ཁུ་སུམ་མེར་ལངས་དགོས་དོན་ཅི་ཡིན་ནམ
འཇིག་རྟེན་ཡོད་ཙད་གཉིད་ལས་བསླངས་འདུག་པས་
ཁྱོད་རང་ ད་དུང་མལ་ས་ན་
གཉིད་མ་སད་པའི་བྱིས་པ་ཞིག་དང་འདྲ་པས་
སྟོང་བསམ་གྱི་རྨི་ལམ་ཞིག་ལ་ཡིད་ཆེས་བྱེད་ཞོར་
འདི་ལྟར་ལྷག་འདུག་པར་
ཁྱོད་ཀྱིས་མགོ་བོ་
ཅིས་ཀྱང་ དགྱེ་དགོས་
སྒེའུ་ཁུང་ཕྱི་རོལ་ན་
མི་ཚོགས་མང་བོའི་འཚང་ཁ་ཡོད་པར་
ཡོད་ཚད་ འཇིག་རྟེན་འདིའི་ཆེད་དུ་ཡིན་པས་
ཁྱོད་ཀྱིས་མིག་ཕྱེས་དང་
ཕྱི་རོལ་ན་ཁོ་ཚོས་སྔ་མ་ནས་
མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་འདུག་པས་
ངས་བལྟས་ན་ཁྱོད་ཀྱིས་
སའི་གོ་ལ་འདི་ཤིན་ཏུ་ཆུང་པར
ད་དུང་ཤེས་མེད་པ་འདྲ
ཨ་རོ། ཕྱི་ལོགས་ན་ཡོ་སྒོར་དང་སྙན་ངག་མཉམ་གཅིག་ཏུ་གསོག་བཞིན་ཡོད་ཁུ་པ། ད་ཡིན་ན་བཀའ་འགྱུར་སྐྱིད་གཏོང་། སྙན་ངག་ཕྲིས་ཤོག་ཨང་། གཞན་ཧྥ་རན་སུ་ན་ཧྥ་མོ་རེ་རེག་གི་ཡོད་ལ། ཧཧཧཧ