ལ་དྭགས་འཇམ་དཔལ་ནས།
ལྷ་རམས་པ་རང་གིས་ཁས་བླངས་པའི་རྟགས་གསལ་དེའི་ནང་གི་བསལ་དེ་བསལ་མ་ཡིན་པར་གསལ་ཡིན་པར་ལུང་མང་ཙམ་དྲངས་ཤིང་ལུང་གཅིག་གི་དག་ཆ་ནོར་བའོ་ཞེས་བཤད་པ་ལ་ཕལ་ཆེར་འཇུ་ཟེར་དགོས་སམ་སྙམ་པ་ན། སྔར་བཀྲ་ཤིས་ལྷུན་པོར་ཡོད་དུས་བློར་བཟུང་སྟེ། ཀུན་གཟིགས་རིན་པོ་ཆེར་རྒྱུགས་ཕུལ་ཀྱང་། ད་ལྟ་ལོ་ངོ་ལྔ་བཅུ་ལྷག་གི་རིང་སྐྱོར་སྦྱང་མེད་པས་ཚིག་རྣམས་བློ་ལ་མེད། སྟབས་ལེགས་ཀྱིས་དཔེ་ཆ་གཙང་སྤར་དང་དབུས་སྤར་གཉིས་ཡོད་པ་ལས། གཙང་གི་སྤར་མ་དེ་རྒྱ་གར་བཀྲ་ཤིས་ལྷུན་པོར་ཕུལ། དབུས་སྤར་དེ་ད་ལྟར་མཇལ་བ་ན། སྒོམ་སྡེ་ལྷ་རམས་པར་འཇུ་རང་ཟེར་དགོས་པ་མི་འདུག་བསམ་པ་ཤར། དེ་ཡང་དབུས་སྤར། རྗེ་དགེ་འདུན་གྲུབ་ཀྱི་ཚད་མའི་བསྟན་བཅོས་རིགས་པའི་རྒྱན། ༡༩ མདུན་ཤོག་ན། ཁྱབ་བསལ་ཁས་བླངས། ཞེས་དང་། གཞན་ཡང་ཤོག་གྲངས་ ༡༦༡ ༡༨༠ ༡༨༣ བཅས་ཀྱི་རྒྱབ་ཤོག་རྣམས་ན། རྟགས་བསལ་ཁས། ཞེས་གསལ་བས། ཁྱེད་ཀྱིས་ལུང་ལས་གསལ་བའི་རྟགས་གསལ་དང་། ཚད་མ་རིགས་རྒྱན་ན་གསལ་བའི་རྟགས་བསལ་དག་དག་ཆ་མི་འདྲ་བར་མ་ཟད་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་ཡིག་ཆ་རྙིང་པ་དག་ན་རྟགས་བསལ་ཞེས་ཡོད་པ་ཕྱིས་སུ་གཞན་གྱི་ཤན་ཞུགས་ཏེ་རྟགས་གསལ་ཞེས་བསྒྱུར་ཡོད་པ་ཐོས་སོ།
དཔལ་ས་སྐྱ་པའི་མཁས་དབང་ཞིག་གི་ཁ་སྤར་འབྱོར་དུས་ཞར་བྱུང་དུ་རྟགས་བསལ་ལ་ཁྱེད་ཅག་གི་ཡིག་ཆར་ཇི་ལྟར་ཡོད་དྲིས་པར་རྟགས་བསལ་ཡོད་ཅེས་གསུངས་ཤིང་། དམིགས་བསལ་ཝ་རཱ་ཎ་སཱིར་སློབ་སྦྱོང་བྱེད་སྐབས་སུ་མཁན་པོས་རྟགས་བསལ་ཞེས་པའི་དོན་ནི་ཕ་རོལ་པོའི་ཞེ་འདོད་དམ་གྲུབ་མཐའ་རྟགས་ཀྱིས་བསལ་བས་རྟགས་བསལ་ཞེས་གྲུབ་པ་ཡིན་པ་གསལ་པོར་གསུངས་སོ་ཞེས་གསུངས། དེས་ན་རྟགས་ཀྱིས་བསལ་བ་ཞེས་རྣམ་དབྱེ་གསུམ་པ་བསྡུས་པའི་དེའི་སྐྱེས་བུའི་བསྡུ་བ་སྟེ། ཚད་མ་རིགས་རྒྱན་དང་། བཀྲ་ཤིས་ལྷུན་པོའི་ཡིག་ཆ་གཞན་དག་ན་རྟགས་བསལ་ཞེས་མང་དུ་ཡོད་པ་དེ་དག་རྨ་མེད་པ་ཞིག་ཡིན་པར་སེམས་སོ།
སྒོམ་སྡེ་ལྷ་རམས་པས་རྟགས་གསལ་ཞེས་ཁུངས་མང་པོ་དྲངས་པ་རྟགས་གསལ་དང་གོང་གསལ་གཞུང་ལུགས་རྣམས་སུ་ཡོད་པའི་རྟགས་བསལ་གང་འཐད་པ་ཡིན་མཁས་པ་རྣམས་ཀྱིས་དཔྱད་པ་ཞིབ་འཇུག་མཛད་དགོས་པར་སྣང་ངོ་།
རྟགས་བསལ་དང་རྟགས་གསལ་ཞེས་མི་མཐུན་པ་ཡོད་པ་ནི། སྔོན་རྗེ་བཙུན་བསོད་ནམས་རྩེ་མོས་བོད་ཚིག་འབོད་སྟངས་གསལ་བར་གསུངས་པ་ལ་མ་བརྩིས་པའི་འབྲས་བུར་མཐོང་ཞིང་། བསལ་དང་གསལ་གྱི་དོན་མི་འདྲ་བས་སོ་སོས་རྟགས་བསལ་དང་རྟགས་གསལ་ལ་བཤད་པ་མི་འདྲ་བ་རྒྱབ་པར་སེམས་སོ།
འཇིགས་མ། འཇིག་པ།? ཞེས་པར་དྲི་རྟགས་དགོད་པ་བརྗེད་འདུག དྲི་རྟགས་བཀོད་དེ། དཔྱད་པ་ཞུ་ཕྱིར། རྒྱང་འཕེན་གྱི་ཚིགས་བཅད་དེ་ཆ་ཚང་བྲིས་ཏེ། འཇིག་པ་ཞེས་པར་འཇིགས་མ་ཞེས་པ་ཡིག་མཁན་གྱིས་ཡིག་ནོར་བྲིས་སམ། དག་པ་ཡིན་ཚེ། འཇིགས་མ་ཞེས་འབོད་སྒྲར་ངོས་གཟུང་དགོས་ཤིང་ཚུལ་རོལ་མཛེས་པ་པའི་གཞུང་ལེགས་སྦྱར་རྩ་བ་ཐོབ་ན་དོན་རྟོགས་པར་འགྱུར། ཞེས་བདག་གིས་བཀོད་པའི་མཆན་ཡིག་ན་ཡོད།
འོན་ཀྱང་བདག་ནི་མཐོང་རྒྱ་ཆུངས་པའམ་བློ་དམན་པས་དཔལ་ལྡན་ཟླ་བས་འཇིགས་མ་ཞེས་པའི་ཚིག་དེ་ལ་འགྲེལ་བཤད་སྒོམ་སྡེ་ལྷ་རམས་པ་ཁྱེད་ཀྱིས་བཀོད་པ་དེ་འཇུག་པ་རང་འགྲེལ་ན་མ་མཐོང་། ཁྱེད་ཀྱིས་འཇུག་པ་རང་འགྲེལ་ལས། འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །
འདི་ལ་བདག་གིས་འཇུག་པ་རང་འགྲེལ་ག་ན་འདུག་ཅེས་པ་ན། ལྷ་རམས་པས་གློག་ཀླད་ན་ཡོད་པ་འཇུག་པ་རང་འགྲེལ། ༦༧༣ ཞེས་པ་འདིས་གོང་གསལ་བརྗོད་པ་དེ་རྙེད་ཐབས་ལ་གང་ཡང་ཕན་ཐོགས་མི་འདུག
འོན་ཀྱང་མཛེས་མ་སོགས་རྒྱང་འཕེན་གྱི་ཚིགས་བཅད་དེ་ཉིད། སྡེ་དགེ་བསྟན་འགྱུར། གློག་ཀླད་འཕྲུལ་ཆས་ན་ཡོད་པ། ཤོག་གྲངས་༢༨༥ ན་ཡོད་པ་དང་། ཚིགས་བཅད་དེ་དང་འབྲེལ་པའི་བཤད་པ་ལྟ་བུ་ཡོད་པ་ཤོག་གྲངས་འགའ་ཤས་ན་བཙལ་ཀྱང་མ་རྙེད་པས། ལྷ་རམས་པ་ལ་སླར་ཡང་ཞུ་བ། སྡེ་དགེ་བསྟན་འགྱུར་འཇུག་པ་རང་འགྲེལ་སྤར་སློག་བརྒྱབས་པ་དངོས་མ་རང་གློག་ཀླད་ན་ཡོད་པས། ཁྱེད་ཀྱིས་བཀོད་པའི་འཇིགས་མའི་བཤད་པ་དེ། སྡེ་དགེ་བསྟན་འགྱུར་འཇུག་པ་རང་འགྲེལ་ཤོག་གྲངས་འདི་ན་འདུག་གསུང་དགོས། གལ་ཏེ་མ་གསུངས་ཚེ། ཁྱེད་ཀྱིས་བཀོད་པ་དེ་འཇུག་པ་རང་འགྲེལ་གྱི་གཞུང་མ་ཡིན་པར་ཁྱེད་རང་ཉིད་ཀྱི་བཅོས་མའོ་ཞེས་མཁས་པ་ཁྱེད་ལ་སྒྲོ་འདོགས་ཞུ་བའི་རྒྱུར་འགྱུར་བས། དེ་འདྲར་མི་འགྱུར་བ་ཞིག་མཛོད་ཅིག་ཅེས་སོ། གལ་ཏེ་གློག་ཀླད་ན་ཡོད་པའི་སྡེ་དགེ་བསྟན་འགྱུར་འཇུག་པ་རང་འགྲེལ་ཤོག་གྲངས་བསྟན་མ་ཐུབ་ཚེ། བདག་གི་མཐོང་ཚུལ་ལ་འདི་ལྟར་འདུག་སྟེ། ཁོ་བོས་གལ་ཏེ་འཇིགས་མ་ཞེས་པ་དག་པ་ཡིན་ཚེ། འཇིགས་མ་ཞེས་པ་ཞེས་འབོད་སྒྲར་ངོས་གཟུང་དགོས། ཞེས་བྲིས་ཡོད་པ་གཞིར་བཟུང་སྟེ། ཁྱོད་ཀྱིས་འཇུག་པའི་རང་འགྲེལ་ལས། ༏འཇིགས་མ་ཞེས་བྱ་བ་ནི་བུད་མེད་ཡིན་པས་འཇིགས་མ་ཞེས་བོད་པའོ། །ཞེས་གསལ་བར་གསུངས་སོ། །ཞེས་ཁོ་བོ་དང་ཀློག་པ་གཞན་ཀུན་ལ་མགོ་བསྐོར་གྱི་བརྫུན་ཚིག་སྨྲས་པར་བསམ་ཞིང་། ལྷག་པར་འཇིགས་མ་ཞེས་བདག་སྒྲར་ངོས་གཟུང་དགོས་བདག་རང་ཉིད་ཀྱིས་བྲིས་པ་དེ་བླངས་ཏེ། ང་ལ་སྐྱོན་འཛུགས་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། ཞེས་པའི་དཔེ་ལྟར་སྒོ་ཀུན་ནས་མཚུངས་ཤིང་། ཤིན་ཏུ་ནས་མི་འོས་པའི་བྱ་བར་སྒོམ་སྡེ་ལྷ་རམས་པ་འུ་ཐུག་ཅིང་། འཇུག་པ་རང་འགྲེལ་ན་མེད་པ་འདུག་ཅེས་རང་བཅོས་ཀྱིས་གཞན་སླུ་བ་ནི། གྲོང་གསེབ་པའི་ཕ་རྒན་ལས་བྱང་གྲུང་མཆོག་ཏུ་གྱུར་པ་ལྷ་རམས་པའི་འབད་པ་རྨད་དུ་བྱུང་བའོ།།
རྟགས་གསལ་ལས་རྟགས་བསལ་འདི་གོ་རྒྱུ་ཆེ་བ་དང་དག་ཆ་དག་པ་ཡིན་དགོས་ཚོད་འདུག སྔར་གྱི་ཁུངས་སྔ་མ་མ་མཐོང་ལ་རྟགས་གསལ་དག་ཆ་འདི་ཁྱབ་ཆེ་དྲགས་པས་རེ་ཞིག་མི་སྨྲ་བའི་རྟུལ་བཞུགས་བཟུང་ན་བདེ་བ་འདུག
དྲྭ་རྒྱ་འདིར་དགུ་ཐུག་མང་པོ་ཞིག་བསྐོལ་གནང་གི་འདུག
ང་ཚོ་དྲྭ་སྤྱོད་པ་རྣམས་དྲྭ་ལམ་བརྒྱུད་རྩོད་སྤོངས་སོགས་བྱེད་སྐབས་ངེས་པར་དུ་དག་ཆ་དང་ཚིག་སོགས་ལ་གཟབ་ནན་བྱེད་དགོས་པ་འདུག
༼སྒོམ་སྡེ་ལྷ་རམས་པའི་ཁ་སྟངས་སྟོངས་སྐད།༽ཅེས་པ་འདི་སུ་ཡིས་བྲིས་པ་རེད་དམ?
འདིར་ཁྱེད་རྣམ་པ་དག་ཆ་དང་ལུང་ཚིག་སོགས་ལ་དགག་བཞག་སྤོང་གསུམ་མང་ཙམ་མཛད་དེ།
གཅིག་གིས་གཅིག་ལ་ཞུ་དག་གཏོང་བཞིན་པའི་སྐབས་འདིིར་ད་དུང་ཡང་གོ་རྒྱུ་མེད་པའི་ཚིག་འདི་འདྲ་བེད་སྤྱོད་བྱེད་པ་འདི་ལ་ཡིད་སྐྱོ་བའི་གནས་སྟངས་ཞིག་ཆགས་ཀྱི་མི་འདུག་གམ།
གལ་ཏེ་གཞན་ལ་ཞུ་དག་གཏོང་དགོས་ཚེ་རང་ཉིད་ཀྱིས་བྲིས་པ་རྣམས་ལ་ངེས་པར་གཟབ་ནན་བྱེད་དགོས་པར་མཐོང།
དེ་མིན་མི་ངོ་ལ་ཤིག་ཙམ་བརྒྱུག་པ་མཐོང་ཅིང་རང་ངོ་ལ་གཡག་ཙམ་བརྒྱུག་པ་མི་མཐོང་བ་འདི་ལ་ལྟས་ན་ཁྱེད་རྣམས་ཀྱིས་དག་ཡིག་གི་འགྲོས་སོགས་ཀྱི་སྐོར་ལ་སྐད་ཆ་མ་བཤད་ན་དགའ་ས་རེད།
སྒོམ་སྡེ་ལྷ་རམས་པས་གློག་ཀླད་ན་ཡོད་པ་འཇུག་པ་རང་འགྲེལ་ཞེས་ཨུ་ཚུགས་མཐར་སྐྱེལ་གནང་སོང་། ད་རྩ་བ་ཐུག་ས་དེ། སྒོམ་སྡེས་གསུངས་པའི་གློག་ཀླད་ཀྱི་པར་གཞི་དང་། སུས་འདོན་སྤེལ་བྱས་པ་དང་། མིང་ཆ་ཚང་ལ་གང་ཟེར་བ། ནམ་བཏོན་པ། གང་ནས་རག་གི་ཡོད་མེད་བཅས་ཀྱི་གནས་ཚུལ་གསལ་པོ་གསུངས་དགོས་ཀྱི་འདུག སེར་སྨད་ནས་བཏོན་པའི་བཀའ་བསྟན་གློག་ཀླད་དུ་བཅུག་པ་ཞིག་འདུག དེ་ནི་ཡིན་གྱི་མ་རེད། བོད་ནས་བསྟན་འགྱུར་དཔེ་བསྡུར་མ་ཆ་ཚང་གློག་ཀླད་དུ་བཅུག་ཟིན་འདུག་ཀྱང་། ཆ་ཤས་ཁ་ཤས་མ་གཏོགས་ཆ་ཚང་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་མེད། དེར་བརྟེན། སྐུ་ཉིད་ཀྱིས་ཁུངས་གཏུགས་སའི་གློག་ཀླད་ཀྱི་པར་གཞི་དེ་གང་ཡིན་པ་ཞལ་གསལ་གསུངས་རོགས།
སྒོམ་སྡེ་ལྷ་རམས་པས་གློག་ཀླད་ན་ཡོད་པའི་འཇུག་པ་རང་འགྲེལ་ཞེས་ཨུ་ཚུགས་མཐར་སྐྱེལ་ཐེངས་མང་གནང་སོང་། ད་རྩ་བ་ཐུག་ས་དེ་རེད། དེར་བརྟེན་ད་སྒོམ་སྡེས་གསུངས་པའི་གློག་ཀླད་ཀྱི་པར་གཞི་དེ་སྤྱི་སྒེར་སུས་འདོན་སྤེལ་བྱས་པ་དང་། མིང་ཆ་ཚང་ལ་གང་ཟེར་བ། ནམ་བཏོན་པ། གང་ནས་རག་གི་ཡོད་མེད་བཅས་ཀྱི་གནས་ཚུལ་གསལ་པོ་གསུངས་དགོས་ཀྱི་འདུག སེར་སྨད་ནས་བཏོན་པའི་བཀའ་བསྟན་གློག་ཀླད་དུ་བཅུག་པ་ཡིག་ནོར་ཧ་ཅང་མང་པོ་ཅན་ཞིག་འདུག དེ་ནི་ཡིན་གྱི་མ་རེད། བོད་ནས་བསྟན་འགྱུར་དཔེ་བསྡུར་མ་ཆ་ཚང་གློག་ཀླད་དུ་བཅུག་ཟིན་འདུག་ཀྱང་། ཆ་ཤས་ཁ་ཤས་མ་གཏོགས་ཆ་ཚང་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་མེད། དེར་བརྟེན། སྐུ་ཉིད་ཀྱིས་ཁུངས་གཏུགས་སའི་གློག་ཀླད་ཀྱི་པར་གཞི་དེ་གང་ཡིན་པ་ཞལ་གསལ་གསུངས་རོགས།
ཁང་གསར་རྡོར་རྗེ་ལགས་ཐུགས་རྗེ་ཆེ་ཁྱེད་ནི་ནུབ་ཕྱོགས་པའི་ཆེད་ལས་ཞིབ་འཇུག་གི་ཚུལ་་དུ་དཔྱད་པ་བྱེད་པའི་བཟོ་འདྲ་འདུག
གང་ནས་བྱུང།
སུ་ཡིས་བརྙེད་པ་རེད།
དུས་རབས་གང་གི་སྐབས་སུ་བྱུང།
ད་ལྟ་བདག་པོ་སུ་རེད།
ལས་སོགས་པའི་དྲི་བ་ནན་པོ་ཞིག་བྲིས་བཞག་ད་སྒོམ་སྡེར་ཁུང་བསྐྱེལ་ཡོད་ན་རན་འདུག
གཙང་བོའི་འགོ་ཁུངས་གངས་ལ་གཏུགས་པ་བཞིན། དག་ཆའི་འགོ་ཁུངས་ཀྱང་སྔོན་གྱི་མཁས་བའི་བྲིས་རྒྱུན་ལ་གཏུགས་དགོས་བར་འདོད།
བོད་ཀྱི་མཁས་བ་རྒན་པ་ཚོའི་ཡོན་ཏན་གཅིག་ནི། སོ་སོས་བྲིས་བ་དང་བཤད་པ་དེ་ཚོ་ཁུངས་དང་ལུང་ཟེར་བ་ཞིག་ལ་གཏུགས་གང་ཐུབ་བྱེད་ཀྱིན་པ་འདི་རེད།
ཁུངས་ཟེར་བ་འདི་ཧ་ཅང་གལ་ཆེན་པོ་རེད། དེང་རབས་གཙུག་ལག་སློབ་གཉེར་ཁང་སོགས་སུ་ཞིབ་འཇུག་གི་རྩོམ་ཡིག་ཐུང་ཐུང་ཞིག་འབྲི་ན་ཡང་། ཁུངས་ཟེར་བ་ཞིག་ལ་གཏུགས་དགོས་རེད།
དབུ་མ་འཇུག་པའི་རང་ འགྲེལ། རྒྱང་འཕེན་པའི་འདོད་པ་བརྗོད་པའི་སྐབས་སུ། (མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་ བར་གྱིས། ། ལུས་མཆོག་འདས་གང་ཁྱོད་ཉིད་ལ་མི་འབྱུང་། ། ལུས་འདི་ཚོགས་པར་གྱུར་བ་ཙམ་ཞིག་སྟེ། ། འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། ། ཞེས་སྨྲོས་ཏེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་ རྟོགས་པར་འདོད་ནས་སྨྲོས་སོ།།) ལོ་ཙྰ་བ་ཚ་བ་ཉི་མ་གྲགས་ཀྱི་འགྱུར་ཡིན་ལ། ནག་ཚོ་ལོ་ཙྰ་བའི་འགྱུར་ན། ཚིག་རྐང་དང་པོ་གསུམ་འདྲ་བ་ལ། ཚིག་རྐང་མཐའ་མ་འདི་ལ། (འདས་བའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། ) ཅེས་གསུངས། ཡོད་ན།
ནག་ཚོ་དང་ཉེ་བ། མ་འཇིགས་འདས་པ་འབྱུང་བར་འགྱུར་བ་མིན། ལྟ་བའང་འཐད་ངེས། ཡང་ན།
ཉི་གྲགས་ལྟར། འཇིགས་༼རང་གི་ཕ་དང་ལུས་འབྲེལ་ན་སྐྱེ་བ་ཕྱི་མའི་འབྲས་བུ་སྡུག་བསྡལ་ལ་འཇིགས་ པའི་བུད་མེད་མ་ཁྱོད་༽མ་སོང་བ་ལྡོག་པར་མི་འགྱུ་རོ། །ཞེས་པས་སོང་ཟིན་པའི་རྒྱུ་དེ་སླར་ཡང་མི་ལྡོག་ཀྱང་འབྲས་བུ་ངན་པ་ཡོང་བར་དྭོགས་པས་ལན་མི་ཐེབས་སྙམ་ཡང་། རྒྱང་འཕེན་བླུན་པོའི་བུ་མོ་ལ་ལན་འགྲིག་ཀྱང་སྲིད། འདི་ཡང་དཔྱད་གཞིར་སྤེལ།
རྒད་པོ་ཁང་གསར། ཁྱེད་ཀྱིས་བོད་ཕྲུག་འགའ་ཤས་རྒྱ་གར་ནས་བོད་དུ་ཕྱིར་སློག་བྱེད་པའི་སྐོར་ལ་དུས་བབ་ཟིན་བྲིས་སུ་རྩོམ་ཞིག་སྤེལ་འདུག་པ་དེ་ལ་རྗེས་སུ་ཡི་རངས་ཡོད། ཁྱེད་ཀྱིས་བོད་ཡིག་ཏུ་སྤེལ་བའི་རྩོམ་དེ་དག་ལ་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ང་ལ་སྤོབས་པ་འདྲ་ཞིག་སྐྱེས་ཡོང་གི ད་ལྟའི་དུས་སུ་ཁྱེད་ལྟ་བུ་བྱོན་པ་ནི་བོད་ཡིག་གི་བསོད་ནམས་རེད་འདོད།
ད་པར་མ་དེ་ཚོ་ཤེས་ཐལ། རྒན་འཇམ་དཔལ་དང་སྒོམ་སྡེ་གཉིས་ཀས་ལེགས་སྦྱར་གྱི་སྐད་བཤད་ཡོང་། ད་ལེགས་སྦྱར་བྱས་ན། ཚིག་རྐང་མཐའ་མའི་ “མ་”དེ་བདག་སྒྲ་རེད་དམ་ཡང་ན་དགག་སྒྲ་རེད། དེ་གསུངས་དང་།
གཞན་གྱིས་བྲིས་པའི་དག་ཆར་ནོར་འཁྲུལ་ཡོད་པ་རང་སྟོབས་སམ་གཞན་སྟོབས་གང་གི་སྒོ་ནས་ཤེས་ཀྱང་རུང་། ནོར་འཁྲུལ་ཅན་ལ་ནོར་བ་དེ་ངོ་སྤྲོད་བྱེད་པ་གལ་ཆེན་རེད། ཡིན་ནའང་རང་གིས་བྲིས་པའི་ཡི་གེར་དག་ཆ་མ་ཤེས་ནས་ནོར་བའམ་མཉམ་པར་མ་བཞག་པ་དང་། ལག་པས་འབྲི་ནོར་ཤོར་བ་གང་ཡིན་ཀྱང་ཀློག་པ་རྣམས་ཀྱི་མིག་ལ་མཛེས་པ་གཅིག་མཚུངས་རེད་འདུག་པས། ཕྱིས་སུ་རྩོམ་ཡིག་དང་མཆན་འབྲི་བ་སོགས་གང་ཡིན་ཀྱང་རུང་ཐུགས་མཉམ་འཇོག་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་རེད་འདུག་སྙམ།
ད་སྒོམ་སྡེ་ལྷ་རམས་པ་གྲགས་འགུལ་གང་ཡང་མི་འདུག ཕལ་ཆེར་ལེགས་སྦྱར་གྱི་རྩ་བ་ཀློག་གི་ཡོད་ཚོད་དུ་སྣང་། དེ་མིན་ཁ་སང་ལྟར་དབྱིན་ཇིའི་ཡི་གེ་ ༼།ཕྱི་རྒྱལ་བ་འགའ་ཞིག་གིས་ཚིག་འདི་རིགས་ལ་feminizer ཞེས་བེད་སྤྱོད་བྱས་ཡོད་པ་དེ་དང་གཅིག་མཚུངས་རེད།༽ འདི་ལྟ་བུས་དབུ་མ་འཇུག་པའི་རང་འགྲེལ་ལ་ཞུ་དག་གཏོང་བ་ནི་དགོད་བྲོ། ངོ་ཡང་ཚ།
སྒོམ་སྡེ་བ་ལགས་ཀྱིས་རིགས་པ་ཁས་མི་ལེན་ཞིང་མངོན་སུམ་ལ་བསྙོན་འདིང་གི་རེད། དེ་ལས་སྐུ་ཉིད་དང་བགྲོ་གླེང་བྱ་འདོད། ཐོག་མར་ཞུ་བྱ་ཞིག་ལ། ཉིད་ཀྱི་སྒོམ་སྡེ་ལྷ་རམས་པའི་ཁ་སྟངས་སྟོངས་སྐད་ཅེས་པའི་རྩོམ་བྱང་དེའི་དོན་ཅི་རེད། ཡིག་ནོར་ཐེབས་པ་རེད་དམ་ཡང་ན་བརྡ་རྙིང་ངམ་ཡུལ་སྐད་རེད། དོན་དག་ཅི་ཡང་གོ་མ་སོང་། ཡི་གེའི་དག་ཆའི་གནད་ལ་རྩོད་བཞིན་པ་ཞིག་ལ་མཚོན་ན། ཐོག་མར་རང་ཉིད་ཀྱིས་བྲིས་པར་དག་ཆ་ཡོད་དགོས་པར་སྣང་། དེ་མིན་རང་ཉིད་ཀྱི་ཁ་ཤོ་བཞིན་དུ་གཞན་གྱི་སྣ་ཤོ་བར་མཚང་འདོགས་པ་དང་འདྲ།
རྟགས་བསལ་གྱི་བསལ་ནི་བ་བསལ་ལས་ག་གསལ་མིན་པར་སྣང་། ཅིའི་ཕྱིར་ཞེ་ན། རྟགས་བསལ་ནི་རྟགས་བསལ་རྩོད་གཞི་གསུམ་ལ་བསྡུས་པའི་མིང་གིས་འབོད་སྟངས་ཤིག་རེད། དཔེར་ན་ཆོས་གྲྭར་རྟགས་བསལ་གཏོང་ཞེས་པ་ལྟ་བུ་རེད། ད་དུང་བསལ་བ་བཞི་དང་ལྔ་སོགས་ཀྱིས་ཀྱང་རྟགས་བསལ་ཡིན་པར་ངེས་པ་རྙེད་ཐུབ་པར་སྙམ། བསལ་བ་ནི་དམ་བཅའ་ལ་ལུང་རིགས་ཀྱི་གནོད་བྱེད་བབས་ཏེ་འདོད་ལེན་འདེབས་མི་ནུས་པའི་དོན་རེད། གལ་སྲིད་ཁུངས་ལུང་ཅང་མེད་ཅིང་ངེས་དོན་ལ་མི་འབྱོར་རུང་ཨུ་ཚུགས་དང་རྨོངས་ཚོད་ཀྱི་ག་གསལ་ཡིན་པར་སྒྲུབ་ན་བསྒྲུབ་ཆོག་ཆོག་རེད། དཔེར་ན། རྟགས་ཀྱིས་གསལ་བར་བྱེད་པས་ན་རྟགས་གསལ་སོགས་ཟེར་ཆོག་ཆོག་ཆོག་རེད། སྒོམ་སྡེ་བས་ཨ་མདོ་བས་བ་ལ་ཝར་འབོད་ཀྱི་འདུག་ཟེར་བ་ལྟ་བུ་རེད། མངོན་སུམ་ལ་བསྙོན་འདིང་བ་ཡིན་པས་དེ་ཚོ་ལ་རིགས་པ་བགྲང་ཚོད་ཅང་ཡོད་པ་མ་རེད།
གཞན་ཡང་འཇིགས་མ་ནི་བུད་མེད་དང་མཛེས་མའི་མིང་ཡིན་པར་མངོན་བརྗོད་དང་སྔོན་གྱི་བརྡ་རྙིང་། དེང་གི་ཚིག་མཛོད་སོགས་གང་དུ་ཡང་མེད་པས་སྒོམ་སྡེ་བས་བཤད་པ་དེ་ཏག་ཏག་ཅིག་ཨེ་ཡོད་སྙམ། སྒོམ་སྡེ་བས་གློག་ཀླད་ཀྱི་དཔར་ངོས་སུ་ཡོད་པར་གསུངས་པས། ཁོང་གིས་མ་མཐར་རང་ཉིད་ཀྱི་རྗེས་འཇུག་པ་དག་ལ་དགོངས་ནས་ཀྱང་བལྟས་བལྟས་རིག་རིག་ལ་དེ་འདྲའི་སྐྱག་བརྫུན་གསུངས་ཀྱི་མ་རེད། དེ་འདྲའི་དཔར་རྩ་དེ་དྲ་ཚིགས་ཤིག་ཏུ་འདུག་གམ་ཡང་སྤྱིར་བཏང་གི་གློག་ཀླད་དུ་འདུག གལ་སྲིད་དྲ་ཚིགས་ཤིག་ཏུ་ཡོད་རུང་ཆོག སྤྱིར་བཏང་གི་གློག་ཀླད་དུ་ཡོད་ན་ཡང་འགྲིག གང་ལྟར་གཅིག་ནས་སྐུ་ཉིད་ཀྱི་བདེན་དཔང་ཆེད་དང་། ལྷག་དོན་རང་རེ་འགྲོ་འདུག་ལ་ངེས་པ་མེད་མཁན་དག་གིས་གར་འགྲོ་སར་དཔེ་ཆ་པོ་ཏི་མང་བོ་ཁུར་ནས་འགྲོ་རྒྱུར་དཀའ་ངལ་ཆེ་བས། ཚང་མར་སྟབས་བདེ་ལ་དགོངས་ཏེ་དྲ་གནས་འདི་གར་འགོད་པའམ་ཡང་ན་དཔེ་ཆ་དེ་དག་དྲ་ཐོག་ཏུ་བཞག་སྟེ་མཁོ་སྤྲོད་རེ་གནང་ཐུབ་ན་ཧ་ཅང་བཟང་།
འཇིགས་མའི་ཐད་ནས་བཤད་ན། འཇིགས་མ་ནི་འབྲི་ནོར་ཡིན་སྲིད་ལ་བསྒྱུར་ནོར་ཡིན་ཡང་སྲིད། གང་ལྟར་མཛེས་མའི་མིང་མ་ཡིན་པ་དངོས་དོན་རེད། འོན་ཀྱང་སྐབས་འདིར་མཛེས་མར་གོ་རུང་མི་ཆོག་པ་མེད་པར་སྣང་། རི་དྭགས་མིག་དང་རི་དྭགས་མིག་ཅན་མ་ཞེས་པ་བཞིན་རྒྱན་ཚིག་ཏུ་སྦྱར་ཆོག་པར་སྣང་བས་དཔྱད་པར་འཚལ།
གཞན་སྐབས་འདི་དང་བསྟུན་ནས་སྒོམ་སྡེ་བ་སྒེར་ལ་ཞུ་རྒྱུ་ཞིག་ཡོད་པ་ནི། སྐུ་ཉིད་ཀྱིས་ད་ནས་བཟུང་སྟེ་ལྷ་རམས་པ་ཞེས་པའི་མིང་འདི་བེད་སྤྱོད་མི་གཏོང་རྒྱུའི་རེ་སྐུལ་ཞུ། རྒྱུ་མཚན་ནི། ལྷ་རམས་པ་ཞེས་པ་ནི་གྲྭ་སའི་སློབ་གཉེར་བ་དང་གྲྭ་བ་ཡིན་བཞིན་པའི་གདན་ཐོབ་ཅིག་གི་མིང་ཡིན་ལ། སྐུ་ཉིད་ད་ལྟ་གྲྭ་བ་མ་ཡིན་པས་མཚན་གནས་དེ་བེད་སྤྱོད་བཏང་ན་དེ་ཙམ་གྱི་འོས་འཚམས་མི་འདུག གལ་སྲིད་སྐུ་ཉིད་ཀྱིས་མཚན་སྙན་གྲགས་སོགས་ཀྱི་ཆེད་དུ་མཚན་གནས་དེ་སྤྱོད་ཀྱི་ཡོད་ན་ནི་གཏན་ནས་མ་འོས་པ་ཞིག་རེད། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ཞེས་པ་བཞིན་སྐུ་ཉིད་ལ་ཤེས་འཇོན་ཡོད་ན་དེ་མ་སྤྱད་རུང་མཚན་སྙན་གྲགས་རྒྱས་རྒྱས་པ་རེད། སྐུ་སྒེར་ཡིག་ཚང་གིས་གནང་བའི་དགེ་སློང་ལག་འཁྱེར་སྟེང་། གལ་སྲིད་ལག་འཁྱེར་དེ་ཡོད་པའི་གྲྭ་བ་གང་ཞིག་སྐྱ་བབ་ཚེ། དེའི་ཕྱིན་ཆད་ལག་འཁྱེར་དེ་བེད་སྤྱོད་གཏོང་མི་ཆོག་ཅིང་ཕྱིར་ཁུངས་གནས་ལ་རྩིས་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ཡང་རང་འགར་དེ་ལྟར་གནང་བ་ཙམ་མ་ཡིན་པར་དགོས་པ་དང་དགག་བྱ་གལ་ཆེན་ལྡན་ཡོད། སྐུ་ཉིད་ཀྱང་དེ་དང་ཆ་མཚུངས་ཡིན་པས་དགོངས་བཞེས་རེ་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། གཞན་སྐུ་ཉིད་ཀྱི་སྐུ་ཚེ་བརྟན་ཅིང་མཚན་སྙན་རྒྱས་པའི་སྨོན་འདུན་འཆང་བཞིན་ཡོད།
http://www.asianclassics.org/release6/webdata/monastic/open/html/TD3862M/TD3862M-5.html
གོང་གི་དྲ་རྒྱར་ཕེབས་ནས།
འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་པའི་ཚིག་འདི་དཔལ་ལྡན་ཟླ་བའི་འཇུག་པའི་རང་འགྲེལ་ལམ་མཚན་གཞན་༼འཇུག་པའི་རྣམ་བཤད༽སྡེར་དགེ་དཔར་མའི་་ཨང་གྲངས་༼༢༨༥༽ལྡེབ་ངོས་གཉིས་པའི་གོང་གི་ཡིག་ཕྲེང་གཉིས་པར་གཟིགས་ན་དེ་རུ་གསལ།
Folio 285 Side 2
གཤམ་གྱི་དྲ་རྒྱར་ཕེབས་ན་བསྟན་འགྱུར་ཆེས་མང་པོ་ཕབ་ལེན་བྱ་ཐུབ།
http://www.asianclassics.org/release6/webdata/monastic/tengyur_author.html
གཤམ་གྱི་གཙོ་ངོས་འདིར་ཕེབས་ཚེ་བཀའ་འགྱུར། བསྟན་འགྱུར། རྗེ་ཡབ་སྲས་གསུམ་སོགས་དགེ་ལུགས་པའི་ཡིག་ཆ་ཆེས་མང་པོ་རིན་མེད་དུ་ཕབ་ལེན་བྱ་ཆོག
http://www.asianclassics.org/release6/
འབྲོང་རྒོད་ལེགས་དང་། བསྟན་འཛིན་ཤེས་རབ་ལེགས། ཁ་སྟངས་ཞེས་པ་ཁ་བདེ་པོའམ་ཁ་རྒྱགས་པའི་དོད་ལ་ངེད་ཅག་གི་ལུང་པར་རླུང་ལྟར་གྲགས། སྤྱིར་སྟངས་ཞེས་པ་ཚུལ་དང་སྟབས་སོགས་ལ་འཇུག ང་རང་གིས་སྒྲ་འདིའི་སྐོར་ལ་ད་དུང་བརྟག་ཅིང་དཔྱད་ངེས། སྟོངས་སྐད་ནི། སྟོངས་བསྐལ་ཞེས་པའི་སྟོངས་དང་འདྲ་བར་སེམས། སྤྱིར་འབྲོང་རྒོད་ལགས། ཞེས་ལགས་ལ་གོ་བ་ཅི་ཡོད་དམ། ངེད་ཀྱི་ལུང་པར་བཀོལ་བ་ལྟར་ལེགས་ཞེས་ན་གོ་བ་ཡོད་ཅིང་། ལེགས་ཞེས་པ་ལགས་ཞེས་ཆགས་པར་བཤད་པ་ཞིག་བདག་གི་ཡིད་ལ་ཡོད། ལོང་འབྱུང་ཚེ་འབྲི་ཆོག
དགེ་འདུན་རབ་གསལ་ལེགས།
ངས་དང་པོ་ནས། འཇིགས་མ་ཞེས་པར་འཇིག་པ་?ཞེས་མ་ཡིན་ནམ་ཞེས་དཔྱད་པ་བྱེད་ཆེད་མཆན་བུ་ཚིག་རྐང་འགའ་ཤས་བྲིས་ཏེ་ཚིགས་བཅད་འདིའི་ལེགས་སྦྱར་རྙེད་ཚེ་དོན་གོ་ཐུབ་ཅེས་བཤད། ཕྱིས་སུ་གཞོན་ནུ་ཟླ་མེད་ཀྱིས་གླེང་མོལ་་མཛད་པ་བཞིན། པ་ཚབ་ལོ་ཙ་པས། འཇིགས་མ་སོང་བ་ལྡོག་པར་མི་འགྱུར། ཞེས་དང་། འདི་ཉིད་ནག་ཚོ་ལོ་ཙ་པས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། ཞེས་བསྒྱུར་རོ། །རྗེ་རིན་པོ་ཆེ་ཙོང་ཁ་པ་ཆེན་པོས་གསུངས་སོ།
རྒན་སྒོམ་སྡེས། ཁུངས་བསྟན་པ་ཐུགས་རྗེ་ཆེ། ངས་ཚོད་དཔག་བྱས་པ་ནོར་མེད་ན། འདི་སེ་རྭ་ནས་འཇུག་སྒྲིག་བྱས་པ་དེ་ཡིན་ས་རེད། ཡིག་ནོར་དང་ལྷག་ཆད་མང་ཙམ་འདུག དེ་ཙམ་གྱིས་གཞི་འཛིན་པར་མི་འོས། ད་གཞོན་ནུ་ཟླ་མེད་ཁྱེད་ལ་མཐུན་རྐྱེན་ཚང་བས། ༡༩༥༩ གོང་དུ་དཔར་བའི་སྡེ་དགེའི་པར་མ་དེ་དང་དཔེ་བསྡུར་ཡག་པོ་ཞིག་གནང་རོགས། བྱུང་ན། རྩོད་གཞི་ཅན་གྱི་ཤོག་ངོས་དེ་པར་བཤུས་ཀྱིས་འགོད་རོགས། དེ་ནས་ང་ཚོས་སྒོམ་སྡེས་ཁུངས་སུ་བཅོལ་བ་འདི་ཁུངས་བཙན་ཡིན་མིན་ཤེས་ཡོང་།
རྒན་སྒོམ་སྡེས་གསུངས་པ་ལ་ཁུངས་ཤིག་འདུག་པས། ཁོང་གིས་ལུང་རྫུན་དྲངས་པར་སྨྲ་བ་དེ་ཅུང་སྔ་སོང་བ་འདྲ།
དགོངས་དག་ང་ནི་སྒོམ་སྡེ་བ་ཟེར་བ་དེ་ལ་དགའ་བོ་མེད།
ཡིན་ནའང་ཁོང་ཤེས་ཡོན་ཅན་ཞིག་ཡིན་པ་ངོ་མ་རེད།
ཁོང་གི་ཤེས་ཡོན་དེ་ཉོན་མོངས་པའི་གཉེན་པོ་ལ་འགྲོ་གི་འདུག་དང་གྲོགས་སུ་འགྲོ་གི་ཡོད་མེད་བུ་མོ་ང་ཐེ་ཚོམ་ཧ་ཅིང་ཆེ།
ཡིན་ནའང་ངའི་དེས་སྐོར་ལ་སྐད་ཆ་བཤད་པའི་དབང་ཆ་གུས་པར་འོས་པའི་ཁ་བརྡ་ཚང་གི་གནང་གི་མ་རེད་པས་དེ་ཙམ་ཞུ།
རང་འགྲེལ་གྱི་ལུང་དེ་ཙམ་མ་ཟད། ད་དུང་རྗེ་ཙོང་ཁ་པ་ཆེན་པོས་ཀྱང་དབུ་མ་དགོངས་པ་རབ་གསལ་ནང་ཡང་”འཇིགས་མ”ཞེས་བྲིས་གནང་ཡོད་རེད།
༡༽ འཇུག་པའི་རང་འགྲེལ་ལས། “འཇིགས་མ”ཞེས་བྱ་བ་ནི་བུད་མེད་ཡིན་པས་”འཇིགས་མ”ཞེས་བོད་པའོ། །སོང་བ་ལྡོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་འདས་པ་དེ་སླར་འོང་བ་མ་ཡིན་ནོ། །ཞེས་དང་།
༢༽རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་ལས། མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །“འཇིགས་མ”སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲ་བ་སྟེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོའི་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །ནག་ཚོས། འདས་པའི་འཇིགས་པ་འབྱུང་བར་འགྱུར་མ་ཡིན། །ཞེས་བསྒྱུར་
རོ། །ཞེས་གསུངས།
གོང་གི་དེ་གཉིས་ཀ་ཡིག་ནོར་རེད་ཟེར་དགོས་བྱུང་ནའང་བློ་ལ་འབབ་པོ་ཞིག་འདུག་གམ། གཞུང་ཆེན་མོ་སྤྱི་དང་ལྷག་པར་རྗེ་ཙོང་ཁ་པ་ཆེན་པོའི་གཞུང་ཚིག་གཅིག་ཉམས་ནའང་དཔེ་མི་སྲིད་པའི་འགལ་ཚབས་ཆེན་པོ་རེད་ད།
རང་འགྲེལ་དཔར་རྙིང་ལ་ཞིབ་དཔྱོད་དང་འབྲེལ། རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་རབ་གསལ་གྱི་མ་ཕྱི་རྙིང་པར་ཡང་ཞིབ་བསྡུར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
གོང་གི་སྒོམ་སྡེ་ལས་ཀྱིས་གནང་བའི་དྲ་རྒྱ་ལམ་དེ་ལ་བསྣུན་པས་དྲ་རྒྱ་དེ་ངའི་གློག་ཀླད་སྒང་ལ་ལས་སླ་པོར་ཤར་སོང་ཡང་ཡིག་གཟུགས་ཤར་རོགས་བྱས་མ་སོང་། མ་གཞི་ནི་དྲ་རྒྱ་དེའི་སྟེང་ཡོད་པའི་དཔེ་ཆ་དེ་དག་པི་ཌི་ཨེཕ་རེད་འདུག པི་ཌི་ཨེཕ་ཡིན་ན་གློག་ཀླད་གང་གི་སྟེང་དུ་ཡིན་ན་ཡང་ཡིག་གཟུགས་ཤར་དགོས་པ་ཞིག་ཡིན་ཚོད་རེད། གང་ལྟར་སུ་ཞིག་གིས་དཔེ་ཆ་དེ་དག་ངའི་གློག་ཀླད་སྟེང་ཤར་ཐུབ་པའི་རོགས་རམ་བྱེད་ཐུབ་བམ།
སྒོམ་སྡེ་པས་ཚེ་རིང་སྒྲོན་མ་ལ་མ་རུང་པའི་བྱ་བ་ཞིག་བྱས་ཡོད་ཚོད་འདུག ཡིན་ན་ཡང་དེ་ཙམ་གྱིས་སྒོམ་སྡེ་བ་ལ་མི་དགའ་བ་བྱེད་མི་དགོས། ཁོང་དགེ་འདུན་གྱི་སྡེའི་གྲལ་དུ་གཏོགས་པ་ཞིག་ཡིན་ན་དེ་འདྲ་བྱེད་མི་རུང་བ་ཡིན་ཀྱང་དགེ་འདུན་གྱི་གྲལ་དུ་གཏོགས་པ་ཞིག་ཡིན་ཚོད་མིན་འདུག དེ་ལྟར་ཡིན་པ་ནི་མཚན་ལ་དཔྱད་པས་ཤེས། དེ་ཡང་སྒོམ་སྡེ་ཞེས་པ་དགོས་དཀར་ལྕང་ལོའི་སྡེ་ལ་གོ་བས་རེད།
གོས་དཀར་ལྕང་ལོའི་སྡེ་ལ་གཏོགས་པ་རྣམས་ནི་ཉོན་མོངས་པ་ལམ་དུ་བྱེད་ཀྱི་རེད། དེ་བས་ཀྱང་འདོད་ཆགས་ལམ་དུ་བྱེད་ཀྱི་ཡོད་རེད། དེ་ཡིན་དུས་ཚེ་རིང་སྒྲོན་མ་ཁྱོད་ཀྱིས་ཀྱང་སྒོམ་སྡེ་བ་ལ་མ་དགའ་བ་མ་བྱས་པར་ཁོང་དང་ཅི་མཐུན་བྱས་ན་ཁོང་གིས་འདོད་ཆགས་ལམ་ཁྱེར་གྱི་ཉམས་ལེན་ཐོག་ནས་ཁྱེད་རང་སངས་རྒྱས་ཀྱི་གོ་འཕང་ལ་ཁྲིད་སྲིད་ཀྱི་རེད། ཡང་ཚེ་རིང་སྒྲོན་མ་དང་སྒོམ་སྡེ་པས་གོ་བ་ལོག་པ་མ་ལོན་རོགས།
ལ་དྭགས་འཇམ་དཔལ་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ཁྱེད་ཀྱིས་ལགས་དང་ལེགས་གཉིས་གོ་དོན་གཅིག་པའི་བཟོ་འདྲ་བོ་དང་ཡང་ན་ལགས་ཞེ་པ་ལེགས་ཞེས་པར་གོ་ཚུལ་གསུངས་པར་ངས་བསམ་ན་ལགས་ཞེས་པ་ཆེ་བ་དང་མཐོ་བའི་ཞིང་ས་སོགས་ལ་གུས་པའི་ལན་འདེབས་ཀྱི་ཞེ་སའི་ཚིག་ཅིག་ཡིན་པ་ལས་ལེགས་ཞེས་པའི་དོན་ག་ལ་ཡིན།
ལེགས་ཞེས་པ་ནི་བཟང་པོ་སྟེ་བོན་གྱི་ཡིག་རྙིང་དང་ལ་དྭགས་སོགས་ཧི་མ་ལ་ཡཱ་ཡི་སྐད་དུ་བཟང་པོ་སོགས་ལ་འཇུག་པའོ།
དཔེར་ན་དེ་གཉིས་ཀྱི་ཁྱད་པར་ནི།་ཁྱེད་ཀྱིས་རྒན་སྒོམ་སྡེ་བ་ལ་ཞལ་པར་གྱི་ཐོག་ནས་རྩོད་གཞི་འདི་ཡི་སྐོར་ལ་བཀའ་མོལ་གནང་དུས་ཁྱེད་ནས་ཞལ་པར་གསལ་པོ་ཞིག་མ་གསན་པའི་དུས་སུ་ལགས་ཞེས་གསུངས་དུས་ལེགས་ཞེས་པའི་དོན་ག་ལ་ཡིན་དེ་ལྟར་ན་ཁྱེད་ཀྱིས་རྒན་སྒོམ་སྡེའི་གསུངས་པ་དེ་ལ་ཡག་པོ་དང་བཟང་པོ་འདུག་ཅེས་པར་གོ་བར་འགྱུར།་
ཁྱེད་ཀྱི་ཡུལ་སྐད་ཐོག་རླུང་ལྟར་གྲགས་པའི་ཁ་སྟངས་སྟོངས་སྐད་ཅེས་པའི་དོན་ནི་ངས་བསམ་ན་ཁ་སྟོང་སྟོང་སྐད་ཅེས་གོ་བ་ལས་ཁྱེད་ཀྱིས་གསུངས་པ་ལྟར་གོ་ན་འགྲིག་གི་མི་འདུག།
དེ་ནི་ང་ཚོས་ནམ་རྒྱུན་དུ་བཤད་སྲོལ་ཡོད་པ་ཁོང་ནི་ཁ་སྟོང་ལག་སྟོང་བྱས་ནས་སླེབས་བྱུང་ཞེས་པ་ལྟ་བུ་རེད།
མ་གཞི་ནི་དྲྭ་རྒྱ་འདིར་སོ་སོའི་ཡུལ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ནས་རྩོམ་གང་མང་སྤེལ་བ་དེ་དག་ལ་ང་ནི་ཀློག་འདོད་ནམ་ཡང་ཡོང་གི་མི་འདུག
ལྷག་པར་ཨ་མདོ་བ་དེ་ཚོས་ཡུལ་སྐད་ཀྱི་ཐོག་ཏུ་བྲིས་པ་ནི་ཁོང་ཚོའི་འདོད་པ་མི་འགྲུབ་ངེས།་ཁོང་ཚོའི་འདོད་པ་ནི་རྩོམས་དེ་དག་མི་གཞན་གྱིས་ཀློག་པར་སྤྲོ་་བ་ཞིག་བྱུང་ན་བསམ་པ་རེད
གཡུ་འབྲུག་དཀར་པོ་ལགས།
གུས་མའི་ཁྱེད་ཀྱི་ཡི་གེ་མཐོང་སོང་བས་དགའ་བོ་བྱུང་ཞུ་བ་ཡིན།
ཡིན་ན་འང་ཁྱེད་གོ་བ་ལོག་འདུག་ལགས།
སྒོམ་སྡེ་བས་ང་ལ་གང་ཡང་སྡུག་པོ་བྱེད་མ་མྱོང་ངའི་ཁོང་གི་ཡོན་ཏན་ལ་ངོ་མ་རྗེས་སུ་ཡི་རིང་ཆེན་པོ་ཡོད།
ཡིན་ནའང་ང་ཁོང་གི་ང་རྒྱལ་དེ་ལ་ངོས་ལེན་རྩ་བ་ནས་མེད།
གཡུ་འབྲུག་ལགས་ཁྱེད་ཀྱིས་གསུང་ན་གོས་དཀར་ལྕང་ལོའི་སྡེ་འདི་དགེ་འདུན་པའི་སྡེ་ཡིན་པ་དེ་ཧ་གོ་མི་འདུག་པས་བློ་ཕམ་ཆེ། གུས་མ་ཅི་གང་ཡང་མི་ཤེས་མཁན་གྱིས་ཨམ་མདོའི་ཡུལ་གྱིས་འབྲོག་ཕྲུག་མ་ཞིག་ཡིན་ཀྱང་།
ང་ཚོ་བོད་གངས་ཅན་གྱིས་ལྗོངས་ལ་རབ་བྱུང་ངུར་སྨུག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ཟེར་པའི་དགེ་འདུན་པའི་སྡེ་གཉིས་ལ་མཆོད་ཡུལ་དམ་པ་རུ་འཛིན་གི་ཡོད་པ་ལྐུག་མ་ང་ཡིན་ཡང་ཤེས་ཀྱི་ཡོད་པའི་མཆོག་ཉིད་ཀྱིས་དོན་མེད་ལ་ངན་སོང་ལ་འགྲོ་བས་རྒྱུ་མ་གནང་རོགས་ཞུ་བ་ཡིན་དགོངས་འགལ་མེད་པ་ཞིག་ཡི་གེ་ལ་དག་ཆ་སོགས་གང་ཡང་མེད།
དྲ་གྲོགས་རྣམ་པ། སྐུ་ཁམས་བཟང་།
༡༽ང་གི་སྒོམ་སྡེ་ལས་ཀྱིས་གནང་བའི་དྲ་རྒྱ་ལམ་དེ་ལ་བསྣུན་པས་དྲ་རྒྱ་དེ་ངའི་གློག་ཀླད་སྒང་ལ་ལས་སླ་པོར་ཤར་སོང་ཡང་ཡིག་གཟུགས་ཤར་རོགས་བྱས་མ་སོང་། མ་གཞི་ནི་དྲ་རྒྱ་དེའི་སྟེང་ཡོད་པའི་དཔེ་ཆ་དེ་དག་པི་ཌི་ཨེཕ་རེད་འདུག པི་ཌི་ཨེཕ་ཡིན་ན་གློག་ཀླད་གང་གི་སྟེང་དུ་ཡིན་ན་ཡང་ཡིག་གཟུགས་ཤར་དགོས་པ་ཞིག་ཡིན་ཚོད་རེད། གང་ལྟར་སུ་ཞིག་གིས་དཔེ་ཆ་དེ་དག་ངའི་གློག་ཀླད་སྟེང་ཤར་ཐུབ་པའི་རོགས་རམ་བྱེད་ཐུབ་བམ།
༢༽་གོང་གི་《འཇིགས་མ་》ཞེས་པ་དེ་དགོངས་པ་རབ་གསལ་གྱི་ས་བཅད་གང་གི་ཁོངས་སུ་འདུག ང་ལ་བོད་དཔེ་རྙིང་པ་ཡོད་པས་ཁུངས་འཚོལ་ངེས་ཡིན།
ཚེ་རིང་སྒྲོན་མ་ལགས། ཁྱེད་ཀྱིས་ང་ལ་བློ་སྐྱེད་གསར་པ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ། ངས་ཁ་བརྡ་སྒང་ལ་མཆན་འབྲི་བ་དེ་རང་ལ་བློ་སྐྱེད་གསར་པ་ཞིག་ཐོབ་འདོད་ནས་དང་བོད་སྐད་ཀྱི་ཤེས་བྱའི་ཆུ་ཚོད་མཐོ་རུ་གཏོང་འདོད་ནས་འབྲི་བ་མ་གཏོགས་ང་རང་ཤེས་འཇོན་སྟོན་འདོད་ཀྱི་མིན། དེར་བརྟེན་ཅི་གང་མི་ཤེས་ཞེས་པའི་བསམ་བློ་གཏོང་གིན་གཏོང་གིན་ཁ་བརྡའི་སྒང་ལ་མཆན་འབྲི་མཁན་ང་ལས་མེད་བསམ་ནས་སྡོད་པ་ཡིན་ན་ཡང་དེ་རིང་ང་ནང་བཞིན་བསམ་བློ་གཏོང་མཁན་ཁྱོད་ཉིད་ཡོད་པ་ཤེས་བྱུང་བས་སེམས་ལ་དགའ་པོ་བྱུང་སོང་།
ད་ལྟ་ཁྱེད་ཀྱིས་གོས་དཀར་ལྕང་ལོའི་སྡེ་ལ་དགེ་འདུན་དུ་བརྩི་གི་ཡོད་པར་གསུངས་ཡོང་དུས་བོད་ལ་དགེ་འདུན་སྡེ་ལ་གཉིས་དབྱེ་རྒྱུ་ཡོད་པར་གཞི་ནས་དྲན་བྱུང་། ཡིན་ན་ཡང་ངས་གོང་དུ་ཞུས་པའི་དགེ་འདུན་གྱི་སྡེ་དེ་སོ་ཐར་གྱི་སྡོམ་པ་དང་ལྡན་པ་ཁོ་ན་ལ་བསམ་བློ་གཏོང་བ་ཡིན། འདིར་གོང་དུ་ཞུས་པ་དེ་རང་སླར་ཏོག་ཙམ་བཅོས་ནས་ཞུ་ན་སོ་ཐར་གྱི་སྡོམ་པ་དང་ལྡན་པའི་དགེ་འདུན་པ་ཡིན་ན་ཉོན་མོངས་ལམ་དུ་བྱེད་ཀྱི་མེད་ན་ཡང་གོས་དཀར་ལྕང་ལོ་ཅན་གྱི་དགེ་འདུན་པས་ཉོན་མོངས་ལམ་དུ་བྱེད་ཅིང་ལྷག་པར་འདོད་ཆགས་ལམ་དུ་བྱེད་ཀྱི་ཡོད་པས་ཁྱེད་ཀྱིས་སྒོམ་སྡེ་བ་ལ་འདོད་ཆགས་ལམ་དུ་ཁྱེར་བའི་གྲོགས་བྱེད་རོགས་ཞུས་པ་ཡིན། ཧ་ཧ་
འབྲོང་རྒོད་ལགས།
མཆོག་ཉིད་ཀྱིས་ང་ལ་ཁྱེད་རང་ཨ་མདོ་བ་ཞིག་ཡིན་པར་རང་གི་ངོས་ལེན་བྱས་ཞག་ངས་ཁྱེད་རང་ཨ་མདོ་བ་ཞིག་ཡིན་མིན་གང་ཡང་ཤེས་ཀྱི་མེད་ད་གཞ་ི་ནས་ཁྱེད་རང་ཨ་མདོ་བ་ཞིག་ཡིན་པར་ཤེས་བྱུང་ཐུགས་རྗེ་ཆེ་རང་གིས་རང་ཉིད་ངོ་སྤྲོད་བྱས་པར།་་་ད་བོང་བུའི་ནང་ཆ་ཕྱིར་བཏོན་འདུག
དེ་ཟེར་དགོས་དོན་ག་རེ་བྱས་ནས་རེད། མ་ཚད་བུང་བུའི་ནང་ཆ་ཕྱིར་བཏོན་འདུག་ཟེར་བ་དེ་ག་རེ་རེད།
བུ་མོ་ང་ཨམ་མདོ་ནས་ཡིན་པ་ལ་ཡིན་ཟེར་མི་ཆོག་པའི་རྒྱུ་མཚན་གང་རེད། བུང་བུའི་ནང་ཆ་ཟེར་སྐབས་ཁྱེད་ཀྱིས་ཨམ་མདོ་བ་བུང་བུ་རེད་ཟེར་བ་ཨེ་རེད།
ཨ་ཡ་མཚན་ངའི་སྔོན་ཡང་ཨམ་མདོ་བ་མིན་ཟེར་མ་མྱོང་ཀྱང་མ་འོང་པ་ན་ཡང་ཨམ་མདོ་མིན་དུས་ནམ་ཡང་ལབ་མི་སྲིད་པ་རེད། ཁྱེད་ཀྱིས་ང་ལ་རྒན་སྒོམ་སྡེ་གྲྭ་བ་ཡིན་པས་ཁྱེད་ལ་དེ་ཙམ་མི་མཁོ་བར་བརྟེན་ཁྱེད་ཀྱིས་ཁོང་ལ་སྡང་ཟུག་བྱེད་དགོས་དོན་དེ་ཡིན་གྱི་རེད། ད་མང་པོ་ཞིག་མི་བཤད།
དེ་འདྲ་ལབ་པ་དེ་ལ་ཁོང་གྲ་བ་ཡིན་མིན་ཁྱེད་རང་ལས་ང་རྒྱུས་ཆེ་བ་ཡིན་པས་དེས་སྐོར་མ་གསུང་རོགས་ཞུ་བ་ཡིན།
སྒོམ་སྡེ་ལྷ་རམས་པ་ཁོང་དངོས་གནས་ཡོན་ཏན་ཆེན་པོ་ཅན་ཞིག་རེད།
དེ་ལ་བུ་མོ་ངས་དུས་རྟག་དུ་གུས་ཞབས་ཆེན་པོ་ཡོད། ཡིན་ནའང་འཚམས་འཚམས་སུ་ཁོང་གིས་ཐུགས་བསམ་ཡག་པོ་མི་གཏང་ནས་ཆོས་རྒྱུད་གཞན་དང་གུ་རུ་རིན་པོ་ཆེ་ལ་རྨ་འབེབས་ཚབས་ཆེན་དེ་ཚོ་གུས་མའི་མཐོང་སྐབས་མ་གུས་པ་ཞིག་རང་བཞིན་གི་འགྲོ་བ་དེ་ང་བུ་མོའི་ཆོས་ཉིད་ཡིན།
ད་དེ་མིན་སྒོམ་སྡེའི་སྐོར་ལབ་གི་མིན།
འབྲོང་རྒོད་ལགས་ཁྱེད་ཀྱིས་བུ་མོ་ང་ཁྱོ་ག་མི་རག་མཁན་གྱི་སྐྱོ་བོ་ཞིག་མཐོང་གི་ཡོད་ས་རེད་དེ་ལ་ཐུགས་ཁྲལ་རྩ་བ་ནས་མི་མཛད་རོགས་ཞུ།
སྐྱེ་དམན་མི་སྙེད་ནས་གྲ་བའི་གྲ་བ་ལ་སྐྱག་བཙུག་བྱེད་མཁན་དེ་ཚོ་ཁྱེད་ཚོ་གྲ་བ་དང་གྲ་ལོག་རྣམས་མ་རེད་དམ་སྐུ་ཚེ་རིང་ང་གཅིག་འདུག་བཅུག་རོགས་ཁྱོད་ཀྱིས་ཉེ་མཁོར་ན་ངའི་ལྟས་ནས་ཡོད་ཧ་ཧ་ཧ་
མ་ཚད་ཁྱེད་ཀྱིས་ང་ལ་ལུང་འདྲེན་པ་ལ།
དང་པོ་ལྷ་མོ་འཛུམ་དཀར།
བར་དུ་སྲིན་མོ་གདོང་དམར།
ཐ་མར་སྲོག་གཅོད་དབུགས་ལེན།
ངས་དེ་ལྟར་ཞིག་སྔ་དུས་ནས་གོ་བྱུང་ཁྱེད་དྲྭ་གྲོགས་རྣམ་པས་འདི་ལ་གོ་དོན་ཞིག་འགྲེལ་ཐུབ་བམ།
་ཧ་ཧ་ཧ་བུ་མོ་ངའི་འབྲོང་རྒོད་ཁྱེད་ནང་ཆོས་ཅུང་ཙམ་ཤེས་རྒྱུ་རེད་བསམ་བྱུང་། ད་ཞུབ་དུ་ལྟ་དུས་སློབ་སྦྱོང་གི་གོ་སྐབས་གང་ཡང་མ་བརྙེད་པའི་ཨམ་མདོའི་འབྲོག་ཕྲུག་མ་ང་ལས་ཐབས་སྐྱོ་བ་མི་འདུག་གམ།
བུད་མེད་རང་བཞིན་ཤེས་རབ་ཡིན།
དེ་ལ་སྨོན་པ་བཅུ་བཞི་བ།
བཅུ་བཞི་ཕོག་པ་འཐོལ་ལོ་གཤེགས།
ཞེས་སྔགས་བླ་མེད་ཀྱི་རྩ་ལྟུང་བཅུ་བཞིའི་དོན་མ་རྟོག་ན་ཁྱེད་ངན་སོང་ལ་འོ་རྒྱལ་ཅུང་ཙམ་ཡོད་པ་རྒྱལ་བས་གསུངས་སོ།
ཁང་གསར་རྡོ་རྗེ་ལགས།
གོང་དུ་སྒོམ་སྡེ་བཏང་བའི་དྲ་རྒྱ་དེར་ཨང་གྲངས་མང་པོ་ཞིག་ཤར་ནས་བལྟ་ཐུབ་ཀྱི་མི་འདུག ཁྱོས་དེར་གཅིག་ལྟོས་དང་། དེ་ནས་ཁོང་གིས་དྲངས་བའི་ལུང་། ༼འཇུག་པའི་རང་འགྲེལ་ལས། “འཇིགས་མ”ཞེས་བྱ་བ་ནི་བུད་མེད་ཡིན་པས་”འཇིགས་མ”ཞེས་བོད་པའོ། །སོང་བ་ལྡོག་པར་མི་འགྱུར་རོ་ཞེས་བྱ་བ་ནི་གང་འདས་པ་དེ་སླར་འོང་བ་མ་ཡིན་ནོ༽ འདི་འདུག་གམ་མི་འདུག ངས་འདི་མི་འདུག་ཟེར་གི་ཡོད་པ་རེད། གོང་དུ་ཁོང་གིས་མཆན་ཨང་བཅུ་གསུམ་པར་དྲང་བའི་ལུང་༼དེ་མིན་འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །༽ཟེར་བ་དེ་ཡོད་པ་རེད། དེ་དང་དགོངས་པ་རབ་གསལ་ལ་བརྟེན་ནས་ངས་ཁོང་གི་དྲངས་ཟིན་པའི་ལུང་དེ་དག་རྫུན་མ་རེད་ཟེར་གི་ཡོད་པ་རེད། ངས་རྩོམ་ཡིག་ངོ་མ་ལ་གཟིགས།
གོང་དུ་ཁོང་གིས་ལུང་རྫུན་གཉིས་དེ་ཡོད་པའི་ཁུངས་མ་དྲངས་པར། ངས་རྩོམ་ཡིག་ནང་དུ་གསལ་གསལ་དག་དག་དྲངས་ཟིན་བའི་ལུང་རྣམས་ཀྱི་ཁུངས་འདྲེན་པ་ནི་ཆེས་བླུན་པའོ།།
སྡོམ་སྡེ་ལ་ལུང་རྫུན་ཟེར་བ་དེས་གནོད་ཐག་འདྲ་ཆོད་ནས་འདིའི་ནང་དུ་ཡང་དེའི་སྐོར་བྲིས་ཡོང་གི་འདུག འདིའི་ནང་ན་རྒན་འཇམ་དཔལ་ནས། རྟགས་བསལ་དང་རྟགས་གསལ་གྱི་སྐོར་རྩལ་དུ་བཏོན་ནས་དཔྱད་པ་བཏང་ན་ཡང་དེར་ལན་མ་བཏབ་པར། ལུང་རྫུན་གྱི་སྐོར་བྲིས་ཡོང་གི་འདུག ད་ཡིན་ན་༼དོགས་པ་མི་འདུག ཤིན་ལྐོག་མ་རེད་༽ ཟེར་བཞིན་ཟེར་བཞིན་འདིར་ཡང་བརྗོད་བྱ་ལས་གཡོལ་ནས་དེའི་སྐོར་གླེང་ཡོང་གི་འདུག ལྟད་མོ་འདུག་ཡ།
རིན་ཆེན་སྒྲོན་མ་ལགས་ཁྱེད་ཀྱིས་གསང་སྔགས་ཀྱི་གཞུང་ནས་ཌྷལུང་འདྲེན་ཡག་པོ་ཅིག་བླངས་ཞག་ཐུགས་རྗེ་ཆེ།
ཡིན་ནའང་ང་ཡིས་རེ་བསྐུལ་ཞུས་པར་ལུང་འགྲེལ་གང་ཡང་བྱས་མི་འདུག་པས་ད་དུང་གུགས་ནས་སྡད་ཡོད།
མ་གཞི་ཁྱེད་རང་ང་གྲྭ་བའམ་གྲྭ་ལོག་ཡིན་པར་བཤད་འདུག་པས་ཁྱེད་ནི་ང་དང་ཉེ་སར་མེད་པ་ཐག་ཆོད་འདུག་ཧ་ཧ།
ཁྱེད་རང་གི་གསང་སྔགས་ཀྱི་སྦྱོར་སྒྲོལ་གྱི་སྐོར་ལ་མཁྱེན་གྱི་ཡོད་དམ།
ཡོད་ན་རྟེན་བཅས་ཀྱི་སྦྱོར་སྒྲོལ་གྱི་སྐོར་ལ་འགྲེལ་བཤད་ཞིག་རྒྱབ་ཐུབ་ན་ཡག་པོ་འདུག།
ལྷག་པར་དུ་བདེ་སྟོང་གི་སྐོར་ལ་བཤད་པ་ཞིག་བྱེད་གནང་དང་ཏྲིང་མོག་སྐྱུར་མོ་ཡིན་མིན་དེ་ནས་ཤེས་ཀྱི་རེད།
༼བུ་མོ་ང་ཨམ་མདོ་ནས་ཡིན་པ་ལ་ཡིན་ཟེར་མི་ཆོག་པའི་རྒྱུ་མཚན་གང་རེད།༽
ངས་ནམ་ཡང་བུ་མོ་ཁྱོད་ཨ་མདོ་མ་རེད་ཅེས་བཤད་པ་མེད་ལ་རེད་ཅེས་བཤད་པའང་མེད་པས་ཁས་བླངས་མེད་པ་ལ་སྐྱོན་མ་འཛུགས་རོགས།
༼བུང་བུའི་ནང་ཆ་ཟེར་སྐབས་ཁྱེད་ཀྱིས་ཨམ་མདོ་བ་བུང་བུ་རེད་ཟེར་བ་ཨེ་རེད།༽
ངས་ཨ་མདོ་བོང་བུ་རེད་ཅེས་བཤད་པ་ཁྱོད་ལ་སྲིན་མོ་གདོང་དམར་གྱིས་ལུང་བསྟན་ན་མ་གཏོགས་ངས་གང་དུ་བཤད་འདུག
ཤ་སྐྱེས་གཙུག་གི་དུང་རྭ་དེ་མཁའ་ལ་མཛུབ་རིས་བྱེད་པ་དང་མཚུངས་པ་ཡིན་ནམ།ངས་ཁྱེད་རང་ལ་གྲུང་ཅིག་བཤད།
སྔོན་མ་མི་གཅིག་གིས་ཅ་དངོས་རྐུན་མས་འཁྱེར་བར་མི་ཚོགས་ཀྱི་དཀྱིལ་དུ་བདག་པོ་དེ་ཡིས་རྐུན་མ་ཧ་མི་གོ་བ་མི་འདུག་རྐུན་མ་དེ་ཡི་མགོ་ལ་བལ་ཐོགས་འདུག་ཅེས་བརྗོད་དུས་རྐུན་མ་དེ་ཡིས་རང་གི་མགོ་ལ་ལག་པ་བྱུག་ཙམ་བྱུག་ཙམ་བྱས་པར་མི་ཚོས་རྐུན་མ་ཁོ་ཡིན་པར་ར་སྤྲོད་བྱུང་བ་རེད་ཅེས་བཤད་གྲུང་འདི་ལ་བསམ་བློ་གཏོང་བུ་མོ་ལགས།
༼སྐྱེ་དམན་མི་སྙེད་ནས་གྲ་བའི་གྲ་བ་ལ་སྐྱག་བཙུག་བྱེད་མཁན་དེ་ཚོ་ཁྱེད་ཚོ་གྲ་བ་དང་གྲ་ལོག་རྣམས་མ་རེད་དམ་སྐུ་ཚེ་རིང་ང་གཅིག་འདུག་བཅུག་རོགས་ཁྱོད་ཀྱིས་ཉེ་མཁོར་ན་ངའི་ལྟས་ནས་ཡོད་ཧ་ཧ་ཧ་༽
བུ་མོས་སྐྱེ་དམན་ཞེས་འབྲི་ཚུལ་འདི་ལ་ལྟས་ན་ཁྱེད་རང་བུ་མོ་ཡིན་པ་ཕར་ཞོག་ཕོ་ལོག་མོ་ལོག་ཀྱང་ཡིན་ས་མ་རེད།་
གྲྭ་བས་གྲྭ་བ་ལ་སྐྱག་བཙུག་བྱེད་པ་འདི་ཡིས་བུ་མོ་ཚོ་ཤིན་ཏུ་སྡང་ཟུག་བྱེད་ཀྱིན་ཡོད་ས་རེད་ཁག་མེད།
ཁྱོ་ག་མི་རག་པའི་དཀའ་ངལ་དེ་ནས་བྱུང་འདུག
ད་རང་གི་མཛུབ་མོས་རང་གི་སྟུ་ལ་བསྣུན་པ་ལས་ཐབས་ཤེས་གང་ཡང་ཡོད་མ་རེད།
ཕྲག་དོག་བྱེད་ནས་ཕན་པ་གང་ཡང་ཡོད་མ་རེད།
བུ་མོ་སེམས་པ་མ་སྐྱོ།
༼མ་ཚད་ཁྱེད་ཀྱིས་ང་ལ་ལུང་འདྲེན་པ་ལ།
དང་པོ་ལྷ་མོ་འཛུམ་དཀར།
བར་དུ་སྲིན་མོ་གདོང་དམར།
ཐ་མར་སྲོག་གཅོད་དབུགས་ལེན།
ངས་དེ་ལྟར་ཞིག་སྔ་དུས་ནས་གོ་བྱུང་ཁྱེད་དྲྭ་གྲོགས་རྣམ་པས་འདི་ལ་གོ་དོན་ཞིག་འགྲེལ་ཐུབ་བམ།
་ཧ་ཧ་ཧ་བུ་མོ་ངའི་འབྲོང་རྒོད་ཁྱེད་ནང་ཆོས་ཅུང་ཙམ་ཤེས་རྒྱུ་རེད་བསམ་བྱུང་། ད་ཞུབ་དུ་ལྟ་དུས་སློབ་སྦྱོང་གི་གོ་སྐབས་གང་ཡང་མ་བརྙེད་པའི་ཨམ་མདོའི་འབྲོག་ཕྲུག་མ་ང་ལས་ཐབས་སྐྱོ་བ་མི་འདུག་གམ།
བུད་མེད་རང་བཞིན་ཤེས་རབ་ཡིན།
དེ་ལ་སྨོན་པ་བཅུ་བཞི་བ།
བཅུ་བཞི་ཕོག་པ་འཐོལ་ལོ་གཤེགས།
ཞེས་སྔགས་བླ་མེད་ཀྱི་རྩ་ལྟུང་བཅུ་བཞིའི་དོན་མ་རྟོག་ན་ཁྱེད་ངན་སོང་ལ་འོ་རྒྱལ་ཅུང་ཙམ་ཡོད་པ་རྒྱལ་བས་གསུངས་སོ།༽
བུ་མོ་ཁྱེད་རང་ལ་འདི་འདྲི་བར་བྱ་ངས་གོང་དུ་ལུང་ཞིག་དྲངས་པ་དེ་བུ་མོ་ལ་ཕོག་པ་འདྲ།
ཁག་མི་འདུག་མ་གཞི་ནི་ལུང་དེ་ལྟར་དྲངས་བ་ལབརྟེན་ནས་ང་ནང་ཆོས་ལ་རྒྱུས་མངའ་མེད་པ་ཇི་ལྟར་བསྟན་པ་ཡིན་ནམ།
མ་གཞི་འདིར་གསང་སྔགས་ཀྱི་ལུང་འདྲེན་ཟབ་མོ་དེ་དག་འདྲེན་པར་འོས་སམ་ངས་འདི་ཡི་སྐོར་ལ་འགྲེལ་བ་རྒྱབ་རྒྱུ་མེད་པ་མིན་ཅིང་རྒྱབ་འདོད་མེད་དོ་གསང་བའི་གནས་སོ།
རྒན་སྒོམ་སྡེས་སྤྲད་པའི་འབྲེལ་ཐག་དེའི་ཤོག་ངོས་མཐའ་མ་དེར། 《འདིར་བྱས་པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བ་འཇིག་རྟེན་ཕ་རོལ་དག་ཡོད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང་། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲོས་ཏེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ།། འདི་ལ་བརྫོད་༼བརྗོད་ལ་བརྫོད་ཅེས་བྲིས་འདུག ཁང་གསར་གྱི་མཆན་༽པར་བྱ་སྟེ། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ནོ་སྙམ་པའི་ངེས་པ་འདི་ག་ལས་ཡིན། མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེ་ན། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་མངོན་སུམ་མ་ཡིན་པ་ཉིད་ཅི་ལྟར་མངོན་སུམ་ཞིག་གམ་འོན་ཏེ་མངོན་སུམ་མ་ཡིན་པ་ཞིག་ཡིན་གྲང་། མངོན་སུམ་མོ་ཞེ་ན་འཇིག་རྟེན་ཕ་རོལ་མངོན་སུམ་དུ་གྱུར་པ་ཉིད་མེད་པ་མངོན་སུམ་ཡིན་པས་དངོས་པོ་མེད་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ།།》ཞེས་སོགས་གསལ་འདུག
ཡང་རྒན་སྒོམ་སྡེས་ཁུངས་སུ་མཛད་པའི་དཔེ་ཆ་འདི་གའི་ནང་། རྟགས་བསལ་གྱི་བསལ་ལ་བ་བསལ་ལས་ག་གསལ་བྲིས་པ་ཅང་མ་མཐོང་ལགས།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
གོང་གི་ཚེ་རིང་སྒྲོན་མ་དང་འབྲོང་རྒོད་ཞུ་བ་གཉིས་ཀྱི་མཆན་བུ་འགའ་བསུབ་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
རིགས་པའི་ཚོགས་མཆོད་འབུལ་ས་ན། །
མཚང་འབྲུའི་རལ་གྲིས་ཅི་ཞིག་བྱ། །
བདེན་པའི་ཉི་མར་བཀྲག་ཡོད་ན།།
དྲང་པོའི་ཤིང་རྟས་འདྲེན་ཅིག་གུ །
མཆན་པོ་དང་མཆན་མོ་རྣམས་ལ།
ཁྱེད་ཚོ་ཡོན་ཏན་འདི་ལྟ་བུ་ལོ་མང་སྦྱངས་པ་འདི། བསལ་དང་གསལ། བ་དང་ཝ། འཇིགས་པ་དང་འཇིགས་མའི་སྟེང་དུས་གདའ་བ་འདི་སེམས་མི་སྐྱོའམ།
བོད་པའི་རིག་གནས་གཏིང་ཟབ་པ་རྒྱ་ཆེ་བ། གོ་ཆོད་པ། རྣམ་གྲངས་མང་པོ་འདི་འདྲ་ཞིག་གི་སྟེང་ལ་ཚིག་སྐམ་པོ་ཁ་ཤས་ལ་མགོ་འཁོར་ཐུབ་པ་འདི་ངོ་མ་ཡ་མཚན་ཆེ།
དེ་ལས་གཏིང་ཟབ་པ་དང་གོ་ཆོད་པ་ཞིག་གི་ཐོག་ལ་གྲོ་གླེང་བྱ་མི་ཐུབ་བམ།
ལྟས་ངན། བོད་པའི་མཁས་པར་གྲགས་པ་འདི་ཚོ་ག་དུས་ཡིན་ནའང་བྱབ་ཆུང་ཤ་སྟག་གི་སྟེང་ལ་མགོ་འཁོར་འགྲོ་བ།
རིན་ཆེན་སྒྲོན་མ་ལགས་ངེད་གཉིས་ནས་རིག་པའི་རྣོ་ངར་བདར་དགོས་བསམ་ཀྱང་ང་ནི་ཨ་མདོ་མིན་ལ་ཁྱེད་ནི་ཨ་མདོ་ཡིན་པར་བཤད་སོང་ད་ནི་ཁ་བརྡ་ཚང་གིས་ཚོགས་གཏམ་བཏང་ནས་ངེད་གཉིས་ཀྱི་རྩོམ་འགའ་ཞིག་བསུབ་ཡོད་ཟེར་འོན་ཀྱང་ཁྱེད་ཀྱིས་རྩོམ་ཚིག་ངན་པ་དེ་ཚོ་ནི་བསུབ་མི་འདུག
བོད་སྐད་ཐོག་ཏུ་རྩོམ་ཡིག་སྤེལ་ས་ཁ་བརྡ་དང་དུས་བབས་སོགས་ཉུང་ཤས་ལས་མེད་པས་དུས་བབས་ནང་དུ་ངས་ད་ལྟ་མཛུལ་ཐུབ་མ་སོང་ད་འདི་གཉིས་ཀྱིས་་ཚོགས་གཏམ་ཇི་ལྟར་བཏང་ཀྱང་མགོ་འབུལ་ལུས་འབུལ་ཞུ་རྒྱུ་ལས་གཞན་ཐབས་ཤེས་མི་འདུག
མ་འོང་པར་དྲྭ་བར་མཁས་པ་འགའ་ཞིག་ལ་དྲྭ་སྤྱོད་གཞན་ཞིག་སྒོ་ཕྱེད་དགོས་ཀྱིས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན།
འདི་ཡང་བསུབ་ཉེན་ཆེ་དེ་ལྟར་བསུབ་ན་ཁ་བརྡ་ཚང་འདི་ལ་ནད་ངན་གདུག་པ་ཞིག་ཡོད་ཐག་གཅོད་རེད།
སྒོམ་སྡེ་ལགས། དྲ་གནས་འདིར་བཞག་པར་བཀའ་དྲིན་ཆེ། དྲ་གནས་འདི་དག་གིས་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་བ་འདུག
སྒོམ་སྡེ་ལགས། སྐུ་ཉིད་ཀྱིས་མཁོ་སྤྲོད་གནང་བའི་དྲ་གནས་དེའི་ནང་གི་ཡིག་གཟུགས་གང་རེད། ངས་ཡིག་གཟུགས་སྣ་བཞི་བཅུ་ཙམ་གྱི་ཐོག་ལ་བཞག་སྟེ་བལྟས་མོད་ཡོང་གི་མི་འདུག
༡༤༽ ལ་དྭགས་བློ་བཟང་འཇམ་དཔལ་ནས། ཞེས་པ་ལ་དཔྱད་ན། ལ་དྭགས་བ་བློ་བཟང་འཇམ་དཔལ་ཞེས་བྲིས་མི་དགོས་སམ། དཔེར་ན་ལྷ་ས་བ་བཞིན་ནོ། །
བསྟན་འཇིན་ཤེས་རབ་ལེགས་ནས། སྒོམ་སྡེ་ལྷ་རམས་པ་མཆོག་ལ་ལྷ་རམས་པ་ཞེས་པ་མ་བཀོལ་ཞེས་ཞུ་བ། སྤྱིར་བཏང་ཁྱེད་ཀྱིས་དགོངས་པ་ལྟར་མང་ཆེ་བས་དེ་ལྟར་བསམས་ཀྱང་། ཟ་ཟླ་བླངས་ནས་བུ་ཕྲུག་ཡོད་པ་རྣམས་ཀྱིས་ཀྱང་དགེ་བཤེས་ཞེས་མིང་གི་གོང་དུ་རྒྱན་དུ་འདོགས། དེ་ནི་ཁོང་དག་ཡོན་ཏན་སྦྱངས་ནས་ཐོབ་པའི་མིང་རྟགས་སམ་མཚན་རྟགས་ཡིན་གྱི། བསླབ་པ་འཛིན་པའི་ཆ་ནས་མ་ཡིན། དིང་དུས་ཙམ་དུ་མ་ཟད་ཕལ་ཆེར་ལོ་ངོ་གཉིས་བརྒྱ་ལྷག་སྔོན་དུ་བྱུང་བ་ཧོར་སོག་པོ་བོད་ཀྱི་སྐད་ལ་ནང་བྱན་ཆུད་པ། བོད་མིས་བྲིས་པ་ལྟར་བོད་རྩོམ་འབྲི་ཐུབ་མཁན་ཁོང་ལྟ་བུ་སོག་པོ་སུ་ཡང་བྱུང་མེད་ཅེས་མཁས་དབང་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བསྟོད་བསྔགས་མཛད་པ་དེ་ཡིས་མཚན་མཐུན་མ་ཡིན་པའམ་རྟགས་མཐུན་མ་ཡིན་པར་དགའ་མགུར་རོལ་པར་མཛད་ཀྱང་། དོགས་པ་མེད་པར་རང་ཉིད་ཀྱི་གསུང་རྩོམ་གྱི་མཛད་བྱང་རྣམས་ཕལ་ཆེ་བ་ན་བསྟན་དར་ལྷ་རམས་པ་ཞེས་བྲིས་པ་མཐོང་བས། རང་འདོད་བཞིན་སྒོམ་སྡེས་ཀྱང་རང་ཉིད་གདན་སར་ལོ་མང་སློབ་སྦྱོང་བྱས་ཤིང་། དེ་ལ་སྦྱངས་འབྲས་མིང་རྟགས་རིན་པོ་ཆེ་དེ་མ་དབྱུག་པར་འཆང་དགོས་པ་ཞིག་གོ །
འབྲོང་རྒོད་ལེགས།
ལགས་ཞེས་སའི་མིང་ཡིན་པ་སུས་ཀྱང་ཤེས། དེ་ལ་ཐད་ཀར་ལགས་ཀྱི་དོན་ཅི་ཡིན་ནམ། དྲི་བ་ན་ཞེ་སའམ་མཐོ་བ་ལས་གཞན་དོན་དག་ཅིག་ཅང་མ་མཐོང་། བྱ་ཚིག་གི་དབང་དུ་བྱས་ན། ལགས་ཞེས་པ་ཡིན་པའི་དོན་ལ་འཇུག
སུ་ཞིག་ལ་ཞེ་ས་བྱས་ན་ཡང་། དེའི་མིང་གི་རྗེས་ལ་ལེགས་ཞེས་བཟང་པོའི་དོན་ཅན་ཡོད་པ་དེ་རིམ་པས་གྱུར་ནས་ཁ་ནས་སྨྲ་བ་ན་ལ་དང་། མར་ཡུལ་ལ་དྭགས་པས་ལེགས་ཞེས་པ་ཁ་ནས་ཟེར་བ་ན་ལེ་ཟེར། དེ་བཞིན་དུ་ལེགས་སོ། ཞེས་པ་ཁ་ནས། ལ་སོ། ཟེར་བ་ཆགས། ང་ཆུང་ཆུང་ཡིན་་པའི་སྐབས་ལ་ལ་དྭགས་པ་གཙང་ལ་སྡོད་མྱོང་བ་ཞིག་གིས་འདི་འདྲ་བཤད། གཙང་པས་རྗེ་དགེ་འདུན་གྲུབ་ཀྱི་སྒྲོལ་བསྟོད། ལེགས་བྲིས་མ་ལ་ལགས་བྲིས་མ་ཟེར། ཞེས་བཤད་སོང་། ཁྱེད་ཀྱིས་བོད་སྐད་ཙམ་མ་ཡིན་པར་འཇིག་རྟེན་ཡོངས་ཀྱི་སྐད་གདངས་འགྱུར་སྟངས་ལ་བརྟག་དཔྱད་མཛད་ན་མཁྱེན་ངེས། ལ་དྭགས་ལ་སོགས་པ་ལུང་ཁུག་གང་ཡིན་དུ་སྐད་གདངས་མ་འགྱུར་བར་གནས་པ་དེ་ལ་དྭགས་པ་རྣམ་དཔྱོད་ཅན་མེས་པོ་བཀྲ་ཤིས་རབ་རྒྱས་ཀྱིས་ལུང་ཁུག་ཏུ་སྐད་མང་བཀོལ་བ་མེད་པས་སྐད་གདངས་མ་ཉམས་པར་ལུས། གྲོང་ཁྱེར་དུ་སྐད་བཀོལ་ཆེས་པས་སྒྲ་གདངས་ཉམས་པར་བཤད།
ཧིནདི་ལ་ཡང་རང་རེས་བྱེད་པ་ལྟར་མིང་གི་རྗེས་སུ། ཇིའ། ཞེས་པར་ཞེ་ས་སྟོན་བྱེད་ལ་བཀོལ། འོན་ཀྱང་དེ་ཙམ་མ་ཡིན་པར་ཇིའ་ཡི་དོན་དག་ཡིད་དུ་འོང་བ་དང་། སྲོག ཡིད། སེམས། རང་ཉིད་ལ་སོགས་དོན་མང་འདུག་པ་བཞིན་ལགས་ལ་དོན་ཆེར་མ་མཐོང་ལ་ལེགས་ལ་དོན་ཆེ་བར་མཐོང་། དེས་ན་ལགས་དགོས་སམ་ལེགས་དགོས་རང་རེས་བརྟག་དཔྱད་བྱེད་དགོས་སོ།
ཀ་རྡོ་རབ་འབྱམས་པ་ལེགས། ལ་དྭགས་བ་ཞེས་པ་མ་ཡིན་པར་ལ་དྭགས་པ་ཞེས་འབྲི་དགོས་ཀྱང་། ལུང་པ་ཆེན་པོར་ཡོད་པའི་མི་ཀུན་གྱིས་བདག་སྒྲ་བསྡུས་ཏེ། ལ་དྭགས་འཇམ་དཔལ་ཞེས་ཟེར་བ་དང་བསྟུན་ནས་བྲིས་པ་ལགས། ལྷ་ས་བ་ལ་ཡང་ལ་དྭགས་ལུང་ཁུག་ཏུ་གནའ་བོའི་སྐད་དག་པ་དེ་ལུས་ཏེ། ལྷ་ས་པ་ཞེས་ཟེར་རོ།
ཀློག་པ་པོ་ཡོངས་ལ་ཞུ་བ། རྙིང་མ་པ་མཁན་ཆེན་དཔལ་ལྡན་ཤེས་རབ་རིན་པོ་ཆེ་ཞུ་བ། ཁམས་པ་ཡིན་པ་སྐུ་གཤེགས་འདུག སྐུ་སྤུར་མེར་སྲེག་སྐབས་སྨོན་ལམ་རྒྱབ་ཕྱིར་གྲོང་ཁྱེར་ཕྱི་ལོགས་ལ་སང་ཉིན་འགྲོ་ནས་ནངས་ཉིན་ལོག་ངེས། ཁོང་གི་དགོངས་རྫོགས་ཕྱིར་ཐུགས་སྨོན་མཛོད་ཅེས་ཞུ་བ་ལགས།
སྐུ་གཤེགས་ཁོང་ཝ་ར་ན་སིའི་ཆེས་མཐོའི་སློབ་གཉེར་ཁང་གི་དགེ་རྒན་གནང་མྱོང་བ་འདྲ་ཞིག་གོ་སོང་།
རྙིང་མ་པ་མཁན་ཆེན་དཔལ་ལྡན་ཤེས་རབ་ཞུ་བ་དེ་གྲྭ་ཚང་གང་གི་མཁན་པོ་ཡིན་ནམ། སྐུ་གཤེགས་ས་གང་དུ་རེད། དེའི་སྐོར་གསུངས་ཐུབ་འབྱུང་ན་དགའ་རབ་ཡོད་ངེས། གང་ཡིན་ཞེ་ན་ཁྱེད་ཀྱིས་གསུངས་པ་གནས་ཚུལ་ཡིན་ཅིང་གནས་ཚུལ་དེ་ལ་དབྱིན་སྐད་ནས་ཡིན་ན་5w དང་ h1 ཚང་དགོས་ཞེས་ཤོད་ཀྱི་ཡོད།
ལ་དྭགས་པ་བློ་འཇམ་ལེགས། ཁམས་པ་འདས་པོ་ཁོང་དལ་འབྱོར་རྟེན་བཟང་བརྒྱུད་སངས་རྒྱས་མྱུར་ཐོབ་ཤོག
ལན་གནང་བ་ལ་ཐུགས་རྗེ། ལྷ་ས་བ། གཞིས་རྩེ་བ་དང་དྷ་ས་བ་ཞེས་སོགས་ནོར་བ་ཡིན་ན། དབྱངས་ཅན་གྲུབ་པའི་རྡོ་རྗེས། ཆ་ལ་པ་ཉིད་སྦྱོར་པ་ལེགས། ཚབ་ལ། ཡ་ལའང་པ་ཉིད་སྦྱོར་བ་ལེགས། །མ་གསུངས་པ་ཅི་ཡིན་ནམ། ང་རང་གི་ཁ་ལ་ཡང་”པ་”ཉིད་རྗོད་པ་བདེ་བ་འདུག
ལགས་ཀྱི་ཁུངས་ལེགས་རེད་གསུངས་པར་དགའ་བསུ་ཡོད་ཀྱང་། དིང་དུས་སྤྱི་སྐད་ནང་ལ་ལགས་ཞེས་དར་ཟིན་པས་ལགས་དེ་ལེགས་ལ་སླར་གསོ་མ་གནང་ན་ཕན་ཆེ་སྙམ།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལེགས། ཁམས་པ་འདས་པོ་ཁོང་དལ་འབྱོར་རྟེན་བཟང་བརྒྱུད་སངས་རྒྱས་མྱུར་ཐོབ་ཤོག
ལན་གནང་བ་ལ་ཐུགས་རྗེ། ལྷ་ས་བ། གཞིས་རྩེ་བ་དང་དྷ་ས་བ་ཞེས་སོགས་ནོར་བ་ཡིན་ན། དབྱངས་ཅན་གྲུབ་པའི་རྡོ་རྗེས། ཆ་ལ་པ་ཉིད་སྦྱོར་པ་ལེགས། ཚབ་ལ། ཡ་ལའང་པ་ཉིད་སྦྱོར་བ་ལེགས། །མ་གསུངས་པ་ཅི་ཡིན་ནམ། ང་རང་གི་ཁ་ལ་ཡང་”པ་”ཉིད་རྗོད་པ་དེ་བདེ་བ་འདུག
ལགས་ཀྱི་ཁུངས་ལེགས་རེད་གསུངས་པར་དགའ་བསུ་ཡོད་ཀྱང་། དིང་དུས་སྤྱི་སྐད་ནང་ལ་ལགས་ཞེས་དར་ཟིན་པས་ལགས་དེ་ལེགས་ལ་སླར་གསོ་མ་གནང་ན་ཕན་ཐོགས་མི་ཆེའམ།
འབྲོང་རྒོད་ལགས།
ངའི་མིང་ལ་རིན་ཆེན་མཁའ་འགྲོ་ཟེར་བ་མ་རེད་ཚེ་རིང་སྒྲོལ་མ་ཟེར་བ་ཡིན།
ཚེ་རིང་སྒྲོན་མ་ལགས་ཐུགས་རྗེ་ཆེ།
གང་ལྟར་རིན་ཆེན་མཁའ་འགྲོ་ཡིནའང་འདྲ་ཚེ་རིང་སྒྲོན་མ་ཟེར་ནའང་འདྲ།
སྒྲ་རྣམས་བརྗོད་འདོད་རྗེས་སུ་འབྲང་ཞེས་པའི་ལུང་ཚིག་རྡོར་རྗེ་འདི་ཡིས་རྟོགས་ནུས་སོ།
ད་མང་པོ་ཞིག་མི་བཤད་རྩོད་པ་ཡང་རྒྱབ་འདོད་མེད་ཁ་བརྡ་ཚང་གི་དྲྭ་རྒྱ་འདི་ཡིས་གཡང་ཌྷལ་གཡུག་ཉེན་འདུག
ང་ཡི་མཆན་ཁ་ཤས་གད་རྙིགས་ནང་ལ་གཡུགས་ཟིན་པ་རེད།
མ་འོང་པ་ལ་དྲྭ་རྒྱ་གསར་པ་སྨྲ་བརྗོད་རང་དབང་དང་རྩོམ་འབྲི་འགྲན་རྩོད་བྱེད་སའི་གཞི་དེ་འདྲ་བྱུང་ན་ལས་དེ་མིན་གནས་སྐབས་ཁ་བཙུམས་ན་བསྟན་པ་ལ་ཕན་ཐོགས་ས་རེད་ཅེས་པ་ལ་ཡིད་གཏད་དེ་སྡོད་རྒྱུ་ཡིན།
ཐུགས་རྗེ་ཆེ།
མ་གཞི་རིན་ཆེན་སྒྲོན་མ་ལགས་ཁྱེད་རང་གིས་ཁྱེད་རང་གི་མིང་འབྲི་ཤེས་ཀྱི་མི་འདུག་དེ་འདྲ་གང་རེད་དམ།
ཁྱེད་རང་གི་་ཁ་བྱང་དུ་ཚེ་རིང་སྒྲོན་མ་ནས་ཞེས་བྲིས་འདུག
ཡང་འཇུག་ཏུ་འབྲོང་རྒོད་ལགས་ང་ཡི་མིང་ལ་རིན་ཆེན་མཁའ་འགྲོ་ཟེར་བ་མ་རེད་ཚེ་རིང་སྒྲོལ་མ་རེད་ཅེས་བཤད་འདུག་
ད་རང་མིང་ཀྱང་བརྗེད་འགྲོ་དུས་ང་ལ་དགག་བཞག་གི་རྩོད་སྤོངས་དེ་འདྲ་མ་བྱས་ན་ལེགས་སོ།
དགོངས་དག་ངས་ཀུན་སློང་ངན་པས་མ་ཡིན་ཀྱང་རང་བཞིན་གྱིས་ཚིག་ངན་པ་དེ་འདྲ་ཤོར་སོང
ཁྱེད་ནི་ཚེ་རིང་སྒྲོན་མ།
ང་ནི་རྡོར་རྗེ་སྒྲོ་ལོད།
སྒྲོ་ལོད་སྒྲོན་མའི་དབར་ལ།
རྟ་རྔ་ཤོང་ས་མི་འདུག།
ང་ནི་ཚེ་རིང་སྒྲོན་མ།
ཁྱེད་ནི་རྡོ་རྗེ་གྲོ་ལོད།
ངོས་གཉིས་གངས་ཕྲུག་གཅིག་རེད།
རྩོད་པ་གང་ཡང་མེད་དོ།
ཁ་བརྡ་དྲ་རྒྱས་ངོས་ལ།
བོད་རིགས་སྤུན་ཟླ་ཡོངས་ལ།
སྐྱིད་སྡུག་སྐད་ཆ་བཤད་སྐབས།
བུ་མོ་སེམས་པ་སྐྱིད་སོང་།
བུ་ཆུང་འབྲོང་རྒོད་ལོ་ལོ།
སྨན་ཆུང་བུ་མོ་ང་དང་།
ལ་རྒྱ་གཅིག་གི་བོད་པ།
མི་མཐུན་གང་ཡང་མེད་དོ།
ང་ཡི་རེ་བ་ཞིག་ལ།
དྲ་རྒྱ་འདི་རུ་བཞུགས་ནས།
ཤེས་ཆེན་དྲ་གྲོགས་མདུན་ནས།
ཤེས་ཡོན་ལོན་ན་བསམ་བྱུང་།
རྩོད་པ་ཐང་གཅིག་བྱས་ན།
ཡོན་ཏན་མང་པོ་བརྙེད་འདུག
གནས་པོ་ཁ་བརྡ་ཚང་གིས།
གནས་མོ་ཕྱིར་ལ་ཕུད་འདུག
ད་ནི་ཉམས་ཆུང་ངང་གིས།
གཞན་གྱིས་གང་གསུང་ཉན་ནས།
དེ་ལ་ཞུབ་འཇུགས་བྱེད་བཞིན།
བུ་མོ་ཁ་རོགས་འདུག་ཆོག
དགེ་བཤེས་ལྷ་རམས་པ། གྲྭ་ལོག་ལྷ་རམས་པ། ད་དུང་དེས་ཟླས་དྲངས་ཏེ་དགེ་ཤོར་ལྷ་རམས་པ་སོགས་དར་རྒྱུ་རེད། ད་རང་རྒྱུད་འདུལ་བྱེད་ཀྱི་ནང་བའི་ཆོས་ལ་སློབ་གཉེར་བྱས་བྱས་ཏེ་མཐར་ཕྱིན་རྗེས། ཐ་ན་རང་གི་སྡོམ་ཐིས་པོར་ཡང་བདག་པོ་མི་ཐུབ་མཁན་ཞིག་ཡིན་པར་མི་མང་མདུན་ལ་གཤམ་ཚེ། དེའི་ཤུགས་ཀྱིས་མི་དེའི་མི་གཤིས་ཀྱང་རང་བཞིན་གྱི་ལྷང་ལ་ཕུད་ཡོང་བ་རེད། ཤུགས་རྐྱེན་དེས་མི་སྒེར་དེ་ཁོ་ན་ཙམ་མ་ཡིན་པར། ཐག་ཞོར་འབྲང་འདྲུད་བཞིན་ལྷ་རམས་པ་ཚང་མར་གཞན་རྒྱུད་ལ་བག་ཆགས་ངན་པ་ཞིག་ཡོང་གི་་རེད། སྒོམ་སྡེ་བ་མཆོག་ལ་མཚོན་ན་ཡང། ལྷ་རམས་པ་ཞེས་པའི་མིང་དེས་ཁོང་གི་ཆེ་མཐོང་ལ་ཕན་ཐོགས་པ་ལྟ་ཞོག དེ་ལས་ཁོང་གི་མི་གཤིས་ལ་རྨ་ཕབ་བྱེད་ཅིག་ཏུ་འདུག་པས་དོར་བར་རིགས་སོ། །གཞན་ད་དུང་རྒན་ལགས་ཀྱིས་༼ ཁ་སྟངས་ཞེས་པ་ཁ་བདེ་པོའམ་ཁ་རྒྱགས་པའི་དོད་ལ་ངེད་ཅག་གི་ལུང་པར་རླུང་ལྟར་གྲགས། སྤྱིར་སྟངས་ཞེས་པ་ཚུལ་དང་སྟབས་སོགས་ལ་འཇུག ང་རང་གིས་སྒྲ་འདིའི་སྐོར་ལ་ད་དུང་བརྟག་ཅིང་དཔྱད་ངེས། སྟོངས་སྐད་ནི། སྟོངས་བསྐལ་ཞེས་པའི་སྟོངས་དང་འདྲ་བར་སེམས། ༽ཞེས་གསུངས་འདུག་པས། ཅུང་དགོད་བྲོ་བ་ཞིག་འདུག་ལ་ངུ་བྲོ་བ་ཞིག་ཀྱང་རེད། ཁུངས་ལུང་ཅི་ཡང་མེད་པའི་ཡུལ་སྐད་ཆ་ལེ་ཆོལ་ལེ་དེ་ཚོ་དང་འབྲི་མཁན་རང་ཉིད་ཀྱིས་ཀྱང་མི་ཤེས་པའི་ཁ་སྐད་དེ་ཚོ་ཡིག་ཐོག་ཏུ་སྤྱི་ཡོངས་ལ་བཀོལ་བ་ནི་བོད་ཀྱི་གཙུག་ལག་གི་བརྡ་སྐད་འདི་ལ་སྙོག་བསླད་རྒྱག་པ་རང་རེད། དོན་ངོ་མར་སྐུ་ཉིད་ཀྱིས་ཁ་སྟོང་ནང་གི་ཚིག་སྟོང་ཞེས་པ་དེ་འདྲ་ཞིག་བཤད་རྩིས་རེད་མོད། ཡིག་ནོར་ཐེབས་པ་ཁས་ལེན་མི་འདོད་པར་རང་ཉིད་ཀྱིས་རང་ཉིད་ལ་སྐུ་ཚེགས་ཕུད་བཞིན་འདུག གཞན་ཡང་༼ལགས་༽ཀྱི་སྐོར་རེད། ལགས་ནི་ཡིན་དང་ཡོད། འགྲིག དེ་བཞིན་དུ་བོད་པའི་སྐབས་སུ་ཞེ་སའི་ཚིག་ཏུ་འགྲོ་བ་རེད། ལེགས་ནི་བཟང་བོ་དང་ཡག་པོ་སོགས་ཀྱི་དོན་རེད། དེ་བས་མི་ལ་འབོད་པའི་ཚེ་མིང་མཐར་ལགས་སྦྱར་བ་ལས་ལེགས་སྦྱར་གྱི་མ་རེད། གལ་སྲིད་མིང་མཐར་ལེགས་སྦྱར་ཚེ་མི་དེ་ཁས་བླངས་པ་དང་མི་དེ་ཡག་པོ་ཡོད་པའི་དོན་དུ་གོ་སྟེ་ལེགས་སོ་དང་ལེགས་པོ་ཞེས་པའི་དོན་དུ་འགྱུར་འགྲོ་གི་རེད། ད་དེ་ཙམ་བྱེད། སྒོམ་སྡེ་བ་དང་སྐུ་ཉིད་གཙོས་མི་རབས་རྒན་པ་མང་བོ་ཞིག་ལ་སྐྱོན་གནད་ཅིག་ཡོད་པ་ནི། ནོར་འཁྲུལ་ཁས་མི་ལེན་པར་ད་དུང་མུ་མཐུད་དུ་དེའི་ཐོག་ལ་སྦུག་འཐམ་རྒྱག་པ་དེ་རེད། མཇུག་མཐར་ཀུ་རེ་ཞུ་རྒྱུ་ཞིག་ལ། རིགས་པ་ཁས་མི་ལེན་ན་རིག་པ་སྨྲ་བའི་གྲས་སུ་འཚང་བར་མི་བྱའོ། །
འདི་ན་ཁ་ཤས་ཤིག་གིས་ལ་དྭགས་བློ་བཟང་འཇམ་དཔལ་ཞེས་པ་དེར་བདག་སྒྲ་སྦྱར་དགོས་པའི་བསམ་ཚུལ་འདོན་བཞིན་ཡོད་ཚོད་དུ་སྣང་། བདག་སྒྲ་མ་སྦྱར་བ་ལ་དྭགས་གཅིག་བུ་མ་རེད། མདོ་དབུས་ཁམས་གསུམ་ན་བདག་སྒྲ་མི་སྦྱར་བ་ཡོད་པ་དཔེར་ན། བཙན་རྒོལ་རྒྱལ་སྐྱོབ་ན། ཙོང་ཁ་ལྷ་མོ་ཚེ་རིང་ཞེས་པ་མ་གཏོགས། ཙོང་ཁ་བ་ཞེས་བདག་སྒྲ་སྦྱར་ཡོད་པ་མ་རེད། དེ་བཞིན་དུ་ཁམས་པའི་སྤྱི་ཚོགས་ནང་དུ། ལི་ཐང་ཨ་ཐར། ཨ་འབྲུག་མགོན་པོ་བཀྲ་ཤིས། སོགས་ལ་བདག་སྒྲ་སྤྱི་ཚོགས་ཁྱོན་ཡོངས་ནས་མི་སྦྱར། དབུས་གཙང་ན་ཡང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། སྒོ་མང་འཇམ་དབྱངས་བཞེད་པ། གཙང་རྟ་ནག་པ། སོགས་མཐའ་ཡས་པ་ཡོད་པ་མཁྱེན་པར་མཛོད། དེ་དག་ཆབ་ཅིག་གོང་དུ་དགག་པ་རྒྱག་མཁན་ཀརྡོ་རབ་འབྱམས་པ་ལ་མཚོན་ན་ཡང་། ཀརྡོ་པ་མི་ཟེར་བ་ཅི་ཡིན་ནམ། དེ་གཉིས་གཅིག་པ་ཅི་ལ་མིན། ཁ་ཤ་བཞག་ནས་ཉ་ཤ་བཙལ།། ཉ་ཤ་རྒྱ་མཚོ་གཏིང་དུ་སོང་།། ཁ་ཤ་ནམ་མཁའི་མཐོང་ལ་ཁྱེར། ། ཕར་བལྟ་ཚུར་བལྟ་ཁྱོད་ལ་བལྟ།།
ཀརྡོ་པ། གཞོན་ནུ་པ། ཟླ་མེད་པ་ཞེས་དགོས་ཟེར་ན་ཅུང་ཐལ་དྲགས་པ་མིན་ནམ། བྱང་པ། ཤར་པ། འཇམ་དབྱངས་བཞེད་པ། ཞེས་པ་སོགས་ནི། ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེ་པའི་ལེགས་བཤད་དང་མཐུན་མི་འདུག་གེ
ང་ལ་དྭགས་བ་བློ་བཟང་འཇམ་དཔལ་ལགས་དང་རྩོད་འདོད་ཀྱིས། ལ་དྭགས་པ་འཇམ་དཔལ་ལེགས་བསྒུག་ནས་བསྡད་ཡོད། སྐུ་རྩེད་དང་བཅས།
གཡུ་འབྲུག་དཀར་པོ་ལེགས་དང་། གཡུ་འབྲུག་དཀར་པོ་ལེགས། སྐུ་གཤེགས་དཔལ་ལྡན་ཤེས་རབ་རིན་པོ་ཆེ་དེ་རྙིང་མ་རང་གཞུང་སློབ་དགེ་ཝ་ཎ་མཐོ་རིམ་སློབ་གྲྭ་ཚུགས་དུས་ནས་ལོ་མང་དེར་བཞུགས། དེ་ནས་ཨ་རིར་ཕེབས་ཏེ་ནང་ཆོས་གསུངས། སློབ་མ་མང་པོ་བསྐྱངས། ཁ་སང་མིག་ཆུ་གཏོང་མཁན་མང་། དགོན་པ་ཆེན་པོ་ཞིག་གི་མཁན་པོ་ཡིན་མིན་མ་ཤེས། སྐྱབས་རྗེ་བདུད་འཇོམས་སྐུ་གོང་མས་མཁན་པོའི་གོ་གནས་སྩལ་པ་ཡིན་འདུག ཨརིའི་ནེཝ་ཡོརྐ་ཞིང་ཆེན་སོགས་ས་གནས་མང་པོར་བོད་ཆོས་དང་གྲུབ་མཐའ་བསླབས། སློབ་མ་ཞི་ཞིང་དུལ། ལོ་མང་རིང་མ་མཇལ། བདེ་རང་སྔར་ཝ་ཎར་མཉམ་ལས་པ་ཡིན་པས་སྐུ་གདུང་ལ་མེ་ཏོག་དར་དཀར་འབུལ་བར་མཇལ། ཨ་རི་ས་ཕྱོགས་མང་པོའི་སློབ་མ་རྣམས་འཛོམས། བོད་སྐད་དུ་འདོན་པ་དང་། ལེགས་སྦྱར་དུ་ཡིག་བརྒྱ་ཁ་ཏོན་བྱེད་ཅིང་རྒྱུད་ཞི་ཞིང་དུལ་བའི་སློབ་མ་བགྲེས་གཞོན་བར་གསུམ་འདུས་པ་བོད་ཀྱི་ཆོས་ཕྱོགས་བཅུར་འཕྲོ་བའི་རྟགས་མཚོན་པ་ཞིག་གོ།
ཀ་རྡོ་རབ་འབྱམས་པ་ལེགས། བཀའ་བསྟན་ཀྱི་སྐད་གཞིར་མཛད་ནས་བོད་ཀྱི་བརྡ་སྤྲོད་མཁན་པོ་མང་པོ་བྱོན་པ་ལས་བཀའ་བསྟན་སྐད་དང་མཐུན་པ་སུ་འདུག་པའི་རྗེས་སུ་རང་རེ་འབྲང་དགོས། བོད་ལྗོངས་སམ་གང་ལྗོངས་སིལ་བུར་ཆགས་པའི་རྗེས་སུ་བོད་སྐད་ཀྱང་སིལ་བུར་སོང་སྟེ།
བླ་མ་རེ་ལ་ཆོས་ལུགས་རེ། ལུང་པ་རེ་སྐད་ལུགས་རེ། ཞེས་པར་བཀའ་འགྱུར་བསྟན་སྐད། གཙོ་བོ་ཆེ་བ། སྔར་བསམ་ཡས་སུ་བསྒྱུར་པའི་སྐད་དེ་བོད་སྤྱི་སྐད་དུ་ངོས་འཛིན་བྱས་འབྲི་བ་ལ་འབད་དགོས་པ་འདུ། དེ་མིན་རང་རེས་དིང་དུས་ཁ་ནས་འཐོན་པ་གཙོ་བོར་བཟུང་སྟེ། འབྲི་ན་མ་འོངས་པ་ན་རང་རེ་བོད་ཀྱི་རིག་གཞུང་གི་སྐད་དུ་ཡོད་པ་བཀའ་བསྟན་གསུང་འབུམ་དག་གོ་མི་ཐུབ་པ་ནི་ད་ལྟ་རང་རེའི་མིག་ལམ་འགྱུར་བཞིན་པ་འདི་ཡིན།
ལོ་འགའ་ཤས་སྔོན་ལ་དྭགས་པ་བཞོན་པ་མང་པོས་དིང་དུས་ལ་དྭགས་ཀྱི་སྐད་གོ་བདེ་བར་བྲིས་པ་ཞིག་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སྤྱན་འབུལ་ཞུས་པ་ན། གོང་ས་མཆོག་གིས་འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག་གསུངས་པ་ལ་ང་ཅག་གིས་རེད་མ་རེད་ཅེས་པའང་གོ་བ་མི་འདུག་ཅེས་ཞུས་པ་ཐོས། ལ་དྭགས་པས་ཡིན། མ་ཡིན་ཟེར་བ་མ་གཏོགས་རེད་མ་རེད་ཅེས་མི་སྨྲ། རྗེས་སུ་ལ་དྭགས་པ་མཁས་པ་དག་ཚོགས་ཏེ། བཀའ་བསྟན་གྱི་སྐད་དེ་མེད་པར་སོང་ན། ད་བོད་ལ་ཅི་ལུས་ཟེར་ཞིང་གསར་ཤོག་དེ་འདོན་མི་ཐུབ་བཟོས་འདུག འདུན་ས་ཞིག་ཏུ་དཧ་ས་སོགས་བོད་སྐད་གསར་ཤོག་སོགས་འདོན་པ་པོ་ཚང་མ་ལ་བཤད་དགོས་ཞེས་བཤད་ཀྱང་དེ་འདྲ་བྱེད་ཐུབ་མཁན་སུ་ཡང་མེད། དབུས་གཙང་མདོ་སྟོད་སྨད་སོགས་རིག་གཞུང་སྐད་དང་མི་མཐུན་པ་འདུག་ཅེས་ལབ་ཐུབ་མཁན་དཀོན། ལགས་དེ་ལེགས་པར་གསོ་ཐུབ་པ་དཀའ་བ་བདེན། འོན་ཀྱང་ལ་དྭགས་པ་ལྟ་བུས་ལེགས་འབྲི་བཞིན་ཡོད་པ་ནོར་འདུག ལགས་ཞེས་འབྲི་དགོས་ཞེས་བཤད་ན་མ་འགྲིག་པ་མ་ཡིན་ནམ།
ok འཇིག་རྟེན་ཡོངས་ཀྱིས་འབྲི། ok དོན་དག་གང་ཡིན་ནམ། གང་འདྲ་བྱས་བྱུང་། རང་རེའི་བོད་པའི་ནང་ན་ནི་དའི་ལོ་རྒྱུས་མཁྱེན་མཁན་དཀོན་པོ་ཡིན་ཤས་ཆེ། མེད་ཟེར་ན་ཧམ་པ་ཆེའོ་སྙམ། ངས་ཨ་རི་པ་མང་པོ་ཞིག་ལ་དྲིས་པས། མི་ཤེས་པ་མང་པོ་འདུག འོན་ཀྱང་ཚིག་འབྱུང་ཁུངས་དེ་རང་རེས་ཤེས་དགོས། དེ་བཞིན་ངས་བརྟག་དཔྱད་ལས་ལེགས་ཞེས་པ་གྱུར་ནས་ལགས་ཞེས་ཆགས་པ་ཤེས་སོ།
བསྟན་འཛིན་ཤེས་རབ་ལེགས། ལེགས་དང་ལགས་ཀྱི་སྐོར་གོང་དུ་ཞུས་ཟིན་པ་ལས་མཁྱེན་ཐུབ། ནོར་འཕྲུལ་འདི་དང་འདི་ཁྱེད་ཀྱིས་ཁས་མ་བླངས་པ་ཞེས་བསྟན་དགོས་པ་ལས་མུན་སྦྲུལ་དུ་ནོར་འཕྲུལ་ཁས་མི་ལེན་པར་ད་དུང་མུ་མཐུད་དུ་དེའི་ཐོག་ལ་སྦུག་འཐམ་རྒྱག་པ་དེ་རེད། སྒོ་མ་སྡེ་བ་དང་བདག་གིས་རིགས་པ་གང་ཁས་མ་བླངས་དེ་བསྟན་གྲོགས། དེ་་མིན་ཁྱེད་ཀྱི་སྨྲ་བ་མཁས་པའི་གཏམ་དུ་ངོས་གཟུང་དཀའོ།
ལ་དྭགས་པ་ལབོ་བཟང་འཇམ་དཔལ་ལེགས།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ཁྱེད་རང་གིས་བོད་ཀྱི་སྤྱི་སྐད་ལ་སྤྱི་སེམས་བཅང་བར་བཀའ་དྲིན་ཤིན་ཏུ་ཆེ། འོན་ཀྱང་དྷ་སའི་སྐད་དེ་ཕྱོགས་རིས་བྲལ་བའི་ཆོལ་གསུམ་ཛ་དྲག་བློ་བུར་དུ་འཛོམས་ནས་འུ་ཐུག་ཐབས་ཟད་ཀྱིས་ངང་ནས་སྔར་གྱི་ལྷ་སའི་ཁ་སྐད་ལའང་རྩིས་མེད་དེང་མཁོ་བའི་གསར་ཐོན་ཅིག་ཡིན་པ་ལས་དིང་སང་ལ་དྭགས་པ་དང་ཁམས་པ། ཨ་མདོ་སོགས་ཁ་ཤས་ཀྱིས་རང་ཤེད་ཀྱིས་རང་གི་ཡུལ་སྐད་དེ་བོད་ཀྱི་སྤྱི་སྐད་དུ་འགྱུར་འདོད་པ་དེ་ནི་ནོར་འཁྲུལ་ཞིག་མ་ཡིན་ནམ།
༧གོང་ས་མཆོག་ཙམ་མ་ཟད། ངས་ཀྱང་། ཡིན་རེད་སྐོར་ལ། ཁོ་ངའི་སྤུན་མཆེད་རེད། ཚབ་ལ། ཡིན། ཟེནའང་ནོར་བ་རེད། འདི་གྲོང་སྐད་ཙམ་མ་ཟད་ནོར་བའི་གྲོང་སྐད་ཅིག་ཡིན་པ་ངས་ཉམས་ཞིབ་ལས་ཐོན་སོང་། ལན་ཅིག་ཡོང་བའི་རེ་བ་བཅས།
ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
མཁན་པོ་དཔལ་ལྡན་ཤེས་རབ་སྐོར་གསུངས་གནང་བར་ཐུགས་རྗེ་ཆེ་ལེགས། ངའི་བསམ་པར་རྣམ་གླིང་གི་མཁན་པོ་མིན་ཉམ་སྙམ་པའི་དོགས་པ་སྐྱེས་ནས་དྲིས་པ་ཡིན། དེ་རེད་མིན་འདུག་ལེགས། ཁྱེད་ཀྱིས་ལགས་དེ་ལེགས་ནས་གྱུར་བར་གསུངས་པས་ལགས་འབྲི་རྒྱུའི་ཚབ་ཏུ་ལེགས་བྲིས་པ་ཡིན་ལེགས། དེ་འདྲའི་ཡི་གེ་དེ་ངའི་རྣ་བར་ཐོས་རྒྱུ་དང་མཐོང་རྒྱུ་ཐོག་མར་ཡིན་པས་ཡིན་ནམ་ཅི་ཡིན་མི་ཤེས། རྣ་བར་མི་སྙན་པ་མ་ཟད་མིག་ལ་ཡང་མཛེས་པོ་རང་མཐོང་གི་མིན་འདུག་ལེགས།
ཡང་སྐུ་ཉིད་ལ་གཅིག་ཞུ་རྒྱུ། དེ་ལྟར་ཡིན་ནོ་ཞེས་པའི་ཚབ་ཏུ་དེ་ལྟར་ལགས་སོ་ཞེས་འབྲི་རྒྱུ་ཡོད་པས་དེ་ལ་ཡང་དེ་ལྟར་ལེགས་སོ་ཞེས་འབྲི་ན་རུང་བ་ལེགས་སམ། དེ་ལྟར་འབྲི་ན་ཡག་མི་ཡག་གི་དོན་དང་ནོར་ཉེན་མི་ཆེ་འམ།
ཀ་རྡོ་རབ་འབྱམས་པས་རེད་ཀྱི་ཚབ་ཏུ་ཡིན་ཞེས་པ་དེ་ཡང་ནོར་བ་རེད་ཟེར། འོ་ན་བཀའ་འགྱུར་རྣམས་ཀྱི་ནང་ནས་དེ་ལྟར་ཡིན་སྙམ་མམ་ཟེར་བ་ཞིག་ཡང་ཡང་ཐོན་གྱི་ཡོད་པས་དེ་ནོར་བ་ཡིན་ནམ་ཅི། དེ་ལྟར་འདོད་ན་བོད་ཀྱི་བཀའ་བསྟན་རྣམས་ཞུ་དག་ཅིག་གནང་བར་མཛོད་ཅིག་དང་། དེས་ན་ཁྱོད་ཀྱི་མཚན་ལ་ཀ་རྡོ་རབ་འབྱམས་པ་ཟེར་བ་དེ་ཡང་དོན་ལྡན་དུ་འགྱུར་རོ།
ཀ་རྡོ་ལགས། རེད་དང་ཡིན་གཉིས་ལས་དང་པོ་དེ་བཀའ་འགྱུར་པོ་ཏི་བརྒྱ་ནང་མཐོང་རྒྱུ་མེད་དོ། །
ང་བོད་པ་ཡིན།
ང་བོད་པ་རེད།
ཟེར་ན་དང་པོ་བདེ་ལ་ཕྱི་མ་མི་བདེ།
ཁོང་བོད་པ་ཡིན།
ཁོང་བོད་པ་རེད།
ཟེར་ན་དང་པོ་མི་བདེ་ལ་ཕྱི་མ་འདི་བདེ།
ཡིན་ཟེར་བ་དེ་རང་ལ་སྦྱར་རྒྱུ་དང་རེད་ཟེར་བ་དེ་གཞན་ལ་སྦྱོར་དང་། དཀའ་བའི་གནད་ཐམས་ཅད་གྲོལ་བར་འགྱུར་རོ།།
རྒན་ལགས། ད་ང་རང་ཁྱེད་ཀྱི་བགྲོ་གླེང་འདིའི་ནང་ཞུགས་འདོད་མ་སྐྱེས་ཐལ། ད་འགྲོ་རྒྱུ། འགྲོ་ཁར། ཉིད་ལ་ཁེད་ཅིག་འཇོག ཁེད་འདིས་ཉིད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་གནང་གིན་པ་མཁྱེན་རྟོགས་ཐུབ་པར་ཕན་པའི་རེ་བ་ཡོད། མི་བཙུམ་མི་བཙུམ་ཞེ་ན་བཙུམ་འགྲོ། ཅི་ཁེད། ད་བདེ་མོ།
སྐད་ཡིག་གང་ཡིན་ན་ཡང་། མདོར་ན། ང་། ཁྱོད། ཁོའམ་མོ། འདིའང་དེ། དེ་ཚོའི་རྗེས་ལ་གང་ཐོབ་དང་གང་མི་ཐོབ་ལྟ་དགོས།
བོད་རིགས་སྤྱི་སྐད་ཀྱི་དབང་དུ་བྱས་ན།
ང་དང་ང་ཚོ་ལ། ཡིན་ཐོབ། དེ་མིན་ཡིན་དགོས་རེད་དང་། ཡིན་བགྱིད་ལྟ་བུ་ལ་མ་གཏོགས་ཡིན་མི་ཐོབ་སྙམ།
ཁྱོད་རེད། ཁོ་རེད། མོ་རེད། འདི་རེད། དེ་རེད། ཅེས་རེད་ཐོབ།
དེ་མིན་ང་ཚོས་མ་དག་རྒྱུན་འབྱམས་མང་པོ་ཞིག་ལ་༼རེད་༽ཐོབ་བཞིན་དུ་༼ཡིན་༽བེད་སྤྱོད་བྱེད་བཞིན་པ་མང་པོ་ཡོད་རེད། དཔེར་ན། ང་བོད་མི་ཡིན། ཟེར་ན་འགྲིག་ཀྱང་། འདི་ངའི་བོད་རེད། ཚབ་ལ། འདི་ངའི་བོད་ཡིན། ཟེར་ན་ནོར་བ་རེད། དེ་བཞིན། ང་སློབ་ཕྲུག་ཡིན། ཟེར་ན་འགྲིག་ཀྱང་། འདི་ངའི་དེབ་རེད། ཚབ་ལ། འདི་ངའི་དེབ་ཡིན། ཟེར་ན་ནོར་བ་རེད།
རེད། ཅེས་པ་འདི། བཀའ་བསྟན་ནང་ལ་མི་འདུག་ཟེར་བ་འདི་བདེན་པ་ཡིན་ན་ཡང་། སྔར་ཨ་ཕོ་ཧོར་ཚོས། བཀའ་འགྱུར་ལ་དཔེ་བལྟས་ནས་སྙན་ཞུ་ནང་ལ། ཁྱོད་སྡེ་པ་གཞུང་ལ་བཀའ་སྩལ་པ། ཞེས་བྲིས་པ་དང་མི་མཚུངས་སམ།
ཀ་རྡོ་རབ་འབྱམས་པ་ལེགས།
བཀའ་བསྟན་གྱི་སྐད་བརྡ་སྤྲོད་དང་མཐུན་པར་ཡོད་པ་ཞིག་བོད་སྤྱི་པའི་སྐད་དུ་དངོས་འཛིན་དགོས། དེ་མིན་བདག་སྒྲ་ལ་མཚོན་ན། སུམ་ཅུ་པ་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེ་གཉིས་མི་འདྲ་བར་མངོན། དང་པོས། གང་མིང་གི་ནི་མཐའ་རུ། ཕོ་ཡི་རྟགས་ཀྱི་སྒྲ་མེད་པ། དེ་ལ་ཕོ་ཡི་རྟགས་སྦྱར་ན། བདག་པོའི་སར་ནི་ཤེས་པར་བྱ། ཞེས་པ་ཕོ་རྟགས་ཞེས་པ་ལེགས་སྦྱར་དུ་བྲིས་པ་བོད་སྐད་ལ་བསྒྱུར་པ་ལས། པ་ཡིག་ཁོ་ན་བདག་སྒྲར་དགོས་པ་དང་། དབྱངས་ཅན་གྲུབ་པས་འདི་ལས་གཞན་དུ་གསུངས་པས། རང་ཅག་གིས་བཀའ་བསྟན་དཔེ་ཆ་གང་མང་བཀླགས་ཏེ་གང་འཐད་པ་འདུག་བརྟག་ཅིང་དཔྱད་དགོས་པར་མཐོང་།
གཡུ་འབྲུག་དཀར་པོ་ལེགས། ལེགས་གྱུར་ནས་ལགས་ཞེས་ཆགས། དེ་ལྟར་ལགས་སོ་ཞེས་པའི་ལགས་དེ་བྱ་ཚིག་ཡིན་ཞེས་སྔོན་ནས་ཞུས་ཟིན། ཁྱེད་ཀྱི་སྙན་ལ་མི་སྙན་ན་ལ་དྭགས་པས་ཁ་ནས་དེ་འདྲ་འདོན། གནའ་བོའི་ཀློག་ཚུལ་ལམ་བརྗོད་སྟངས་རྣ་བར་མི་སྙན་པར་མ་ཟད་དེ་ཉིད་ལ་ལེགས་པར་མ་གོམས་ཚེ་དོན་གོ་དཀའ། ལོ་ངོ་ལྔ་བཅུ་ལྷག་སྔོན་བོད་དུ་སོག་པོ་དགེ་བཤེས་ཤིག་གིས་རྟགས་བསལ་གནའ་བོའི་སྐད་དུ་གཏོང་བ་ཐོས་པས་ཚིག་གཅིག་ཀྱང་མ་གོ སོག་པོ་རྣམས་ཀྱིས་གནའ་བོའི་ཀློག་སྟངས་དེ་བཀོལ་ཚོད་ལགས། ཀླུ། གླུ། བླུ་། སླུ། གནའ་བོའི་བརྗོད་ཚུལ་ལྟར་བྱེད་ཐུབ་ལ་རང་རེས་འབད་པ་བྱེད་དགོས་སྙམ། དེ་མིན་ཚང་མ་ལ་ལུ་ལུ་ལུ་ལུ་ཟེར་བ་མ་ཡིན་པར་ klu, glu. blu, slu. འདི་རྣམས་བོད་སྐད་གཏན་ནས་མི་ཤེས་པ་ཞིག་ལ་ཀློག་ཏུ་བཅུག་ན། བོད་ཀྱི་གནའ་བོའི་སྐད་བཞིན་འཐོན་ཐུབ་པ་འདུག དེ་ལྟར་ང་ཅག་གིས་ཀྱང་གོམས་དགོས།
བསྟན་འཛིན་ཤེས་རབ་ལེགས། ཁེད་ཞེས་པ་ངས་མི་གོ་འདུག་ དོན་དག་གང་ཡིན་ནམ།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
བདག་སྒྲ་དེ་དབྱངས་གྲུབ་ལས་ཐོན་མི་བཙན་དགོས་ཀྱང་དོན་ངོ་མའི་ལག་ལེན་དུ་ཁྱེད་རང་ལ་ཕྱི་རླུང་ཤོར་ནས་རང་གི་སློབ་ཕྲུག་ལག་མིག་དཔེ་སྟོན་ཆེད་དུ་ལ་དྭགས་པ་ཞེས་བདག་སྒྲ་མི་སྤྱོར་བ་དེ་ནོར་བ་མིན་ནམ། དེ་བཞིན་དུ། ཁྱེད་ཀྱིས་”བཀའ་བསྟན་གྱི་སྐད་བརྡ་སྤྲོད་དང་མཐུན་པར་ཡོད་པ་ཞིག་བོད་སྤྱི་པའི་སྐད་དུ་དངོས་འཛིན་དགོས།”ཞེས་པ་འདི་ཡང་བཀའ་བསྟན་བརྡ་སྤྲོད་སུམ་རྟགས་ཁོ་ན་ལ་བསྟེན་བསྡད་ན་དེང་དུང་སྐད་ཡིག་ཡར་ཐོན་ཅན་གསར་པ་ཅིག་ག་འདྲ་ཟེ་བཟོ་ཐུབ་བམ།
དེས་ན་དིང་དུས་བོད་ཀྱི་སྤྱི་སྐད་ཞེས་པ་ནི། གཞན་གྱི་སྐད་དང་མཉམ་ཡང་གཞན་སྐད་འགྲོ་ལུགས་མི་བདེ་རྣམས་བཙན་འགེལ་མེད་ལ། བཀའ་བསྟན་སུམ་རྟགས་དང་གང་མཐུན་བྱས་ལ་ཁ་ཤས་སྔར་ལུགས་དང་མི་མཐུན་ན་ཡང་དགོས་མཁོ་ཡོད་ཚེ་ངེས་པར་གསར་བསྣོན་ཐུབ་པ་དགོས་ངེས་སུ་མཐོང་།
དཔེར་ན། ཁྱེད་ཀྱིས། ལ་དྭགས་པ་ལ་ལ་དྭགས་ཙམ་བྲིས་པ་དང་། དྷ་ས་ལ་དཧ་ས་བྲིས་པ་འདི་གཞན་བསྟུན་ཐལ་དྲགས་པ་དང་། ཡང་། དེང་སང་ལ་དིང་སང་ཙམ་དགོས་པ་དང་། རང་ཅག་ལ་ང་ཅག་རང་འབྲི་དགོས་པའི་ཨུ་ཚུགས་མཐར་བསྐྱལ་བྱས་པ་ཡིན་ན་ནོར་བ་བཞིན་ནོ།
ལགས་ལ། ལེགས། ལེ། ལེ་སེ། ལགས་སོ། ད་དུང་kluཀླུ་སོགས་ནི་ཡུལ་སྐད་དག་མ་དག་ཅི་རིགས་པ་དེ་ཚོ་རང་རང་གི་ཡུལ་དུ་སྨྲོས་ན་མཛེས་བགྱིད་རེད་མ་གཏོགས་བོད་རིགས་སྤྱི་སྐད་སྐབས་སུ་ཁྱེར་མ་ཡོང་ན་ཕན་པ་དང་བདེ་བ་མི་འདུག་གེ ད་དུང་མུ་མཐུད་ནས་དཔྱད་རོགས་གནོངས།
སྤྱི་སྐད་དུ། ཡིན་མིན། ཡོད་མེད། རེད་མ་རེད། འདུག་མིའདུག སྤྱོད་སྟངས་རང་ལུགས་ལྟར་རོབ་ཙམ་ཞུས་ན།
I am & We are ལ། ཡིན་ཐོབ་དགོས།
He is,She is,it is ལ། རེད་ཐོབ་དགོས།
དུས་གསུམ་སྐྱེས་བུ་དང་གཉིས་གསུམ་གྱི་སྐབས་སུ།
I will & I was སྐབས་ལ། ཡིན།
I go & I am going .. = ཡོད།
You will = རེད།
You were & You are = འདུག
He & She will = རེད།
He & She is = འདུག
He was & She was = འདུག
ང་།
ང་ཕྱིན་པ་ཡིན།
ང་འགྲོ་བགྱིད་ཡོད།
ང་འགྲོ་བགྱི་ཡིན།
ཁྱོད།
ཁྱོད་ཕྱིན་པ་རེད།
ཁྱོད་འགྲོ་བགྱིད་འདུག
ཁྱོད་གྲོ་བགྱི་རེད།
ཁོ། མོ།
ཁོ་ཕྱིན་པ་རེད།
ཁོ་འགྲོ་བགྱིད་འདུག
ཁོ་འགྲོ་བགྱི་རེད།
རྟགས་གསལ་གྱི་སྐོར་ལ་མཆན་བུ་སྔོན་ནས་བྲིས་ཟིན་པས་མཆན་བུ་གསར་དུ་འབྲི་འདོད་མ་བྱུང་རུང་། འོན་ཀྱང་ལན་ཞིག་མ་བྲིས་ན་རང་ཚུགས་མི་ཐུབ་པའི་བློ་ཆུང་འགས་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུས་ལམ་ནོར་བར་འཕྱན་ཉེན་ཡོད་པས་ཅུང་ཟད་བྲིས་ན།
རྟགས་ཆོས་ལ། རྟགས་གསལ་དང་རྟགས་བསལ་ཞེས་བྲིས་པ་གཉིས་ལས་༼རྟགས་གསལ༽ཞེས་པ་ཡི་གེ་དག་པ་ཡིན་ཏེ། རྟགས་ཆོས་དོན་གསུམ་སྟེ།
རྟགས། རྒྱུ་མཚན།
ཆོས། བསྒྲུབ་བྱའི་ཆོས་ཏེ་གསལ་བ།
དོན་ཏེ་རྩོད་གཞིའོ། །
བསྒྲུབ་བྱའི་ཆོས་ལ་“གསལ་བ”ཞེས་པ་ནི། གསལ་བྱ་ཞེས་པའི་དོན་ཏེ། དཔེར་ན་བསླབ་བྱ་ལ་བསླབ་པ། བཏུང་བྱ་ལ་བཏུང་བ། རིག་བྱ་ལ་རིག་པ་ཞེས་པ་ལྟ་བུས་མཚོན་ནོ། །དེ་ཡང་བསྒྲུབ་བྱའི་ཆོས་ལ་“གསལ་བ”ཞེས་པའི་དོན་ནི། བློ་ཡུལ་དུ་གསལ་བྱ་སྟེ་གོ་བར་བྱ་བའམ་བསྒྲུབ་པར་བྱ་བ་ཡིན་པས་ན་དེ་སྐད་ཅེས་བརྗོད་པ་ཡིན་ནོ། ། རྟགས་བསལ་དང་བསལ་བ་ཞེས་པའི་བསལ་བ་ནི་མེད་པར་བཟོས་པའམ། མེད་པ། ཚད་མས་བཀག་པ་ལྟ་བུ་ལ་གོ་དགོས་པས། བསྒྲུབ་བྱའི་ཆོས་ཞེས་པ་དང་མ་འབྲེལ་བར་འགྱུར་རོ། །
ཚད་མས་བསལ་བ་ཞུགས། ཚད་མས་བསལ་བ་འབབ། ཞེས་པའི་བསལ་བ་དང་། སྒྲུབ་ཆོས་ལ་ཆོས་ལ་གསལ་བ་ཞེས་པ་གཉིས་དོན་དག་ཡོངས་སུ་ཐ་དད་ཡིན། ཚད་མས་བསལ་བ་ཞུགས་ཞེས་པ་དང་། ཚད་མས་བསལ་བ་འབབ་ཅེས་པ་ནི། ཚད་མས་གནོད་པ་དང་། ཚད་མས་མ་གྲུབ་པའི་དོན་ཡིན། ཁྱེད་ལྟར་ན་སྒྲུབ་ཆོས་ལ་ཚད་མས་“བསལ་བ”ཞུགས་པའམ་གནོད་པར་ཁས་ལེན་རྒྱུ་ཡིན་ནམ།
རྟགས་གསལ་ལ་ལུང་ཁུངས་ཆེས་ཤིན་ཏུ་མང་ཡང་ཉུང་ཟད་ཅིག་དྲངས་ན།
༼མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ༽
༡༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། སེམས་ཅན་གྱི་རྒྱུད་ལ་ཆོས་ཉིད་ཡོད་དམ་མེད། ཡོད་ན་ངོ་བོ་ཉིད་སྐུ་ཡོད་པར་ཐལ། ཆོས་ཉིད་ཡོད་པའི་ཕྱིར། “རྟགས་གསལ”དངོས།
༢༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བདེ་སོགས་དེ་མི་ཤེས་པའམ་བེམས་པོ་ཡིན་པའི་ཕྱིར། “རྟགས་གསལ”ཁས་བླངས་སོ། །
༣༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། བློ་མ་འཁྲུལ་པ་ལ་ཐ་དད་སྣང་དུ་བའི་ཕྱིར། “རྟགས་གསལ”དངོས་མ་ཁྱབ་ན་ཐ་དད་དུ་བདེན་པར་སྒྲུབ་བྱད་མི་རྙེད་ཅིང༌།
༤༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཕྱིས་ཀྱང་སྔར་དང་ནུས་པ་མི་འདྲ་བའི་བྱེ་བྲག་མེད་པའི་ཕྱིར་རོ། །“རྟགས་གསལ”ཐམས་ཅད་ཁས་བླངས།
༥༽ མཁས་གྲུབ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཚད་མས་བསལ་བ་གཞན་དོན་བསྒྲུབ་བྱའི་མཚན་ཉིད་འཇུག་མི་འཇུག་དཔྱོད་པའི་གཞིར་མི་རུང་བའི་ཕྱིར། “རྟགས་གསལ”དངོས།
༼མཁས་གྲུབ་སྡེ་བདུན་ཡིད་ཀྱི་མུན་སེལ༽
༦༽ སྡེ་བདུན་ཡིད་ཀྱི་མུན་སེལ། ཁྱབ་པ་ཚད་མས་གྲུབ། རྟགས་གསལ་དངོས་སུ་ཁས་བླངས་སོ། །ཞེས་གསུངས། ༧༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་དངོས་སུ་ཁས་བླངས།
༨༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རང་གི་བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །རྟགས་གསལ་དངོས།
༩༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཕྱོགས་ཆོས་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་དེས་པ་ཡིན་དགོས་པའི་ཕྱིར། རྟགས་གསལ་ཁས་སོ། །ཞེས་དང་།
༡༠༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། ཁྱོད་བསྐལ་དོན་ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་གྱི་རྒྱུ་ཡིན་པའི་ཕྱིར། རྟགས་གསལ་དངོས།
༡༡༽ སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྟགས་གསལ་ཡང་ཁས་ལེན་པས་འཁོར་གསུམ་མོ། །ཞེས་གསུངས།
༡༢༽ རྒྱལ་ཚབ་རིན་པོ་ཆེའི་རྣམ་བཤད་སྙིང་པོའི་རྒྱན་ལས། རང་ལས་བློ་དམའ་བའི་གང་ཟག་གི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟ་མ་ཡིན་པའི་ཕྱིར། རྟགས་གསལ་ཁས་བླངས། ཞེས་གསུངས།
༼ཡོངས་འཛིན་བསྡུས་གྲྭ༽ ཁ་ཅིག་ན་རེ། ཁྱོད་“རྟགས་གསལ”དང་བཅས་པའི་ཐལ་འགྱུར་ཡིན་ན། ཞེས་སོགས་ལུང་ཁུངས་ཉེར་བཞི་༼༢༤༽ཡོད།
དགེ་ལུགས་པའི་གདན་ས་གསུམ་གྱི་གཞུང་ལུགས་ཕལ་ཆེར་ནང་རྟགས་གསལ་ཞེས་འབྱུང་བས་དེ་རང་ལ་ཡིད་ཆེས་པའི་གནས་སུ་བྱས་ན་མཛེས་སོ། །
ཀ་རྡོ་རབ་འབྱམས་པ་ལེགས། ཁ་སང་ཁྱེད་ཀྱིས་འཇམ་དཔལ་ལེགས་བྲིས། ད་རེས་འཇམ་དཔལ་ལགས་བྲིས། ཁྱེད་ཀྱི་ཐུགས་མི་བརྟན་པ་མ་གཏོགས། ཁྱད་པར་ཅང་མེད། དཧ་ས་ལ་ད་ལ་ཧ་ཡིག་འོག་ཏུ་འབྲི་དགོས་བདེན། ངའི་གློག་ཀླད་འདི་ཁ་ལ་མི་ཉན་པས་བྱ་ཐབས་ཟད་ནས། ད་ལ་ཚེག་མེད་པར་ཧ་བྲིས་པས་བརྩེགས་པར་གོ་ཆོད་ཅེས་སྔོན་མ་ཝ་ར་ཎ་སཱིར་མཁས་པ། བོད་ལེགས་ཚིག་མཛོད་བཟོ་མཁན་ཁུ་ནུ་པ་ཞིག་གིས་བཤད། དེང་སང་ཞེས་པར་དིང་སང་ཞེས་བྲིས་པ་ནི། སྔོན་གྱི་བོད་སྐད་མཁས་པ་ཀློང་ཆེན་རབ་འབྱམས་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ལ་སོགས་པའི་གསུང་སྙན་པོ་ཀུན་ལ་བརྩི་བཀུར་བྱས་ཏེ། དིང་སང་ཞེས་བྲིས་པ་ཡིན། དེར་མ་ཟད་ད་ལྟའི་འབྲི་ཚུལ་དགོང་ལ་དགོངས་དང་། འདང་ལ་ལྡང་སོགས་ལ་ཁ་ནས་ཀྱང་ཡི་གེ་རྣམས་འཐོན་པར་བྱེད་ཅིང་སྔར་གྱི་དག་ཆ་ལྟར་འབྲི་བས་ཁྱེད་ཀྱིས་འདོད་པའི་ཟུར་ཆག་དགོང་དང་འདང་སོགས་ལ་གནོད་པར་ཐུགས་ཡ་ང་མི་མཛད་པའི་རེ་བ་ལགས། འདི་དག་ཀྱང་བུ་སྟོན་སོགས་སྐུ་ཚེ་གང་པོ་བོད་སྐད་དུ་ཆོས་མང་པོ་བྲིས་ཏེ་བདག་ཅག་ལ་ཤེས་རབ་་འོད་གསལ་བཞག་པར་མཛད་འདུག་པའི་བཀའ་དྲིན་རྗེས་དྲན་ཕྱིར་རོ།
ལ་དྭགས་པ་འཇམ་དཔལ་ལ་ལ་དྭགས་འཇམ་དཔལ་ཞེས་བྲིས་པ་གཞན་དུ་ཞུས་ཟིན་པས་སླར་འབྲི་བ་དོན་མེད་དོ།
བོད་ཀྱི་སྐད་གསར་པ་ཞིག་དགོས་ན་བཀའ་བསྟན་ན་ཡོད་པའི་ཚིག་ལ་བསྟེན་དགོས། བཀའ་བསྟན་གྱི་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གཉིས་ཡོད་པ་ལ་ཕྱི་མ་ལ་བསྟེན་མི་དགོས་ཀྱང་། སྔ་མ་ལ་ངེས་པར་བསྟེན་དགོས། དེ་ལ་མ་བསྟེན་པའི་ཚིག་གསར་པ་ཞིག་བཟོ་ཐུབ་ན། བཟོ་གྲོགས། ཕྱི་ནས་གངས་ཅན་སྐད་ལ་མཁས་པ་དག་གིས་གསར་བཟོས་སམ་གསཪ་བསྐྲུན་ཚིག་དེ་བོད་ཚིག་ཡིན་འདུག་གམ་མི་འདུག་དཔྱད་ངེས།
གཞན་དག་མི་ཤེས། དམིགས་ཀྱིས་བསལ་བ་ཞེས་པའི་སྐབས་ཀྱི་བསལ་བ་ནི། ཟུར་དུ་ཕྱེ་བ་འམ་ལོོགས་སུ་དབྱེ་བ་འདྲ་ཞིག་རེད་མི་འདུག་གམ།
དང་པོ་ད་བྲིས། དེ་ནས་Mབསྣུན་ནས། ཧ་བྲིས་ན། དྷ་ཐོན་པར་འགྱུར།
སྒྲ་ཆོས་ཅན། མི་རྟག་ཏེ། བྱས་པའི་ཕྱིར། ལྟ་བུའི་བསྒྲུབ་བྱའི་ཆོས་ཀྱི་ཆོས་ཀྱི་ལྡོག་ཕྱོགས་སམ་སྒྲ་རྟག་འཛིན་གྱི་ཡུལ་སྒྲ་རྟག་པ་སེལ་ཕྱིར་དུ་རེད་ཅེས་འགྲེལ་བཤདདང་་ཁུངས་ཚད་ལྡན་ཞིག་ཡོད་ན་མ་གཏོགས་རྟགས་གསལ་རང་ལ་འཇོག་དགོས་འདུག་སྙམ།
སུམ་རྟགས་མེད་པ་བཟོས་ནས་བོད་ཡིག་གསར་གཏོད་བྱས་ན་སྔར་གྱི་བཀའ་བསྟན་ཤེས་པ་ལ་གནོད་པ་མ་གཏོགས་དེའི་སྟེང་ནས་གསར་གཏོད་མ་བྱས་པ་ནི་རྗེས་ལུས་དང་འགན་མ་བླངས་པ་མ་ཡིན་ནམ། ཀུན་གྱིས་སོམས་ཤིག
ཁང་གསར་རྡོ་རྗེ་ལེགས་ནས་བཀོད་པའི་དམིགས་བསལ་གྱི་སྒྲ་བཤད་དེ་ལེགས་པ་ཞིག་འདུག ངའི་བློ་སྐྱེད་ལ་ཕན། བཀའ་དྲིན་ཆེ།
ཀ་རྡོ་རབ་འབྱམས་པ་ལེགས། ཁྱེད་ཀྱི་བྲིས་ལྟར་བྱས་ཀྱང་ད་ཡིག་འོག་ལ་ཧ་ཡིག་མ་འཐོན་པར་མ་ཡིག་འཐོན། ཡིག་གཟུགས་འདི་ལ་སྨོན་ལམ་ཟེར། ཧི་མ་ལ་ཡ་ཞེས་པར་འཐོན་འདུག་ཟེར། དེ་ངའི་གློག་ཀླད་དུ་མེད།
རྟགས་བསལ་ཞེས་པར་ཁྱེད་ཀྱིས་རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་དང་། བཀྲ་ཤིས་ལྷུན་པོའི་ཡིག་ཆ་རྣམས་ཚད་ལྡན་ཡིན་པར་ཁས་མི་བླངས་ན། ད་དུང་ག་ན་དེ་ལས་གཞན་ཚད་ཐུབ་ཅིག་འདུག་རང་རེས་བལྟ་དགོས། སྤྱིར་རྟགས་བཀོད་པའི་དགོས་པ་ཕ་རོལ་པོའི་འདོད་པ་བསལ་ནས་རང་གི་གྲུབ་མཐའམ་འདོད་པ་ཁས་ལེན་དུ་འཇུག་པའི་ཕྱིར་མ་ཡིན་ནམ། ངས་ནི་རྟགས་གང་དང་གང་བཀོད་ཀྱང་ཕ་རོལ་རྒོལ་བ་པོའི་འདོད་པ་བསལ་ནས་རང་གི་འདོད་པ་བསྒྲུབ་ཕྱིར་ཡིན་པར་སེམས་སོ།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
འོ་ན་རྟགས་སེལ་ལས་རྟགས་བསལ་ཞེས་པ་མི་འོང་སྙམ།
མི་རབས་ནས་མི་རབས་བར་རྟགས་བསལ་ལམ་རྟགས་གསལ་བཏང་། ཆུང་བྱིས་པ་རྐུབ་ཀྱི་སྐྱག་པ་ཕྱི་མི་ཐུབ་པ་ནས་མགོའི་ཀླད་པ་དམར་པོ་ཆགས་ཆགས་བར་རྟགས་བསལ་ལམ་རྟགས་གསལ་བཏང་། མཐར་དེད་ཡོང་ན། རྟགས་བསལ་ལམ་རྟགས་གསལ་ལའང་འབྲི་ཚུལ་གཅིག་གྱུར་ཅིག་ད་བར་བྱུང་མི་འདུག
ད་དེ་འདྲ་རེད། བརྡ་དག་ཆོས་པའི་ལག་ཏུ་སླེབས་ན་བདག་པོ་ཡག་པོ་རྒྱག་གི་མ་རེད་དོ། ཡར་རྒྱས་གཏོང་གི་མ་རེད་དོ། ཁོང་ཚོར་དུས་ཚོད་ཀྱང་ཡོད་པ་མ་རེད་དོ། འཇིག་རྟེན་འཁོར་བའི་ལས་ལ་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་པ་སྒོམ་དགོས་པ་རེད། འཆི་བ་མི་རྟག་པ་སྒོམ་དགོས་པ་རེད། མི་ཚེ་གང་བོ་བློས་བཏང་ནས་འཆི་ཆོས་བསྒྲུབ་བསྡད་དགོས་པ་རེད། ཁག་མེད།
ངས་སྒོམ་སྡེ་ལྷ་རམ་པར་འཇུ་དགོས་སམ་ཞེས་པ་ནས་འཇུ་རང་ཟེར་དགོས་པ་མི་འདུག་ཅེས་འཇུ་ཞེས་པའི་ཚིག་དེ་སྔོན་ལོ་ངོ་དྲུག་བརྒྱ་བདུན་བརྒྱའི་སྐབས་བོད་ཡུལ་གཞན་དུ་ཡང་། དིང་སང་ལ་དྭགས་པས་བཀོལ་བ་ལྟར། བཀོལ་བ་བོད་དུ་བྲིས་པའི་བསྟན་བཅོས་ན་གསལ། ལ་དྭགས་པས་འཇུ་ཞེས་པ་དང་པོ་ཐུག་དུས་དང་སོ་སོ་་བྱེ་ནས་འགྲོ་དུས་དང་། བཀའ་དྲིན་ཆེ་ཟེར་བའི་སྐད་དོད་ལ་ཡང་ཚིག་འདི་བཀོལ། ང་ལ་སྒྲུང་སྙན་པོ་་ཞིག་ཡོད། ཨ་རི་མི་རིགས་འཇུ་ Jewཞིག་༡༩༧༦ལོར་ལ་དྭགས་ཀྱི་གྲོང་གསེབ་སོ་སོར་བསྐོར་བ་རྒྱབ་པ་ན། གྲོང་ཡུལ་སོ་སོར་མི་ཀུན་གྱིས་གུས་པས་ཁོང་ལ་འཇུ་འཇུ་ཞེས་པ་ན་། ཨ་རི་མི་རིགས་འཇུ་དེས། ང་ག་པར་འགྲོ་ནའང་། འཇུ། འཇུ། ཟེར་བས། ང་འཇུ་ཡིན་པ་འདི་ཀུན་གྱིས་ཇི་ལྟར་ཤེས་ཞེས་བསམ་འདུག
ངའི་སེམས་ལ་ཁྱེད་རྣམས་ན་འགའ་ཞིག་གིས་ཚིག་འདི་འདྲ་སུ་ལའང་མི་གོ་བ་བཀོལ་ནས་ཞེས་སྐྱོན་བརྗོད་ལ་སྒུགས་ཀྱང་སུས་ཀྱང་གང་ཡང་གསུང་མ་སོང་། ལྷག་པར་སྒོམ་སྡེས་ངར་སྒྲ་སྒྲོགས་བསམས་ཀྱང་འཇམ་ཐིང་ངེ་གནས་་་་
བསྟན་འཛིན་ཤེས་རབ་འབོད་པས་སྒོམ་སྡེ་ལྷན་རམས་པའི་མིང་ལ་དམོད་ཚིག་སྒྲོགས་པ་དེ་སྒོམ་སྡེར་ཁ་ཚ་མིག་ཚ་བས་ཡིན་ནམ་ནང་པའི་བསྟན་པར་ཞེན་ཆེ་བས་ཡིན་མི་ཤེས་མོད་ཀྱང་སྤྱི་ཚོགས་སྟེང་ཤེས་ཡོན་པ་སུ་འདྲ་ཞིག་གིས་ཀྱང་རང་ཉིད་ཀྱི་ཤེས་ཡོན་གྱི་ཚད་གནས་དེ་རང་མིང་དང་ལྷན་དུ་འབྲ་མཁན་ཧ་ཅང་མང་བས་སྒོམ་སྡེ་ལྷ་རམས་པས་ཀྱང་རང་ཉིད་ཀྱི་མིང་ཟུར་རང་ཉིད་ཀྱི་ཤེས་ཚད་ཀྱི་མིང་བྱང་འབྲི་མི་ཆོག་རྒྱུ་ཅང་མ་མཆིས་བསམ།
ད་དུང་ཁོ་རང་གིས་མིང་བྱང་འདིས་གདན་ས་ཁག་གི་མིང་དོ་མི་མཚུངས་པའི་དགེ་བཤེས་ལྷ་རམས་པ་ཁོ་ནར་མཁོ་དགོས་མཆིས་ཚེ་དགེ་བཤེས་ལྷ་རམས་པ་ཚོས་ཐོག་མར་གཏོང་ཡིག་འབྲི་ཚུལ་སོགས་རིག་གནས་ཆ་ཚང་བ་ཤེས་རྒྱུར་འབད་གལ་ཆེ་དེ་མིན་རང་མིང་ཡང་འབྲི་ཤེས་ལ་མ་ཤེས་པའི་ལྷ་རམས་པ་དེ་ཚོ་ཁྱི་ལ་སེང་གེའི་མིང་བཏགས་པ་དང་གཅིག་མཚུངས་རེད། གང་ལྟར་སྒོམ་སྡེ་ལྷ་རམས་པ་མིང་དོན་གཉིས་མཚུངས་ཀྱི་ཤེས་ཡོན་པ་ཞིག་ཏུ་འདོད།
སྒྲུང་དེ་རྨ་རྒྱ་ལ་འདུག འཇུ། འཇུ།
རྟགས་བསལ་དང་རྟགས་གསལ་གྱི་སྐོར་གྱི་རྒྱལ་ཁ་ནི་སྒོམ་སྡེ་ལ་ཐོབ་སོང་བ་ཡིན་པ་འདྲ། སྒོམ་སྡེས་ལུང་མང་པོ་ཞིག་ཁྱེར་ཡོང་དུས་དེ་སྔར་སྟག་དང་སེངྒེ་ནང་བཞིན་ངར་ནས་སྒོམ་སྡེའི་ཁ་གཏད་ལ་ལངས་མཁན་ཚོ་ཚང་མ་ཁུ་སིམ་པོར་སོང་འདུག
ལུང་དང་རིག་པ་ཡོད་ན་སྒོམ་སྡེའི་ཁ་གཏད་ལ་ལངས་ཤོག
བསྒྲུབ་བྱའི་ཆོས་ཀྱིས་གང་བསལ་བ་ཡིན་ནམ། ཅི་ཞིག་གསལ་བ་ཡིན། རྟགས་གསལ་མ་དག་རྒྱུན་འབྱམས་ཡིན་ན། འདོད་རྒྱལ་མཁན་པོས་བཏགས་པའི་ཡིག་རྙིང་ཁུངས་ལྡན་དགོས་པ་ལས་འདིར་རིགས་པས་སྒྲུབ་མི་ཐུབ་སྙམ།