ལྷོ་ཕྱོགས་ཉི་ཟླ།
དེང་སྐབས་བོད་ཀྱི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ཟེར་བ་དེ་མཇུག་སྒྲིལ་ནས་ལོ་ངོ་མང་པོ་ཤིག་ཕྱིན་ཚར་ཟིན་ཀྱང་ད་དུང་ཡང་ཚོགས་པ་རང་སྐྱ་བ་སྒེར་ཁ་ཤས་ཀྱིས་སྒེར་གཅོད་ཀྱི་ལམ་ལུགས་འདི་དོན་དམ་པའི་རྒྱུད་འཛིན་བྱེད་བཞིན་པའི་རྣམ་པར་གསལ།
དཔེར་ན། ཚོགས་པ་ཞིག་གི་བུ་དེ་དང་དེའི་རྐུབ་སྟེགས་མཐོན་པ་ཞིག་རེག་ཚར་ནས་བཟུང་མི་མང་གི་བདེ་སྡུག་དང་སྤྱི་ཚོགས་ཀྱི་འགྲོས་དང་མི་བལྟ་བར་རང་ཉིད་ཀྱིས་ཁེ་དབང་ཁོ་ནས་ཆེད་དུ་ལུས་པོའི་ལྕོགས་མཚམས་བར་དུ་ཨུ་ཚུགས་རྐྱང་རྐྱང་རྒྱབ་ནས་རྐུབ་སྟེགས་སྲུང་མཁན་རིགས་གང་ལ་གང་མཚམས་ཐོན་དང་ཐོན་བཞིན་པ་རེད།
མི་བུ་བསམ་མེད་ཀྱི་རིགས་འདི་དག་གིས༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་སྦྱིན་པར་གནང་བ་འདི་ཡང་གལ་ཆེན་པོ་ཞིག་མ་ཡིན་འདོག་འདོག་བྱས་ནས་མཐར་ཐུག་ན་སྒེར་དོན་ཁོ་ན་ལས་གཞན་བསམ་གྱི་མེད་པའི་མི་བུའི་གྲས་ཤིག་རེད། ང་ཚོས་མུ་མཐུད་དུ་རྒྱུད་འཛིན་འདི་ཚོགས་པ་ཆེ་ཆུང་སུ་ཡིན་ན་ཡང་བཟུང་ནས་བསྡད་ན་གཅིག་ནས་ད་ལྟའི་སྤྱི་ཚོགས་ཀྱི་ཁ་ཕྱོགས་འཚོལ་མི་ཐུབ་པ་མ་ཟད་གཉིས་ནས་ང་ཚོ་ལ་མང་གཙོ་ཚད་དང་ལྡན་པ་ཞིག་ཡོད་ཅེས་བ་འདི་ཡང་ཁ་བཤད་ཙམ་མ་གཏོགས་དོན་ཐོག་ཏུ་འགྲོ་ཐུབ་ཀྱི་མི་འདུག་པའི་འགག་བྱ་མང་པོ་ཞིག་དུས་ཐོག་ཏུ་བབ་ཀྱིན་ཡིན་པ་གསལ་བོར་རེད།
སྒེར་གཅོད་པ་འདི་དག་གི་འོག་ན་མི་བུ་མང་པོ་ཞིག་གི་བསམ་བློ་ཡར་རྒྱས་དང་མང་གཙོ་ཡི་དགོས་མཁོ་སོགས་ཆེས་རིན་ཐང་ལྡན་པའི་དངོས་པོ་མང་པོ་ཞིག་དངོས་མེད་དུ་སོང་ནས་ལོ་ནས་ལོ་དུས་ནས་དུས་སུ་གད་སྙིགས་སུ་ཆགས་ནས་བསྡད་ཡོད་པ་མ་ཟད་མཐར་ཐུག་ན་མི་བུ་འདི་དག་ནི་སྤྱི་ཚོགས་ཀྱི་ཁུར་པོ་ཞིག་ལས་གཞན་དགོས་གལ་ཆེ་བ་ཞིག་ཡོང་ཐབས་བྲལ།
སྒེར་གཅོད་འདི་དག་གི་རིགས་ལ་མང་གཙོའི་དོན་གཉེར་བ་ཡིན་ན་ཡང་འདྲ། བོད་མི་རིགས་ལ་ཤ་ཞེན་ཅན་སུ་ཡིན་ཡང་འདི་དག་ལ་ལས་འགན་གྱི་ལམ་ནས་ངོ་རྒོལ་ཡག་ཐག་ཆོད་ཞིག་བྱེད་དགོས་བའི་དུས་ལ་བབ་འདུག མེ་ཆུང་དུས་མ་བསད་ན་མེ་ཆེན་པོ་གནས་སྐབས་སུ་བསད་རྒྱུ་དཀའ་བའི་དཔེར་བཞིན་རེད།
འདི་དག་གི་ཅུང་གཞི་ནི་བོད་མི་རིགས་ཀྱི་ཅུང་གཞི་ཡིན་པ་མ་ཟད་འདི་དག་གི་སྒེར་གཅོད་བྱས་བ་དེ་བོད་མི་རིགས་ལ་སྒེར་གཅོད་བྱེད་ཀྱིན་ཡོད་པ་ངོ་ཤེས་བའི་སྟེང་ནས་ཤེས་ཡོན་ཅན་གྱི་མི་སྣའམ་སྤྱི་ཚོགས་ཀྱི་འགན་ཁུར་ཅན་གྱི་མི་བུ་དག་གིས་ངེས་པར་དུ་ཕྱོགས་ཡོང་ནས་དོ་སྣང་ཆེ་རུ་བྱེད་རྒྱུ་འདི་དགོས་གལ་ཆེ་བར་མཐོང་ངོ་།
་ 2011.7.29
ལྷོ་ཕྱོགས་ཉི་ཟླ་ལགས། སྐུ་ཉིད་ཀྱིས་༿ བོད་ཀྱི་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་ཟེར་བ་དེ་མཇུག་སྒྲིལ་ནས་ལོ་ངོ་མང་པོ་ཤིག་ཕྱིན་ཚར་ཟིན་ཀྱང་༾གསུང་བ་ལྟར། བོད་ཀྱི་སྲིད་དབང་སྒེར་འཛིན་ལམ་ལུགས་ཟེར་བ་དེ་ལོ་ངོ་ནམ་ཞིག་དང་དོན་རྐྱེན་ཅི་ཞིག་གི་ཁྲོད་ནས་མཇུག་སྒྲིལ་བ་རེད། གཞན་ཡང་༿ དཔེར་ན། ༾ ཞེས་བ་ལྟར་ན། སྐུ་ཉིད་ཅི་ཞིག་ལ་འཛེམས་དོགས་ཀྱིས་མང་གཙོའི་འགག་རྐྱེན་གྱི་གཏེ་བོ་འདོད་པའི་སྒེར་གཅོད་པ་མཐོང་བཞིན་དུ། གདོང་པ་སྤར་འགེབས་ཀྱིས་ཕྱིར་ནུར་བྱེད་སྟངས་འདི། མང་གཙོ་ལམ་ལུགས་ལ་དུང་ཞེན་ཟབ་པའི་མི་བུ་སུ་ཞིག་གིས་ལངས་ཕྱོགས་ཡིན། ད་དུང་གཞན་ཡང་༿ སྒེར་གཅོད་པ་འདི་དག་གི་འོག་ན་མང་གཙོ་ཡི་དགོས་མཁོ་སོགས་ཆེས་རིན་ཐང་ལྡན་པའི་དངོས་པོ་མང་པོ་ཞིག་དངོས་མེད་དུ་སོང་ནས་ ༾ཞེས་བ་སོགས་རྒྱུ་མཚན་དེ་དང་འདི་ཟེར་བ་ཞིག་ཡེ་ནས་རྙེད་མ་སོང་། དེའི་ཕྱིར་རང་ཕྱོགས་ལ་དོན་མེད་ཀྱི་གླེང་མ་འདེབས། གཉིས་ནས་རྩོམ་བྱང་འདི་འདྲ་མི་ཐེགས་ན་ཨུ་ཚུགས་ནི་་དོན་མེད་ཀྱི་དཀའ་ལས་རེད།
རྩོམ་འདི་འབེན་མེད་སར་མདའ་གཡུག་པ་འདྲ་ཞིག་འདུག དཔེ་མཚོན་གཅིག་ཀྱང་མེད་པར་སྡུག་ཡུས་བཏོན་པ་འདྲ་ཞིག་རེད།
འདིའི་གཟས་ཕྱོགས་ཅི་ཡིན་ཆ་མི་འཚལ་བ་ཞིག་ཏུ་མཐོང༌། གལ་སྲིད་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་པའི་དབང་དུ་བཏང་ན། གཞུང་སྒེར་གང་དུའང་སྐྱོན་གྱི་དྲི་མ་སེལ་བར་བརྩོན་པ་ལ་ངེས་པར་དུ་རྩོམ་གྱི་མགོ་མཇུག་གང་རུང་དུ་ཀློག་པ་པོར་འཛིན་སའི་གནད་ཅིག་ངེས་པར་དུ་དགོས་སྙམ། འོན་ཀྱང་ད་རེས་ལྷོ་ཕྱོགས་ཀྱི་ཉི་ཟླ་གཉིས་ཀ་སྤྲིན་གྱིས་བསྒྲིབས་པ་འདྲ། སྒེར་གྱི་ཚོགས་པ་ཁག་ལས་གང་ཞིག་གིས་བོད་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་གསལ་བོ་མེད་པར། མུན་ནག་མདའ་འཕེན་གྱི་ལས་སུ་ཞུགས་པ་ནི་ཆེས་རྣར་མི་གཟན་པ་ཞིག་འདུག
དྲ་གྲོགས dawa ལ་ཐུགས་ཁག་མི་འདུག ཚོགས་པ་འཛིན་ས་དེ་ང་རང་དང་ཐག་ཉེ་ས་ན་ཡོད་པས་གསལ་ཁ་མ་ཕྱེ་བ་དེ་འདྲ་ཡིན་མ་གཏོགས་གསལ་ཁ་དགོས་བ་ཤེས་ཡོད་ཀྱང་གནས་སྐབས་སྔོན་བརྡ་ཙམ་ཡིན།
དྲ་གྲོགས་གཞན་ཚོས་བསམ་ཚུལ་གསུངས་བ་བཟང་ངོ་།