གངས་རི་སྐྱབས།
ཡིད་དུ་མི་ཤོང་བ་ནི་བཙན་བྱོལ་བོད་གཞུང་གི་མཚན་བྱང་བསྒྱུར་བཅོས་གནང་བ་འདི་རེད། འདི་བསྒྱུར་བ་ཙམ་གྱིས་ང་ཚོ་གཉིད་ཐུམ་རེ་ལེན་བྱེད་ཅིག་ཏུ་འགྲོ་ན་ཐང་མོད། གཟི་འོད་རྣམ་པར་འཕྲོ་ཞིང་དཔང་མཐོ་བའི་བོད་མི་རིགས་ཀྱི་ལོ་རྒྱུས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་ཞིག་ཏུ་མཐོང་། ང་ཚོའི་ཆེད་དུ་མྱི་སྲོག་བློས་གཏོང་སྒོས་དམར་གསོད་གཏོང་དུ་བཅུགས་ཟིན་པ། ད་ལྟ་གཏོང་བཞིན་པ། མ་འོངས་གཏོང་དུ་འཇུག་པར་དཔའ་མི་ཞིམ་པའི་བོད་གཞིས་ལུས་པ་དག་ལ་ངོ་གནོང་དགོས་པ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཚེ་སྲོག་དོར་བར་ཕངས་སེམས་སྐྱེས་པ། ཡུན་རིང་དྲ་བའི་བརྒྱུད་ལམ་ནས་འདྲིས་གཤིབ་ཆེ་བའི་གཞིས་ལུས་ཤེས་ཡོན་པ་ཚོའི་རྩེད་མཚར་ཀུ་རེ་ལའང་ཁ་སང་དེ་རིང་ལན་མ་རྙེད་པར་བསྡད་ཡོད།
གཞིས་ལུས་མི་མང་གིས་ང་ཚོར་རེ་བ་ཆེན་པོ་ཞིག་བསྣམས་ཏེ་ཅི་གང་ལའང་མགོ་སྒུར་མ་མྱོང་བར་དཀའ་ངལ་ཡོད་ཚད་གདོང་གིས་བསུས་ཏེ་བསྐྱོད་ཀྱིན་པས་ཡིན། ང་ཚོས་ཡིད་གང་འདོད་ཀྱིས་གཞན་ལ་བསྟུན་ཅི་ཐུབ་བྱེད་པ་ནི་དཔའ་བོ་གཡུལ་ལས་ཕམ་པ་ལྟ་བུའི་ངང་ཚུལ་ཞིག་ཏུ་མཐོང་འགྲོ་བས། འདི་ཡང་གཞིས་ལུས་བོད་མིའི་སེམས་ཤུགས་ཆག་བྱེད་ཅིག་ཏུ་མི་འགྲོ་བའི་ངེས་པ་མེད། ང་ཚོར་རྟག་པར་ཕུགས་བསམ་དང་གཏན་ཚུགས་མེད་པས་ད་བཟོད་ང་ཚོར་མི་ལོ་བཅུར་ཐོབ་པ་ཀླད་ཀོར་རེད། རྒྱ་དམར་སྲིད་གཞུང་གིས་ག་དུས་ཡིན་ན་བཙན་བྱོལ་བོད་གཞུང་ཞེས་འབོད་པར་ཞེད་སྣང་དང་། སྲིད་གཞུང་འདིའི་མཚན་བྱང་རྩ་མེད་དུ་གཏོང་བར་ལས་འགུལ་སྣ་ཚོགས་སྒྲུབ་ཀྱིན་ཡོད་པས། འདི་ང་ཚོས་ལག་སྔ་རྩོད་མི་དགོས་པའི་ལས་ཀ་ཐོལ་བ་ཞིག་རེད་བསམ།
བཙན་བྱོལ་བོད་གཞུང་འདི་གང་ཡིན་ཞེ་ན། གཞུང་ས་དགའ་ལྡན་ཕོ་བྲང་གི་མངའ་ཐང་ཉི་འོད་བཞིན་དྲོ་དུས། རྒྱ་དམར་སྲིད་གཞུང་གིས་རྔམ་ནག་གི་རྡུལ་འཚུབ་བསྙིལ་བའི་བོད་རྒྱལ་ཁབ་ཆེན་མོའི་རྒྱུན་སྐྱོང་སྲིད་གཞུང་ཡིན་དགོས་ལ། ༧གོང་ས་ཏྰ་ལའི་བླ་མ་དང་ཁོའི་སྐུ་འཁོར་བོད་མི་སྟོང་ཕྲག་རྒྱ་མིའི་མེ་མདའི་ཐོངས་འོག་ནས་མགོ་མ་སྒུར་བར་བཙན་པོའི་འཇིགས་སྐུལ་ལ་གཡོལ་ཏེ་བྲོས་བྱོལ་དུ་ཡོང་བའི་ལོ་རྒྱུས་དང་། རྒྱ་དམར་སྲིད་གཞུང་གིས་ཐལ་དང་རྡུལ་དུ་བརླག་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་དཔལ་རིག་གསུམ་གྱི་སྙན་པ་སྲིད་ལ་བསྐུར་བའི་རྒྱུན་སྐྱོང་སྲིད་གཞུང་ཞིག་ཆགས་ཡོད་པས། བཙན་བྱོལ་བོད་གཞུང་ཞེས་འཛམ་གླིང་ལ་གྲགས་ཏེ་མི་ལོ་ལྔ་བཅུར་སོན་ཡོད། གོང་ས་ཏྰ་ལའི་བླ་མའི་སྲིད་དབང་རྩིས་སྤྲོད་གནང་གཏན་འཁེལ་དུས་དང་བསྟུན་ནས། བཙན་བྱོལ་གཞུང་གི་མཚན་བྱང་གློ་བུར་བརྗེ་བསོར་གནང་བ་ནི་ལོ་རྒྱུས་རྩ་མེད་བཟོས་པ་ཞིག་དང་། དགྲ་བའི་མདུན་ནས་པུས་མོ་ས་རུ་བཙུགས་ཏེ་ངུས་པའི་ཉམས་སྣང་ཞིག་དང་ཀུན་ནས་མཚུངས་པས་གཏན་ནས་ཁེས་ལེན་བྱ་རྒྱུ་མིན།
བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་བསྒྱུར་ལ་བཀའ་སྤྱི་གཉིས་ཀྱིས་ལས་འཕྲོའི་དབང་ཚད་བཟུང་ཏེ་ཧུར་བརྩོན་གནང་བ་དང་། དེའི་ཐད་བཙན་བྱོལ་བོད་མི་ཕལ་ཆེར་གྱིས་མོས་མཐུན་བྱས་མེད་པ་ཚང་མས་ཤེས་ཚོད་ཡིན་པས་འདིར་བཤད་རྩིས་མེད། དཔེར་ན། བཀའ་ཟུར་ཐུན་མོང་གིས་ཀྱང་བཙན་བྱོལ་བོད་གཞུང་གི་མཚན་རང་འཇགས་གནས་དགོས་པའི་ཐུགས་འདུན་བསྟན་ཡོད། གང་ལྟར་བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་གྲུབ་ནས་གྲུབ་དོན་ཟིན་ཐོ༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས༧གོང་ས་མཆོག་གིས༼ གཞུང ༽ཞེས་པ་བཏེགས་ན་སྟབས་བདེ་བོ་མེད་པའི་བཀའ་སློབ་ལམ་སྟོན་གནང་ཡོད་པ་དངོས་ཡོད་རེད། དེ་དང་ལྷན་ཁོང་ཚང་གིས་དཔེར་བརྗོད་ཀྱི་ཚུལ་གྱིས་བོད་བྱོལ་བོད་གཞུང་གི་ཚབ་ཏུ༼ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས ༽ཞེས་པ་ལྟ་བུར་བསྒྱུར་ན་འོས་པའི་བཀའ་སློབ་ལམ་སྟོན་གནང་འདུག འོན་ཀྱང་། སྐབས་བཅུ་བཞི་བའི་སྤྱི་འཐུས་གྲོས་ཚོགས་འཕར་མའི་ཐོག་བགྲོ་གླེང་ཧ་ཅང་འཁྲུགས་པོ་བྱུང་ཚུལ་འདུག་ལ། ཐ་མར་ཏྰ་ལའི་བླ་མ་དང་དམངས་གཉིས་ཀའི་གང་ལའང་མ་དབང་བར་ཁོང་ཚོས་ཨ་ཚུགས་ཀྱིས་མིང་ཞིག་བཏགས་འདུག དེ་ནི༼ བོད་མིའི་སྒྲིག་འཛུགས ༽ཞེས་པ་འདི་རེད། འདི་ལ་ད་སྐབས་བོད་མི་འདུས་སྡོད་ཀྱི་ས་གནས་གང་སར་བསམ་ཚུལ་ཤུགས་ཆེན་ཡོང་གིན་ཡོད་ལ། ད་ནས་བཟུང་བོད་མིའི་སྒྲིག་འཛུགས་ཞེས་པར་དཔྱ་ཁྲལ་ཡང་འབུལ་རྩིས་མེད་པའི་ངོ་རྒོལ་གནང་མཁན་ཡང་མི་ཉུང་བ་ཞིག་བྱུང་གིན་ཡོད།
གལ་སྲིད་བོད་བཙན་བྱོལ་གཞུང་གི་མཚན་བྱང་བསྒྱུར་བཅོས་གཏོང་དགོས་ནའང་ཧ་ཅང་གཟབ་ནན་གྱིས་དུས་ཡུན་གང་འཚམ་ལ་མང་ཚོགས་ནང་བསམ་ཤོག་བསྡུ་བསྐོང་གིས་ཐག་གཅོད་གནང་འོས་པ་ཞིག་རེད་སྙམ། གོང་དུ་ཞུས་པ་བཞིན༧གོང་ས་མཆོག་གིས་དཔེ་སྟོན་གནང་བའི་མཚན་བྱང་དེ། ༼ བདེན་པ་ཉིད་རྒྱལ་གྱུར་ཅིག ༽ཟེར་བའི་ཚབ་ཏུ་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་རྟགས་ཀྱི་གཤམ་དུ་འགོད་འོས་པའི་མཚན་བྱང་ཞིག་རེད། དཔེར་ན་དེའི་མཇུག་གི༼ ལྷན་ཁང་ངམ་སྒྲིག་འཛུགས ༽ཞེས་པའི་ཚབ་ཏུ་ཕྱོགས་ལམ་རྣམ་རྒྱལ་བྲིས་ཏེ༼ གངས་ལྗོངས་དམངས་གཙོ་ཕྱོགས་ལས་རྣམ་རྒྱལ ༽ཞེས་བཀོད་ན་ཤིན་ཏུ་ལེགས་པར་མཐོང་། དེ་ནི་ད་ལྟའི་བཙན་བྱོལ་བོད་གཞུང་གིས་ཀུན་ལ་ངོམ་རུང་བའི་མང་གཙོའི་འགྲོ་ལུགས་ཤིག་གྲུབ་ཡོད་པ་དང་མ་འོངས་བོད་རྒྱལ་ཁབ་ཆེན་མོ་དེའང་ཡངས་དག་པའི་མང་གཙོའི་ལམ་བུ་ཞིག་ཏུ་ཤར་བསྐྱོད་བྱ་ཐུབ་པའི་རེ་བའི་གཞི་རྐང་ཞིག་ཀྱང་མཐོང་ཐུབ་པས། ལྷག་པར་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཚབ་ཏུ་གངས་ལྗོང་དམངས་གཙོ་ཕྱོགས་ལས་རྣམ་རྒྱལ་ཞེས་བསྒྱུར་ན་ལོ་རྒྱུས་ཀྱི་དོན་སྙིང་ཡང་གསལ་བོར་མངོན་ཡོང་བ་ཞིག་རེད་འདོད།
བཙན་བྱོལ་བོད་གཞུང་གི་མཚན་བྱང་བསྐྱར་བཅོས་བྱས་པས་བཙན་བྱོལ་བོད་མི་རྣམས་ཀྱི་སེམས་སུ་ངེས་ལེན་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་མི་སུར་ཐུག་ན་ཤེས་སླ་བ་ཞིག་རེད། དེའང་ཁག་མེད་པ་ཞིག་ཏེ་བཙན་བྱོལ་གྱི་བོད་འབངས་སེར་སྐྱ་མི་མང་གཅིག་འབུལ་ལྷག་ཅིག་ཡོད་པ། ཕལ་ཆེར་རྒྱལ་དམར་སྲིད་གཞུང་གི་སྡུག་སྦྱོང་མནར་གཅོད་མ་ཐེག་པར་བཙན་བྱོལ་དུ་འབྱོར་བ་ཤ་སྟག་ཡིན། ད་བར་དུ་རྡ་སར་རྟེན་གཞི་བྱས་པའི་བཙན་བྱོལ་གཞུང་འདི་རང་མི་རིགས་ཀྱི་སྲིད་གཞུང་འཁྲུལ་མེད་ཅིག་ཡིན་བསམས་ཏེ་མགོ་སྐོག་ས་རུ་ཐིམ་ཡང་རི་ངོགས་འདིར་འདུས་ཏེ་ང་རྒྱལ་གྱིས་འཚོ་བ་སྐྱེལ་གྱིན་ཡོད། ཡིན་ནའང་། ལོ་འགའི་སྔོན་ནས་པེ་ཅིན་སྲིད་གཞུང་གི་འདོད་པར་བསྟུན་ཅི་ཐུབ་བྱེད་ཀྱིན་འདྲ་བའི་བཙན་བྱོལ་གཞུང་གི་རྣམ་འགྱུར་མཐོང་བ་དང་མི་མང་བོ་ཞིག་རེ་ཐག་ཆད་ཀྱིན་ཡོད་ལ། དེ་ནས་ལོ་ལྟར་བོད་དུ་ལོག་མཁན་གྱི་གྲངས་འབོར་མཐོན་པོར་འཕར་གྱིན་ཡོད་པ་མངོན་གསལ་རེད། ད་ལྟ་རེ་བ་ཉག་གཅིག་ཡོད་པ་ནི་བཀའ་ཁྲི་སྐབས་གསུམ་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་བ་ཕེབས་རྒྱུར་སྒུག་རྒྱུ་དང་། ཁོང་ཚོས་གོམ་སྟབས་གསར་བ་ཞིག་བསྒྱུར་ཐུབ་མིན་ལ་བལྟ་རྒྱུ་དེ་རེད། གལ་སྲིད་ཁོང་ཚོར་བཙན་བྱོལ་གཞུང་གི་མིང་གིས་འབོད་པའི་བློ་ཁོག་མ་འདིང་དུས། བཙན་བྱོལ་བ་མང་བོ་ཞིག་རང་སྲོག་བློས་གཏོང་གིས་ཕྱིར་བོད་དུ་ལོག་སྲིད་པའི་ཞེད་སྣང་ཞིག་ཀྱང་སླེབས་འོང་ན། གནད་དོན་འདི་སུས་ཀྱང་སྣང་ཆུང་འཇོག་མི་འོས་པ་ཞིག་ཡིན་སྟབས། ཚང་མས་ཐུགས་གཟབ་ཆེན་པོས་བགྲོ་གླེང་གནང་རྒྱུར་རེ་བ་ཆེའོ།།
སང་ཉིན་ནས་བཀའ་སྤྱི་ལྷན་ཚོགས་ཀྱི་མདུན་དུ་སྒྲིག་ཁྲིམས་བསྐྱར་བཅོས་མ་བྱས་བར་དུ་ང་ཚོས་ཟས་བཅད་ངོ་རྒོལ་སོགས་སྤེལ་དགོས།
བོད་མི་རབས་ཡོངས་ཀྱི་བླ་སྲོག་ཏེ་བོད་རྒྱལ་ཁབ་ཆེན་པོའི་གཟི་བརྗིད་དང་ཆིག་སྒྲིལ་གྱི་ནུས་པ་འདི། བསམ་བཞིན་རྩ་མེད་གཏོང་འདོད་མཁན་ཀྱི་མི་ངན་འདི་ཚོའི་སེམས་ལ་རྒྱ་དམར་གྱི་དངུལ་འདྲེ་མང་པོ་ཞུགས་ནས། རྒྱ་དམར་གྱི་ཇུས་ངན་རྣམས་མངོན་ལྐོག་གཉིས་ནས་སྒྲུབ་བཞིན་པ་ལ། བོད་འབངས་བསམ་ཤེས་ཅན་རྣམས་ཀྱིས་ངེས་པར་དུ་ངོ་རྒོལ་བྱེད་པའི་དུས་ལ་བབ་འདུག
ད་ལྟ་བོད་མི་རྣམས་རྒྱ་དམར་གྱི་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་པའི་སྐབས་འདིར། བོད་མི་བླ་གཙོང་རྒྱ་དམར་གྱི་རྒྱུག་ཁྱི་འདི་ཚོས། གཞི་བྱེས་བོད་འབངས་ཡོངས་ཀྱི་བོད་གཞུང་ཏེ། བཙན་བྱོལ་བོད་གཞུང་གི་མིང་ཙམ་ཡང་སྒྲིག་ཁྲིམས་ནང་དུ་མ་བཞག་པར་རྩ་མེད་བཏང་བ་ནི། ལོ་རྒྱུས་ལ་འཁྱོག་བཤད། བདེན་པ་ལ་ངོ་རྒོལ། བོད་མི་དམངས་ལ་མཐོང་ཆུང་ཚབས་ཆེན་བཏང་བ་ཡིན་པས་མ་ཚད། བོད་འབངས་བརྒྱ་ཆ་དགུ་བཅུ་ཡན་གྱི་མངོན་འདོད་འགལ་ཡོད་པ་ནི། ད་ལན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་ནས་བཞག་པའི་འཇུག་བསྡོམས་གྲོས་ཆོད་ལས་ཤེས་ཐུབ་པས། སང་ཉིན་ནས་བཀའ་སྤྱི་ལྷན་ཚོགས་ཀྱི་མདུན་དུ་སྒྲིག་ཁྲིམས་བསྐྱར་བཅོས་མ་བྱས་བར་དུ་ང་ཚོས་ཟས་བཅད་ངོ་རྒོལ་སོགས་སྤེལ་དགོས།
མི་ལོ་བརྒྱད་བཅུ་ལ་ཉེ་བར་བོད་དོན་ཁོ་ནའི་དོན་དུ་ཉིན་མཚན་དུས་དྲུག་འབད་བརྩོན་མཛད་ཅིང་ཞིབ་དཔྱད་བྱས་པའི་མཚན་གནས་གསར་པ་འདིས་བོད་མི་གསར་བུ་རྣམས་ལ་མ་བདེ་བ་ཡོང་སྲིད་ནའང་། བཙན་བྱོལ་བོད་གཞུང་ཟེར་བའི་མིང་ལས་ཀྱང་གཏིང་བོད་མིའི་སྒྲིགས་འཛུགས་ཟབ་པ་འདུག
འོ་རེད་ད་བཙན་བྱོལ་བོད་གཞུང་དེ་རལ་པ་ལྷན་པས་ཁེབ་མེ་འདུག
རྒྱ་གར་ནང་ཡོང་ནས་ལོ་ངོ་བཅུ་ལྷག་གི་རིང་ལ་བཙན་བྱོང་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཁག་དང་། སློབ་གྲྭ་ཁག་གི་སློབ་སྤྱི་སོགས་ཀྱིས་ཞལ་ནས་༼ བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས། ༽ ༼ བཙན་བྱོལ་བོད་གཞུང་གི་དམིགས་ཡུལ་དང་མངོན་འདོད།༽ ༼ བཙན་བྱོལ་བོད་གཞུང་གི་འཆར་འགོད་དང་བཙན་བྱོལ་བོད་གཞུང་གི་ཤེས་ཡོན ༽ལ་སོགས་པའི་མིང་ཚིག་འདི་དག་བསྐྱར་བཟློས་ཡང་བཟློས་ཀྱིས་བཀའ་སློབ་གསུང་བཤད་གནང་བ་དག་ནི་གཞིས་བྱེས་བོད་མི་ཚོའི་མིག་དང་རྣ་བར་གསལ་པོར་བཞག་ཡོད། བློ་བུར་བློ་བུར་ཞིག་ལ། བོད་མིའི་རེ་བ་དང་ཡིད་ཆེས་ཀྱིས་བདམས་ཀ་བྱས་པའི་ཆེས་མཐོའི་དབུ་ཁྲིད་འདི་གིས་ཡིད་ཙམ་གྱི་རིང་ལ། སུ་ཞིག་གིས་ཚ་འདེད་བཏང་བ་བཞིན་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་མིང་ཚིག་འདི་དག་བརྗེས་བཞག་པ་ནི། གཞིས་ལུས་རྒྱ་ཆེ་མི་མང་གིས་དུས་ནམ་ཡང་ཡིད་ཆེས་ཐུབ་བྲེལ་པའི་རྒྱ་ནག་དམར་པོའི་གཞུང་གི་རེ་བ་དེ་འབད་ལྷུན་འགྲུབ་བྱས་པ་རང་རེད། རྒྱ་ནག་དམར་པོས་ཀྱང་༼རྒྱ་གར་རྡ་རམ་ས་ལར་ཡོད་པའི་ཡུལ་གྱེར་སྲིད་གཞུང་༽ཞེས་པའི་ཚིག་འདི་བེད་སྤྱད་ཀྱིས་བོད་རྒྱ་གཉིས་ཀྱི་རྩོད་རྙོག་གླེང་གི་ཡོད། ལོ་རྒྱུས་ཀྱི་ཐོག་རྒྱལ་ཁབ་ཅིག་ལ་ཚང་དགོས་པའི་ཆ་རྐྱེན་སྟེ། སྲིད་གཞུང་། རྒྱལ་དར། རྒྱལ་རྟགས། རྒྱལ་གླུ། རྒྱལ་ས། ས་ཆ། འབངས་མི། ཚང་མ་ཚང་ཡོད་པའི་པའི་རྒྱལ་ཁབ་༼ བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༽འདི་རྒྱ་ནག་དམར་པོས་བཙན་འཛུལ་བྱས་པ་འདི་ཡང་བོད་མིའི་རེ་བ་དང་ཡིད་ཆེས་ཀྱིས་བདམས་ཀ་བྱས་པའི་ཆེས་མཐོའི་དབུ་ཁྲིད་ཚོས་ཁྲིམས་མཐུན་གྱིས་ཞི་བའི་བཅིངས་གྲོལ་བཏང་བར་ཁས་ལེན་བྱེད་ཀྱི་ཡིན་པས། ང་ཚོ་ལ་རང་དབང་དགོས་ན་རྒྱལ་ཁབ་དགོས་ཀྱི་ཡོད་པ་རེད། རྒྱལ་ཁབ་དགོས་ན་རྒྱལ་ཁབ་ཀྱི་བདག་དབང་དགོས་ཀྱི་ཡོད་པ་རེད། རྒྱལ་ཁབ་ཀྱི་བདག་དབང་དགོས་ན་དགྲ་བོར་འཐབ་རྩོད་བྱེད་དགོས་ཀྱི་ཡོད་པ་རེད། འདི་ནི་མི་རིགས་ཤིག་གི་འཐབ་རྩོད་རེད། རྒྱ་ནག་དམར་པོས་རྒྱ་ནག་རང་གི་མི་རིགས་ལ་ཡང་རང་དབང་དང་དྲང་བདེན་སྤྲོད་ཀྱི་མེད་པས་ཁོ་ཚོར་འདོད་པར་བསྟུན་པ་འདི་ལྷ་འདྲེ་གང་ཞིག་གིས་བྱིན་རླབས་ཡིན་པ་མ་ཚོར་རོ།།
འུ་ཅག་མི་ཕལ་པའི་བསམ་བློས་འཆུན་ངཀའ་མོ་འདུག་མོད
རྒྱང་ནས་རྒྱང་དུ་གཟིགས་རྒྱ་ཡངས་པ་དག་གི་བློ་ངོར་ཤར་ཡག་ཡོད་ན་འགྲིགས་བསྡད་པ་རེད་
དེ་ལས་ལྡོག་སྟེ་ཁོང་ཅག་ལ་ཡང་གང་དྲན་འདི་དྲན་མེད་ན་ནི་མགོ་ལོག་གནམ་ས་མི་ཤོང་བ་ཞིག་རྩེད་སོང་
ད་གང་ལྟར་ཁ་བ་ཅན་པའི་ལས་དབང་ནི་ཉིན་རེ་ལས་ཉིན་རེ་ཐུར་དུ་བཞུར་གྱིན་པའི་ཚོར་སྣང་རེ་ཡོང་གི་
སྤུན་ཟླ་ཚོ་ཧུ་ཤུར་རུ་རུ་རུ་རུ་རུ་རུ་
ངེས་བསམ་ན་བཙན་འབྱུར་བ་མི་ཁ་ཤས་ཞིག་གི་བོད་མི་ཡོན་གྱི་ཚབས་བྱེད་ཐོབས་གྱི་མ་རེད་ བོད་མི་བརྒྱ་ཆ་དགུ་བཅུ་གོ་བདུན་ནས་བོད་ནང་ཡོད་ གར་སྲེད་ང་ཚོ་དམབས་གཙོའོ་གཞུངས་ཡིན་ན་དམངས་གྱི་ཁེ་ཕེན་ལ་གསུང་པྱོབ་བྱེད་རོག་ཞུཞུཞུཞུཞུཞུཞུ
བོད་ལ་རང་དབང་དགོན་ ང་ཚོ་ལ་རང་དབང་དགོན་ ང་ཚོ་ལ་དམངས་ཙོ་དགོན་
སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་བདམས་ཐོན་བྱུང་བ།
http://www.rangwang.net/index.php?essayId=1766