གསུམ་བཅུའི་དུས་དྲན། སྒེར་ལངས་གསར་བ་གཅིག Posted on 2011-03-082011-03-08 By ཁ་བརྡ་ 9 Comments on གསུམ་བཅུའི་དུས་དྲན། སྒེར་ལངས་གསར་བ་གཅིག བོད་རང་བཙན་སློབ་ཕྲུག་ཚོགས་པས་སྒྲིག་བཟོ་བྱས། གསར་འགྱུར།
ཁ་བའི་ལོ་རྒྱུས་འདི་ལ་ཕྱི་ལྟས་རེ། དམར་ཆུང་སྙིང་གི་དཀྱིལ་ལ་གྲང་ངར་རེ། མེས་པོའི་སྐྱིད་སྡུག་འདི་ལ་ཕྱི་ལྟས་རེ། ཁྲ་ཆུང་མིག་གི་དཀྱིལ་ནས་མཆི་མ་རེ། ལང་ཤོག་ཡ་་་་་་་བོད་རིགས་སྤུན་ཟླ་ཚོ། སེམས་ཁུངས་ཀྱི་དམིགས་ཡུལ་དང་དགོས་འདུན་ངོ་མ་འཇིགས་སྐྲག་མེད་པའི་ཐོག་ནས་བཏོན་ཤོག ཞེ་སྣང་མེད་པའི་ཐོག་ནས་བཤད་ཤོག སྡུག་གི་མི་ཚེ་ཁྱག་ཐབས་མེད་པ་རེད། སྐྱིད་ཀྱི་རེ་བ་རྫོགས་མཐའ་མེད་པ་རེད། སེམས་ཀྱི་དམིགས་ཡུལ་སྦོད་ཐབས་མེད་པ་རེད། བོད་རྒྱལ་ལོ།
གསལ་འདེབས་ཁ་ཚ་མ། འཛམ་གླིང་ས་ཕྱོགས་གང་སར་གནས་བའི་བོད་མི་བྱིངས་ལ། གནངས་ཉིན་མོ་ནི་ང་ཚོའི་ཕ་ཡུལ་གངས་ལྗོངས་དགྲ་ལག་ཏུ་ཤོར་ཏེ་མི་ལོ་༥༢ ཕྱིན་པའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ཡིན་ལ། སྐུ་ཉིད་ཀྱིས་ཐེངས་འདིའི་གསུམ་བཅུའི་དུས་དྲན་བརྗེད་མེད་པར་ལས་འགུལ་ཁྲོད་ཞུགས་རྒྱུའི་སྟ་གོན་སྔ་མོ་ནས་གནང་ཡོད་པའི་ཡིད་ཆེས་ཡོད་ལ། འདི་ནས་བསྐྱར་ཏུ་གསལ་འདེབས་ཞུ་དགོས་བ་ཁ་ཤས་ཡོད་པ་གཤམ་གསལ། ལས་ཀ་ཡོད་མཁན་ཚོའི་ཉིན་མོ་འདི་ལ་ངེས་བར་དགོངས་པ་ཞུ་དགོས་བའི་འབོད་སྐུལ་དང་། རང་ཉིད་ཀྱི་ཚབ་ལ་མི་གཞན་གཏོང་བ་དང་། ནང་མིའི་ཚབ་ཡིན་ཟེར་ཏེ་མི་གཅིག་ལས་མི་ཡོང་བ། ངའི་ཚབ་ལ་སྐད་འབོད་གནང་དང་གླ་ཆ་སྤྲོད་ཆོག་ཅེས་རེག་དུག་ན་ཚ་ལྟ་བུའི་ཚབ་མཚོན་རང་བཞིན་གསུམ་དོར་དགོས་ལ། དུས་དྲན་ལ་གཟབ་འཆོས་སྤྲས་ཏེ་འོང་བ་དང་། ལས་འགུལ་སྐབས་གད་མོ་དབང་མེད་དུ་དགོད་པ། གསར་འབྱོར་དེ་ཚོའི་ངོ་གདོང་ཡོངས་སུ་བཏུམས་ཏེ་ཨ་རབ་བུད་མེད་ལྟར་ངོ་གདོང་བསྟན་མི་ཕོད་པ། སྐད་འབོད་སྐབས་རྒྱང་རིང་ཤིང་སྡོང་འོག་ཡིབ་སྟེ་སྐད་འབོད་ཐན་ཐུན་སྒྲོགས་པ། སྐད་འབོད་རྗེས་ཟ་ཁང་ནང་འཛོམས་ཏེ་ཐུགས་སྤྲོ་གཏོང་བ་སོགས་བྱ་མི་རུང་བ་ལྔ་དང་། གཞན་སྐད་འབོད་ལ་དུས་ཚོད་ཏག་ཏག་ཐོག་འབྱོར་ཐུབ་པ་གནང་རྒྱུ་དང་། སྐད་འབོད་ཀྱི་ལམ་བར་ནས་བྲོས་བྱོལ་ཏུ་མི་འགྲོ་བར་ལས་འགུལ་མཐར་སྐྱེལ་དགོས་བ། ཉིན་མོ་འདིར་བོད་ཆས་ངེས་བར་ཏུ་གྱོན་པ། བོད་མི་རེ་རེའི་ལག་ཏུ་གངས་སེང་རྒྱལ་དར་ངེས་བར་ཏུ་འཛིན་དགོས་བ། འཕྲེད་དར་དང་འབོད་ཚིག་སྣ་ཚོགས་སྦྱར་ཡིག་བཅས་ཀྱི་སྟེང་སོ་སོ་གནས་སྡོད་རྒྱལ་ཁབ་ཀྱི་ཡི་གེ་གཙོས་ཡིག་རིགས་འདྲ་མིན་བྲིས་ཏེ་སྔ་ས་ནས་གྲ་སྒྲིག་གནང་དགོས་བ་བཅས་དོ་སྣང་བྱ་དགོས་བ་གསུམ་བཅས་ཚང་མ་ཐུགས་ལ་འཇགས་པར་འཚལ། བོད་རྒྱལ་ལོ།
ང་ཚོའི་མེས་པོ་ཚོས་འཇོན་པ་རེད་ལ་ང་ཚོའི་མེས་པོ་ཚོས་ག་རེ་གནང་ཡོད། ཆོས་ཡོན་སྦྱིན་བདག་གི་མིང་སྙན་པོ་ཞིག་ཁ་ལ་ཁུར་ནས་ཨ་ཞང་རྒྱ་མིར་བསྟོད་ཐལ་ཆེ་ནས་གནམ་བསྐོས་འཇམ་དབྱངས་༧གོང་མ་ཆེན་མོ་ཞེས་བསྟོད་ཀྱང་ད་ཆ་གནམ་བསྐོས་༧གོང་མ་དེ་ས་བསྐོས་༧གོང་མ་ཆེན་པོ་ཆགས་ནས་ང་ཚོ་སོ་སོའི་ས་ཐོག་ནས་མི་ཡུལ་ལ་སྤྲད་ལ་མི་ཡུལ་ས་མཐའ་འདིར་ཡང་སྐྱི་རུ་མི་བཅུག་གི
བཀྲ་ཤིས་བདེ་ལེགས། རང་བཙན་དང་བོད་དོན་བཤད་སར།་སྟག་སྨྱོན་ཟེར་མི་དང་། ཀླུ་སྨྱོན་ཟེར་མི་དེ་ཚོ་གྲིབ་ནག་ཙམ་ཡང་མཐོང་ས་མེད། རྒྱལ་བ་རིན་པོ་དང་། ཟམ་གདོང་བླ་མ། བོད་གཞུང་བཅས་ལ་སྐྱོན་འཛུག་བྱེད་དུས་འདིའི་གྲས་དེ་ཁྱི་མཚང་ལངས་པ་ནང་བཞིན་རྒྱུག་ཡོང་གི་རེད། ད་ལྟོས་དང་། ཨོང་མདོ་མེད་མཁན་དེ་ཚོ་ལ།
ཁ་བའི་ལོ་རྒྱུས་འདི་ལ་ཕྱི་ལྟས་རེ།
དམར་ཆུང་སྙིང་གི་དཀྱིལ་ལ་གྲང་ངར་རེ།
མེས་པོའི་སྐྱིད་སྡུག་འདི་ལ་ཕྱི་ལྟས་རེ།
ཁྲ་ཆུང་མིག་གི་དཀྱིལ་ནས་མཆི་མ་རེ།
ལང་ཤོག་ཡ་་་་་་་བོད་རིགས་སྤུན་ཟླ་ཚོ། སེམས་ཁུངས་ཀྱི་དམིགས་ཡུལ་དང་དགོས་འདུན་ངོ་མ་འཇིགས་སྐྲག་མེད་པའི་ཐོག་ནས་བཏོན་ཤོག ཞེ་སྣང་མེད་པའི་ཐོག་ནས་བཤད་ཤོག སྡུག་གི་མི་ཚེ་ཁྱག་ཐབས་མེད་པ་རེད། སྐྱིད་ཀྱི་རེ་བ་རྫོགས་མཐའ་མེད་པ་རེད། སེམས་ཀྱི་དམིགས་ཡུལ་སྦོད་ཐབས་མེད་པ་རེད། བོད་རྒྱལ་ལོ།
གསལ་འདེབས་ཁ་ཚ་མ།
འཛམ་གླིང་ས་ཕྱོགས་གང་སར་གནས་བའི་བོད་མི་བྱིངས་ལ། གནངས་ཉིན་མོ་ནི་ང་ཚོའི་ཕ་ཡུལ་གངས་ལྗོངས་དགྲ་ལག་ཏུ་ཤོར་ཏེ་མི་ལོ་༥༢ ཕྱིན་པའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ཡིན་ལ། སྐུ་ཉིད་ཀྱིས་ཐེངས་འདིའི་གསུམ་བཅུའི་དུས་དྲན་བརྗེད་མེད་པར་ལས་འགུལ་ཁྲོད་ཞུགས་རྒྱུའི་སྟ་གོན་སྔ་མོ་ནས་གནང་ཡོད་པའི་ཡིད་ཆེས་ཡོད་ལ། འདི་ནས་བསྐྱར་ཏུ་གསལ་འདེབས་ཞུ་དགོས་བ་ཁ་ཤས་ཡོད་པ་གཤམ་གསལ།
ལས་ཀ་ཡོད་མཁན་ཚོའི་ཉིན་མོ་འདི་ལ་ངེས་བར་དགོངས་པ་ཞུ་དགོས་བའི་འབོད་སྐུལ་དང་། རང་ཉིད་ཀྱི་ཚབ་ལ་མི་གཞན་གཏོང་བ་དང་། ནང་མིའི་ཚབ་ཡིན་ཟེར་ཏེ་མི་གཅིག་ལས་མི་ཡོང་བ། ངའི་ཚབ་ལ་སྐད་འབོད་གནང་དང་གླ་ཆ་སྤྲོད་ཆོག་ཅེས་རེག་དུག་ན་ཚ་ལྟ་བུའི་ཚབ་མཚོན་རང་བཞིན་གསུམ་དོར་དགོས་ལ། དུས་དྲན་ལ་གཟབ་འཆོས་སྤྲས་ཏེ་འོང་བ་དང་། ལས་འགུལ་སྐབས་གད་མོ་དབང་མེད་དུ་དགོད་པ། གསར་འབྱོར་དེ་ཚོའི་ངོ་གདོང་ཡོངས་སུ་བཏུམས་ཏེ་ཨ་རབ་བུད་མེད་ལྟར་ངོ་གདོང་བསྟན་མི་ཕོད་པ། སྐད་འབོད་སྐབས་རྒྱང་རིང་ཤིང་སྡོང་འོག་ཡིབ་སྟེ་སྐད་འབོད་ཐན་ཐུན་སྒྲོགས་པ།
སྐད་འབོད་རྗེས་ཟ་ཁང་ནང་འཛོམས་ཏེ་ཐུགས་སྤྲོ་གཏོང་བ་སོགས་བྱ་མི་རུང་བ་ལྔ་དང་།
གཞན་སྐད་འབོད་ལ་དུས་ཚོད་ཏག་ཏག་ཐོག་འབྱོར་ཐུབ་པ་གནང་རྒྱུ་དང་། སྐད་འབོད་ཀྱི་ལམ་བར་ནས་བྲོས་བྱོལ་ཏུ་མི་འགྲོ་བར་ལས་འགུལ་མཐར་སྐྱེལ་དགོས་བ། ཉིན་མོ་འདིར་བོད་ཆས་ངེས་བར་ཏུ་གྱོན་པ། བོད་མི་རེ་རེའི་ལག་ཏུ་གངས་སེང་རྒྱལ་དར་ངེས་བར་ཏུ་འཛིན་དགོས་བ། འཕྲེད་དར་དང་འབོད་ཚིག་སྣ་ཚོགས་སྦྱར་ཡིག་བཅས་ཀྱི་སྟེང་སོ་སོ་གནས་སྡོད་རྒྱལ་ཁབ་ཀྱི་ཡི་གེ་གཙོས་ཡིག་རིགས་འདྲ་མིན་བྲིས་ཏེ་སྔ་ས་ནས་གྲ་སྒྲིག་གནང་དགོས་བ་བཅས་དོ་སྣང་བྱ་དགོས་བ་གསུམ་བཅས་ཚང་མ་ཐུགས་ལ་འཇགས་པར་འཚལ།
བོད་རྒྱལ་ལོ།
ང་ཚོའི་མེས་པོ་ཚོས་འཇོན་པ་རེད་ལ་ང་ཚོའི་མེས་པོ་ཚོས་ག་རེ་གནང་ཡོད། ཆོས་ཡོན་སྦྱིན་བདག་གི་མིང་སྙན་པོ་ཞིག་ཁ་ལ་ཁུར་ནས་ཨ་ཞང་རྒྱ་མིར་བསྟོད་ཐལ་ཆེ་ནས་གནམ་བསྐོས་འཇམ་དབྱངས་༧གོང་མ་ཆེན་མོ་ཞེས་བསྟོད་ཀྱང་ད་ཆ་གནམ་བསྐོས་༧གོང་མ་དེ་ས་བསྐོས་༧གོང་མ་ཆེན་པོ་ཆགས་ནས་ང་ཚོ་སོ་སོའི་ས་ཐོག་ནས་མི་ཡུལ་ལ་སྤྲད་ལ་མི་ཡུལ་ས་མཐའ་འདིར་ཡང་སྐྱི་རུ་མི་བཅུག་གི
ལོངས་ཤོག ལོངས་ཤོག
སྐད་འབོད་ཅིག
སྙིང་གི་ན་ཟུག
སེམས་ཀྱི་སྐྱོ་བ
ང་ཚོས་ནམ་ཡང་བརྗེད་མི་སྲིད།
སྒྲིག་བཟོ་ཡིན་ནམ། བཟོ་སྒྲིག་རེད།
བཀྲ་ཤིས་བདེ་ལེགས། རང་བཙན་དང་བོད་དོན་བཤད་སར།་སྟག་སྨྱོན་ཟེར་མི་དང་། ཀླུ་སྨྱོན་ཟེར་མི་དེ་ཚོ་གྲིབ་ནག་ཙམ་ཡང་མཐོང་ས་མེད། རྒྱལ་བ་རིན་པོ་དང་། ཟམ་གདོང་བླ་མ། བོད་གཞུང་བཅས་ལ་སྐྱོན་འཛུག་བྱེད་དུས་འདིའི་གྲས་དེ་ཁྱི་མཚང་ལངས་པ་ནང་བཞིན་རྒྱུག་ཡོང་གི་རེད། ད་ལྟོས་དང་། ཨོང་མདོ་མེད་མཁན་དེ་ཚོ་ལ།
མི་རབས་པ་གཅིག། རེ་བ་གསར་པ་གཅིག་ཟེར་བའི་སྟོང་སྐད་དེ་འདིར་མ་བླུག་མ་མཚམས། དེ་མིན་འགྲིགས་ཤག་ཡག་པོ་འདུག
ཁོང་ཚོས་ཐམས་ཅད་གློས་བཏང་ནས་ ཞེས་ གློས་ ལྟ་བུའི་ཡིག་ནོར་འདི་འདྲ་མི་འབྲི་བར་གྱིས།