ངེད་ཀྱི་ཚིག་མཛོད་དམ་སྒོམ་སྡེ་ཚིག་མཛོད་༼མདོ་སྔགས་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང༽ཞེས་བྱ་བ་འདིའི་ངོ་སྤྲོད་མདོར་བསྡུས་ཤིག་འབུལ་བ་ལ།
ཚིག་མཛོད་འདི་སྤར་ཐེངས་དང་པོར་ཤོག་ངོས་༧༨༣ཙམ་ཡོད་ཅིང་། སྤར་འདེབས་བོད་གཞུང་རིག་གཞུང་སྤར་ཁང་ནས་༢༠༠༥ལོར་བྱས། འདིའི་སྤར་སྐྲུན་གྱི་མཐུན་འགྱུར་ཕལ་ཆེར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་སྒེར་ཡིག་ཚང་ནས་གནང་། སྤར་འདེབས་ཐེངས་གཉིས་པ་འདིར་ཤོག་ངོས་༡༢༠༠ལ་ཉེ་བ་ཞིག་ཡོད་ཅིང་། ༢༠༡༠ལོར་རིང་མིན་སྤར་སྐྲུན་བྱ་རྒྱུའི་འདུན་པ་ཤས་ཆེར་ཡོད་ལགས།
ཨ་རིའི་ཀ་ལི་ཕོ་ནི་ཡའི་བཛྲ་པ་ཎིའི་ཆོས་ཚོགས་སུ་ཆོས་དགེ་བྱེད་དུས་སྒོམ་སྡེ་ཁང་ཚན་འདི་ཉིད་གང་སྤྱིའི་ཐད་ནས་ཚགས་སུ་ཚུད་པ་ཞིག་བྱས་རྗེས། ཕྱི་ལོ་(༡༩༩༨)ནས་ད་བར་མི་ལོ་བཅུ་གཉིས་རིང་གསང་ཡུམ་དྲིན་ཅན་འདི་ཙམ་ལས་གཞན་མཐུན་སྦྱོར་སྦྱིན་བདག་སོགས་གང་ཡང་མེད་པར་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ། གྲྭ་རྐྱང་ཞིག་དང་མཚུངས་པར་དཔལ་འབྱོར་འདུ་འགོད་དང་དགྲ་འདུལ་གཉེན་སྐྱོང་སོགས་བློས་བཏང་སྟེ། འདོད་ཆུང་ཆོག་ཤེས་ཀྱི་རྟུལ་ཞུགས་བཟུང་སྟེ། རང་རེའི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་ཉེན་འཕྲང་ཅན་གྱི་དུས་སྐབས་འདི་ལ། འཇིག་རྟེན་གྱི་ཁ་དཔེར། མ་ཁྱོག་ཀྱང་འདྲུད་ཅེས་པའི་དཔེ་ལྟར་རང་ནུས་གང་ཡོད་ཀྱིས་མི་རིགས་ཀྱི་ཞབས་འདེགས་སུ་ལྷག་བསམ་གྱི་ཞེན་པ་དཀར་པོས་«མདོ་སྔགས་ཀྱི་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་ཞེས་བྱ་བ»འདི་ཉིད་བརྩམས།
བོད་རིགས་སྤུན་ཟླ་སྤྱི་དང་། ལྷག་པར་གཞི་ལུས་སྤུན་ཟླ་རྣམས་ནས་རང་གི་གཅེས་པའི་ལུས་སྲོག་ཀྱང་རང་མི་རིགས་ཀྱི་ཆེད་དུ་ཕངས་མེད་དུ་བཏང་ནུས་ན། ངེད་ཅག་རང་དབང་ལུང་པར་ཡོད་པ་རྣམས་ནས་སོ་སོའི་མི་རིགས་ཀྱི་ཆེད་དུ་སྙན་གྲགས་དང་། དཔལ་འབྱོར། དུས་ཚོད་སོགས་ཅིས་ཀྱང་གཏོང་བར་རིགས་སོ། །
༡ དྲི་བ། རྫོགས་ཆེན་གྱི་ཀ་དག་ལྷུན་གྲུབ། ས་སྐྱའི་གསལ་སྟོང་འཛིན་མེད་འཁོར་འདས་དབྱེར་མེད། བཀའ་རྒྱུད་ཀྱི་ཕྱག་ཆེན།
དགེ་ལུགས་པའི་བདེ་སྟོང་དབྱེར་མེད་ཟེར་བ་འདི་ཚོའི་ཁྱད་པར་དང་གོ་དོན་འགྲེལ་བཤད་རྒྱག་རོག་གནང་།
དྲི་ལན།
༡༽
༼རྙིང་མ༽ཀ་དག་ལྷུན་གྲུབ། ཀ་དག་གི་དོན་ནི། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། གློ་བུར་གྱི་རྐྱེན་ཞིག་གིས་དགག་བྱའི་དྲི་མ་གསར་དུ་དག་པ་མིན་པར་ཡེ་གདོད་མ་ནས་དག་པ་ཡིན་པས་ན། ཀ་དག་དང་། ལྷུན་གྲུབ་ནི། རང་གྲུབ་ཙམ་ནས་རང་ཆས་སུ་གྲུབ་པས་ལྷུན་གྲུབ་བམ་ལྷན་སྐྱེས་ཟེར་བ་ཡིན་འདུག སེ་ར་བྱེས་ཀྱི་རྟ་མགྲིན་གཏོར་འབུལ་ནང་། ཀ་དག་ལྷན་སྐྱེས་བདེ་ཆེན་རོལ་པ་ལས། །ཞེས་གསུངས་པ་ལྟར་ཡིན་འདུག འདི་ནི་རྨོངས་འཆར་འདི་ཙམ་དང་། འདིར་རྙིང་མའི་ཐོག་མཁས་པ་མང་པོ་འདུག ཁོང་ཅག་གིས། འགྲེལ་བཤད་གསལ་པོ་བཀྱོན་གྱི་རེད།
༢༽
༼བཀའ་བརྒྱུད༽ཕྱག་ཆེན། ཕྱག་རྒྱ་ཆེན་པོའི་གོ་དོན་དགེ་ལུགས་དང་བཀའ་བརྒྱུད་པ་གཉིས་ལ་མི་འདྲ་བ་ཡོད་པ་རྣམས་ཁོ་བོའི་ཚིག་མཛོད་ནས་ཁོང་དུ་ཕྱུང་སྟེ་ཕུལ་ཡོད།
ཕྱག་རྒྱ་ཆེན་པོ། ❶ (དགེ་ལུགས) ཟུང་འཇུག་གི་གོ་འཕང༌། རྗེའི་རིམ་ལྔ་གསལ་སྒྲོན། ཕྱག་རྒྱ་ཆེན་པོ་ནི་ཟུང་འཇུག་གོ། ཞེས་གསུངས། ❷ (དགེ་ལུགས) ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ་ཟེར། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཞེས་པ། ལྷའི་སྐུ་དངོས་གནས་ལ་གྲུབ་པའི་ཞལ་ཕྱག་ཡོངས་སུ་རྫོགས་པའི་ལྷ་སྐུའམ་ཡི་དམ་གྱི་ལྷ། ཡང་ན་རང་གི་ཐ་མལ་པའི་ལུས་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྒོམས་ནས་ང་རྒྱལ་དང་གསལ་སྣང་་བརྟན་པོ་ཐོབ་ནས་རེག་མཐོང་ལྟ་བུའི་མཚན་མ་བརྟན་པོ་རྙེད་པ་ན། སྐུ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ཀློང་རྡོལ་བླ་མས། ཐ་མལ་ལུས་ལ་རྟེན་དང་བརྟེན་པའི་ལྷར། །གསལ་སྣང་ང་རྒྱལ་བརྟན་པོས་རིམ་སྦྱངས་པས། །རེག་མཐོང་ལྟ་བུའི་མཚན་མ་རྙེད་པ་དང༌། །དེ་ལ་སྐུ་ནི་ཕྱག་རྒྱ་ཆེན་པོ་ཟེར། །ཞེས་གསུངས་པ་ལྟར་རོ། །འདི་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཡང་ཟེར། ❸ (བཀའ་བརྒྱུད) བཀའ་བརྒྱུད་པས་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ལ་བཤད་དེ། རང་བཞིན་ལྷན་ཅིག་སྐྱེས་པ་ཇི་ལྟ་བར་རྟོགས་པ་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར། ཕྱག་རྒྱ་ཆེན་པོའི་སྒྲ་བཤད་ནི། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས། ཕྱག་རྒྱ་ཆེན་པོ་ལ་སཾ་ཀྲྀ་ཏའི་སྐད་དུ་མ་ཧཱ་མུ་དྲཱའི་སྒྲ་ལས་དྲངས་པ་མི་འདའ་བའམ་མི་ཕྱེད་པའམ་མི་སྟོང་བ་ལ་འཇུག་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས་མདོག་མ་བསྒྱུར་བར་དུས་གསུམ་དུས་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་ལོགས་པའམ་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །ཞེས་ངེས་དོན་རྒྱ་མཚོར་གསུངས། སི་ཏུ་པཎ་ཆེན་གྱིས། མུ་དྲཱ་ཞེས་པ་མི་འདའ་བར་བྱེད་པའི་རྒྱའི་སྐད་དོད་ཡིན་པ་ལ་འཁྲུལ་གཞི་གཞན་བསལ་བའི་ཕྱིར། ལོ་ཙཱ་བ་རྣམས་ཀྱིས་ཕྱག་གི་སྒྲ་བླ་ཐབས་སུ་བསྣན་ནས་ཕྱག་རྒྱ་ཞེས་བསྒྱུར་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འདི་ལས་མི་འདའ་བའི་དོན་དང༌། ཆེན་པོ་ཞེས་པ་འདིའི་གོང་ན་ཆོས་གཞན་མེད་པའམ་ལས་ཆོས་དམ་ཚིག་གི་ཕྱག་རྒྱ་གསུམ་ལས་ཁྱད་པར་འཕགས་པའི་དོན་ནོ། །ཞེས་དེ་ཉིད་ཀྱི་ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པར་གསུངས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཟུང་དུ་འཇུག་པས་ན་ཕྱག་རྒྱ། དེའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ན་ཆེན་པོ་སྟེ་ཆོས་ཐམས་ཅད་དེ་ལས་མི་འདའ་བའོ། །དེའི་ཚེ་ཕྱིའི་སྣང་བ་ཐམས་ཅད་སྣང་སྟོང་ཟུང་འཇུག ནང་གི་རིག་པ་མཐའ་དག་རིག་སྟོང་ཟུང་འཇུག སྣང་རིག་ཕྲད་པའི་ཚེ་ཚོར་བ་མཐའ་དག་བདེ་སྟོང་ཟུང་འཇུག་ཡིན་པ་ལས་དང་པོ་གཉིས་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ། ཕྱི་མ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་གསུངས་ཤིང༌། ཞེས་ཤེས་བྱ་མཛོད་འགྲེལ་ན་གསལ། སྒྲ་བཤད་གཞན་ཡང་འདི་ལྟར། ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པའོ། །ཞེས་གསུངས། ཕྱག་རྒྱ་ཆེན་པོའི་སྒྲ་བཤད་དང་ངེས་ཚིག་ལ་དོགས་གཅོད། ཕྱག་རྒྱ་དང༌། ཡེ་ཤེས་དང༌། གོ་རིམ་ལ་སོགས་པ་ལ་རྒྱ་གར་ན་ཡེ་དང༌། ཕྱག་དང༌། གོ་ལ་སོགས་པའི་སྒྲ་མེད་ཀྱང༌། བོད་སྐད་ལ་ཚིག་སྦྱར་བ་བདེ་བའི་དོན་དུ་བསྣན་ནས་བསྒྱུར་བ་མཁས་འཇུག་ལས་གསུངས་ཞེས་དང༌། རྒྱ་སྐད་ལ་ཡེ་དང་ཕྱག་སོགས་ཀྱི་སྐད་དོད་མེད་ན། ཕྱག་ཆེན་ཐིག་ལེ་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་འབྱུང་བ་ཅི་ཡིན་ཞེ་ན། འདི་དང་རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། ། འཁོར་ནི་ལེན་པའོ། །ཞེས་པ་ལྟ་བུ་དག་ལོ་ཙཱ་བ་རྣམས་ཀྱིས་གོ་བདེའི་ཐབས་ཙམ་དུ་དགོངས་ནས་ཅུང་ཟད་བསྒྱུར་ཆེས་པར་སྣང་སྟེ། འདི་འདྲའི་སྐབས། མུ་ནི་སྟོང་པའི་ཡེ་ཤེས་ཏེ། །དྲ་ནི་འཁོར་བའི་ཆོས་ལས་གྲོལ། །ཞེས་དང༌། མཎྜ་ནི་སྙིང་པོའོ། །ལ་ནི་ལེན་པའོ། །ཞེས་སྐད་དོད་རང་སོར་བཞག་ན་ཚིག་དོན་གཉི་ག་ལ་འགྲིག་པར་སྣང་ངོ༌། །ཞེས་རྗེ་གུང་ཐང་པ་གསུང་ངོ༌། །
༣༽
༼ས་སྐྱ༽གསལ་སྟོང་འཛིན་མེད། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ལ་གསལ་བ་ཟེར་གྱི་ཡོད་དམ་སྙམ། སྐབས་རེར་གྲུབ་མཐའ་གཞན་དུ་གསལ་བ་སེམས་ཀྱི་མཚན་ཉིད་ཟེར་བའང་འདུག སྟོང་པ་ནི་དགག་བྱའི་བདག་བཀག་པ་ལ་སྟོང་པ། འཛིན་མེད་ནི། སྟོང་པ་ངེས་པ་ན་དགག་སྒྲུབ་གང་ཡང་མི་བྱེད་པར་འཛིན་མེད་ཀྱི་ངང་དུ་ཆམ་མེ་འཇོག་པ་ལ་ཟེར་བ་ཡིན་འདུག ས་ཆེན་གྱིས། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་དང་། བཞི་བརྒྱ་པ་ལས་ཀྱང་། མཐའ་མར་ལྟ་ཞིག་ཀུན་ལྡོག་པ། །ཞེས་གསུངས། དཔལ་བཀའ་བརྒྱུད་པས་འདི་ལ། ༼ཀད་དེ་བ༽ཞེས་ཐ་སྙད་གསུང་གི་འདུག འདི་ཡང་རྨོངས་འཆར་ཡིན་པས་ནོར་ན་དགོངས་དག ས་སྐྱ་མཁས་དབང་ཚོས་འདི་ལ་འགྲེལ་བཤད་གསལ་པོ་གནང་རོགས།
༤༽
༼དགེ་ལུགས༽ བདེ་སྟོང་དབྱེར་མེད་དམ། མཐའ་བྲལ་དབུ་མའི་ལམ། བདེ་སྟོང་དབྱེར་མེད་ཞུ་བ་འདི། སྔགས་དང་འབྲེལ་བའི་ཐ་སྙད་ཅིག་རེད། བདེ་སྟོང་དབྱེར་མེད་ཀྱི་དོན་ནི། རྗེ་ཙོང་ཁ་པ་ཆེན་པོའི་གསུང་གསང་འདུས་དཀའ་གནད་ཟིན་བྲིས་ལས། ལྟེ་བའི་ཨ་ཐུང་འབར་ནས་སྤྱི་བོའི་ཧཾ་ཡིག་ཞུ་བའི་འདུ་འཕྲོད་ལ་བརྟེན་ནས་བྱུང་བའི་བདེ་བས་སྟོང་པ་ཡུལ་དུ་བྱས་ནས་འཛིན་པ་ནི་བདེ་སྟོང་དབྱེར་མེད་པའི་དོན་ནོ། །ཞེས་གསུངས་པ་ལྟར། ཅུང་ཟད་གོ་བདེ་བར་བཤད་ན། ཨ་ཐུང་ལ་མཉམ་འཇོག་དུས་ལུས་སེམས་ལ་བདེ་ཉམས་ཆེན་པོ་ཞིག་སྐྱེ་ཞིང་། དེ་ལྟ་བུའི་བདེ་བ་དེ་གས་སྟོང་ཉིད་ལ་མཉམ་པར་འཇོག་པ་ལ་བདེ་སྟོང་དབྱེར་མེད་ཞུ་བ་རེད། སྤོམ་བཤད་བྱས་ན་དེ་འདྲ་རེད་ལགས།
མཐའ་བྲལ་ཞེས་པའི་མཐའ་གཉིས་ནི། ཡོད་མཐའ་དང་མེད་མཐའ་གཉིས་རེད། མདོར་ན། ཐ་སྙད་དུ་ཡོད་པ་དང་། གཏན་ནས་མེད་པ་གཉིས་ལ་མཐའ་གཉིས་ཟེར། སྟོང་ཉིད་ནི་དེ་ གཉིསདང་བྲལ་བས་དབུ་མ་ཟེར་ཞིང་། དེ་རྟོགས་པའི་ཤེས་རབ་ལ་དབུ་མའི་ལམ་ཟེར།
ས་དགེ་བཀའ་རྙིང་གི་བྱུང་རིམ་ནི། ངོས་ནས་གོང་དུ་བཤད་པ་ལྟར་རེད།
༡ ༼རྙིང་མ༽
༢༽༼བཀའ་བརྒྱུད༽
༣༽ ༼ས་སྐྱ༽
༤༽ ༼དགེ་ལུགས༽
བཀའ་བརྒྱུད་དང་ས་སྐྱ་གཉིས་བྱུང་རིམ་ཧ་ཅང་ཉེ་པོ་ཡིན་ཙང་། མང་པོས་ས་སྐྱ་སྔོན་ལ་བྲིས་པ་དེ་འདྲ་འདུག དེ་ཏན་ཏན་ནོར་བ་རེད་སྙམ། གང་ལགས་ཤེ་ན།
དེའི་ལན། ངེད་ཀྱི་ཚིག་མཛོད་ནས་ཁོལ་དུ་ཕྱུང་སྟེ་ཞུ་ན།
(དེབ་སྔོན་གཞིར་བཞག་བྱས་ཚེ་མར་པས་དགུང་གྲངས་སོ་གཅིག་བཞེས་ཚེ། ས་སྐྱ་ཕྱག་འདེབས་པ་པོ་འཁོན་དཀོན་མཆོག་རྒྱལ་པོ་དགུང་ལོ་དགུ་ཡིན་པར་གསུངས་ཤིང་། འཁོན་དཀོན་མཆོག་རྒྱལ་པོ་དགུང་གྲངས་བཞི་བཅུ་བཞེས་པ་ཆུ་མོ་གླང་ལ་(༡༠༨༥)ས་སྐྱ་ཕྱག་བཏབ་པར་དེབ་སྔོན་དུ་གསུངས། དེའི་ཕྱིར་བཀའ་བརྒྱུད་ཅུང་སྔོན་ལ་བྱུང་བར་ངེས་སོ། །དེ་ཡང་དེབ་སྔོན་སྟོད་ཆ་༩༩ལས། དེ་ལྟར་ན་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། དེའི་ཚེ་རྗེ་མར་པས་ལོ་སོ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན། ཞེས་གསུངས། གཞན་ཡང་། མར་པ་ལོ་ཙཱ་བ་ཆེན་པོ་དང་། འགོས་ཁུག་པ་ལྷས་བཙས་རྣམ་གཉིས་སྐུ་དུས་མཚུངས་པར་བྱོན་ཞིང་། འགོས་ལོ་ཆེན་པོ་ནི། འཁོན་དཀོན་མཆོག་རྒྱལ་པོའི་བླ་མའི་གཙོ་བོ་ཡིན་པར་གསུངས་པ་དེས་ཀྱང་ཤེས་ནུས་སོ)
གོང་གི་དེ་དག་གི་དོན་བསྡུ་ལྟ་བུར་གོ་བདེ་མདོར་བསྡུས་ཤིག་བརྗོད་ན།
༡༽
༼རྙིང་མ༽ ཡེ་གདོད་མ་ནས་དག་པས་ན་ཀ་དག རང་གྲུབ་ཙམ་ནས་རང་ཆས་སུ་གྲུབ་པ་ན་ལྷུན་གྲུབ་བམ། ལྷན་སྐྱེས།
༢༽
༼བཀའ་བརྒྱུད༽ སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ས་རང་ས་ནས་སོ་མ་ཉམས་མདོག་མ་བསྒྱུར་བར་དུས་གསུམ་དུས་མེད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མི་འདའ་བས་ཕྱག་རྒྱ། དེ་ལས་ལོགས་པའམ་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །ཞེས་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་ངེས་དོན་རྒྱ་མཚོར་གསུངས།
༣༽
༼ས་སྐྱ༽སྣང་བས་ན་གསལ་བ། དགག་བྱས་སྟོང་པས་ན་སྟོང་པ། དགག་སྒྲུབ་ཅི་ཡང་མི་བྱེད་པར་བཞག་པས་ན་འཛིན་མེད།
༤༽
༼དགེ་ལུགས༽ བདེ་བ་དང་སྟོང་པ་ཞེས་ལོགས་སུ་མེད་པར། བདེ་བ་དེ་གས་སྟོང་ཉིད་རྟོགས་པས་ན། བདེ་སྟོང་དབྱེར་མེད་ཅེས་བྱའོ། །སྔགས་བླ་མེད་ཀྱི་ལུགས་ལ། དེ་ལྟ་བུའི་བདེ་བ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ངོ་བོ་གཅིག་ཡིན། ཕར་ཕྱིན་ཐེག་པའི་ལུགས་དང་མི་འདྲ།
༢ དྲི་བ།
ངའི་ངོས་ནས་རྗེ་ཙོང་ཁ་པས་སྟོང་ཉིད་མ་མིན་དགག་དང་མེད་དགག་གང་ཡིན་གསུངས་ཡོད་པ་མི་ཤེས་ལ། དགེ་འདུན་ཆོས་འཕེལ་གྱིས་སྟོང་ཉིད་མེད་དགག་དང་མ་ཡིན་གང་མིན་བརྗོད་པ་ཡང་མི་ཤེས་མོད། སྟོན་པ་གཅིག་གི་རྗེས་འཇུག་དག་གིས་ལྟ་གྲུབ་མི་འདྲ་བ་ཙམ་གྱིས་ཕན་ཚུན་དགྲར་འཛིན་གྱི་བསམ་བློ་བཏང་བ་ཡིན་ན་དེ་ལས་ནོར་འཁྲུལ་ཆེ་བ་ཞིག་ག་ལ་ཡོད་བསམས་ཤིང་། དགེ་ཆོས་རང་ཉིད་ཀྱིས་གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་དུ། “ལར་ཆོས་རྒྱུད་ཕྲ་མོ་འཛིན་པའི་མཁས་པ་མང་བའི་སྐབས་སུ་གྲུབ་མཐའི་ནང་གསེས་ཀྱི་ཁྱད་པར་ཕྲ་མོ་རྣམས་ལ་ཡང་གཅིག་གིས་གཅིག་ལ་དགྲ་བཞིན་དུ་བལྟ། མཁས་པ་རྣམས་ཚར་ནས་ཕྲ་ཞིབ་ཀྱི་རིགས་པ་དེ་དག་ཡལ་བའི་རྗེས་སུ་ས་མཚམས་ཐམས་ཅད་རོ་གཅིག་ཏུ་འདྲེས་ནས་ཀུན་གྱི་འཇུག་པ་བདེ་བ་ཞིག་འོང་བ་འདི་ནི་བླུན་པོ་རྣམས་ཀྱི་ཡོན་ཏན་བླ་ན་མེད་པ་ཞིག་ཏུ་སྣང་།” ཞེས་བྲིས་འདུག་པས། མི་རིགས་ཀྱི་དགྲ་བོ་དང་ལྟ་གྲུབ་ཀྱི་དགྲ་བོ་མི་འདྲ་ཟེར་དགོས་པ་ཡིན་ནམ་གང་ལྟར་མགོ་འཁྲུག་པ་ཞིག་འདུག
དྲི་ལན།
དགེ་ལྡན་པས་སྟོང་ཉིད་མེད་དགག་དང་། གྲུབ་མཐའ་གཞན་གྱིས་མ་ཡིན་དགག་ཏུ་བཞེད་པ་རེད།
ངེད་ཚོ་དགེ་ལུགས་པའི་བླ་རྒན་མང་པོས་དེང་སང་ཡང་དགེ་འདུན་ཆོས་འཕེལ་ལྟ་ལོག་རེད་ཅེས་མི་ཟེར་རམ། ངེད་ཀྱིས་ཀྱང་ལན་མང་ཐོས་མྱོང་། གྲུབ་མཐའ་གཞན་གྱིས་དེ་ལྟར་སྨྲས་པ་ལ་ཡ་མཚན་ཆེར་མི་སྣང་།
གང་ལྟར་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་རང་གི་ལྟ་བར་ཧ་ཅང་ཞེན་ཆགས་ཆེ་བས་དེ་ལ་བརྒལ་ཞིང་རྩོད་མཁན་རྣམས་ལ་དགྲ་ལྟར་བལྟ་བ་འདི་གཅིག་གྱུར་རེད།
དེ་ནི་བློ་བུག་དོག་ཅིང་། དེང་དུས་ཀྱི་མཚན་རིག་དང་། ནང་པ་སངས་རྒྱས་པའི་ལུགས་ལས་ཀྱང་ཕྱི་རོལ་ཏུ་གྱུར་པ་ཞིག་ཏུ་མཐོང་།
ཕལ་ཆེར་རྙིང་མའི་མཁན་པོས་གསུངས་པ་དེ། དགེ་འདུན་ཆོས་འཕེལ་གྱི་༼ཀླུ་སྒྲུབ་དགོངས་རྒྱན༽ལ་བསམས་ནས་གསུངས་པ་རེད། ངེད་ནས་ཐེངས་གཅིག་མཇལ་མྱོང་། རྩོམ་འགྲོས་དང་རིགས་པའི་རྣོ་ངར་ལ་བལྟས་ན་དགེ་འདུན་ཆོས་འཕེལ་གྱི་ཡིན་མིན་ལ་ཐེ་ཚོམ་མི་འདུག ད་དུང་ལན་ཅིག་ཀློག་སྙམ་ཡང་དཔེ་ཆ་མི་འབྱོར།
དགེ་འདུན་ཆོས་འཕེལ་ནི་ལྟ་ལོག་ཕར་ཞོག་ལྟ་བའི་ཉམས་མྱོང་མཐོན་པོར་ཕེབས་ཞེས་སེར་བྱེས་ལྭ་བ་བྱམས་པ་ཆོས་འཕེལ་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་དེས་གསུང་ཞེས་བདག་གི་བླ་མ་དམ་པ་མཚན་བརྗོད་པ་དཀའ་བ་དགེ་བའི་བཤེས་གཉེན་པོ་ཐུབ་བསྟན་བཀྲ་ཤིས་གསུང་། དགེ་འདུན་ཆོས་འཕེལ་ལྭ་བ་བྱམས་པ་ཆོས་འཕེལ་སར་དོགས་འདྲི་གནང་བར་ཡང་ཡང་བཅར་གྱི་རེད་གསུང་།
ངས་བལྟས་ན་རང་གི་ལྟ་བ་ལ་རིགས་ལམ་གྱི་སྒོ་ནས་རྩོད་ཅིང་གནོད་བྱེད་བརྗོད་མཁན་བྱུང་ན། བྱ་ཚང་དུ་རྡོ་འཕངས་པ་ལྟར་འདྲོགས་ནས་སྐད་ལོག་མི་རྒྱག་པར། གཟུ་བོའི་བློས་ཞིབ་མོར་དཔྱད་ན་བློ་བསྐྱེད་ཆེན་པོ་འོང་།
གཞན་གྱིས་ཇི་ཙམ་བརྒལ་ཅིང་བརྩད་ཀྱང་། རང་གི་ལྟ་བ་ལ་གནོད་པ་ལྟ་ཞོག་ད་དུང་ལྟ་བ་ཇེ་གསལ་དུ་འགྲོ་རྒྱུའི་དགེ་མཚན་ཡོད། གལ་ཏེ་དངོས་གནས་ལ་རིགས་པས་གནོད་བྱེད་ཡོད་ན་རང་གི་ལྟ་བ་ཡིན་ཡང་འདོར་རྒྱུ་རེད།
དེ་མིན་རིགས་པའི་དགག་གཞག་བཞག་ནས་བུད་མེད་འཕྱོན་མའི་ཚུལ་ལྟར་ཕན་ཚུན་མཚང་འབྲུ་རེས་བྱེད་པའི་རྣམ་ཐར་དག་ནི་ཤིན་ཏུ་ཉམ་ཐག་ཅིང་ཡ་ང་བའི་བྱིས་པའི་ངང་ཚུལ་ཞིག་ཏུ་སྣང་ངོ་།
༣ དྲི་བ།
དགེ་ལྡན་པས་སྟོང་ཉིད་མེད་དགག་ཏུ་ཁས་ལེན་པའི་མགོ་ཁུངས་གང་ལ་གཏུགས་དགོས། རྗེ་རིན་པོ་ཆེས་བུདྡྷ་པྰ་ཏི་ལ་གཟིགས་སྐབས། རྩ་ཤེས་རབ་བྱེད་བརྒྱད་པའི། བརྟེན་ནས་འབྱུང་བ་མེད་པ་ཡི། །ཞེས་སོགས་ཀྱི་ཐད་ཀྱི་འགྲེལ་བར་གཟིགས་ནས་སྟོང་ཉིད་གསར་དུ་རྟོགས་པའི་ཚུལ་མཛད་པར་གསུངས་པ་འདི་ལས་ཁུངས་འཚོལ་དགོས་སམ།
དྲི་ལན།
དགེ་ལྡན་པས་སྟོང་ཉིད་མེད་དགག་ཏུ་བཞེད་པའི་ཁུངས་ནི། མདོ་སྡེ་དགོངས་འགྲེལ་དང་། ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ། བཞི་བརྒྱ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཅས་ལ་གཏུགས་པར་གསུངས།
དེ་ཡང་དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ། ཞེས་པ་ནས་གསུངས་པར་བཤད། རྩ་ཤེས་སུ། འགག་པ་མེད་པ་སྐྱེ་མེད་པ། །ཞེས་སོགས་ཀྱིས་དོན་དམ་པར་སྐྱེ་འགག་སོགས་བརྒྱད་མེད་པ་མཉམ་གཞག་གི་ཡུལ་དུ་གསུངས་ལ། བཞི་བརྒྱ་པའི་འགྲེལ་པར་ཡང་། གང་ཞིག་ཞི་བའི་སྒོ་གཉིས་སུ་མེད་པ་དེ་ནི་བདག་མེད་པའོ། །གང་ཞིག་ལྟ་བ་ངན་པ་རྣམས་འཇིག་པར་བྱེད་པ་དེ་ནི་བདག་མེད་པའོ། །ཞེས་སོགས་ཀྱི་གཞུང་ལ་གཏུགས་པར། རྗེ་གུང་ཐང་པའི་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པ་ཤོག་གྲངས་༧༩ན་གསུངས་པ་ལྟར་ཡིན་ལགས།
གཞན་ཡང་སྟོང་ཉིད་མེད་དགག་ཏུ་སྒྲུབ་པའི་རྒྱ་གཞུང་གི་ཚིག་ཡོད་ཀྱང་། ད་ལྟ་གློ་བུར་དུ་མི་དྲན།
ཁྱེད་ཀྱི་གོང་གི་དྲི་བ་གཞན་རྣམས་ལ་ལན་རིམ་བཞིན་འོག་ཏུ་ལན་གདབ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།
(གསལ་བཤད་། འདིར་སྒོམ་སྡེ་ལྷ་རམས་པ་མཆོག་གིས་གནང་བའི་དྲི་ལན་ཆ་ཚང་བསྡེབས་གཅིག་ལ་འགོད་རྒྱུར་ཆུ་ཚོད་དང་ལས་བྲེལ་གྱི་དཀའ་ངལ་འདུག
སྒོམ་སྡེ་ལགས་ཀྱིས་ྐླུ་སྨྱོན་དང་གཞོན་ནུ་ཟླ་མེད། སྤོབས་པ། མགོན་ཕྱག་སོགས་ལ་ཕུལ་བའི་དྲི་ལན་རིམ་བཞིན་ངོས་ཤོག་འདིར་འཇུག་གི་ཡིན།
ནང་བསྟན་ཤེས་རིག་ལ་དོན་གཉེར་ཅན་ཚོར་ཕན་ཐོགས་ཅུང་ཟད་རེ་ཡོང་བའི་རེ་བ་ཡོད།)
༄༅། །ལམ་དྲི་མ་མེད་པ་དངུལ་སྒོང་དག་པའི་སྐོར་ཁ་སྐོང་དང་བཅས་པ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །
འགྲོ་བའི་མགོན་པོ་མི་ཡི་སྐྱེས་མཆོག་མཐོང་ལམ་ཆེན་པོའི་ཡེ་ཤེས་རྒྱུད་ལ་
འཁྲུངས་པའི་དམ་པ་དེས། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་རྣམས། ལམ་སྐོར་ལྔར་བསྡུས་ཏེ་བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་ཡིན་ནོ། །
༡ ལམ་སྐོར་དང་པོ། ཤེས་བྱའི་དེ་ཁོ་ན་ཉིད་བདེན་པ་གཉིས་སུ་གཏན་ལ་ཕབ་པས། གཉིས་འཛིན་གྱི་བློ་རང་སར་ཞིག་སྟེ། ཆོས་རྣམས་བདེན་མེད་དུ་རྟོགས་པ་འདི་ནི་ཀླུ་གྲུབ་སྙིང་པོའི་གདམས་པ་ཡིན། །
༢ ཡུལ་སྣ་ཚོགས་ལ་རོ་སྙོམས་པས། གཉིས་འཛིན་གྱི་བློ་རང་སར་ཞིག་སྟེ།
ཆོས་རྣམས་དུ་མ་རོ་གཅིག་ཏུ་རྟོགས་པ་ནི་ཤེས་རབ་བཟང་པོའི་གདམས་པ་ཡིན། །
༣ རིག་པས་ཆོས་རྣམས་གཏན་ལ་ཕབས་པས་ཆེད་འཛིན་བློའི་སྤུ་རིས་སུབ་ནས།
འཁྲུལ་པའི་ཡིད་རང་གྲོལ་དུ་རྟོགས་པ་ནི། དྷརྨྰ་ཀིརྟིའི་གདམས་པ་ཡིན། །
༤ ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་བསྡོམས་པས། ལས་ཀྱི་སྒྲིབ་པས་གོས་དོན་མེད་དེ། གཉེན་པོ་སྟོབས་སུ་གྱུར་པ་འདི་ནི། ཡོན་ཏན་འོད་ཀྱི་གདམས་པ་ཡིན། །
༥ ཤེས་བྱའི་གནས་ལ་བློ་སྦྱངས་པས། སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་གྱུར་ཏེ། གཟུགས་སྐུ་རྟེན་འབྲེལ་ཆེ་བ་ལས་འཆར་བ་འདི་ནི། རཏྣ་ཨྰ་ཀྰ་ར་ཤྰནྟི་གདམས་པ་ཡིན། །
༦ སྒྲར་སྣང་ཡང་སྒྲ་འཛིན་གྱི་ཤེས་པ་གཏན་ལ་ཕབ་པས། རང་རྒྱུད་དུ་འཛིན་པའི་བློ་ཞིག་སྟེ། བདེན་མེད་ཀུན་རྫོབ་ཀྱི་མཚང་རྟོགས་པ་འདི་ནི། བྲམ་ཟེ་ཤང་ཀུ་རའི་གདམས་པ་ཡིན། །
༧ རིག་པའི་ཤེས་རབ་ཀྱིས་དངོས་འཛིན་གྱི་བློ་བཤིག་པས། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྟོགས་ཏེ།
འཁོར་བའི་ཤེས་པ་མཐའ་བྲལ་དུ་རྟོགས་པ་འདི་ནི། ཡེ་ཤེས་སྙིང་པོའི་གདམས་པ་ཡིན། །
༨ བྱང་ཆུབ་སེམས་གཉིས་ཡིད་ལ་སྦྱངས་པས། བསྟན་པ་གཅིག་ལ་རྫོགས་ཏེ།
དོན་གཉིས་མངོན་དུ་གྱུར་པ་འདི་ནི། །ཤྰནྟ་དེ་བའི་གདམས་ངག་ཡིན། །
༩ སེམས་ཀྱི་སྣང་ཡུལ་ངོས་བཟུང་ནས། །ཐབས་རྟེན་འབྲེལ་ལ་རྩལ་སྦྱངས་པས།
གཤིས་དེ་ཁོ་ན་ཉིད་རྟོགས་པ་འདི་ནི། ཨྰརྱ་དེ་བའི་གདམས་པ་ཡིན། །
༡༠ གནས་སྐབས་རྩ་བ་གཅིག་ཏུ་བསྡུས་ནས། །ལམ་ལྔ་གདན་གཅིག་ལ་ཉམས་སུ་བླངས་པས། །
ས་བཅུ་དུས་གཅིག་ནོན་པ་འདི་ནི། ཐོགས་མེད་ཞབས་ཀྱི་གདམས་པ་ཡིན། །
༡༡ ཕར་ཕྱིན་དྲུག་ཐབས་དང་ཤེས་རབ་གཅིག་ཏུ་བསྡུས་ནས། སྟོང་པ་ཉིད་སྙིང་རྗེ་ཟུང་འཇུག་དུ་བསྒོམས་པས། སངས་རྒྱས་སྐུ་གཉིས་མངོན་དུ་གྱུར་བ་འདི་ནི། གསེར་གླིང་པའི་གདམས་པ་ཡིན། །
༡༢ ལམ་སྐོར་གཉིས་པ། དག་སྣང་ལ་ཡིད་སྦྱངས་པས། །དངོས་འཛིན་གྱི་སྤུ་རིས་སུབས་ནས།
སྣང་བ་སྤྲུལ་སྐུ་འཆར་བ་འདི་ནི། བུདྡྷ་གྲ་ཧྱའི་གདམས་པ་ཡིན། །
༡༣ སྒྲ་དོན་ལ་ངག་སྦྱངས་པས། ཆོས་བརྒྱད་ཀྱི་ཆགས་སྡང་སུབས་ཏེ།
གྲགས་པ་སྔགས་སུ་རྟོགས་པ་འདི་ནི། ངག་གི་དབང་ཕྱུག་གྲགས་པའི་གདམས་པ་ཡིན། །
༡༤ སྟོང་པ་ཉིད་ལ་སེམས་སྦྱངས་པས། རང་བཞིན་བརྒྱད་ཅུའི་རྩ་བ་ཞིག་ནས། །
འོད་གསལ་ཆོས་སྐུ་རྟོགས་པ་འདི་ནི་གུ་དྷ་རི་པའི་གདམས་པ་ཡིན། །
༡༥ ཐབས་ལུས་ཀྱི་འཁྲུལ་འཁོར་གྱིས་གནད་སྦྱངས་པས། འཁྲུལ་པའི་རླུང་རང་མལ་དུ་བཅིངས་ཏེ།
གཟུང་འཛིན་གྱི་རྟོག་པ་བག་ལ་ཞ་བ་འདི་ནི། །ཛ་བ་རི་པའི་གདམས་པ་ཡིན། །
༡༦ རྩ་གསུམ་རླུང་གིས་སྦྱོར་བས་བཀང་པས། སྤྲོས་པའི་དོན་གྱི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས།
ཆོས་སྐུ་རྟེན་རང་གསལ་དུ་རྟོགས་པ་འདི་ནི། ཡེ་ཤེས་ཞབས་ཀྱི་གདམས་པ་ཡིན། །
༡༧ རྩ་བའི་རླུང་ལྔ་གཏོད་ལ་མནན་པས། ཡན་ཡག་གི་རླུང་ལྔ་ལས་སུ་རུང་སྟེ།
ཡོན་ཏན་གྱི་འཆར་སྒོ་དུ་མ་རྟོགས་པ་འདི་ནི། ཀརྨ་བཛྲའི་གདམས་པ་ཡིན། །
༡༨ རླུང་འབྱུང་འཇུག་གནས་གསུམ་ལ། ཡི་གེ་གསུམ་གྱི་བཟླས་པ་བྱས་ནས། །
རིམ་ལྔ་གདན་གཅིག་ལ་རྫོགས་པ་འདི་ནི། ཀླུ་ཡི་བྱང་ཆུབ་ཀྱི་གདམས་པ་ཡིན། །
༡༩ ཕྲ་རགས་ཀྱི་རླུང་གཅིག་ཏུ་བསྡུས་ནས། །སྲོག་རྩོལ་གྱི་རླུང་དུམ་བུར་བཅད།
རྗེས་ལ་དོན་གྱི་ཡེ་ཤེས་རྟོགས་པ་འདི་ནི། །ཨྰནནྟའི་གདམས་པ་ཡིན། །
༢༠ ལྟ་སྟངས་ཀྱི་ཡུལ་ལ་རིག་པ་བསྒྱུར་བས། རླུང་དང་རྟོག་པའི་འགྲོ་ལྡོག་བཅད་དེ། མ་བཅོས་པའི་རྟོགས་པ་འདི་ནི། པྰ་སུ་དྷྰ་རའི་གདམས་པ་ཡིན། །
༢༡ ལྟ་སྟངས་ཀྱིས་རིག་པ་བྱེའུ་འཕུར་དུ་དེད་པས། །འཁྲུལ་བའི་རླུང་གིས་ཀླགས་བཙལ་དུ་མེད་དེ། །
འོད་གསལ་འགྲོ་འོང་མེད་པར་རྟོགས་པ་འདི་ནི། ཀྲིཥ་ཎ་པའི་གདམས་པ་ཡིན། །
༢༢ རྩ་བ་མ་རིག་པའི་རླུང་བཅིངས་པས། །ཡན་ལག་གི་རླུང་ཕྲ་རགས་ཐམས་ཅད་ཚུད་ནས།
རྩོལ་མེད་བྱང་ཆུབ་ཀྱི་རླུང་དུ་རྟོགས་པ་འདི་ནི། །པདྨ་བཛྲའི་གདམས་པ་ཡིན། །
༢༣ ལམ་སྐོར་གསུམ་པ། ཉམས་མྱོང་གི་སྣ་བདེ་བས་འདྲེན་པར་བྱེད་པས།
གཞན་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ་བརྟེན་ནས། བདེ་གསལ་སྟོང་པའི་ཉམས་དངོས་སུ་སྐྱེ་བར་བྱེད་པ་འདི་ནི།མཚོ་སྐྱེས་རྡོ་རྗེའི་གདམས་པ་ཡིན། །
༢༤ རྟེན་དམན་པ་ལ་ཡོན་ཏན་སྐྱེ་དཀའ་བས། མཚན་ལྡན་རིགས་ཀྱི་ཕྱག་རྒྱ་མ་ལ་བརྟེན་ནས།
དངོས་གྲུབ་ཐོབ་པ་བྱེད་པ་འདི་ནི། ཨིནྡྲ་བྷུ་ཏིའི་གདམས་པ་ཡིན། །
༢༥ རྒྱུད་མ་སྨིན་པའི་མི་ལ། ཡོན་ཏན་གྱི་རྩི་མི་ཆགས་པས། །
ཐོག་མར་རྒྱུད་སྦྱང་སྔོན་དུ་གཏོང་དུ་གཏོང་བ་འདི་ནི། ཌོམྦྷི་པའི་གདམས་པ་ཡིན། །
༢༦ ཐབས་ཀྱི་དམ་ཚིག་ཉམས་པར་གྱུར་ན། ཡོན་ཏན་གྱི་འཆར་སྒོ་འགགས་པས།
གཉེན་པོ་སྟོབས་ལྡན་འདི་ནི། ནག་པོ་ཞབས་ཀྱི་གདམས་པ་ཡིན། །
༢༧ འོག་སྒོ་སྟེང་གིས་འཆུན་པར་གྱུར་ན། བདུད་རྩི་རང་འགག་ལ་འགྲོ་བ་ཡིན་པས།
རྡོ་རྗེ་སྲིན་པོའི་ཁ་འཆིང་པ་འདི་ནི། ལྰུ་ཧི་པའི་གདམས་པ་ཡིན། །
༢༨ འཁོར་ལོ་རང་གནས་སུ་གྲོལ་བས། །དགའ་བ་བཞིའི་ཡེ་ཤེས་སྐྱེས་ནས།
སྤྲོས་མེད་ལྷན་ཅིག་སྐྱེས་པར་རྟོགས་པ་འདི་ནི། །བིརྺ་པའི་གདམས་པ་ཡིན། །
༢༩ བདེ་བདྲོད་ཀྱི་མེ་ཆེན་འབར་བས། །ཁམས་ལྔའི་དྭངས་མ་ཞུ་ནས།
འབྱུང་པའི་ཐག་པ་ཟད་པ་འདི་ནི། །ཏེ་ལོ་པའི་གདམས་པ་ཡིན། །
༣༠ བདེ་བའི་རོ་སྟོང་པར་འབར་བས། གསལ་བ་རང་ཤུགས་ལས་གྲུབ་སྟེ།
མི་རྟོག་པའི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་འདི་ནི། ཀུ་ཀུ་རི་པའི་གདམས་པ་ཡིན། །
༣༡ རང་གསལ་རང་མདངས་དང་ལྡན་པའི་ཉམས་ཀྱིས། ཡུལ་གྱི་འཁྲུལ་པ་རང་སར་བཅོམ་ནས།
རྟོགས་པའི་གདིང་མངོན་དུ་གྱུར་པ་འདི་ནི། སྒེག་པའི་རྡོ་རྗེའི་གདམས་པ་ཡིན། །
༣༢ དབབ་བཟུང་བཟློག་པ་དགྲམ་པའི་གནད་ཀྱིས། ཐིག་ལེ་རྡོ་རྗེའི་དབྱིངས་སུ་ཆགས་པར་གྱུར་ནས།
ནམ་མཁའ་རྡོ་རྗེའི་གྲོང་དུ་འཇུག་པ་འདི་ནི། ནྰ་རོ་པའི་གདམས་པ་ཡིན། །
༣༣ ལམ་སྐོར་བཞི་པ།
བརྒྱུད་ལྡན་བླ་མའི་བྱིན་རླབས་ཕོག་པས། སྣང་བ་མེད་པའི་ཆོས་ཉིད་རྟོགས་ནས།
རང་གྲོལ་སྤང་བླང་མེད་པར་རྟོགས་པ་འདི་ནི། ས་ར་ཧའི་གདམས་པ་ཡིན། །
༣༤ ཐབས་ཀྱི་སྤྱོད་པས་བློ་ཡི་སྤུ་རིས་བཤིག་པས། ཆོས་ཉིད་མ་བཅོས་པའི་དོན་མངོན་དུ་གྱུར་ནས།
རེ་དྭོགས་མེད་པའི་གནས་ལུགས་རྟོགས་པ་འདི་ནི། །སྰ་ག་རིའི་གདམས་པ་ཡིན། །
༣༥ རྐྱེན་སྐྱེས་ཐུགས་ཕྲད་ཀྱི་ཤེས་པ་ངོས་བཟུང་བས། དྲན་པ་དོན་གྱི་ངོ་བོ་རྩ་བ་དང་བྲལ་བས།
འགྱུ་བྱེད་ཀྱི་བློ་ཐམས་ཅད་གཞི་གཅིག་ཏུ་རྟོགས་པ་འདི་ནི། ཏོག་རྩེ་པའི་གདམས་པ་ཡིན། །
༣༦ གཞི་མ་བཅོས་གཉུག་མའི་སྟེང་དུ། བློ་མི་གཡོ་རང་ལུགས་བཞག་པས། །
ཉམས་བཏབ་གཞག་མེད་པར་འཆར་བ་འདི་ནི། ཀ་ཤ་པའི་གདམས་ངག་ཡིན། །
༣༧ ཡིད་ཀྱི་འཇུར་པུ་རང་སར་ཀློད་པས། འཁྲུལ་རྟོག་གིཆགས་སྡང་རང་སར་ཡལ་དུ་སོང་སྟེ།
མ་བཅོས་པར་རང་ཉམས་ལ་གནས་པ་འདི་ནི། ཀམ་པ་ལའི་གདམས་པ་ཡིན། །
༣༨ དུས་གསུམ་གྱི་ཤེས་པ་ཡིད་ལ་མ་བྱས་པས། དྲན་རྟོག་སྔ་ཕྱི་རྒྱུན་མ་འཕྲད་དེ།
ཤེས་པ་རྩིས་གདབ་མེད་པར་འཇོག་པ་འདི་ནི། གྷུ་དྷ་རི་པའི་གདམས་ངག་ཡིན། །
༣༩ གང་སྣང་སྐྱེ་མེད་དུ་ཤེས་པས། འཁྲུལ་ཕྱིར་ཡིད་མི་འབྲངས་ཏེ།
བག་ཆགས་ཀྱི་དགོས་དོན་མེད་པ་འདི་ནི། ཙརྱ་པའི་གདམས་ངག་ཡིན། །
༤༠ ཅིར་སྣང་འགགས་མེད་དུ་ཤེས་པས། འཛིན་རྟོག་རྩད་ནས་བཅད་པར།
འགྱུ་བ་རང་སངས་ལ་གཏོང་བ་འདི་ནི། ཤ་བ་རི་པའི་གདམས་པ་ཡིན། །
༤༡ དུག་ལྔ་རྐྱེན་དུ་ཤེས་པས། ངོ་བོ་རྩ་བ་དང་བྲལ་ཏེ།
རྟོགས་པའི་གསོལ་བ་འདེབས་པ་འདི་ནི། ཨ་བ་བྷྰུ་ཏི་པའི་གདམས་པ་ཡིན། །
༤༢ སྤང་བྱ་གཉེན་པོ་འདྲེས་པས། སོར་བཞག་གི་རྒྱལ་ས་ནས།
ས་ལམ་གཅིག་རྫོགས་སུ་འགྲོ་བ་འདི་ནི། ཉི་མ་སྦས་པའི་གདམས་པ་ཡིན། །
༤༣ བརྡ་དོན་གནད་གྲོལ་བས། དོན་གྱི་རྩ་བ་ཆོད་ནས།
འཁོར་འདས་གཅིག་ཏུ་རྟོགས་པ་འདི་ནི། རིན་ཆེན་རྡོ་རྗེའི་གདམས་པ་ཡིན། །
༤༤ ལམ་སྐོར་ལྔ་པ།དཔའ་གདིང་བར་དང་ལྡན་པས། རིག་པ་ཡུལ་ལ་བཅིངས་ཏེ།
འགྱུ་བ་བཙན་ཐབས་སུ་གཅོད་པ་འདི་ནི། ལེགས་སྨིན་ཀ་རའི་གགདམས་པ་ཡིན། །
༤༥ འཁྲུལ་བ་དུམ་བུར་གཏུབ་པས། ཡུལ་གྱི་བག་ཆགས་མི་ལེན་ཏེ།
རིག་པའི་བྱིའུ་འཕུར་དུ་ཁྱེར་བ་འདི་ནི། རི་ཁྲོད་མའི་གདམས་པ་ཡིན། །
༤༦ རང་གསལ་རིག་གཞི་ལས་བསླངས་ནས། ཉམས་མྱོང་ཡུལ་གྱི་སྟེང་དུ་དཀྲུགས་པས།
རིག་པ་དྭངས་སྙིགས་འབྱེད་པ་འདི་ནི། །དྲི་མེད་མའི་གདམས་པ་ཡིན། །
༤༧ འཆུན་སྡེམ་གཉེན་པོ་བཤིག་པས། ཡིད་ཀྱི་འཇུར་བུ་གྲོལ་ནས།
བློ་མཐའི་སྤུ་རིས་ཡལ་བ་འདི་ནི། པདྨའི་ཞབས་ཀྱི་གདམས་པ་ཡིན། །
༤༨ ཏོལ་སྐྱེས་ཀྱི་ཤེས་པ་ངོས་བཟུང་པས། རྩ་བྲལ་དྲི་མེད་ཀྱི་ངོ་བོ་རྟོགས་ཏེ།
འཁྲུལ་བ་རང་ཞིག་ཏུ་འགྲོ་བ་འདི་ནི། ཤིང་ལོ་པའི་གདམས་པ་ཡིན། །
༤༩ རྟོགས་པའི་བྱེའུ་འཕུར་དུ་ཁྲིད་པས། །ངེས་ཤེས་ལ་རྩལ་འབྱོངས་ནས།
ཉམས་མྱོང་རིགས་མཐུན་དུ་འབྲེལ་པ་འདི་ནི། བདེ་བའི་འབྱུང་གནས་ཀྱི་གདམས་པ་ཡིན། །
༥༠ ཀ་ར་ཎ་རྟེན་ཅན་དུ་བཅིངས་པས། །ཡུལ་གྱི་རྩ་རིས་ཞིག་སྟེ།
བཟུང་བ་རང་གྲོལ་ལ་འགྲོ་བ་འདི་ནི། ཀུ་མུ་ཏིའི་གདམས་པ་ཡིན། །
༥༡ གཞི་དབྱིངས་ངོ་བོ་རྟེན་མེད་དུ་བཅིངས་པས། ངོ་ཤེས་རྩལ་རྫོགས་ཀྱི་རྟོགས་པ་སྟེ།
འཛིན་མེད་རང་གྲོལ་ལ་འགྲོ་བ་འདི་ནི། གངྒྰ་བཟང་མོའི་གདམས་པ་ཡིན། །
༥༢ རིག་པ་རྐྱང་འདེད་དུ་བསྐྱང་བས། ཚོགས་པའི་རྒྱུན་ཞིག་ནས།
རྟོག་པ་གྱང་འགྱེལ་བ་འདི་ནི། ལེགས་སྨིན་ཀྰ་རའི་གདམས་པ་ཡིན། །
༥༣ སོ་མའི་གདངས་ལ་གནས་པས། ཆོས་སྐུ་འདུ་འབྲལ་མེད་དེ།
དྲན་པའི་རྩི་དང་མ་བྲལ་བ་འདི་ནི། ཙིནྟོ་མའི་གདམས་པ་ཡིན། །
༥༤ རིག་པ་ལ་ངར་བཏོན་པས། རྟོག་པ་རང་གྲོལ་དུ་ཞིག་ནས།
རིག་པ་གཅེར་བུར་གནས་པ་འདི་ནི། སུ་ཁ་མ་ཧྰ་སིངྷིའི་གདམས་པ་ཡིན། །
༥༥ ངོ་རང་ཐོག་ཏུ་སྤྲད་པའི་ལྟ་བ་ལ། ཐག་གཅིག་ཐོག་ཏུ་བཅད་པའི་བསྒོམ་པས། །
གདེང་གྲོལ་ཐོག་ཏུ་བཅའ་བ་འབྲས་བུ་འདི་ནི། དགའ་རབ་རྡོ་རྗེའི་གདམས་པ་ཡིན། ཁ་སྐོང་ནི།
༥༦ ཞི་གནས་ཏིང་འཛིན་སྔོན་འགྲོ་བས། བཞག་ཐབས་དགུ་དང་གེགས་སེལ་ནས།
སྒོམ་ཉམས་དྲུག་པའི་འདས་རྗེས་འདི་ནི། ཤྲྰི་སེངྷའི་གདམས་པ་ཡིན། །
༥༧ ལྟ་བ་རི་བོ་ཅོག་གཞག་གིས། སྒོམ་པ་རྒྱ་མཚོ་དང་སྤྱོད་སྣང་བ་ཅོག་གཞག་གི་ངང་ནས། །
འབྲས་བུ་རིག་པ་ཅོག་གཞག་བྲལ་བ་འདི་ནི། ཛྙྰ་ན་སུ་ཏྲ་ཡི་གདམས་ངག་ཡིན། །
༥༨ རིག་པ་འདི་ཡི་ཀ་དག་ཆོས་སྐུ་ལས། རང་བཞིན་གསལ་བ་ལྷུན་གྲུབ་ལོངས་སྐུ་ཤེས་ནས།
ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུར་མཐོང་ན་འདི་ནི། པདྨ་ཀ་རའི་གདམས་པ་ཡིན། །
༥༩ ལྟ་བ་ལུང་རིགས་དང་འབྲེལ་བས། བསྒོམ་ཉམས་མྱོང་དང་ལྡན་པས་སྤྱོད་པ་དུས་ཚོད་འབྲེལ་ནས།
འབྲས་བུ་རང་སར་གྲོལ་བ་འདི་ནི། ཀུན་མཁྱེན་ཡབ་སྲས་ཀྱི་གདམས་པ་ཡིན། །
གྲུབ་ཐོབ་ལྔ་བཅུ་རྩ་དགུའི་གདམས་པ། ལམ་དྲི་མ་མེད་པ་དངུལ་སྒོང་དག་པ་
ཕྱོགས་གཅིག་ཏུ་བསྡུས་ནས་ལྷག་བསམ་རྣམ་པར་དག་པས་བསྒྲིགས་པའོ།། །།
རབ་རྒྱན་ས་གླང་དབོ་ཟླ་བའི་ཚེས་བཟང་ངམ་ཕྱི་ལོ་༢༠༠༩ ༤ ༡་ཉིན་བུདྡྷ་ཛྙྰ་ནའི་དབེན་རི་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཕ་དམ་པའི་ཞལ་གདམས་ཁ་སྐོང་དུ་གོང་མའི་གསུང་ལས་གཅེས་བསྡུས་བྱས་པས་འགྲོ་བ་སེམས་ཅན་ཀུན་གྱི་རང་བྱུང་རིག་པའི་ངོ་བོ་རྟོགས་པའིརྒྱུ་ཉིད་དུ་གྱུར་ཅིག་ཤྲྰི་སརྦ་བི་ཛ་ཡནྟུ།། །།
དགྱེས་རྡོར་དྲིན་ཅན་པོ། ད་མཚམས་འཛིན་རོགས་ཞུ། སྦས་པའི་གསང་བ་ཟེར་བ་ཞིག་ཡོད་པ་ཁྱོས་ལོས་ཤེས། དྲ་ཁང་འདིའི་ནང་དུ་དབང་ཞུས་མ་ཞུས་ཀུན་ཡོད་པར་མ་ཟད། ཆོས་ལ་དུག་ཏུ་ལྟ་མཁན་ག་ཚོད་ཡོད་ཉིད་ཀྱིས་མཁྱེན་གསལ་རེད། མདོ་ལས་ཀྱང་། བློ་སྦྱངས་མ་བྱས་སེམས་ཅན་ལ།། སྟོང་པ་ཉིད་ནི་བརྗོད་པ་དང་། ཞེས་ལས་དང་པོ་པར་སྟོང་ཉིད་བརྗོད་པ་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་གསུངས་ཡོད་ན་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་ཆོས་སྐད་ཟབ་མོ་རྣམས་ཁྱི་ངན་གྱི་སྤུ་ལྟར་ག་ས་གང་དུ་གཏོར་ཆོག་ཆོག་ཅིག་ག་ལ་ཡིན། རང་གི་ཡབ་མེས་ཀྱི་ཆོས་བརྒྱུད་ལ་ཤ་ཚ་ན་རིན་བྲལ་གྱི་ནོར་བུ་ཐལ་དོང་ནང་དུ་མི་བསྲེ་བར་བདག་ཉར་གང་ཐུབ་གནང་རོགས་ཞུ། ཁ་དྲོ་བཀྲ་ཤིས། དོན་དུ་གཉེར་མཁན་ཡོད་ན་ཁོང་ཚོ་རང་གིས་འབད་པ་བྱས་ནས་ཚུར་བཙལ་ཡོང་གི་རེད། དེ་མིན་དོལ་རྒྱལ་གྱི་དེབ་ནང་བཞིན་ཨུ་ཚུགས་བརྒྱབ་ནས་ཕར་སྤྲད་ན་དགོས་པ་ཨེ་ཡོད།
འདོད་ལྷའི་བུའི་གསུངས་པ་ལ་འཐད་པ་ཡོད། །
སྒོམ་སྡེ་ལྷ་རབས་པ་ལགས་ཀྱིས་ཐུགས་བསམ་རྣམ་དག་གིས་༼མདོ་སྔགས་གཞུང་ཆེན་མོའི་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལུང་༽ཞེས་པའི་ཚིག་མཛོད་ཆེན་མོ་ཞིག་བརྩམས་དང་རྩོམ་བཞིན་ཡོད་པར་རྗེས་སུ་ཡི་རང་དང་གུས་འདུད་ཡོད། ལྷག་པར་རིས་མེད་མཁས་པའི་ཞལ་ལུང་ཞེས་བྲིས་ཡོད་པ་འདི་ཧ་ཅང་ཡག་པོ་འདུག
འོན་ཀྱང་དེའི་སྐོར་ལ་གུས་པར་དྲི་བ་ཁ་ཤས་ཡོད་པས་བཀའ་ལན་གསལ་བོ་ཞིག་གནང་རོགས་ཞུ་བ་ཡིན།
༡༽ སྤྱིར་བཏང་ནང་པ་བར་གྲུབ་མཐའ་ཆེན་པོ་བཞི་ཡོད་པས་ཁྱེད་ཀྱི་ཚིག་མཛོད་དུ་གྲུབ་མཐའ་སོ་སོའི་བཞེད་ཕྱོགས་རེ་རེ་ནས་བཀོད་ཡོད་དམ། ཡང་ན་དབུ་མ་པ་གཅིག་པོ་གཙོ་བོར་བྱས་ཡོད།
༢༽ དབུ་མ་བ་ལ་ཡང་གནས་སྐབས་དང་མཐར་ཐུག་གི་དབུ་མ་གཉིས་སུ་དབྱེ་བ་དང་། ཐལ་རང་གཉིས་སུ་དབྱེ་བ་སྟེ་མི་འདྲ་བ་གཉིས་ཡོད་པས་གང་གི་ལུགས་ལྟར་བྱས་ཡོད་དམ།
༣༽ བོད་ཡུལ་དུ་མཚོན་ན་གྲུབ་མཐའ་ཆེན་པོ་བརྒྱད་དམ། སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོད་པས་དེ་དག་སོ་སོའི་བཞེད་གཞུང་རང་ལུགས་ཇི་བཞིན་གསལ་བོར་བཀོད་ཡོད་དམ། ཡང་ན་ཕྱོགས་གཅིག་གིས་དེ་དག་གི་འདོད་ཕྱོགས་ལ་ལྟ་ཚུལ་ལྟར་བཀོད་ཡོད།
དཔེར་ན་དྲང་ངེས་ཀྱི་རྣམ་བཞག ཆོས་འཁོར། རྟེན་འབྲེལ། འདུས་བྱས་དང་འདུས་མ་བྱས་སོགས་ཀྱི་རྣམ་བཞག་ཐད་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་མཚུངས་པ་ལྟ་བུ་རེད།
༤༽ ཡང་སྟོང་ཉིད་ཀྱི་སྐབས་སུ། སྟོང་པ་ཉིད་ལ་གཉིས་སུ་དབྱེ་བ་དང་། གསུམ་དུ་དབྱེ་བ། བདུན་དུ་དབྱེ་བ། བཅུ་དྲུག་ཏུ་དབྱེ་བ། བཅོ་བརྒྱད་དུ་དབྱེ་བ། ཉི་ཤུར་དབྱེ་བ་བཅས་ཀྱི་སྐབས་སུ། དང་པོ་རང་སྟོང་དང་གཞན་སྟོང་སྟེ་སྟོང་ཚུལ་གཉིས་ཀྱི་རྣམ་བཞག་སོ་སོའི་ལུགས་ལྟར་དྲང་མོར་བྱས་ཡོད་དམ། ཡང་ན་ཕྱོགས་གཅིག་གིས་ཕྱོགས་ གཅིག་ལ་ལྟ་ཚུལ་ལམ་འགྲེལ་བཤད་རྒྱག་སྟངས་ལྟར་བཀོད་ཡོད། དཔེར་ན་རང་སྟོང་བས་གཞན་སྟོང་ལ་འགྲེལ་བཤད་རྒྱག་སྟངས་དང་། གཞན་སྟོང་པས་རང་སྟོང་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡོད་པ་ལྟར་རེད།
༥༽ གསུམ་དུ་དབྱེ་བའི་སྐབས། མེད་པའི་སྟོང་པ། ཡོད་པའི་སྟོང་པ། རང་བཞིན་སྟོང་པ་ཉིད་དེ་སྟོང་ཉིད་གསུམ་གྱི་རྣམ་བཞག་ཇི་ལྟར་བྱས་ཡོད་དམ། བདུན་དུ་དབྱེ་བའི་སྐབས་ཀྱི་དྲུག་པ། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང་། བདུན་པ་གཅིག་གིས་གཅིག་སྟོང་པ་གཉིས་ལ་འགྲེལ་བཤད་ཇི་ལྟར་བྱས་ཡོད་དམ།
༦༽ ཡང་བཅུ་དྲུག་ཏུ་དབྱེ་བའི་སྐབས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འགྲེལ་བཤད་ཇི་ལྟར་བྱས་ཡོད་དམ།
༧༽ བཅོ་བརྒྱད་དུ་དབྱེ་བའི་སྐབས་ཀྱི་ཐ་མ་གཉིས་ཏེ་མི་དམིགས་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་གཉིས་ལ་འགྲེལ་བཤད་ཇི་ལྟར་བྱས་ཡོད་དམ།
༨༽ ཉི་ཤུར་དབྱེ་བའི་སྐབས། ཐ་མ་གཉིས་ཏེ་རང་གི་ངོ་བོ་སྟོང་པ་ཉིད་དང་། གཞན་གྱི་ངོ་བོ་སྟོང་པ་ཉིད་གཉིས་ལ་འགྲེལ་བཤད་ཇི་ལྟར་བྱས་ཡོད་དམ།
༩༽ ད་དུང་བདེན་པ་གཉིས་ཀྱི་རྣམ་བཞག དུས་བཞི་གཉིས་ཀྱི་རབ་དབྱེ་སོགས་གྲུབ་མཐའ་སོ་སོའི་བཞེད་གཞུང་ལྟར་གསལ་བོར་བྲིས་ཡོད་དམ། ཡང་ན་ཕྱོགས་གཅིག་གིས་བདེན་གཉིས་ཀྱི་རྣམ་བཞག་དང་། དུས་བཞི་གཉིས་ཀྱི་རྣམ་བཞག་འཇོག་སྟངས་ལྟར་བྱས་ཡོད།
ད་དུང་རྣམ་ཤེས་དང་ཡེ་ཤེས། རང་རིག་དང་གཞན་རིག ཆོས་དང་ཆོས་ཅན། སྦྱང་གཞི་དང་སྦྱོང་བྱེད་སོགས་ཀྱི་ཐད་དྲི་བ་སྟོང་ཕྲག་མང་པོ་ཞུ་འདོད་ཡོད་པས། སྐུ་ཉིད་ཀྱིས་དུས་ལྟར་བཀའ་ལན་གསལ་བོར་གནང་རྒྱུའི་རེ་བ་ཡོད།
དེ་རིང་དེ་ཙམ་མོ།།
ལྷག་བསམ་དང་དག་སྣང་ཅན་གྱི་འདོད་ལྷའི་བུ་དང་གཞོན་ནུ་ཟླ་མེད་ལགས། ངས་མཚམས་འཛིན་བྱས་ཀྱང་ཆོག གབ་པའི་གསང་བ་མ་རྟོགས་ནས་སྦས་པའི་གསང་བ་ལ་མངོན་ཁྱེར་བའི་བའི་བཀུར་འདེབས་དང་རྩ་ལྟུང་བྱུང་འདུག་པས་དྲིན་ཆེན་པོ་ཞེས་དང་། ཁྱི་ངན་གྱི་སྤུ་ལྟར་ལས་མ་མཐོང་ན་ཡང་རིན་བྲལ་གྱི་ནོར་བུ་མཐོང་ཐུབ་པའི་སྐལ་བ་བཟང་པོ་ཅན། ང་དྲིན་ཆེན་ཡང་མིན། དོལ་རྒྱལ་ཚོགས་པའི་དེབ་རིགས་དཔེ་སྐྲུན་ཁང་ཡང་མིན། ནྰ་རོ་ཆོས་དྲུག་གི་ཚོང་དཔོན་ཡང་དེ་ལས་མིན། ཕ་མགོ་བུ་གཡོག་གི་སྤྲེལ་ལད་བྱས་པའི་དེད་དཔོན་ཡང་དེ་བས་མིན། ཁྱེད་ཚོས་དམ་ཆོས་དོན་གཉེར་གྱིས་བླ་མ་དྲན་པ་དང་གདམས་ངག་མ་ཤེས་པ་དག་མཐོང་ནས་ཕན་དུ་རེ་ནས་བཀོད་པ་ཡིན། ད་དུང་ཡོད་ཀྱང་ཁ་བརྡ་དྲྭ་སྟེང་དུ་མཚམས་འཇོགས་བྱའོ། ཁྱེད་ཚོས་ཟེར་རྒྱུ་དོལ་རྒྱལ་ཚོགས་པ་བཤད་ཀྱང་གོ་རྒྱུ་སུ་ལ་འདུག་བརྟག་དཔྱད་དགོས་པར་སྣང་ངོ་། ། བདེ་མོ་བྱོས། ཁྱི་ཤྲྰིས་གུས་ཕུལ།
ཐེམ་ཆེན་ལགས།
ཁྱེད་ཀྱི་དྲི་བ་ཞེ་དྲག་ཡག་པོ་འདུག ངེད་རང་དེང་སང་༼ཡེ་ཤུའི་ཆོས་སྒྱུར་བ་བོད་དུ་སླེབས་ཚུལ་གྱི་སྐོར༽ལ་རྩོམ་ཐུང་ཞིག་འབྲི་བཞིན་པ་འདིས་བྲེལ་ཟིང་གིས་ཁྱེད་ཀྱི་དྲི་བ་རྣམས་ལ་ལན་འདེབས་བྱ་རྒྱུའི་གོ་སྐབས་མ་བྱུང་། ངེད་ནས་རང་གིས་ཤེས་པ་རྣམས་ལ་ལན་དང་མ་ཤེས་པ་རྣམས་ལ་ཁྱེད་ལ་ཕར་བཀའ་འདྲི་ཞུ་རྒྱུ་ཡིན།
དྲི་བ༽ ༡༽ སྤྱིར་བཏང་ནང་པ་བར་གྲུབ་མཐའ་ཆེན་པོ་བཞི་ཡོད་པས་ཁྱེད་ཀྱི་ཚིག་མཛོད་དུ་གྲུབ་མཐའ་སོ་སོའི་བཞེད་ཕྱོགས་རེ་རེ་ནས་བཀོད་ཡོད་དམ། ཡང་ན་དབུ་མ་པ་གཅིག་པོ་གཙོ་བོར་བྱས་ཡོད།
༡༽ལན།
དབུ་མ་གཙོ་བོ་ཡིན་ཡང་། སྤྱི་བཤད་ཤུགས་ཆེན་པོ་ཡོད་རེད། གལ་ཏེ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བའི་ཐད་ལ། (དབུ་མ་པ) (སེམས་ཙམ་པ) (མདོ་སྡེ་པ) (བཀའ་བརྒྱུད) (དགེ་ལུགས) (རྙིང་མ) ཞེས་སོགས་གུར་རྟགས་བཀོད་ནས་གསལ་ཁ་ཕྱེ་ཡོད།
དྲི་བ་༢༽
དབུ་མ་བ་ལ་ཡང་གནས་སྐབས་དང་མཐར་ཐུག་གི་དབུ་མ་གཉིས་སུ་དབྱེ་བ་དང་། ཐལ་རང་གཉིས་སུ་དབྱེ་བ་སྟེ་མི་འདྲ་བ་གཉིས་ཡོད་པས་གང་གི་ལུགས་ལྟར་བྱས་ཡོད་དམ།
༢༽ལན།
དབུ་མ་པ་ལ་ཐལ་རང་གི་དབྱེ་ཚུལ་འདི་ནི་ཡོངས་གྲགས་རེད། གནས་སྐབས་མཐར་ཐུག་གི་དབྱེ་ཚུལ་འདི་ངེད་ཀྱིས་ཤེས་མ་སོང་། འདི་སྐོར་གསལ་བཤད་ཅིག་གནང་རོགས། ངེད་ནས་དབུ་མ་པ་སྤྱི་བཤད་དང་། ཁྱད་པར་ཡོད་པ་རྣམས་ལ་གོང་དུ་བཤད་པ་ལྟར་ཐལ་རང་སོ་སོའི་གསལ་བཤད་བྱས་ཡོད།
དྲི་བ་༣༽ བོད་ཡུལ་དུ་མཚོན་ན་གྲུབ་མཐའ་ཆེན་པོ་བརྒྱད་དམ། སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོད་པས་དེ་དག་སོ་སོའི་བཞེད་གཞུང་རང་ལུགས་ཇི་བཞིན་གསལ་བོར་བཀོད་ཡོད་དམ། ཡང་ན་ཕྱོགས་གཅིག་གིས་དེ་དག་གི་འདོད་ཕྱོགས་ལ་ལྟ་ཚུལ་ལྟར་བཀོད་ཡོད། དཔེར་ན་དྲང་ངེས་ཀྱི་རྣམ་བཞག ཆོས་འཁོར། རྟེན་འབྲེལ། འདུས་བྱས་དང་འདུས་མ་བྱས་སོགས་ཀྱི་རྣམ་བཞག་ཐད་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་མཚུངས་པ་ལྟ་བུ་རེད།
༣༽ལན།
ཕལ་ཆེར་ཁྱེད་ཀྱི་དྲི་བ་འདི་གྲུབ་མཐའ་སོ་སོའི་བཞེད་ཚུལ་བཀོད་ཡོད་དམ་གསུང་གི་ཡོད་པ་འདྲ། ང་རང་གིས་སློབ་སྦྱོང་བྱེད་སའི་གཙོ་བོ་དགེ་ལུགས་ཡིན་ཙང་། དགེ་ལུགས་གཙོ་བོ་དང་། དེ་ནས་དཔལ་བཀའ་བརྒྱུད་པར་ལོ་རེ་ཟུང་གི་སྦྱང་པ་བྱས་པས། བཀའ་བརྒྱུད་པའི་བཞེད་ཚུལ་གང་འཚམ་ཡོད། རྙིང་མ་དང་། ས་སྐྱ་ཡང་ཅུང་ཟད་ཡོད།
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་འདི་ངེད་ལ་བློ་སྐྱེད་གནང་རོགས།
ཁྱེད་ཀྱི་དྲི་བ་ཧ་ཅང་མང་བར་བརྟེན་ག་ལེར་རིམ་བཞིན་ལན་འབུལ་ཐུབ་རྒྱུའི་རྩོལ་བ་བྱེད་ཀྱི་ཡིན།
གྲུབ་མཐའ རིས་མེད་ཀྱི་ལྟ་གྲུབ་ཤེས་འདོད་ན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་བཀའ་དགོངས་བཞིན་པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་ནས་རྩོམ་སྒྲིག་བྱས་པའི་གངས་ཅན་རིག་བརྒྱའི་སྒོ་འབྱེད་དེབ་ཕྲེང་དག་ལ་གཟིགས་ན་ས་དགེ་བཀའ་སྙིང་ཇོ་ནང་དང་བཅས་པའི་ཆོས་འབྱུང་དང་ལྟ་གྲུབ་གནད་བསྡུས་རེ་དེ་རུ་འདུག དེ་མིན་ཟི་ཁྲོན་ནས་དཔར་བའི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གདན་རབས་པད་མོའི་དགའ་ཚལ་ལ་གཟིགས་ན་ཡང་ཧ་ཅང་མདོར་བསྡུས་ཤིག་མཁྱེན་ཐུབ། སྐུ་ཞབས་སྒོམ་སྡེ་བའི་ཚིག་མཛོད་དེ་འདི་ག་ཨ་རི་ནས་རག་ཐུབ་མིན་ཐད་གསུང་ལན་ཞིག་གནང་རོགས།
ཀླུ་སྨྱོན་ལགས།
འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གདན་རབས་སོགས་ཕྱག་དཔེ་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། ཕྱི་རྒྱལ་དུ་ཕྱག་དཔེ་གསེར་ལས་དཀོན་པ་འདུག
སྒོམ་སྡེ་ཚིག་མཛོད་འདི་བཞིན་ངོས་ནས་མཆན་གཞན་ཞིག་ཏུ་ཞུས་པ་ལྟར། རྗེས་མ་རིམ་བཞིན་གློག་ཀླད་བརྒྱུད་རིན་མེད་དུ་འབུལ་རྒྱུའི་འཆར་གཞི་ཡོད། ཡང་འགའ་ཞིག་གིས་རིན་མེད་༼ཕིར་རི༽དུ་འབུལ་ན་དེབ་ལ་ཆེ་མཐོང་མེད་པ་ཆགས་ཀྱི་རེད་གསུང་མཁན་ཡང་འདུག དེ་ལའང་གོ་རྒྱུ་ཕྲན་བུའི་འདུག
འོན་ཀྱང་་གཞན་ལ་གང་ཕན་ཆེ་བ་དེ་བྱ་རྒྱུ་ཡིན། བརྩམས་པའི་དགོས་པ་ཡང་དེ་རང་ཡིན། བོད་རིགས་སྤུན་ཟླ་སྤྱི་དང་། ལྷག་པར་གཞིས་ལུས་སྤུན་ཟླ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་འབུལ་རྒྱུའི་རེ་བ་ཡོད།
ཐེམ་ཆེན་ལགས་ཀྱི་དྲི་བར་ལན།
༤༽ ཡང་སྟོང་ཉིད་ཀྱི་སྐབས་སུ། སྟོང་པ་ཉིད་ལ་གཉིས་སུ་དབྱེ་བ་དང་། གསུམ་དུ་དབྱེ་བ། བདུན་དུ་དབྱེ་བ། བཅུ་དྲུག་ཏུ་དབྱེ་བ། བཅོ་བརྒྱད་དུ་དབྱེ་བ། ཉི་ཤུར་དབྱེ་བ་བཅས་ཀྱི་སྐབས་སུ། དང་པོ་རང་སྟོང་དང་གཞན་སྟོང་སྟེ་སྟོང་ཚུལ་གཉིས་ཀྱི་རྣམ་བཞག་སོ་སོའི་ལུགས་ལྟར་དྲང་མོར་བྱས་ཡོད་དམ། ཡང་ན་ཕྱོགས་གཅིག་གིས་ཕྱོགས་ གཅིག་ལ་ལྟ་ཚུལ་ལམ་འགྲེལ་བཤད་རྒྱག་སྟངས་ལྟར་བཀོད་ཡོད། དཔེར་ན་རང་སྟོང་བས་གཞན་སྟོང་ལ་འགྲེལ་བཤད་རྒྱག་སྟངས་དང་། གཞན་སྟོང་པས་རང་སྟོང་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡོད་པ་ལྟར་རེད།
༤༽ལན།
སྟོང་ཉིད་བཞི་དང་བཅུ་དྲུག་སོགས་ཀྱི་སྐབས་སུ་དམིགས་བསལ་རང་སྟོང་གཞན་སྟོང་གི་གསལ་ཁ་ཕྱེ་ནས་འགྲེལ་བཤད་བྱས་མེད། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་འཇུག་པའི་རྣམ་བཤད་ཆེན་མོ་སོགས་སུ་རང་སྟོང་གཞན་སྟོང་གི་དམིགས་ཕྱེ་སྟེ་འགྲེལ་བཤད་གནང་མེད། ངོས་ནས་ཀྱང་དེའི་རྗེས་སུ་འབྲངས། སྤྱིར་བཏང་དགེ་ལུགས་པས་རང་སྟོང་གི་ལྟ་བ་བཞེད་ཅེས་ཡོངས་གྲགས་ཡིན་རུང་། འོན་ཀྱང་༼རང་སྟོང་གི་ཐ་སྙད་འདི༽རྗེའི་འཇུག་པའི་རྣམ་བཤད་ཆེན་མོ་དགོངས་པ་རབ་གསལ་ལས། ཐེངས་གཅིག་ཁོ་ན་འབྱུང་ཞིང་། དེ་ཡང་གཞན་ལུགས་བསྐྱར་བའི་སྐབས་སུ་འབྱུང་གི་རང་ལུགས་ལ་རང་སྟོང་གི་ཐ་སྙད་མཛད་པ་གཏན་ནས་མི་སྣང་ངོ་། །དེ་ཡང་དེ་ཉིད་ལས། ཆོས་རྣམས་རང་གི་ངོ་བོས་སྟོང་ཞེས་པའི་བསམ་དོན་ཡང་དེ་ཉིད་ཡིན་གྱི། བུམ་པ་བུམ་པས་མི་སྟོང་བར་བདེན་པས་སྟོང་པ་ནི། གཞན་སྟོང་ཡིན་པས་བུམ་པ་བུམ་པས་སྟོང་པ་ནི་༼རང་སྟོང༽ཡིན་ནོ་ཞེས་སྨྲ་བ་ནི་གཏན་ནས་མི་རིགས་ཏེ། བུམ་པ་བུམ་པས་སྟོང་ན་བུམ་པ་ལ་བུམ་པ་མེད་དགོས་ན། རང་ལ་རང་མེད་ན་གཞན་སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་རོ། །ཞེས་གསུངས་པ་དེ་ཙམ་མོ། །གཞན་ཡང་། རྗེའི་ལམ་རིམ་ཆེན་མོར་ཡང་རང་སྟོང་གི་ཐ་སྙད་མ་མཐོང་།
དེ་ལྟར་ནའང་རྗེའི་རྣམ་བཤད་ནི་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བའི་རྗེས་སུ་འབྲངས་པར་སོང་། གཞན་སྟོང་གི་འགྲེལ་ཚུལ་དང་ནི་གཏན་ནས་མི་འདྲའོ། །
མཁྱེན་ཡངས་སྒོམ་སྡེ་ལགས་་་་་་་་་ ཉིད་ཀྱིས་ལོ་མང་རིང་འབད་བརྩོན་གནང་པའི་འབྲས་བུར་བོད་རྒྱུད་ནང་བསྟན་མདོ་སྔགས་ཡོངས་རྫོགས་ཀྱི་ཚིག་མཛོད་ཅིག་འདོན་སྤེལ་གནང་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཞུ་བ་དང་ཆབས་ཅིག་ཡང་སྐྱར་ཞུ་རྒྱུར་སྐུ་ཉིད་ལ་དྲ་ཤོག་ཡོད་ན་འདིར་དྲ་བྱང་གནང་རོགས་གནང་་་་་་་་་་་་་ ཐུགས་རྗེ་ཆེ་་་་་་་་་་
རིན་ཆེན་ལགས།
ད་ལྟ་ངེད་ལ་དྲ་རྒྱ་སོགས་གང་ཡང་མེད། རྗེས་སོར་ཚིག་མཛོད་གྲུབ་མཚམས་སུ་ཏན་ཏན་དྲ་རྒྱའི་ཐོག་གནས་ཚུལ་འགོད་ཀྱི་ཡིན། དེ་དུས་གསལ་པོ་མཁྱེན་ངེས་རེད།
འོ་ཡ་དགྱེས་རྡོར་ལགས། མུ་མཐུད་བཀོད་རོགས། བྱང་སེམས་ཀྱི་རྩ་ལྟུང་དང་འགལ་མེད་ན་མེད་ལུགས་འདི་འདྲ་རེད་ཅེས་གསུངས་པས་འཐུས། དེ་མིན་བཤད་ས་དང་ཉན་ས་སོ་སོ་ཕྱེ་ནས་གསུངས་སྟངས་འདི་ཚོ་གང་ཡིན་མི་ཤེས་གི བླ་མ་ལགས་ཟེར་ས་དེར་ཆོས་ཀྱི་བགྲོ་གླེང་ཟེར་ན་མི་ཤེས་མོད། རང་རང་གི་འོས་ཚོད་ཀྱི་བག་ཆགས་རེ་འཇོག་བསམ་མོད། དེ་རིང་དེའི་འོག་ལ་མཆན་འདེབས་ས་མེད་པ་ཆགས་འདུག གཅིག་བྱས་ན་དེ་ས་ཆ་གང་ཚར་བ་ཡིན་རྒྱུ་རེད།། །།
འོ་ངས་འདི་ནས་བརྩད་རྒྱག་རྒྱུར་མགོ་འཁོར་ནས་སྒོམ་སྡེའི་ཚིག་མཛོད་ལ་ཐུགས་རྗེ་ལེགས་འབུལ་མ་ཕུལ་བ་འདྲ་འདུག ང་འདི་ད་ངོ་ནས་ཁ་ལ་སྒོ་ལྕགས་མེད། ལུས་ལ་མགོ་སྔ་མེད། སེམས་ལ་དྲན་པ་མེད་པས་འདི་འདྲའི་རླབས་ཆེན་གྱི་ལས་ལ་བསྔགས་བརྗོད་མ་ཞུ་བར་བསྡད་ཡོད་པ་རེད། ཡ་སྒོམ་སྡེ་དྲིན་ཆེན་པོ། དགེའོ་ཡིན་ན་སྐྱོན་ཡོད་ནི་མ་རེད། ཨ་ལགས་ཤ་བསྟན་དར་ལྷ་རམས་པ་ཟེར་བ་དེ་ཡང་དགེའོ་རེད་འདུག ཁོང་ལ་ཡང་ཆོས་ཀྱི་སྐོར་ལ་གསུང་རྩོམ་མང་ཙམ་འདུག འོན་ཀྱང་ཁོང་གི་གསུང་རྩོམ་ཅིག་ན་འདུལ་བའི་སྐོར་ལ་དཔྱད་པ་གཏོང་རྒྱུ་མང་ན་ཡང་རྟེན་གྱི་ཆ་ནས་མི་འོས་པས་མ་བྲིས་གསུངས་འདུག དེ་མིན་རང་གི་རིགས་ལ་ཞེན་པ་དཀར་བོས་བྲིས་བ་དོན་དང་ལྡན་པར་སྨོན། རེ་བར་བོད་ནང་དུ་བཀྲམ་རྒྱུའི་རེ་བ་བསྟན་འདུག དེ་དཔེ་མི་སྲིད་པའི་ཡག་པོ་རེད་འདུག ངས་ཤེས་པ་ལྟར་བྱས་ན། བྱེས་འབྱོར་རྩོམ་རིག་ཁྲོད་ནས་བོད་ནང་དུ་འགྲེམ་སྤེལ་བྱེད་ཐུབ་པ་དང་གྲགས་སྐད་ཆེ་བ། ༡༽ ཝ་ར་ན་སི་མཐོ་སློབ་གྱི་དགེ་རྒན་སྒོ་མང་བ་ཚུལ་ཁྲིམས་རྒྱ་མཚོའི་༼ཚད་མའི་དཀའ་གནད་གསལ་བ་དུས་ཀྱི་མེ་ལོང་༽ འདི་པེ་ཅིན་དཔར་སྐྲུན་ཁང་ནས་དཔར་དེ་བཀྲམ་འདུག འོན་ཀྱང་མཆོད་བརྗོད་དང་མཇུག་རྩོམ་ཁ་ཤས་བསྒྱུར་འདུག ༢༽ རི་པིན་ན་ཡོད་པ་ཁང་དཀར་སྐལ་བཟང་ཚུལ་ཁྲིམས་ཀྱི་གསུང་རྩོམ་སྐོར་ཅུང་ཟད་བཀྲམ་ཐུབ་གི་ཡོད་པ་འདྲ་འདུག ༣༽ དེ་མིན་ནམ་མཁའི་ནོར་བུའི་གསུང་རྩོམ་སྐོར་བོད་ནང་དུ་བཀྲམ་ཐུབ་ཀྱི་ཡོད། ཅི་ལྟར་བཀྲམ་པའི་སྐོར་ལ་ཆབ་སྲིད་ཐོག་ནས་བཀག་འགོག་བྱེད་མི་ཐུབ་པ་ཅིག་དང་། འདི་ཕར་ཕྱོགས་ནས་འགན་ལེན་མཁན་ལ་ཡང་ཐུགས་བསམ་བཞེས་ན་ཡག དེ་ཡང་དཔེར་མ་བཏབ་པའི་སྔོན་ལ། དེ་ཙམ་ཡིན།། །།
བོད་ནང་གཞུང་འབྲེལ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་དེབ་ཅིག་ལ་ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་ཞེས་པ་དེ་ལས་རྒྱ་དམག་ལ་སྡིག་དམོད་བྱས་པ་དེ་འདྲ་ཞིག་དཔེ་དེབ་གཞན་ལས་དེ་སྔ་མཐོང་མ་སོང་། རྩོམ་པ་པོས་སྐབས་དེའི་དམར་དམག་ལ་ཁ་རྡུང་ཁ་མེད་མིག་མེད་དུ་བཏང་འདུག
མཁྱེན་ཡངས་སྒོམ་སྡེ་ལྷ་རམས་པ་ལགས་སུ།
མི་ཐམས་ཅད་འདོད་ཡོན་གྱི་ཁོལ་པོར་གྱུར་ནས་ལུས་དང་སྲོག་ཀྱང་འདོད་ཡོན་གྱི་ཆེད་དུ་གཏོང་བཞིན་པའི་དུས་ཚོད་འདིར། མཆོག་ཉིད་ཀྱིས་ཐུགས་བརྩོན་ཆེན་པོས་ནང་ཆོས་ཀྱི་ཚིག་མཛོད་འདི་འདྲ་ཞིག་འབྲི་བར་མཛད་པ་ནི་ཆེས་བསྔགས་པར་འོས་པའི་གནས་སུ་མཐོང་ཞིང་། ད་དུང་ཉིད་ཀྱིས་ཁ་བརྡ་དྲ་ཐོག་ཏུ་“ངེད་ནས་རང་གིས་ཤེས་པ་རྣམས་ལ་ལན་དང་མ་ཤེས་པ་རྣམས་ལ་ཁྱེད་ལ་ཕར་བཀའ་འདྲི་ཞུ་རྒྱུ་ཡིན།” ཞེས་དང་། “སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་འདི་ངེད་ལ་བློ་སྐྱེད་གནང་རོགས།” ཞེས་སོགས་ཁེངས་སྐྱུངས་ཀྱི་རྣམ་འགྱུར་མང་པོ་བསྟན་འདུག་པ་ནི་དངོས་གནས་ཡ་རབ་དམ་པའི་རང་གཟུགས་སུ་སྣང་ཞིང་། ས་པཎ་གྱིས། ལེགས་བཤད་བྱིས་པ་དག་ལས་ཀྱང་།། མཁས་པ་རྣམས་ནི་ཡོངས་སུ་ལེན།། ཞེས་དང་། ཆུའི་བསྟན་བཅོས་ལས། མཁས་པ་ཡོན་ཏན་ཀུན་ལྡན་པས།། གཞན་གྱིས་ཡོན་ཏན་ཆུང་ངུའང་ལེན།། ཞེས་པ་དེ་ཀ་རང་དུ་འདུག་པས་སྙིང་ཁོངས་ནས་སྤྲོ་བ་བལྟས་པ་ཡིན། ད་དུང་ཉིད་ཀྱིས་ཁ་བརྡ་དྲ་ཐོག་ཏུ་བཏབས་པའི་མཆན་རྣམས་ལ་ཡང་ཁྱུག་ཙམ་རེ་བལྟས་པས། ཉིད་ནི་ཆོས་ལུགས་རིས་མེད་ལ་དག་སྣང་ཡོད་མཁན་ཞིག་རེད་འདུག་སྙམ་པའི་ཚོར་སྣང་བྱུང་། དེས་ན་ཉིད་ཀྱི་ཚིག་མཛོད་དེ་ཕུན་སུམ་ཚོགས་པ་ཞིག་ཡོང་ཆེད་དང་། ཆོས་བརྒྱུད་རིས་མེད་ཀྱི་སློབ་གཉེར་བ་ཚོར་ཕན་ཞིང་ཁོང་ཚོའི་སེམས་ལ་རྨ་ཁ་མི་བཟོ་བ་ཞིག་ཡོང་རྒྱུ་སོགས་ཀྱི་ཆེད་འདིར་བསམ་འཆར་ཁ་ཤས་ཤིག་འབུལ་འདོད་བྱུང་།
༡༽ ཁྱེད་ཀྱི་ཚིག་མཛོད་དེའི་མཚན་ལ་རིས་མེད་མཁས་པའི་ཞལ་ལུང་ཞེས་བྲིས་འདུག་ཀྱང་། ཕྱོགས་གང་ཐད་ནས་བརྒྱ་ཆའི་བརྒྱད་ཅུའམ་ཡང་ན་དགུ་བཅུ་ཙམ་ཞིག་དགེ་ལྡན་པའི་ཕྱོགས་ལྟ་བུ་ཞིག་ཆགས་འདུག་པས། ཚིག་མཛོད་མིང་དོན་མཐུན་པ་ཞིག་ཡོང་ཆེད་ད་དུང་ཆོས་བརྒྱུད་གཞན་གྱི་ཕྱོགས་ཀྱི་མཁས་གྲུབ་གྲགས་ཆེན་གང་མང་ཞིག་དང་། གདན་ས་ཆེ་ཁག གྲུབ་མཐའི་ཆོས་སྐད་དང་བཞེད་མཚམས་སོགས་གང་ཐུབ་ཐུབ་ཅིག་ཡར་བསྣན་དགོས་པ་འདྲ།
༢༽ སྐབས་རེ་ཚིག་མཛོད་ཀྱི་རྣམ་པ་ཆེར་མི་མངོན་པར་དགག་བཞག་གི་རྣམ་པ་ལྟ་བུ་ཁ་ཤས་རེ་བྱུང་འདུག་པ་ཡང་ཅིས་ཀྱང་བཟོ་བཅོས་བྱེད་དགོས་ངེས་སུ་འདུག་ཅིང་། ད་དུང་དཔྱད་པ་མཐའ་ཆོད་པ་ཞིག་གཏོང་དགོས་པར་འདུག འདིར་དཔེ་མཚོན་གཅིག་རང་གི་ཐོག་ནས་བཤད་ན། ཚིག་མཛོད་འདོན་ཐེངས་སྔོན་མའི་ཤོག་གྲངས་༦༠༩པར། ༼༼གཞན་སྟོང་གི་ལྟ་བ།༽༽ཞེས་པར། འདི་ནི་གངས་ཅན་གྱི་མཁས་པའི་ཡང་རྩེ་རྣམས་ཀྱིས་ལུང་རིགས་བརྒྱ་ཕྲག་གིས་འགོག་པར་མཛད་དེ། ཞེས་བུ་སྟོན་རིན་པོ་ཆེ་སོགས་མཁས་པ་མང་པོ་ཞིག་གིས་དགག་པ་མཛད་ཚུལ་ཁོ་ན་བརྗོད་པ་ལས། དགེ་ལྡན་པའི་ཕྱོགས་ཀྱི་འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་དང་། གུང་རུ་རྒྱལ་མཚན་བཟང་པོ། པཎ་ཆེན་བློ་བཟང་ཆོས་རྒྱན། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་སོགས་དང་། རྙིང་ཕྱོགས་ནས་སྨིན་གླིང་ལོ་ཆེན་དྷརྨྰ་ཤྲྰི་དང་། འཇུ་མི་ཕམ་རིན་པོ་ཆེ། དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ། ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་སོགས་དང་། ས་སྐྱའི་ཕྱོགས་ནས་པཎ་ཆེན་ཤྰཀྱ་མཆོག་ལྡན་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་དང་། བཀའ་བརྒྱུད་ཕྱོགས་ནས་ཀརྨ་པ་རང་བྱུང་རྡོ་རྗེ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་གཞན་སྟོང་གི་ལྟ་བ་ལ་བསྔགས་བརྗོད་ཚད་མེད་གནང་ཡོད་པར་མ་ཟད། གོང་གི་མཁས་པ་འགའ་ཞིག་གིས་ཟབ་མོ་གཞན་སྟོང་དབུ་མའི་ལྟ་བ་འདི་ནི་མདོ་ཕར་ཕྱིན་ཐེག་པའི་ལམ་གྱི་ལྟ་བ་ཀུན་གྱི་རྒྱལ་པོ་ཡིན་ཚུལ་ཡང་གསུངས་ཡོད་པ་བཞིན། ཕྱི་ལོ་༢༠༠༧ལོའི་ཟླ་བཞི་པའི་ཚེས་༢༤ནས་༢༦བར། ༧གོང་ས་ཐམས་ཅད་མཁྱེན་པ་ཆེན་པོས་ཨ་རིའི་ཨིན་ཌི་ཡ་ནར་ལམ་སྒྲོན་གྱི་གསུང་ཆོས་གནང་སྐབས། ཉིན་གསུམ་གྱི་རིང་། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ།། ཞེས་པའི་ཐོག་ནས་སྔར་མེད་ཀྱི་ཟབ་བཤད་མི་འདྲ་བ་ཐེངས་གསུམ་གནང་ཞིང་། དེ་དག་ཀུན་གྱི་མཇུག་ཏུ། འོ་ད་ཉམས་ལེན་གྱི་ཚད་དེ་ལ་སླེབས་དུས་གཞན་སྟོང་ཟེར་བ་དེའི་སྒང་ལ་སླེབས་པ་རེད་ཅེས་གསུངས་པ་སོགས། གཞན་སྟོང་འདི་མདོ་ཕར་ཕྱིན་ཐེག་པའི་ལམ་གྱི་ཟབ་གནད་མཐར་ཐུག་ཡིན་ཚུལ་གསུངས་པ་ཧ་ཅང་མང་ཡང་། ཉིད་ཀྱིས་གོང་དུ་ཞུས་པ་བཞིན་དགག་ཕྱོགས་ཁོ་ན་མ་གཏོགས་སྨྲོས་མེད་པ་དང་།
ཡང་“གཞན་སྟོང་ངམ་ཇོ་མོ་ནང་པར་གྲགས་པའི་ལྟ་བའི་ཁུངས་གཏུགས་ས་ནི་གངས་ཏི་སེའི་འགྲམ་དུ་གྲུབ་ཆེན་ཡུ་མོ་ཞེས་བྱ་བ་ཏིང་ངེ་འཛིན་དང་མངོན་ཤེས་ཐར་ཐོར་ཡོད་པ་ཞིག་བྱུང་འདུག་པ་དེ་ཡིན་པར་གྲགས་ཤིང་།” ཞེས་གཞན་སྟོང་པ་ལ་ཤིན་ཏུ་མི་དགྱེས་པའི་ཐུ་བཀྭན་སོགས་ཀྱི་གསུངས་པ་གཞིར་བཞག་གིས་བྲིས་འདུག་ཀྱང་། གཞན་སྟོང་པ་རང་གི་ལུགས་ལ། གཞན་སྟོང་གི་ལྟ་བ་འདི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་སྙིང་པོི་བསྟན་པའི་མདོ་སོགས་འཁོར་ལོ་ཐ་མ་སྙིང་པོ་བསྟན་པའི་མདོ་རྣམས་དང་། རྒྱུད་བླ་སོགས་བྱམས་ཆོས་རྣམས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་སྐུ་མཆེད་ཀྱི་གཞུང་། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་སོགས་ལ་ཁུངས་གཏུགས་པ་ལས། གྲུབ་ཆེན་ཡུ་མོའི་གསར་རྙེད་ཀྱི་ལྟ་བ་ཞིག་ཡིན་ཚུལ་གང་ན་ཡང་གསུངས་མེད་པས་ཁྱེད་ཀྱིས་བྲིས་པ་དེ་དོན་ལ་མི་གནས་པའི་གཏམ་ཞིག་ཏུ་གྱུར་འདུག
༣༽ ཉིད་ཀྱིས་མཁྱེན་གསལ་ལྟར། སྔོན་དུས་སུ་གྲུབ་མཐའ་འཛིན་པ་ཕན་ཚུན་གྱི་བར་ལ་དགག་བཞག་ཚད་མེད་གནང་མ་མྱོང་ས་གཅིག་ཀྱང་མེད་ལ། དགེ་ལྡན་པའི་ཕྱོགས་ལ་ཡང་གོ་བོ་རབ་འབྱམས་པ་སོགས་ཀྱིས་ནང་པ་མིན་ཚུལ་གྱི་དགག་པ་བརྗོད་ཡོད། དེས་ན་ངས་འདི་ནས་ཚིག་མཛོད་ཅིག་བྲིས་ནས་ཚིག་མཛོད་དེའི་ནང་། ༼༼དགེ་ལྡན་པ།༽༽ དགེ་ལྡན་པ་ཟེར་བ་འདི་ནི་བོད་ཀྱི་ཆོས་བརྒྱུད་ཕྱི་མ་ཞིག་ཡིན་ཞིང་། འདི་ལ་གོ་བོ་རབ་འབྱམས་པ་སོགས་ཀྱིས། རྟག་དངོས་སྨྲ་བ་མུ་སྟེགས་གཞུང་ལུགས་དང་།། སྤྱི་དངོས་སྨྲ་བ་སྔོན་དུས་རྟོག་གེ་དང་།། ཞིག་དངོས་སྨྲ་བ་དེང་སང་དབུ་མ་གསུམ།། ལྟ་ངན་ཡལ་ག་འཕེལ་བའི་རྩ་བ་ཡིན་ཞེས་དང་། ཞིག་པ་དངོས་པོར་སྨྲ་བ་ནི་ནང་པ་སངས་རྒྱས་པའི་ཆོས་ལས་ཕྱི་རོལ་དུ་གྱུར་ཚུལ་སོགས་ཀྱིས་དགག་པ་མཛད་ཅིང་། སྟག་ཚང་ལོ་ཙྰ་བ་ཆེན་པོས་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཀལ་ཡོད་པའི་གྲུབ་མཐའ་ཞིག་ཡིན་ནོ།། ཞེས་དེ་ཙམ་ཞིག་བྲིས་ནས་བཞག་ཡོད་ན་ཀློག་མཁན་ཆེས་མང་པོ་ཞིག་གི་སེམས་ལ་མི་འཕྲོད་པར་མ་ཟད། ཚིག་མཛོད་ཀྱང་མཐའ་མ་ཆོད་པའམ། ཡང་ན་ཕྱོགས་རིས་བྱས་ནས་བྲིས་པ་འདྲ་ཞིག་ཏུ་གྱུར་བས་རིན་ཐང་ཆེར་མེད་པ་ཞིག་ཏུ་འགྱུར་ཚར་བ་མ་ཡིན་ནམ། དེས་ན་ཉིད་ཀྱི་པར་ཐེངས་རྗེས་མའི་ནང་དུ་དེ་ཚོ་ཅིས་ཀྱང་བཟོ་བཅོས་གནང་རོགས་ཞུ་བ་ཡིན། རྒྱ་གར་ན་གཞན་སྟོང་གི་གྲུབ་མཐའ་འཛིན་པའི་གདན་ས་གཅིག་ལས་མེད་མོད། བོད་དུ་མགོ་ལོག་དང་རྔ་བ་སོགས་ཀྱི་ཕྱོགས་ལ་ཉུང་མཐར་ཡང་དགེ་འདུན་པ་ཁྲི་ཕྲག་ལ་ཉེ་བ་ཙམ་ཡོད་པས་ཕྲན་གྱིས་ཀྱང་ཤེས་པས་དེ་ལུགས་ཀྱི་ཐུགས་བསམ་བཞེས་རྒྱུ་གལ་ཆེ།
༤༽ འདིར་གསལ་བོར་བཤད་རྒྱུ་ཞིག་ལ། ཁོ་བོ་ཇོ་ནང་པ་ཞིག་མིན་ན་ཡང་རང་རེ་བོད་གངས་པའི་ཆོས་བརྒྱུད་ཀུན་གྱི་གཞུང་ལུགས་མང་པོར་ཐོས་བསམ་བྱེད་མྱོང་བ་དང་། རང་གི་ཆོས་བརྒྱུད་ཀྱི་མན་ངག་ལ་རྩ་བའི་ཉམས་ལེན་གང་ཐུབ་ཀྱི་ཐོག ཆོས་བརྒྱུད་གཞན་ལ་དག་སྣང་དང་ཉམས་ལེན་གང་ཐུབ་བྱེད་མཁན་ཞིག་ཡིན་པས་བསམ་པ་དཀར་པོའི་ཐོག་ནས་རྨོང་འཆར་མདོ་ཙམ་ཕུལ་བ་ཡིན། ད་དུང་ཞུ་རྒྱུ་མང་ཙམ་འདུག་རུང་དེ་རིང་དུས་ཚོད་མེད་པས་རེ་ཞིག་མི་འཇོག་ཀ་མེད་རེད། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་སོགས་ཀྱི་ཐོག་ཏུ་ཁོ་བོ་ལ་རྒྱུས་མངའ་ཅུང་ཙམ་ཡོད་པས་ཉིད་ལ་ཐུགས་འདོད་ཡོད་ན་མུ་མཐུད་དུས་ཚོད་ནམ་རག་ལ་བགྲོ་གླེང་ཞུ་ཆོག ཉིད་ཀྱིས་ཕྱི་ལོ་༢༠༡༠ལོར་པར་ཐེངས་རྗེས་མ་འདོན་ཐུབ་རྒྱུའི་ཐུགས་རེ་ཡོད་ཚུལ་གསུངས་འདུག་མོད། ལོ་གཅིག་གཉིས་རེའི་སྔ་ཕྱི་ལ་ཁྱད་པར་ཆེན་པོ་མེད་པས་གཙོ་བོ་དེ་ཀུན་གྱིས་གདེངས་འཇོག་ཡོང་བ་ཞིག་དང་། ཕྱོགས་གང་ཐད་ནས་འཐུས་ཚང་ཞིག་ཡོང་རྒྱུ་དེ་གལ་ཆེན་པོ་རེད་སྙམ་སྟེ། མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ།། ཞེས་པ་ལྟར་ལགས།
ཞེས་རིས་མེད་འཕགས་བོད་མཁས་པའི་གཞུང་ལུགས་མང་པོར་ཐོས་བསམ་གྱི་བག་ཆགས་ཅུང་ཞིག་བཞག་པའི་སངས་རྒྱས་ཀྱི་འབངས་སེངྒེ་རལ་པ་ཅན་ཞེས་བྱ་བས་གུས་ལུགས་དང་བཅས་ཕུལ་བ་ལགས།
ཁ་བརྡའི་འཛིན་སྐྱོང་ལགས། ང་མི་གཅིག་ཡིན་ལ། ང་རང་གི་མིང་དང་གློག་འཕྲིན་ཁ་བྱང་ཡང་གཅིག་རང་ཡིན། འོན་ཀྱང་འདིར་མི་མང་པོ་མཉམ་དུ་ཡོད་ཅིང་། Internet དང་ཧི་གཟུགས་བོད་ཡིག་ཡོད་པའི་ཆོས་ཚོགས་ཀྱི་གློག་ཀླད་གཅིག་ཐུན་མོང་གི་བེད་སྤྱོད་བྱེད་ཀྱི་ཡོད་པས་ཡིན་ནམ། གང་ལྟར་ཁྱེད་ཀྱི་གུས་པ་ཁོ་བོ་ལ་དམིགས་བསལ་གྱིས་རྩོམ་པ་པོ་གཅིག་གི་མཚན་བེད་སྤྱོད་གནང་རོགས་གསུངས་པ་འདིའི་དོན་གོ་མ་སོང་། དགོངས་དག
ང་རང་གི་གློག་ཀླད་ Windows XP ཡིན་པས་ཧི་གཟུགས་ཡོང་གི་མ་རེད། དེས་ན་བོག་ཡིག་གི་གློག་འཕྲིན་གཏོང་བ་སོགས་ལ་སྤྱི་སྤྱོད་ཀྱི་གློག་ཀླད་བེད་སྤྱོད་བྱེད་དགོས་བྱུང་གི་འདུག TCRC Yutso ལ་ཡི་གེ་བརྒྱབ་རྗེས་གློག་ཀླད་ཆེན་པོ་འདི་ནས་མཉེན་ཆས་གཞན་ཞིག་གིས་ཧི་གཟུགས་ལ་བསྒྱུར་གྱི་ཡོད། མ་གཞི་ཁྱེད་ཀྱིས་གསུངས་པ་དེ་གློག་ཀླད་ཀྱི་སྐད་ཆ་ཡིན་མིན་མི་ཤེས། ཁྱེད་ཀྱི་བཀའ་གསུངས་དེ་ལ་བརྩི་བཀུར་ཞུ་དགོས་པ་ཡིན་མོད། ཡག་པོ་ཞེ་དྲག་མི་འདུག
སེང་གེ་རལ་པ་ཅན་ལགས། དེ་ལྟར་གསལ་བཤད་གནང་བ་ལ་ཐུགས་རྗེ་ཆེ་ཞུ། མུ་མཐུད་ནས་མཆན་དང་རྩོམ་ཡིག་སྤེལ་བར་དགའ་བསུ་ཞུ། ང་ཚོའི་དྭོགས་པའི་ཐོག་ནས་ཁྱེད་ལ་ཕོག་ཐུག་སོང་མེད་པའི་རེ་བ་ཞུ། གལ་སྲིད་ཡོད་ན་དགོངས་པ་མ་ཚོམ་ཞེས་ཞུ་རྒྱུ་ཡིན།
དཔལ་དགྱེས་པ་རྡོ་རྗེ་ལགས།
སྔ་ཆར་བླ་མ་དྲན་གདུང་གི་རྩོམ་ཚིག་གྲལ་དུ་ཁྱེད་ཀྱིས་གནང་བའི་ལེ་བདུན་མ་སོགས་བཀའ་དྲིན་བསྐྱང་སོང་ཡང་།
འཕང་པ་ཞིག་ལ་བར་ཆད་ལམ་སེལ་ནས་བཟུང་ལྟ་ལོང་མེད་པར་སྒོ་རྒྱབ་སོང་བས། རྗེས་སོར་ཡང་མི་གཅིག་གིས་ཅི་ཟེར་ལ་མི་ཉན་པར་ཆོས་སྦྱིན་གྱི་ཕན་ཡོན་ལ་དགོངས་ནས་མུ་མཐུད་དུ་གནང་རོགས་ཞུ་ཞུ། ཐུགས་རྗེ་ཆེ།
སེངྒེ་རལ་པ་ཅན་ལགས།
ཁྱེད་ནས་༼གཞན་སྟོང་གི་སྐོར༽ལ་རིན་ཐང་བྲལ་བའི་འཁྱོག་པོ་ཡོ་བསྲང་གི་བསླབ་སྟོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྗེས་སོར་ཡང་མུ་མཐུད་ནས་བསླབ་སྟོན་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། སྤྱིར་བཏང་ཡར་རྒྱས་ལ་མཐའ་མེད་ཅིང་། ཉིས་ན་ངེད་ནི་གྲུབ་མཐའ་གཞན་ལྟ་ཞོག་དགེ་ལུགས་པའི་གྲུབ་མཐའ་ཡང་བརྒྱ་སུམ་ཅུ་ཙམ་ཤེས་ཡོད་ན་ལྷ་རབ་ཡིན། ཕྱོགས་གཅིག་མ་གཏོགས་གཞན་བཤད་མ་ཐུབ་པ་ནི་ང་རང་གི་ཤེས་རྒྱ་དང་མཐོང་རྒྱས་མ་ལྡེང་བ་ཙམ་ལས། ཀུན་སློང་ལ་ནི་སྐྱོན་ཆ་སྤུ་ཙམ་མེད་ཅེས་ཞུ་བར་སྤོབས་སོ། །དེ་ནི་ངེད་ཀྱི་ཚིག་མཛོད་ནང་རྗེའི་ལྟ་བ་ལ་རྒོལ་བའི་༼འགལ་བའི་ཁུར་ཆེན་བཅོ་བརྒྱད༽ཅེས་པ་གསལ་བར་རེ་རེ་བཞིན་བཀོད་པ་དེ་གས་མཁྱེན་ཐུབ།
གསལ་བཤད་ཞུ་རྒྱུ་ཞིག་ལ་ངེད་ཀྱི་༼གཞན་སྟོང་གི་སྐོར༽གྱི་བཤད་པ་དེ་ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ལ་གཙོ་བོར་གཞི་བྱས་པ་ཡིན། ཐུ་བཀྭན་གྱི་གསུང་དེ་ཡང་དེ་ལ་གཞི་བྱས་འདུག ལྕང་སྐྱ་རིན་པོ་ཆེ་ནི་བློ་གཟུ་བོར་གནས་པ་ཞིག་ཏུ་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཐམས་ཅད་ཀྱིས་ཞལ་གྱི་བཞེས་ཀྱི་འདུག་པ་མ་ཟད་ཁོང་གི་ལྟ་མགུར་ཨ་མ་ངོས་འཛིན་ནི་ལྷག་པར་གཞན་ཕྱོགས་ཀྱི་ལྟ་བ་ལ་བདེན་ཁ་སྦྱིན་པ་ལྟ་བུའི་ཟུར་གནས་ཤིག་ཏུ་མཐོང་།
འོན་ཀྱང་ཁྱེད་ནས་གསུངས་པ་ལྟར་ང་རང་གི་ཤེས་ཡོན་གྱི་ལྡེང་ན་ཕྱོགས་གཉིས་ཀར་གསལ་བཤད་བྱ་རྒྱུ་ནི་ཤིན་ཏུ་འོས་པ་ཞིག་ཏུ་མཐོང་། ཐ་ན་ནུབ་ཕྱོགས་པའི་གསར་འགྱུར་ལའང་ཕྱོགས་གཉིས་ཀའི་ཆ་བཤད་ཀྱི་འདུག་ན་རང་ཅག་ཆོས་པའི་མིང་འཛིན་པ་རྣམས་ཀྱིས་གཡས་འགྱེལ་གཡོན་དཔྱོང་མི་བྱེད་པའི་དྲང་བདེན་གྱི་ལམ་ལུགས་འཛིན་དགོས་པ་ནི་ཤིན་ཏུ་གལ་ཆེའོ། །
ཁྱེད་ལ་བཀའ་འདྲི་ཚིག་འགའ་ཤས་ཤིག་ཞུ་རྒྱུ་ཡོད། མཆན་འོག་མར་གཟིགས་རོགས།
བཀུར་འོས་སྒོམ་སྡེ་ལགས།
ཁྱེད་ཀྱིས་ངའི་དྲི་བ་ཁག་ཅིག་ལ་ལན་གནང་བ་མ་ཟད། ཀུན་སློང་ལ་སྐྱོང་མེད་ཅེས་སྤོབས་པ་མཐོན་པོས་གསུང་གིན་འདུག་པར་རྗེས་སུ་ཡི་རང་དང་བསྟོད་སྔགས་ཞུ་བ་ཡིན།
སེང་གེ་རལ་བ་ཅན་གྱིས་གསུངས་པ་བདེན་པ་རེད། ངས་ཀྱང་དེ་འདྲ་བསམ་ནས་གོང་གི་དྲི་བ་དེ་ཚོ་ཕུལ་བ་ཡིན། གལ་ཏེ་སྐུ་ཉིད་ཀྱི་ཚིག་མཛོད་དེ་དགེ་ལུགས་པའི་ཚིག་མཛོད་ཡིན་ན་སྐྱོན་མེད་མོད། རིས་མེད་མཁས་པའི་ཞལ་ལུང་ཞེས་ལབ་དུས་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་རིས་མེད་ཅིག་ཆགས་དགོས། རིས་མེད་ཀྱི་གོ་དོན་ཡང་། གྲུབ་མཐའ་སོ་སོའི་ལྟ་གྲུབ་གྲུབ་མཐའ་རང་རང་གི་གཞུང་ནས་གསུང་བ་ལྟར་བཀོད་དགོས་པ་ལས། གྲུབ་མཐའ་གཞན་གྱིས་གྲུབ་མཐའ་གཞན་པར་དགག་པའམ་ལྟ་ཚུལ་ཏེ་བཀོད་ན་མི་འགྲིག
དེས་ན་མ་འོངས་པར་ཚིག་མཛོད་བསྐྱར་དཔར་གནང་དུས་ཞུས་དག་དང་བཟོ་བཅོས་བཏང་གནང་ན་ཡག་པོ་འདུག གཞན་སྟོང་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱུད་སོགས་ཀྱི་སྐོར་སྐུ་ཉིད་ལ་དྲི་བ་ག་རེ་ཡོད་ན་དྲ་གྲོགས་སེང་གེ་རལ་བ་ཅན་ལ་དྲིས་དང་། ཁོང་གིས་ལན་འདེབས་ངེས་རེད་ལ། གུས་པས་ཀྱང་ཤེས་ཚོད་ཀྱིས་ཞབས་ཞུ་བསྒྲུབ་ངེས་ཡིན།
དེ་རིང་དེ་ཙམ་ཡིན།
སེངྒེ་རལ་པ་ཅན་ལགས།
ཁྱེད་ཀྱིས་༼གཞན་སྟོང་པ་རང་གི་ལུགས་ལ། གཞན་སྟོང་གི་ལྟ་བ་འདི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་སྙིང་པོི་བསྟན་པའི་མདོ་སོགས་འཁོར་ལོ་ཐ་མ་སྙིང་པོ་བསྟན་པའི་མདོ་རྣམས་དང་། རྒྱུད་བླ་སོགས་བྱམས་ཆོས་རྣམས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་སྐུ་མཆེད་ཀྱི་གཞུང་། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་སོགས་ལ་ཁུངས་གཏུགས་པ་ལས། གྲུབ་ཆེན་ཡུ་མོའི་གསར་རྙེད་ཀྱི་ལྟ་བ་ཞིག་ཡིན་ཚུལ་གང་ན་ཡང་གསུངས་མེད་པས་ཁྱེད་ཀྱིས་བྲིས་པ་དེ་དོན་ལ་མི་གནས་པའི་གཏམ་ཞིག་ཏུ་གྱུར་འདུག༽ཅེས་གསུངས་འདུག་པ་འདི་ཤིན་ཏུ་ལེགས།
གལ་ཏེ་འདི་དང་འདྲ་བའི་ཚད་ལྡན་གྱི་མཁས་པ་དཔེར་ན་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་ལྟ་བུའམ། ཡང་ན་དེ་དང་འདྲ་བའི་ཚད་ཐུབ་ཀྱི་མཁས་པ་ཞིག་གི་གསུང་འདྲེན་རྒྱུ་ཡོད་ན་ལེགས་པོ་འདུག མ་ཟད་གཞན་སྟོང་བཞེད་པ་རྣམས་ཀྱིས་དེའི་འགྲེལ་བཤད་ཡང་གསལ་པོ་འཁོད་པ་ཞིག་ཡོད་ན། ངེད་ལ་ཤོག་གྲངས་དང་བཅས་པ་གསུང་རོགས། རྗེས་སོར་ངེད་ནས་ཞིབ་འཇུག་བྱས་ཏེ། ངེད་ཀྱི་ཚིག་མཛོད་༼གཞན་སྟོང་གི༽ཐད་དུ་གཞན་ཕྱོགས་ཀྱི་བཞེད་ཚུལ་ཡང་འགོད་ཡིན།
འགོད་ངེས་ཡིན། ནོར་བཅོས།
སེངྒེ་རལ་པ་ཅན་ལགས།
ངེད་ཀྱི་དྲི་བ་ནི།
ཁྱེད་ཀྱིས་༼དགེ་ལྡན་པའི་ཕྱོགས་ཀྱི་འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་དང་། གུང་རུ་རྒྱལ་མཚན་བཟང་པོ། པཎ་ཆེན་བློ་བཟང་ཆོས་རྒྱན། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་སོགས་དང༽ཞེས་ཁོང་ཅག་གིས་གཞན་སྟོང་ལྟ་བ་ཞལ་གྱིས་བཞེད་ཚུལ་ཞིག་གསུངས་འདུག དེའི་ཁུངས་གང་ལ་བཅོལ་བ་ཡིན་ནམ་ཞེས་བཀའ་འདྲི་ཞུ་བ་ཡིན།
གུང་རུ་རྒྱལ་མཚན་བཟང་པོར་སྔ་རབས་པའི་ལྟ་བའི་ཤན་ཡོད་ཚུལ་གསུང་མཁན་ཡོད་རེད། འོན་ཀྱང་གཞན་སྟོང་གི་ལྟ་བ་བཞེད་ཚུལ་ངེད་ནས་མཐོང་ཐོས་མ་བྱུང་། དེ་བཞིན་དུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་རྗེའི་ལྟ་བ་རྣམ་དག་རྟོགས་མཁན་གྱི་གྲས་སུ་ཀློང་རྡོལ་བླ་མས་ཀྱང་དྲངས་འདུག་ལགས།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཀའ་བརྒྱུད་པའི་ཕྱག་ཆེན་གྱི་ལྟ་བར་ཐུགས་མོས་ཡོད་པ་ཞིག་ནི་ཏན་ཏན་རེད་འདུག་སྙམ་པ་བྱུང་། དེ་ཡང་ཁོང་གི་ཕྱག་ཆེན་གྱི་ཁྲིད་ཡིག་ལས་ཤེས་ཐུབ།
ཡང་ཁྱེད་ནས་སྔ་རབས་པའི་ལྟ་བ་དང་གཞན་སྟོང་གི་ལྟ་བ་གཉིས་གཅིག་ཏུ་བསམས་ནས་གསུངས་པ་ཡིན་ན་ནི་མ་འགྲིག་པ་རེད། སྔ་རབས་ཞེས་པ་ནི་རྗེ་རིན་པོ་ཆེའི་གོང་གི་བོད་ཀྱི་གྲུབ་མཐའི་ལྟ་བ་ཐམས་ཅད་ལ། སྔ་རབས་པའི་ལྟ་བ་ཞེས་ཞུ་བ་རེད།
༼སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད༽ཅེས་པ་འདི་གོ་མྱོང་མྱོང་ཞིག་འདུག་སྙམ་པ་བྱུང་། ད་ལྟ་བྱེད་དུས་སྔོན་མཇལ་མྱོང་འདུག
༼སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད༽ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་གླེགས་བམ་སྟོད་ཆ་༥༠༨ལས།
བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །
རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །
ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །
བོད་ཀྱི་ཡུལ་འདིར་སྒྲུབ་བརྒྱུད་ཀྱི་རིང་ལུགས་འདྲེན་པ་ཆེ་ཕྲ་དུ་མ་བྱུང་ཡང་གཙོ་བོའི་རིགས་སུ་བསྡུ་ན་ཤིང་རྟ་ཆེན་པོ་བརྒྱད་དེ།
སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པའི་ལུགས་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །
སྒོམ་སྡེ་ལྷ་རམས་པ་ལགས། སྔོན་ཆད་བདག་གིས་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་བྱས་མྱོང་ཡོད། དེང་སང་ཉིད་ཀྱི་རླབས་ཆེ་བའི་བྱ་བཞག་འདི་དག་ལ་བསམ་ནས་འོང་དུས། དངོས་ནས་ངོ་ཚ་ནི་ཞིག་རེད། དེ་ལ་དགོངས་དག་ཟེར་རྒྱུ་ཡིན། ཉིད་ཀྱང་གྲྭ་ལོག་ཞིག་ཡིན་རབས་གསུང་སོང་། གྲྭ་བ་ལོག་ཀྱང་ལྟ་བ་ལོག་མེད་པའི་བུ་རྒོད་པོ་ཁྱེད་འདྲ་ནི་གང་དུ་བསྡད་ཀྱང་ཆོས་འཇིག་རྟེན་གཉིས་དང་ཚེ་འདི་ཕྱི་གཉིས་ལ་ཡོད་པ་ཞིག་བྱེད་མཁན་དུ་མཐོང་གི་འདུག་ན། ཉིད་ཀྱི་བརྩམ་གནང་བའི་རིས་མེད་ཚིག་མཛོད་ཆེན་མོ་དེ་ལེགས་འགྲུབ་ཡོང་བར་སྨོན་འདུན་དང་ཉིད་ཀྱིས་བྱ་བཞག་ཡར་སྔོའི་ཟླ་བཞིན་ཡོང་བར་རེ་བ་ཆེན་པོ་ཡོད།
སྒོམ་ལ་བཞུགས་པའི་གྲུབ་ཐོབ་མ་ཡིན་ཡང་།།
སྡེ་ལ་བཅིངས་པའི་ཞེན་པ་དཀར་པོ་ཡིས།།
ལྷ་ཆེན་ཕྱག་ན་པདྨོའི་བཀའ་གསུང་དེ།།
པ་སངས་དྲི་མ་མེད་པའི་ཀུན་སློང་གིས།།
རང་གི་རིགས་ལ་སྲུ་ཞུ་སྒྲུབ་པ་བསྟོད།།
དགོངས་དག་བར་ནས་རམས་ཆད་འདུག
སྒོམ་ལ་བཞུགས་པའི་གྲུབ་ཐོབ་མ་ཡིན་ཡང་།།
སྡེ་ལ་བཅིངས་པའི་ཞེན་པ་དཀར་པོ་ཡིས།།
ལྷ་ཆེན་ཕྱག་ན་པདྨོའི་བཀའ་གསུང་དེ།།
རམས་པའི་མ་གོས་ཉིད་ཀྱི་སེམས་པ་དེ།།
པ་སངས་དྲི་མ་མེད་པའི་ཀུན་སློང་གིས།།
རང་གི་རིགས་ལ་སྲུ་ཞུ་སྒྲུབ་པ་བསྟོད།།
སྒོམ་སྡེ་ལྷ་རམས་པ་ལགས།
གོང་དུ་ཀ་དག་དང་ལྷུན་གྲུབ་ཅེས་པའི་ལྷུན་གྲུབ་ཀྱི་འགྲེལ་ལ་ ༼ལྷུན་གྲུབ་ནི། རང་གྲུབ་ཙམ་ནས་རང་ཆས་སུ་གྲུབ་པས་ལྷུན་གྲུབ་བམ་ལྷན་སྐྱེས་ཟེར་བ་ཡིན་འདུག སེ་ར་བྱེས་ཀྱི་རྟ་མགྲིན་གཏོར་འབུལ་ནང༌། ཀ་དག་ལྷན་སྐྱེས་བདེ་ཆེན་རོལ་པ་ལས། །ཞེས་གསུངས་པ་ལྟར་ཡིན་འདུག༽༼ཡེ་གདོད་མ་ནས་དག་པས་ན་ཀ་དག རང་གྲུབ་ཙམ་ནས་རང་ཆས་སུ་གྲུབ་པ་ན་ལྷུན་གྲུབ་བམ། ལྷན་སྐྱེས།༽
ཅེས་བྲིས་འདུག་པས་ཚིག་དེའི་ངོ་གདོང་ལ་བལྟས་ན་ལྷུན་གྲུབ་ཀྱི་དོན་དེ་གྲུབ་ཙམ་ཉིད་ནས་རང་ཆས་སམ་རང་བཞིན་གྱིས་གྲུབ་པ་ལྟ་བུའི་གོ་བ་ཞིག་སླེབས་ཀྱི་འདུག་པས། གལ་ཏེ་གྲུབ་ཙམ་ཉིད་ནས་རང་བཞིན་ནམ་རང་ཆས་ཀྱིས་གྲུབ་པ་ཞིག་ཡིན་ན་བདེན་གྲུབ་ཟེར་བ་གོ་བ་དེ་ལས་ལོགས་སུ་ཡོད་དམ།
ལར་ནས་ཚིག་མཛོད་ཀྱི་མཆན་འགྲེལ་ལ་འཁྲུལ་གཞི་མེད་པའི་ཚིག་བེད་སྤྱོད་གང་ཐུབ་ཀྱིས་འགྲེལ་བ་ཁ་གསལ་ལ་གོ་བདེ་བ་ཞིག་དགོས་པ་གལ་ཆེ། གཞན་དུ་གཞུང་ཚིག་དགོངས་པ་ཅན་རྣམས་ལུང་འདྲེན་ལྟ་བུ་བྱས་ན་ཚིག་མཛོད་དུ་དགོས་པ་ཆུང་ལ་འཁྲུལ་ཚབས་ཆེ་བ་འབྱུང་སྲིད།
དེ་སྔོན་ཁོ་བོས་མཇལ་བའི་རྫོགས་ཆེན་གྱི་གཞུང་འགའི་ནང་ལྷུན་གྲུབ་ཀྱི་དོན་འབྱུང་རུང་མ་འགགས་པ་ཞེས་གསུངས་འདུག་ལ་འབྱུང་རུང་མ་འགགས་པ་ཟེར་བ་ཡང་སྣང་བ་མ་འགགས་པ་ཙམ་ལ་འགྲེལ་གྱི་འདུག
སྤྱིར་ན་རྒྱ་ཆེ་གཏིང་ཟབ་ཀྱི་གྲུབ་མཐའི་ལྟ་གྲུབ་ཁག་འགྲེལ་སྐབས་གྲུབ་མཐའ་སོ་སོའི་གཞུང་ལ་ལེགས་པར་དཔྱད་རྒྱུ་གལ་ཆེ་བ་སྟེ་དཔེར་ན་རྫོགས་ཆེན་བཤད་སྐབས་རྫོགས་ཆེན་གྱི་དཔེ་གཞུང་ཁག་ལ་ལེགས་པར་བརྟགས་ཏེ་སྙིང་དོན་ངོ་མ་འགྲེལ་ཐབས་གནང་རྒྱུ་གལ་གནད་ཆེ་སྙམ།
འོན་ཀྱང་འདི་ནི་གུས་པའི་བསམ་འཆར་ཙམ་ཡིན་པར་དགོངས་འཇགས་ཞུ།
རྩེ་རྒྱལ་ལགས།
ཀ་དག་ལྷུན་གྲུབ་དང་། གསལ་སྟོང་འཛིན་མེད་སོགས་ཀྱི་ལན་འདི་ནི། དྲ་རྒྱའི་ཐོག་དྲི་བ་ཞིག་བྱུང་བར་ཤེས་ཚོད་ཅིག་ཐད་ཀར་སྤོམ་བཤད་ཀྱི་ཚུལ་དུ་བཤད་པ་ཡིན་ཞིང་། མ་ཟད་དེའི་གཤམ་དུ་༼འདི་ནི་རྨོངས་འཆར་ཙམ་དང་། འདིར་རྙིང་མའི་མཁས་པ་མང་པོ་འདུག་པས། ཁོང་ཅག་གི་འགྲེལ་བཤད་གསལ་པོ་བཀྱོན་གྱི་རེད༽ཅེས་གསལ་པོ་བཤད་ཡོད།
ངེད་ནས་དཔྱད་པ་གང་འཚམ་ཞིག་སོང་ཞིང་བློ་བདེ་མོ་མ་བྱུང་གི་བར་ཚིག་མཛོད་ནང་འགོད་འཇུག་བྱེད་ཀྱི་མེད། ལྷག་པར་རང་ལ་གདེངས་ཚོད་མེད་པའི་རྨོངས་འཆར་འདི་རིགས་རྩ་བ་ནས་ཚིག་མཛོད་ནང་འགོད་ཀྱི་མེད་ལགས།
ཁྱེད་ཀྱི་གསུང་པ་དེར་གོ་རྒྱུ་ཏན་ཏན་འདུག་མོད། འོ་ན་ཁོ་བོ་ལ་དོགས་པ་འདི་ལྟར། ལྷུན་གྲུབ་ཀྱི་གོ་དོན་དེ་ལྟར་ཡིན་ན། འོ་ན་སེམས་ཀྱི་གནས་ལུགས་ལ། བཀའ་རྙིང་གི་གཞུང་དུ། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་པའི་རྒྱུ་མཚན་དེ། ཡེ་ནས་འདུས་མ་བྱས་སུ་རང་ལ་རང་ཆས་སུ་ཡོད་པའི་ཆ་ནས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཟེར་བ་མ་ཡིན་ནམ།
ལྷུན་པོ་དང་ལྷུན་སྟུག་ ད་དུང་རི་རྒྱལ་གྱི་ལྷུན་པོ་ཟེར་བ་སོགས་ཀྱི་ལྷུན་འདི་དང་། ལྷུན་གྲུབ་ཅེས་པའི་ལྷུན་གཉིས་དོན་གཅིག་རེད། ཚིག་ལ་ཚིག་ལས་ལྷག་པའི་གོ་བ་མ་འབྱིན་རོགས།
“ལྷུན་གྲུབ་ནི། རང་གྲུབ་ཙམ་ནས་རང་ཆས་སུ་གྲུབ་པས་ལྷུན་གྲུབ་བམ་ལྷན་སྐྱེས་ཟེར་བ་ཡིན་འདུག”ཞེས་ཚིག་མཛོད་དུ་བཀོད་ཡོད་ན། དེ་ནི་འགྲེལ་བཤད་མ་འགྲིག་པ་རེད་དྲན། རང་གྲུབ་ཙམ་ནས་གྲུབ་ཅེས་བརྗོད་དུས་དུས་ཚོད་ཀྱི་སྐད་ཆ་རེད། ལྷུན་གྱིས་གྲུབ་པ་ཞེས་བརྗོད་དུས་ངོ་བོའི་རྣམ་པ་སྟོན་པ་རེད། གྲུབ་ལུགས་ཀྱི་ངོ་བོ་དེ་སྟོན་པ་རེད།
སྤྱིར་བཏང་ལྷུན་གྲུབ་བམ་ལྷུན་གྱིས་གྲུབ་ཅེས་པ་ནི། རྩོལ་བ་ལ་མ་ལྟོས་པར་གྲུབ་པའི་དོན་རེད། དཔེར་ན་འབད་མེད་ལྷུན་གྲུབ་དང་། འབད་མེད་ལྷུན་གྱིས་གྲུབ་ཅེས་པ་ལྟ་བུ།
འོན་ཀྱང་ཀ་དག་ལྷུན་གྲུབ་ལ་རང་རང་གི་གྲུབ་མཐར་དམིགས་བསལ་གྱི་འགྲེལ་བཤད་ཟུར་པ་རེ་ཡང་ཡོད་ཚོད་འདུག
ངེད་ཀྱི་རྨོངས་འཆར་ལ་ཀ་དག་ལྷུན་གྲུབ་དང་། ཀ་དག་ལྷན་སྐྱེས་གཉིས་དོན་ཡིན་ནམ་སྙམ་གྱི་འདུག འོན་ཀྱང་དེ་ནི་རྨོངས་འཆར་ཡིན།
ངེད་ནས་ཁྱེད་རྣམས་ཀྱིས་དགོངས་འཆར་གནང་བ་དེར་བསམ་བློ་ནན་ཏན་གཏོང་གི་ཡོད།
ཚེ་ཏན་ཞབས་དྲུང་ཚང་གི་ཐོན་མའི་དགོངས་རྒྱན། གསུང་འབུམ་ པོད 5 ཤོག་ངོས་ 362
ལྷུན་ཆགས། བརྗིད་ཆགས་ཏེ་ལྷུན་སྡུག་ལྷུན་གྲུབ་སོགས་ཀྱང་མཚོན། ཞེས་གསལ་འདུག
ལྷུན་གྱིས་གྲུབ་ཅེས་པ་ནི་གཟི་བརྗིད་ཆེན་པོའི་ངང་ནས་གྲུབ་པའམ་རྫིག་པོར་གྲུབ་པ་ཞེས་པ་རེད་ལགས།
ལྷུན་འགྲུབ་ནི་བཅོས་མ་བཀག་ནས་མ་བཅོས་པ་སྟོན་གྱི་ཡོད་པ་ལོས་ཡིན་སྙམ། མ་བཅོས་ལྷུན་གྱིས་གྲུབ་ལྟ་བུ་དང་། ལྷུན་འགྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས་ལྟ་བུའོ། ཡང་རྩོལ་བ་ལ་མ་རྟེན་པར་བྱུང་བའི་དོན། དཔེར་ན་བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས་ལྟ་བུ།
དེ་ནས་ལྷུན་གྲུབ་ཟེར་བ་འདི་སྙིང་མའི་ཆོས་བརྡའི་དབང་དུ་བྱས། དེ་ཡང་སྟོང་ཉིད་ལ་གོ་གི་ཡོད་ན་རང་གྲུབ་ཙམ་ཉིད་ནས་དང་རང་སྐྱེས་ཙམ་ཉིད་ནས་སོགས་སུ་འགྲེལ་ན་འགྲིག་མིན་མི་ཤེས། གང་ཡིན་ཟེར་ན་རྣམ་འགྲེལ་ན་ཡང་། མ་སྐྱེས་པ་ནི་ལྡོག་དོན་དུ།། གྱུར་བ་ཞེས་ནི་བརྗོད་པ་ཡིན།། ཞེས་སྐྱེས་ཙམ་ཉེད་ནས་དང་གྲུབ་ཙམ་ཉིད་ནས་སོགས་བརྗོད་ས་ཅིག་ཡིན་ན་ངེས་པར་དུ་འདུས་བྱས་ཞིག་ལོས་དགོས་སྙམ། གྱུར་བ་ལ་རྩོད་རྒྱུ་ཅིག་ཡོད་པ་ནི་གློ་བུར་རྣམ་དག་གི་ཆར་གྱུར་བའི་ངོ་བོ་ཉིད་སྐུ་དེ་རེད།
འོན་ཀྱང་ལྷུན་འགྲུབ་ཟེར་བ་འདི་སྙིག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་བཤད་ཀྱི་ཡོད་ན་ནི། རང་གྲུབ་ཙམ་ཉིད་ནས་སོགས་འགྲེལ་ན་ཡང་མ་འགྲིག་པ་འེ་ཡོད་སྙམ།། །།
སྐུ་ཞབས་སྒོམ་སྡེ་ལགས།
ཚིག་མཛོད་འདི་མངགས་ཉོ་ཇི་ལྟར་བྱེད་དགོས་སམ། ཤེས་རིག་དཔར་ཁང་ལ་ད་ཆ་ཚོང་རྒྱུ་ཨེ་ཡོད།
ཚེ་ཏན་ཞབས་དྲུང་གི་གསུང་ལ་ཏན་ཏན་གོ་རྒྱུ་འདུག
འོན་ཀྱང་ལྷུན་གྲུབ་ནི་ངེས་པར་ངེད་ཀྱིས་བཤད་པ་ལྟར་གོ་དགོས་རེད།
༡༽
བོད་རྒྱ་ཚིག་མཛོད་ཆེན་མོ་ལས།
ལྷུན་གྲུབ། ལྷུན་གྱིས་གྲུབ་པ་སྟེ་འབད་མེད་རང་བཞིན་གྱིས་གྲུབ་པ་ཞེས་གསུངས་ལགས།
༢༽ དག་ཡིག་གསར་བསྒྲིགས་ལས། ལྷུན་གྲུབ། ལྷུན་གྱིས་གྲུབ་པ་ཞེས་པའི་ཚིག་བསྡུས་པ། དཀའ་ཚེགས་ཆེན་པོ་མ་བྱས་པར་བསམ་པ་ལྟར་གྲུབ་པའི་དོན་ཏེ། ཞེས་གསུངས།
༣༽
ཙནྡྲ་ད་སའི་ཚིག་མཛོད་ལས།
ལྷུན་གྱིས་གྲུབ་པ། miraculously sprung or grown, formed all at once.
ཚིག་མཛོད་ཚད་ལྡན་གསུམ་དང་འགལ་འདུག་ལགས།
འ་ཙི ང་ཚོས་ལྷུན་གྲུབ་ཟེར་བ་དེ་སྤྱིར་བཏང་གི་དེ་མ་བཤད་པར་རྙིང་མའི་ཆོས་བརྡ་ཅིག དེ་ཡང་ཀ་དག་ལྷུན་འགྲུབ་ཟེར་བ་འདི་ལ་དཔྱད་པ་ཡིན་ན་ཟེ
ཁུངས་ལུང་དག་གིས་དེ་ལྟར་བསྒྲུབས་ཡོང་ན། ཤེས་སོང་ཞུ་བ་ཡིན། ཡིན་ན་ཡང་ད་དུང་སེམས་ནང་འཇགས་བསྡད་པའི་གོ་བ་ཞིག་འདུག དེའི་ཁུངས་རྙེད་ན་འབུལ་ཆོག ད་བདག་ཅག་གཟིམས་རན་ཐལ། ཐུགས་རྗེ་ཆེའོ།།
མཁྱེན་ཡང་སྒོམ་སྡེ་དམ་པར།
ཁྱེད་ཀྱི་ཚིག་མཛོད་ནང་ལྟ་བའི་སྐོར་བཀའ་བརྒྱུད་ལྟབུ་ལ་ཆ་བཞག་ནདངོས་གནས་ཚད་འཛིན་ཐུབ་པ་ཞིག་བྱུང་མི་འདུག ངས་བསམ་ན་ཆོས་བརྒྱུད་ཚོའི་དབུ་འཛིན་ཆོས་རྗེ་རྣམས་ལ་སྙན་ཞུ་དམིགས་ཡུལ་བཅས་ཕུལ་ནས་ཚད་ལྡན་བསྡུ་རུབ་གནང་ན་ལས་སླ་བོ་རེད་ལ་གནད་དུ་སྨིན་པར་འཚལ། ཡང་ཆོས་རྗེ་རྣམས་སོ་སོའི་མཁས་དབང་ཚོ་ལ་དཀའ་གནང་གི་རེད་བ། དེ་མིན་ཁོང་རྣམས་པས་མཁྱེན་མི་ཡོང་། གང་ལྟར་ཚིགས་མཛོད་ཚད་ལྡན་བྱུང་ན་འགྲིགས། ཁྱོད་ཀྱི་ལྷག་བསམ་དང་མ་བཅོས་པའི་དགོངས་པ་ལ་ངས་ཕྱག་འཚལ་བཞིན་ཡོད།
ཨ་ཙི་ངའི་གྲོགས་པོ་མཁས་པ་ཚོ། དེ་རིང་ཁྱོད་ཚོ་ལ་ཅི་བྱུང་སོང་བ་རེད། ལྷུན་གྲུབ་ཟེར་བ་དེའི་ཐོག་ཏུ་ཅི་འདྲའི་གློའུ་བཤད་མང་པོ་ཅིག་བརྒྱབ་འདུག ཁྱེད་ཚོར་ཅི་ཁག ལྷུན་གྲུབ་ཀྱི་གོ་བའི་ཐོག་ནས་རྡོ་སྦིས་ཤེས་རབ་རྒྱ་མཚོས་ཀྱང་བསམ་བཞིན་དཀྱོག་པ་མིན་ན་ཞབས་འདྲེན་ཡག་ཐག་ཆོད་ཅིག་ཞུས་འདུག རྙིང་མའི་གཞུང་ལས་བྱུང་བའི་ལྷུན་གྲུབ་ནི་ཁྱོད་ཚོས་གླེང་བཞིན་པའི་ལྷུན་གྲུབ་དེ་ལྟ་བུ་ཞིག་མ་རེད། རྙིང་ལུགས་ལ་མདོ་ལུགས་སུ་ཡང་བྲལ་འབྲས་ཆོས་སྐུའི་ཡོན་ཏན་རྣམས་བདེ་གཤེགས་སྙིང་པོ་ལ་ཡེ་ནས་རང་ཆས་སུ་གནས་པར་འདོད་པ་ནི་གཞན་སྟོང་སྨྲ་བ་ཚོ་དང་གཅིག་པ་རེད། ཡིད་བཞིན་མཛོད་དུ་ཡང་། ཇི་ལྟར་ཉི་ཟླ་སྤྲིན་དང་བྲལ་བ་བཞིན།། ཁམས་ཀྱི་སྒྲིབ་པ་ཀུན་དང་བྲལ་བ་ན།། བྱང་ཆུབ་ཅེས་བྱ་ལྷུན་གྲུབ་ཡོན་ཏན་སྣང་ཞེས་གསུངས་པ་ལྟ་བུ་ཡིན་ལ། བྱམས་ཆོས་ཁག་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན།། འགྱུར་བ་མེད་པའི་ཆོས་ཉིད་དོ།། ཅེས་དང་། རྣམ་དབྱེར་མེད་པའི་མཚན་ཉིད་ཅན།། བླ་མེད་ཆོས་ཀྱི་སྟོང་མ་ཡིན་ཞེས་གསུངས་པ་སོགས་ངེས་དོན་དུ་མཐར་ཐུག་ཏུ་འགྲེལ་གྱི་ཡོད། སྔགས་ལུགས་ལ་དེ་བས་ཀྱང་སྨྲོས་ཅི་དགོས། སྒྱུ་འཕྲུལ་ལས་བཅིང་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས།། ཞེས་གསུངས་པ་ལྟར་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱ་བའི་ཐ་སྙད་མཛད་ཅིང་རྫོགས་པ་ཆེན་པོའི་གྲུབ་མཐའ་མཐར་ཐུག་ཀྱང་ལྷུན་གྲུབ་གྱི་ཐོག་ནས་འཇོག་དགོས་པ་ཡིན། རྫོགས་པ་ཆེན་པོ་ཟེར་བའི་སྒྲ་བཤད་ཀྱང་ལྷུན་གྲུབ་ཀྱི་ཐོག་ནས་ཡོང་གི་ཡོད། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཟེར་བའི་ནང་གི་རང་བཞིན་ཡང་འདི་ལ་ཟེར་གྱི་ཡོད། འོད་གསལ་བའི་ཡེ་ཤེས་དང་གནད་གཅིག་པ་རེད། མདོར་ཧྲིལ་གྱིས་དྲིལ་ཏེ་བཤད་ན། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དང་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དབྱེར་མི་ཕྱེད་པའི་སེམས་ཉིད་ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱི་སྒྲུབ་པ་ལ་ལྷུན་གྲུབ་ཟེར་ཞིང་། སྒྲ་བཤད་ཀྱི་དབང་དུ་བྱས་ན་འབྲས་དུས་ཀྱི་སྐུ་གསུམ་པོ་ལམ་སྐྱེན་གྱིས་མ་བསྐྱེད་པར་ཡེ་ནས་རང་གི་ངོ་བོ་ཉིད་ཀྱིས་རང་ཆས་སུ་བཞུགས་པའམ་ལྷུན་གྱིས་གྲུབ་པ་ལ་ལྷུན་གྲུབ་ཟེར་བ་ཡིན། འདིར་དུས་ཚོད་ཀྱི་བྲེལ་ཟིང་གིས་ཚིག་སྦྱོར་དང་དག་ཆ་སོགས་ལ་བསམ་བློ་གཏོང་ཁོམ་མ་བྱུང་ལགས། སྒོམ་སྡེ་མཆོག་གི་དྲིས་པ་རྣམས་ལ་དོ་དགོང་མཚན་མོར་ལན་འབུལ་ཨེ་ཐུབ་བལྟ་ཡོང་། མ་གཞི་འདི་ཡིན་ས་རེད། དེ་ཡིན་ས་མ་རེད་ཅེས་གསུངས་བསྡད་པ་ལས་ལྷུན་གྲུབ་ཞིབ་མོར་སྟོན་པའི་རྙིང་གཞུང་རང་ལ་སྐར་མ་ལྔ་ལ་ལྟོས་དང་ནམ་ལངས་པ་ལྟ་བུའི་གོ་བ་ཞིག་རྙེད་པར་དེ་ལས་སླ་བ་མ་ཡིན་ནམ། རིག་འཛིན་འཇིགས་གླིང་གིས་ཡོན་ཏན་མཛོད་དུ་རྫོགས་པ་ཆེན་པོའི་གཞི་ངོས་བཟུང་བའི་སྐབས་སུ་ཡང་། རྒྱལ་བའི་འཁོར་ལོ་བར་བ་རྣམ་ཐར་གསུམ།། བསྟན་བྱའི་སྙིང་པོ་སོ་སོ་རང་རིག་པ།། སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ།། བཞུགས་པར་བཤད་ལ་རྫོགས་པ་ཆེ་ཞེས་གྲགས།།་་་་་་་འོ་དགོངས་དག ད་འགྲོ་རན་སོང་། ད་དུང་ཁ་ལག་བཀྲུས་མེད་པས་་་་་ དོ་དགོང་མཇལ་ཡོང་།
དཔལ་ལྡན་ས་སྐྱ་པ་དང་། མཉམ་མེད་བཀའ་བརྒྱུད་པ་གཉིས་གང་སྔོན་དུ་བྱུང་པ་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་བྱུང་རིམ་ལ་གཟིགས་དང་ནོར་མེད་ཤེས་པར་འགྱུར། སྔ་འགྱུར་རྙིང་མ། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད། ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་པའི་ལུགས་རྣམས་སོ། ས་སྐྱ་དང་བཀའ་བརྒྱུད་ཞེས་ཆོས་ལུགས་ལ་མིང་ཐོག་ཚུལ་ཡང་། འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་ཆགས་བཏབས་ནས་ས་སྐྱ་ཞེས་དང་། རྗེ་སྒམ་པོ་པས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་སྲོལ་གཏོད་པ་ནས་བཀའ་བརྒྱུད་པ་ཐོག་པ་ཡིན་པས་གཟུར་གནས་ངང་ཞིབ་བལྟ་གནང་མཛད་དང་ཤེས་པར་འགྱུར་རོ།
དཔལ་ལྡན་རིག་རལ་ལགས་སུ།
བཀའ་བརྒྱུད་པའི་མཚན་གདམས་ངག་ལ་རྟེན་ནས་བྱུང་བ་རེད།
བཀའ་བཞིའི་བླ་མ་ནས་རིང་བརྒྱུད་དང་ཉེ་བརྒྱུད་རྡོ་རྗེ་འཆང་ནས་ཏིལླི་པར་དངོས་སུ་གནང་བའི་ནོར་བུ་སྐོར་གསུམ་ཉམས་ལེན་བྱིན་རླབས་བརྒྱུད་པའི་རིང་ལུགས་ཤིག་ལགས།
རྗེ་སྒམ་པོ་པའི་སྔོན་ལ་བཀའ་བརྒྱུད་པ་ཞེས་ཡོངས་གྲགས་ལགས
གསེར་སྨྱུག་ལགས།
ངེད་ནས་དགེ་འདུན་ལྷག་མ་དེ་ཉིད་གསོ་སྦྱོང་གི་སྐབས་སུ་ལྷག་མེད་དུ་འདག་ཐུབ་པར་བརྗོད་པ་ལ། ཉིད་ནས་དེ་རྫུན་གཏམ་ཡིན་པའི་གཏམ་བཤད་གནང་འདུག
སྤྱིར་བཏང་ཁྱེད་ཀྱི་བསམ་ཚུལ་དེ་གསར་པ་ཞིག་མ་རེད། ངེད་རང་གཞུང་གསར་རྙིང་གི་སྐབས་ནས་གྲྭ་སའི་མཁས་པ་འགའ་རེས་དེ་འདྲ་གསུང་མཁན་ཡོད་རེད། དེ་ལ་རྒྱུ་མཚན་མེད་པ་རེད།
འོན་ཀྱང་ཁྱེད་ལྟར་ན་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་ཡི་དགེ་འདུན་པ་རྣམས་གསོ་སྦྱོང་ལ་ཕེབས་ནས་ལྟུང་བ་དག་མི་ཐུབ་གསུངས་ན། སྐུར་འདེབས་ཆེན་པོ་ཞིག་མ་རེད་དམ།
ཅིག་ནས་བོད་ཀྱི་ནང་ཆོས་ལ་དམའ་འབེབས། གཉིས་ནས་གདན་ས་ཆེན་པོ་བཞི་དང་། རྒྱུད་གྲྭ་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ། ས་སྐྱ། རྙིང་མ། བཀའ་བརྒྱུད་སོགས་ཀྱི་གདན་ས་ཆེ་ཆུང་ཐམས་ཅད་ལ་སྐུར་འདེབས་ཆེན་པོ་ཞིག་མིན་ནམ།
ལར་ནས་འབྱིན་པའི་ལྷག་མ་ལྟ་བུའི་ལྟུང་བ་དག་པ་ལ་ངེས་པར་སྤོ་མགུ་དབྱུང་སྔོན་དུ་འགྲོ་དགོས་ཞེས་པའི་ལུང་ཞིག་ལུང་སྡེ་བཞི་དང་མཚོ་ཊཱིཀ་བཅས་ལ་ཡོད་ན་སྟོན་རོགས། དེ་ནས་གཞི་ནས་ང་ཚོ་བགྲོ་གླེང་ཞུ་ཆོག་གི་རེད།
ངེད་ནས་དེ་ལ་ལན་ལ་སྒུག་སྡོད་ཀྱི་ཡིན་ད།
རིག་རལ་ལགས།
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གོ་རིམ་འདི་དོགས་པའི་གནས་རེད། ཁྱེད་ནས་རྗེ་སྒམ་པོ་པ་ནས་མིང་ཐོགས་ཚུལ་གསུངས་འདུག དེ་ལ་ཁུངས་ཡོད་དམ། གལ་ཏེ་ཁྱེད་ཀྱིས་བཤད་པ་དེ་བདེན་པ་ཡིན་པའི་དབང་དུ་བཏང་ནའང་། དེ་ལའང་གནོད་བྱེད་ཡོད་རེད། མིང་ཐོགས་ཚུལ་ཙམ་གྱི་སྒོ་ནས་བཞག་ན་རྙིང་མ་ཞེས་པའི་ཐ་སྙད་འདི་ཡང་ཕྱིས་སུ་བྱུང་བ་ངེས་པ་རེད། གསར་མ་ལ་ལྟོས་ནས་རྙིང་མ་བྱུང་བ་རེད། དེ་ལྟར་ན་གསར་རྙིང་གཉིས་དུས་མཉམ་དུ་བྱུང་བར་བཞག་གི་ཡིན་ནམ།
ངས་བལྟས་ན་གོ་རིམ་འདི་མ་དག་རྒྱུན་འབྱམས་སུ་སོང་བ་ཤིག་ཏུ་མཐོང་།
སྤྱིར་བཀའ་བརྒྱུད་པ་དུས་ནམ་གྱི་ཚེ་བྱུང་མིན་ལ་བོད་རྒྱ་ཚིག་མཛོད་ཆེན་མོས་ཀྱང་གསལ་བཤད་གནང་མི་འདུག འོན་ཀྱང་ས་སྐྱ་ལ་གསལ་བཤད་འདུག དེ་གང་ཡིན་ནམ།
ས་དགེ་བཀའ་རྙིང་གི་བྱུང་རིམ་ནི། ངོས་ནས་གོང་དུ་བཤད་པ་ལྟར་རེད། ༡ ༼རྙིང་མ༽ ༢༽༼བཀའ་བརྒྱུད༽ ༣༽ ༼ས་སྐྱ༽ ༤༽ ༼དགེ་ལུགས༽ བཀའ་བརྒྱུད་དང་ས་སྐྱ་གཉིས་བྱུང་རིམ་ཧ་ཅང་ཉེ་པོ་ཡིན་ཙང་། མང་པོས་ས་སྐྱ་སྔོན་ལ་བྲིས་པ་དེ་འདྲ་འདུག དེ་ཏན་ཏན་ནོར་བ་རེད་སྙམ། གང་ལགས་ཤེ་ན། དེའི་ལན། ངེད་ཀྱི་ཚིག་མཛོད་ནས་ཁོལ་དུ་ཕྱུང་སྟེ་ཞུ་ན། (དེབ་སྔོན་གཞིར་བཞག་བྱས་ཚེ་མར་པས་དགུང་གྲངས་སོ་གཅིག་བཞེས་ཚེ། ས་སྐྱ་ཕྱག་འདེབས་པ་པོ་འཁོན་དཀོན་མཆོག་རྒྱལ་པོ་དགུང་ལོ་དགུ་ཡིན་པར་གསུངས་ཤིང་། འཁོན་དཀོན་མཆོག་རྒྱལ་པོ་དགུང་གྲངས་བཞི་བཅུ་བཞེས་པ་ཆུ་མོ་གླང་ལ་(༡༠༨༥)ས་སྐྱ་ཕྱག་བཏབ་པར་དེབ་སྔོན་དུ་གསུངས། དེའི་ཕྱིར་བཀའ་བརྒྱུད་ཅུང་སྔོན་ལ་བྱུང་བར་ངེས་སོ། །དེ་ཡང་དེབ་སྔོན་སྟོད་ཆ་༩༩ལས། དེ་ལྟར་ན་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བརྒྱ་དང་བཞི་བཅུ་རྩ་གཅིག་འདས་རྗེས་ཀྱི་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་ཕེབས། དེའི་ཚེ་རྗེ་མར་པས་ལོ་སོ་གཅིག་ལོན། འཁོན་དཀོན་མཆོག་རྒྱལ་པོས་ལོ་དགུ་ལོན། ཞེས་གསུངས། གཞན་ཡང་། མར་པ་ལོ་ཙཱ་བ་ཆེན་པོ་དང་། འགོས་ཁུག་པ་ལྷས་བཙས་རྣམ་གཉིས་སྐུ་དུས་མཚུངས་པར་བྱོན་ཞིང་། འགོས་ལོ་ཆེན་པོ་ནི། འཁོན་དཀོན་མཆོག་རྒྱལ་པོའི་བླ་མའི་གཙོ་བོ་ཡིན་པར་གསུངས་པ་དེས་ཀྱང་ཤེས་ནུས་སོ)
མགོན་པོ་ལགས།
ཁྱེད་ནས་༼ཁྱེད་ཀྱི་ཚིག་མཛོད་ནང་ལྟ་བའི་སྐོར་བཀའ་བརྒྱུད་ལྟ་བུ་ལ་ཆ་བཞག་ན་དངོས་གནས་ཚད་འཛིན་ཐུབ་པ་ཞིག་བྱུང་མི་འདུག༽ཅེས་གསུངས་འདུག ཏན་ཏན་ཡིན་སྲིད་པ་རེད།
འོན་ཀྱང་ཚིག་གང་དང་གང་ལ་ཚད་འཛིན་ཐུབ་མེད་པ་གཟིགས་ཀྱི་འདུག་གསལ་པོ་གསུངས་རོགས། སྤྱི་སྤོམ་སྤོམ་ཞིག་མིན་པར་ཚིག་མཛོད་ཀྱི་མ་ཚིག་དང་ཤོག་གྲངས་གང་གི་ཐད་ལ་སྐྱོན་ཡོད་པར་གསལ་པོ་གསུང་རོགས། སྐྱོན་ཡོད་ན་ངོས་ལེན་ཞུ་རྒྱུ་ཡིན། སྤྱིར་བཏང་ངེད་ནས་བཤད་པ་དེ་དག་བཀའ་བརྒྱུད་པའི་གཞུང་ཚད་ལྡན་རྣམས་ལ་གཞི་བཅོལ་ཏེ་བཤད་པ་ལས་འོལ་ཚོད་བྱེད་པ་དེ་འདྲ་གཅིག་ཀྱང་མེད་སྙམ། ཅི་སྟེ་ཡོད་ནའང་རྨོངས་འཆར་ཡིན་ཞེས་གསལ་པོ་བཀོད་ཡོད། དེ་ལ་ནི་ཁྱེད་ཅག་གང་ཡང་གསུང་ཡ་ཡོད་མ་རེད། ང་ལ་རང་གི་བསམ་འཆར་བཤད་པའི་རང་དབང་ཆ་ཚང་ཡོད་རེད། དེ་མིན་ཧམ་པ་བྱས་ཏེ་འོལ་ཚོད་བྱས་པ་ཅིག་ཀྱང་མེད་དོ། །ཡོད་ན་ཐད་ཀར་གསུང་རོགས།
མ་ཟད་ངེད་ཀྱི་ཚིག་མཛོད་ནང་༼ཀད་དེ་བ༽ཞེས་པའི་མ་ཚིག་འདི་ལ་འགྲེལ་བཤད་བཀོད་ཡོད། འདི་ནི་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཆོས་བརྡ་ཞིག་རེད། དེའི་འགྲེལ་བཤད་ཚིག་མཛོད་ལྟ་ཞོག་བཀའ་བརྒྱུད་པའི་གཞུང་དུའང་འགྲེལ་བཤད་གསལ་པོ་ཡོད་སྐད་མི་འདུག ངེད་ནས་ཀྱང་མ་མཐོང་། དེ་ལའང་དཀའ་ངལ་མང་པོ་བརྒྱབ་ནས་གནས་ཚུལ་མཁོ་སྒྲུབ་བྱས་པར་མ་ཟད། དེའི་སྐོར་དཔལ་བརྒྱུད་པའི་མཁན་ཆེན་ཁྲ་འགུ་རིན་པོ་ཆེར་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལེ་ཕེཀ་སི་རུ་༢༠༠༢-༧-༧ཉིན་ཁྲ་འགུ་རིན་པོ་ཆེར་བཅར་འདྲི་ཞུས་ཏེ་སྒྲ་ཇི་བཞིན་པར་བཀོད་ཡོད། དེ་ཡང་དཔལ་བཀའ་བརྒྱུད་པ་ལ་ཞབས་ཏོག་ཆུང་ངུ་ཡིན་སྙམ། དེ་མིན་ཁྱེད་ཅག་གིས་བརླག་ངེས་རེད།
ཡང་ཁྱེད་ཅག་ལ་༼ཀད་དེ་བ༽བམ། ༼སྐད་དེ་བ༽ཞེས་པའི་ཚིག་འདི་ལ་འགྲེལ་བཤད་གསལ་པོ་ཡོད་པའི་བཀའ་བརྒྱུད་པའི་གཞུང་ཡོད་ན་གསུང་རོགས། བློ་སྐྱེད་དང་བཀྲིན་ཆེན་པོ་ཡོང་བ་འདུག ཚིག་དེ་ལ་ཟླ་བ་མང་པོར་ཞིབ་འཇུག་བྱས་ཏེ་དཀའ་ལས་བརྒྱབ་པ་ཡིན།
སྒོམ་སྡེས་དྲིས་ལན་རྟ་ཐོག་མ།
འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་དང་གུང་རུ་རྒྱལ་མཚན་བཟང་པོ་གཉིས་ཀྱི་ལྟ་བ་མཐར་ཐུག་གཞན་སྟོང་ཡིན་ཚུལ་གཞན་སྟོང་བརྒྱུད་པའི་བླ་མ་རྣམས་ཀྱི་ངག་ལ་རླུང་ལྟར་ཡོངས་གྲགས་ཡིན་པའི་ཐོག ཁོང་རྣམ་པ་གཉིས་ཀྱི་གསུང་རྣམས་སྔར་ནས་བཀའ་རྒྱ་བྱས་ཡོད་ཚུལ་ཡང་ཡོངས་གྲགས་ལྟར་ཡིན་ལ། ལོ་ཤས་སྔོན་༧གོང་ས་མཆོག་གིས་ཀྱང་དེ་ལུགས་གསུངས་སོང་ང་། ད་སྐབས་བོད་ཀྱི་འབྲས་སྤུངས་སུ་ཡིག་རྙིང་མང་པོ་བསྔོགས་བཞིན་པའི་རྒང་ཡིན་ཞིང་། དེ་ནས་རིན་ཐང་གཞལ་མེད་ཀྱི་ཡིག་ཆ་མང་པོ་གསར་དུ་ཐོན་གྱི་ཡོད་པ་ང་ལས་ཉིད་ལ་ཆ་རྒྱུས་ཆེ་ངེས་པས་ཞིབ་འཇུག་གནང་འཚལ།
པཎ་ཆེན་བློ་བཟང་ཆོས་རྒྱན་ལ་གཞན་སྟོང་གི་ཡིག་ཆ་ཡོད་ཚུལ་ཐོས་པ་ལས་ཁོང་གི་གསུང་འབུམ་ལ་ཞིབ་མཇལ་མ་མྱོང་བས་དངོས་སུ་མ་མཐོང་ཡང་། ངེས་དོན་སྒྲ་དབྱངས་དགོངས་པ་ཅན་དུ་སྒྲོག། བརྟུལ་ཞུགས་གྲུབ་ཀྱང་དགེ་སློང་ཆ་ལུགས་འཛིན།། གྲུབ་པའི་དབང་ཕྱུག་མཁས་པའི་མཐར་སོན་པའི།། ཏཱ་ར་ནཱ་ཐའི་ཞབས་ལ་གསོལ་བ་འདེབས།། ཞེས་སོགས་བསྟོད་པ་དང་གསོལ་འདེབས་མཛད་ཡོད་པ་ནི་ངེད་ཀྱིས་ཀྱང་མཐོང་མྱོང་། ཟུར་མང་པ་ཚེ་དབང་ཀུན་ཁྱབ་ཅེས་བྱ་བའི་རྙིང་ཕྱོགས་ཀྱི་མཁས་པ་ཆེན་པོ་དེས་པཎ་ཆེན་རིན་པོ་ཆེ་དང་གཞན་སྟོང་གི་བགྲོ་གླེང་མཛད་རྗེས་པཎ་ཆེན་རིན་པོ་ཆེའི་ཐུགས་འཕྲོག་ནས། དེང་སང་མདོ་ཁམས་ཀྱི་ཕྱོགས་སུ་ཉིད་འདྲ་བའི་མཁས་པ་ཆེན་པོ་ཞིག་བཞུགས་པར་གློ་བ་དགའ་ཞེས་ཡར་བཞེངས་ཏེ་ཁ་བཏགས་ཕུལ་ཚུལ་ཞིག་ཡུན་རིང་པོའི་སྔོན་མཇལ་མྱོང་ཡང་། པཎ་ཆེན་རིན་པོ་ཆེ་ཟེར་བ་དེ་བློ་བཟང་ཆོས་རྒྱན་ཡིན་མིན་ཧ་གོ་མ་སོང་།
བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་གཞན་སྟོང་གི་ཡིག་ཆའི་མཚན་ལ། གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མཁས་པ་དགྱེས་པའི་གླུ་ཞེས་བྱ་ཞིང་། དེའི་ནང་དུ་གཞན་སྟོང་གི་ལྟ་བ་ལ་བསྔགས་བརྗོད་དང་གདེངས་འཇོག་ཚད་མེད་གནང་འདུག་པ་ད་སྐབས་ངེད་ལ་ཡང་ཡོད།
སྔ་རབས་པ་དང་གཞན་སྟོང་གཉིས་ཁོ་བོས་ག་ལ་ནོར། འཇུ་མི་ཕམ་པས། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་སོགས།། སྔ་རབས་མཁས་པའི་ལེགས་བཤད་ལུགས་ཡོད་ལ།། རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས།། ཕྱི་རབས་མཁས་པའི་ལེགས་བཤད་ལུགས་ཀྱང་མཆིས།། ཞེས་སོགས་གསུངས་པ་ལྟར་བོད་སྔ་རབས་པའི་ལྟ་བ་ཟེར་དུས་གཙོ་བོ་རྙིང་ལུགས་ཀྱི་མཐའ་བཞིའི་སྤྲོས་བྲལ་ལ་གོ་གི་ཡོད་པ་རེད།
དེ་མིན་ལྷུན་གྲུབ་ཀྱི་གོ་དོན་མདོར་བསྡུས་ཤིག་ད་ནངས་བྲིས་ཏེ་ཕུལ་ཡོད་པས་གཟིགས་འཚལ། ཁྱེད་ལ་གཞན་སྟོང་ཕྱོགས་ཀྱི་ཡིག་ཆ་ག་འདྲ་དགོས་ཀྱང་ཕྲན་གྱིས་ཞབས་ཕྱི་ཞུ་ཆོག
ཚངས་དབྱངས་ལགས།
དགོངས་དག
ངེད་ནས་ཁྱེད་ཀྱི་མཆན་མཐོང་མ་སོང་། མི་གཅིག་གིས་མི་ལྔ་དྲུག་དུས་གཅིག་ལ་ཁ་གཏད་གཅོག་དགོས་དུས། དུས་ཚོད་དང་ནུས་པས་ཀྱང་ལྡེང་གི་མི་འདུག
ངེད་ཀྱི་ཚིག་མཛོད་དཔར་ཐེངས་དང་པོ་དེ་རྫོགས་མེད་ན་བོད་གཞུང་ཤེས་རིག་དཔར་ཁང་ལ་ཡོད་རེད། ལྡི་ལི་ལའང་འདུག་ཟེར། སྔོན་ཞུས་ལྟར་ལོ་རྗེས་མའི་ནང་དཔར་ཐེངས་གཉིས་པ་དེ་འདོན་འཆར་ཡོད་ལགས།
ཚངས་དབྱངས་ལགས། ཁྱེད་ནི་དངོས་གནས་ཀྱི་ཡ་རབས་ཤིག་རེད་འདུག སྔོན་མ་ངེད་ནས་ཁྱེད་ལ་བོད་ཀྱི་ནང་པའི་ཆོས་ལུགས་ཞེན་ཁོག་བྱས་ཏེ་ཚིག་རྩུབ་མང་པོ་ཞིག་ཐལ་སོང་ཡང་། ཁྱེད་ནས་ཡར་ལན་གཅིག་ཀྱང་གནང་མ་སོང་། ད་ཆ་ངེད་ནས་ཁྱེད་ལ་ལག་གཉིས་ཐལ་མོ་སྦྱར་ནས་དགོངས་དག་ཞུ་བ་ཡིན།
བོད། ལྷ་ཀླུ་གཉན་གསུམ་ལགས།
དྲ་གྲོགས་ལགས། ཐུགས་རྗེ་ཆེ།
ངེད་ནས་ཀྱང་ཁྱེད་ལ་ད་ལྟ་བསམ་དུས་རང་གིས་རང་ལ་ངོ་གནོང་དགོས་པ་ལྟ་བུའི་ཚིག་རྩུབ་ཞུས་འདུག སྙིང་ཐག་པ་ནས་དགོངས་དག་ཞུ་བ་ཡིན།
ང་ཚོ་སྔོན་མ་ཆོས་གྲྭ་འགྲིམ་དུས་སྐབས་རེར་ཁ་ངན་ཚིག་ངན་ཤོར་གྱི་རེད། ཤག་ལ་སླེབས་ནས་ལྟུང་བཤགས་དང་སྤྱི་བཤགས་བཏོན་ནས་བཤགས་བསྡམ་བྱེད་ཀྱི་ཡོད།
སྐབས་རེར་ང་ཚོ་ཆོས་གྲྭའི་ནང་མི་ནག་གིས་བལྟས་ན་ཕལ་ཆེར་དད་པ་ལོག་དགོས་པ་ལྟ་བུའི་ཁ་རྡུང་ཚིག་རྡུང་བྱེད་ཀྱི་རེད།
ཆོས་གྲྭ་གྲོལ་ཟིན་ནས་ང་ཚོ་ཁོན་འཛིན་བྱེད་རྒྱུ་ལྟ་ཞོག་ཕན་ཚུན་ཆེས་གུས་ཞབས་འཆམ་མཐུན་ཡོད་རེད་ལགས།
སེངྒེ་རལ་པ་ཅན་ལགས།
༡༽
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་གཟུ་བོར་གནས་པའི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་སྐྱེས་བུ་ག་འདྲ་ཞིག་གིས་མཇལ་ཡང་དད་པ་མི་སྐྱེ་བ་མི་སྲིད་པ་ལྟ་བུ་རེད། ཆོས་ལུགས་རིས་མེད་ལ་དག་སྣང་ཕྱོགས་མེད་སྦྱོང་མཁན་གྱི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེར་བརྟེན་གཞན་ལ་གུས་ཞབས་དང་ཡི་རངས་མཛད་པ་ཙམ་གྱིས་གཞན་སྟོང་ལྟ་བ་བཞེད་པ་ག་ལ་བསྒྲུབ་ནུས།
མ་ཟད་ངེད་ནས་ཁོང་གི་གསུང་འབུམ་སྤྱི་དང་། ལྷག་པར་ལྟ་བ་ཕྱོགས་རྣམས་ལ་ཞིབ་ལྟ་བྱས་པ་ཡིན། གཞན་སྟོང་གི་ལྟ་བའི་དྲི་ཙམ་ཡང་མི་འདུག
འོན་ཀྱང་གོང་ཞུས་ལྟར་ཕྱག་ཆེན་གྱི་ལྟ་བ་ལ་ནི་ཏན་ཏན་ཐུགས་མོས་ཡོད་པའི་རྣམ་པ་ཡོད་པ་མ་ཟད། ཕྱག་ཆེན་གྱི་ཁྲིད་ཡིག་ཀྱང་མཛད་ཡོད་རེད། གལ་ཏེ་ཁོང་ནས་ཕྱག་ཆེན་གྱི་ལྟ་བ་བཞེད་ཀྱི་ཡོད་རེད་གསུང་ན། ཕལ་ཆེར་ཁས་ལེན་ཞུ་ཐུབ་པ་འདུག
གལ་ཏེ་ཚིག་མཛོད་ནང་ཁུངས་མི་བཙུན་པའི་ཚིག་འདི་འདྲ་སྨྲས་ན་གཞན་གྱིས་འཕྱ་དམོད་བྱ་རྒྱུ་ཉག་གཅིག་རེད།
༢༽
འཇམ་དབྱངས་ཆོས་རྗེ་དང་། གུང་རུ་རྒྱལ་མཚན་བཟང་པོ་གཉིས་ཀྱིས་ཀྱང་གཞན་སྟོང་གི་ལྟ་བ་བཞེད་པ་ནི་ད་དུང་ཡང་བསྒྲུབ་བྱ་རེད་འདུག
གང་ལགས་ཤེ་ན། གསུང་འབུམ་ལ་བཀའ་རྒྱ་མཛད་པས་ནི་གཞན་སྟོན་གི་ལྟ་བ་བཞེད་པ་བསྒྲུབ་མི་ཐུབ།
སྒོ་མང་ཡིག་ཆ་རྙིང་པ་རྣམས་དང་། སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་ཡིག་ཆ་ཡང་བཀའ་ཐེར་བརྒྱབ་ནས་བཞག་པའི་ལོ་རྒྱུས་གོ་ཐོས་བྱུང་། ཀུན་མཁྱེན་པ་ནི་རྙིང་ཆོས་བཞེས་ཀྱི་ཡོད་རེད། ཁོང་གི་ཡབ་དེ་རྙིང་མའི་གྲུབ་ཐོབ་ཅིག་རེད།
བྱེས་པ་གྲྭ་ཚང་ཟེར་བའི་རྒྱུ་མཚན་ཡང་། ཐོག་མར་ཁོང་འབྲས་སྤུངས་སྒོ་མང་པ་ཡིན་པ་རེད། ཁོང་གིས་སྐེད་པར་རྟ་མགྲིན་ཕུར་པ་གཟེར་བ་དགེ་སྐོས་ཀྱིས་གཟིགས་ཏེ། འགའ་ཞིག་ནས་སྐྱིད་སྡུག་ནས་ཕུད་པ་རེད་ཟེར་མཁན་ཡང་ཡོད། གང་ལྟར་ཐུགས་སུན་ནས་བྱེས་ལ་ཕེབས་པ་ན། ཁོང་གི་དགེ་ཕྲུག་བརྒྱ་ཕྲག་འགའ་ཤས་ཡོད་པ་དེ་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས་ཏེ། ཕྱིས་སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་བཏབ་པ་རེད།
དེས་ཀྱང་གཞན་སྟོན་གི་ལྟ་བ་བཞེད་པ་བསྒྲུབ་མི་ཐུབ། སྔ་རབས་པའི་ལྟ་བའི་ཤན་ཏན་ཏན་ཡོད་རེད། རྙིང་མའི་ལྟ་བ་བཞེད་པ་རེད་ཟེར་ནའང་མི་འགྲིག་པ་མ་མཐོང་།
འོན་ཀྱང་ཁྱེད་ནས་གནས་ཚུལ་གསར་པ་མང་པོ་གསུངས་འདུག ཐུགས་རྗེ་ཆེ།
མཁྱེན་ཡང་སྒོམ་སྡེ་དམ་པར།
ངས་བསམ་ཆར་འམ་མཐོང་ཚུལ་ཞུ་ན།
བཀའ་བརྒྱུད་པའི་ལྟ་བ་འམ་གང་གི་ལྟ་བ་བཤད་པ་ཡིན་ན།
དང་པོ། ཆོས་བརྒྱུད་དེ་དང་དེས་འབྱུང་ཁུངས་ཤེས་དགོས་པ་དང་།
ཆོས་བརྒྱུད་དེའི་སྲོལ་འབྱེད་ངོ་མ་དེའི་མཐར་ཐུགས་ཀྱི་ལྟ་བ་གང་ཡིན་པ་ཤེས་དགོས།
དེ་ཤེས་པ་ལ་ཆོས་རྒྱུད་དེ་ལ་སློབ་གཉེར་གནང་དགོས།
ཚིག་མཛོད་ཁག་དང་རང་མོས་བསྟན་བཅོས་འདྲ་གཟིགས་ནས་བཀོད་གནང་ན་བལྟ་བའི་རྣམས་གྲངས་ལྟབུ་ལས་དོན་ངོ་མ་འམ་བློ་རྩེ་གཏོད་ས་མེད་པ་འཐོང་སོང་བས་ཁ་སང་ཆོས་བརྒྱུད་སོ་སོའི་མཁས་དབང་དང་འབྲེལ་བ་གནང་ན་ཞེས་ཞུས་ཟིན་པ་ཡིན་དེ་ནི་མཐུན་རྐྱེན་ཡང་རེད་ལ་ཐབས་ཤེས་ཡང་རེད།
ངས་ཁྱེད་ལ་ཆགས་སྡང་མིན་དགོངས་འགལ་མེད་པར་ཞུ།
གུང་རུ་རྒྱལ་མཚན་བཟང་པོའི་དབུ་མའི་སྟོང་མཐུན་ན་སྟོང་ཉིད་མ་ཡིན་དགག་ཏུ་འགྲེལ་བའི་ལུགས་སུ་བྱས། དེ་ཡང་རྗེ་རིན་པོ་ཆེའི་ཁོང་ལ་དངོས་སུ་གསུངས་པའི་ཁ་རྒྱུན་ཅིག་འདུག་པ་སྒོ་མང་ཆོས་འབྱུང་སུ་བཀོད་ཡོད་བསམ། དེ་མིན་གཞན་སྟོང་གི་ལྟ་བར་འགྲེལ་བ་འདི་ངོ་ནས་གསར་བཤད་ཅིག་ཡིན་པ་འདྲ་འདུག
འཇམ་དབྱངས་ཆོས་རྗེའི་གསུངས་ལས་རྗེའི་གསང་རྣམ་མ་གཏོགས་མཇལ་མ་མྱོང་བས་གང་ཏུ་ཡང་ཁ་ཚོམ་གཅོད་མི་ཐུབ།
ངོ་ནས་བཤད་ན་གཞུང་འདི་དང་འདི་ནས། ཚིག་འདི་དང་འདིའི་སྐབས་གཞན་སྟོང་དུ་འགྲེལ་འདུག་ཅེས་གསུངས་ན་ཁུངས་ཐུབ་ཡིན་རྒྱུ་རེད་དྲན།
ཡང་གུང་རུ་ཆོས་ཀྱི་འབྱུང་གནས་སྟེ་སྒོ་མང་ཡིག་ཆ་རྙིང་བའི་བདག་པོ་རེད། ཁོང་གི་ཡིག་ཆ་ད་དུང་ཡང་སྒོ་མང་ཚང་ན་བལྟ་གི་ཡོད་པ་རེད་ལ། ཆོས་ར་ནས་ལུང་ཡང་དྲང་ཆོག་གི་ཡོད་པ་རེད་འདུག ཡིན་ན་ཡང་མཛོད་འདུལ་སོགས་ཡོད་པ་མ་རེད། ངས་དགེ་འདུན་ཉི་ཤུ་ལ་བལྟ་མྱོང་། དེ་སྒོ་མང་ཚང་གི་ཡིག་ཆ་གསར་བ་ན་དགེ་འདུན་ཉི་ཤུ་མེད་པས་ཡིན་སྲིད། དེ་ནས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་སྐྱེས་ཚུལ་སྐབས་སུ་སྔ་རབས་པ་འམ་སེམས་ངོ་སྤྲོད་པའི་ལྟ་བ་དེ་སེམས་ཙམ་པའི་ལྟ་བ་ཡིན་པ་ཡང་མི་འགྲིག་ཚུལ་ཅིག་གསུངས་འདུག
སྒོ་མང་ཆོས་ཀྱི་འབྱུང་གནས་ཀྱི་དབུ་ཕར་གསར་དུ་དཔར་འདེབས་ཞུ་རྒྱུ་ཡིན་པ་ཅིག་གོ་ཐོས་བྱུང་། དེ་ཡང་སྦྱིན་བདག་གུང་རུ་ཁང་ཁུངས་ནས་ཡིན་པ་ཅིག་བཏོན་འདུག་ཟེར། ཡིན་ན་ཡང་དཔར་དུ་བཏབ་ཡོད་མེད་གསལ་བོ་ཧ་གོ་མ་སོང་།།
བྲེལ་ཟིང་གིས་མང་པོ་ཞིག་ཞུ་ཁོམས་མ་བྱུང་བས་དགོང་འགལ་མེད་པར་ཞུ་རྒྱུ་དང་ཁྱབ་གཅིག་ཏུ། གངས་ཅན་མཁས་པའི་དབང་པོ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་མགོན་བློ་གྲོས་མཐའ་ཡས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ལོ་རྒྱུས་ཚད་འཛིན་སྨྲ་བ་མང་པོས་ས་སྐྱ་སྔོན་དུ་བཞག་ཡོད་པ་དེ་རྣམས་ནོར་བ་ཡིན་པའི་སྒྲུབ་བྱེད་སྒྲ་བསྒྱུར་མར་བ་ལོ་ཙྭ་འཁོན་དཀོན་མཆོག་རྒྱལ་པོ་ལས་སྐུ་ན་མཐོ་བ་འདི་བཀོད་པ་ནི་གད་མོའི་རྒྱུའོ། དེ་དང་རྗེ་སྒོམ་པོ་པས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་སྲོལ་གཏོད་པའི་སྔོན་དུ་བཀའ་བརྒྱུད་ཞེས་ཡོངས་གྲགས་ཡིན་ན་ཁུངས་གསལ་པོ་དྲངས་ན་ཤིན་ཏུ་ལེགས། གལ་སྲིད་དེའི་སྔོན་ནས་གྲགས་པའི་ཁུངས་ལུང་ཡོད་པའི་དབང་དུ་བྱས་ཀྱང་། མར་པས་འབྲོག་མི་ལོ་ཙྭ་མདུན་ནས་ལམ་འབྲས་ཞུས་ཀྱང་མ་ཐོབ་པའི་ལོ་རྒྱུས་འདི་ཆོས་བརྒྱུད་འདི་གཉིས་བོད་དུ་དར་སུ་སྔ་གསལ་བཤད་ལེགས་པོར་བྱས་མི་འདུག་གམ།
དེ་དང་ས་སྐྱ་པའི་གསལ་སྟོང་འཛིན་མེད་ཟེར་བ་དོན་ལ་འགལ་བ་མེད་རུང་། ལོ་རྒྱུས་རྣམས་ལས། གསལ་སྟོང་ཟུང་འཇུག་དང་། འཁོར་འདས་དབྱེར་མེད་ཞེས་སུ་གྲགས། རྗེས་སུ་ཞུ་ཆོག། བཀྲ་ཤིས་བདེ་ལེགས།
སྒོམ་སྡེ་ལྷ་རམས་པ་ལགས།
དགོངས་དག་ང་ཁ་ས་ཁ་ཉིན་དྲ་རྩེད་ལ་མགོ་འཁོར་ནས་ཁྱེད་ཀྱིས་བཀའ་འདྲི་ཞིག་གནང་ཡོད་པ་ཡང་མཐོང་མ་སོང༌།
གོང་གི་མཆན་ཨང་༢༩ནང་ཁྱེད་ཀྱིས་གསུངས་པ་ལྟར་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་པ་སེམས་ཀྱི་རང་བཞིན་དེ་ཡེ་ནས་འདུས་མ་བྱས་སམ་སྟོང་པའི་རང་བཞིན་དུ་ཡོད་པའི་དོན་ཡིན། འགྲེལ་བཤད་དེས་དུས་དང་རྣམ་པ་ཀུན་ཏུ་སེམས་དེ་སྟོང་པའི་རང་བཞིན་ལས་འདའ་བ་མེད་པར་བསྟན། དེས་ན་སེམས་ལ་རང་བཞིན་ཚུགས་ཐུབ་ཀྱི་ཆོས་ཤིག་ཡོད་པ་མ་ཡིན་པར་སེམས་རང་ཉིད་བཅོས་མེད་སྟོང་པའི་རང་བཞིན་དུ་གནས་ཡོད་པའི་རྒྱུ་མཚན་ཡིན། སེམས་ཀྱི་ངོ་བོ་སྟོང་པ་ཙམ་དུ་གནས་པ་ལ་མི་འཇོག་པར། སེམས་ལ་ཡེ་ནས་རང་བཞིན་རང་ཆས་སུ་ཡོད་པའི་ཆོས་ཤིག་ཟུར་དུ་ཡོད་པའམ་ཡང་ན་ཐམས་ཆད་སྟོང་པ་ཉིད་དུ་བདེན་ཞེས་གསུངས་སྐབས་སྟོང་པ་ཟེར་བའི་རྩ་ཆེན་ཞིག་དེར་ཡོད་པར་འདོད་ན་དེ་ནི་གནས་ལུགས་སམ་སྟོང་ཉིད་བདེན་གྲུབ་དུ་ཐལ་ཏེ། ཁ་དཔེ་ལ་སྟོང་ཉིད་ར་ཅོ་ཅན་ཟེར་བ་དང་ཡི་དམ་ལྷ་ཡི་སྐུ་ལ་འཆི་བདག་བདུད་ཀྱི་སྲོག་ཅེས་པ་ལྟར་འགྱུར་རོ།
རྫོགས་ཆེན་གྱི་གཞུང་དུ་ལྷུན་གྲུབ་ལ་ངོ་བོ་ལྷུན་གྲུབ། རང་བཞིན་ལྷུན་གྲུབ། བསམ་པ་ལྷུན་གྲུབ་བཅས་མང་པོ་བསྟན་ཡོད། འོན་ཀྱང་ལྷུན་གྲུབ་ཟེར་ཚད་འགྲེལ་བཤད་གཅིག་མཚུངས་མིན།
སྤྱིར་ཀ་དག་དང་ལྷུན་གྲུབ་ཅེས་པ་གཞི་རྒྱ་ཧ་ཅང་ཆེ་བའི་སྤྱི་མིང་ཞིག་སྟེ་རྫོགས་ཆེན་ལུགས་ལ་དེ་གཉིས་ལས་མ་འདུས་པའི་ཆོས་གང་ཡང་མེད། རྫོགས་ཆེན་གྱི་ཀ་དག་ལྷུན་གྲུབ་དང་ཤེར་ཕྱིན་མདོ་ཡི་ཀུན་རྫོབ་དོན་དམ་ཟེར་བ་གོ་བ་ཕྱོགས་ཙམ་འདྲ་མཚུངས་སུ་ཡོད། རྫོགས་གཞུང་དུ་ཀ་དག་འཆད་སྐབས་སྟོང་ཕྱོགས་དོན་དམ་གཙོ་བོ་དང༌། ལྷུན་གྲུབ་བཤད་ཚེ་ཀུན་རྫོབ་སྣང་གྲགས་གཙོར་བྱས་ཡོད། དེས་ན་ངས་ཀ་དག་དང་ལྷུན་གྲུབ་ཀྱི་གོ་བ་སྤྱི་ཙམ་པའི་བསྡུས་ཚིག་ཅིག་ཞུས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ཡེ་ནས་ངོ་བོ་མ་བཅོས་སྟོང་པར་གནས་པས་ཀ་དག་དང༌། དེ་དག་ངོ་བོ་མ་བཅོས་སྟོང་པར་གནས་ཀྱང་རང་བཞིན་གྱི་སྣང་བ་ཙམ་མ་བཀག་པའི་ཆ་ནས་ལྷུན་གྲྱུབ་ཅེས་བྱ། དེས་ན་ལྷུན་གྲུབ་ཀྱི་དོན་འབྱུང་རུང་མ་འགགས་པའམ་སྣང་བ་མ་བཀག་པའི་རང་བཞིན་ཙམ་ལ་འདོད། དཔེར་ན་ནམ་མཁའ་དེ་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་གནམ་གྲུ་རང་བཞིན་གྱིས་འཕུར་ཆོག་གི་ཡོད། གལ་སྟེ་བར་སྣང་དུ་བཀག་ཆ་ཞིག་ཡོད་ན་དེ་སྟོར་བའམ་མེད་པ་བཟོ་བའི་རྩོལ་བ་ཞིག་མ་བྱས་པར་གནམ་གྲུ་རང་བཞིན་གྱིས་འཕུར་མི་ཐུབ། དེས་ན་སྣང་བ་མཐའ་མེད་འདི་ཅི་ཕྱིར་འབྱུང་ན་གནས་ཚུལ་ལམ་གནས་ལུགས་འདི་སྟོང་པ་ཡིན་པའི་རྐྱེན་གྱིས་སོ། གལ་ཏེ་གནས་ལུགས་དེ་སྟོང་པ་མ་ཡིན་པ་བདེན་པ་ཚུགས་ཐུབ་དུ་གནས་ཡོད་ན་སྣང་ཚུལ་ཐམས་ཅད་གཅིག་མཐུན་ལས་གང་འདོད་ལྟར་སྣ་ཚོགས་མི་འདྲ་བ་རྩོལ་མེད་རང་བཞིན་དུ་འབྱུང་མི་རུང༌།
སྤྱིར་བཏང་ཚིག་མཛོད་ཙམ་ཡིན་ན་ཡོངས་གྲགས་ཚིག་གི་ངོ་གདོང་ཙམ་མམ་ཚིག་འགྲེལ་ཙམ་བྱེད་ཆོག་ཀྱང་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ལྟ་གྲུབ་ཐ་སྙད་ཀྱི་ཚིག་མཛོད་ཅིག་ཡིན་ན་ཐུན་མིན་གྲུབ་མཐའ་གང་ཡིན་དེའི་འདོད་ཚུལ་འགོད་ཐབས་གནང་དགོས་པ་གལ་ཆེ་སྙམ།
རྙོག་བཤད་དང་བསྐྱར་ལྡབ་ལུང་པ་གང་ཐར་སོང་བས་དྲ་གྲོགས་ཀུན་ལ་དགོངས་འགལ་མེད་པ་ཞུ་རྒྱུ་དང༌། གང་ཞུས་པ་འདི་རྣམས་སུ་གང་ལ་སློབ་སྟོན་དང་སྐྱོན་བརྗོད་མིན་པར་རང་སེམས་དྲན་འཆར་གྱི་གོ་བ་ཙམ་ཡིན་པ་ཐུགས་འཇགས་འཚལ།
རིག་རལ་ལགས།
ངའི་བལྟས་ན་རིགས་ལམ་དཔང་པོར་བཞག་པའི་རྩོད་པ་འདི་ཧ་ཅང་ཡག་པོ་འདུག འདི་འདྲ་གནང་ཚེ་ཏན་ཏན་ཕན་ཚུན་གཉིས་ཀ་ལ་བློ་སྐྱེད་དང་དོགས་པ་བསལ་ཐུབ་པ་ཡོང་ས་རེད།
འབྲོག་མི་ལོ་ཙཱ་བའམ། འབྲོག་མི་ཤཱཀྱ་ཡེ་ཤེས་(༩༩༣-?)ནི་རྗེའི་མར་པའི་ལོ་ཙཱ་སྦྱོང་སའི་བླ་མ་རེད། དེ་ཡིན་པ་ནི་རྗེ་མར་པའི་རང་རྣམ་ལས། དཔལ་མུ་གུ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་འབྲོག་མི་ལོ་ཙཱ་ལ། །སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས། །ཁོང་སྐུ་དྲིན་མི་ཆུང་ཆེ་བར་འཁུམས། །ཞེས་གསུངས།
ཁོང་གིས་མར་པ་ལ་ཆོས་མ་གནང་བ་ཡང་མར་པའི་རྣམ་ཐར་ནང་གསལ་པོ་འདུག ཉིན་ཤས་སྔོན་དྲ་ཐོག་ཏུ་མཇལ་སོང་།
འོ་ན་འཁོན་དཀོན་མཆོག་རྒྱལ་པོས་(༡༠༣༤-༡༡༠༢)ས་སྐྱ་ཕྱག་བཏབ་པ་ནས་ས་སྐྱ་པ་བྱུང་བ་མ་ཡིན་ནམ་ཞེས་དོགས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་ལ་ནང་འགལ་ཞིག་འདུག་སྙམ། དེ་གང་ཞེ་ན།
༡༽ ཕྱོགས་གཅིག་ནས་ཁྱེད་ཀྱི་ས་སྐྱ་དེ་འབྲོག་མི་ལོ་ཙཱའི་སྐབས་ནས་བྱུང་བར་གསུང་གི་འདུག
ཕྱོགས་གཅིག་ནས་མིང་ཐོགས་ཚུལ་གྱི་སྒོ་ནས་ཆོས་བརྒྱུད་དེ་གྲུབ་པར་འཇོག་དགོས་པའི་རིགས་པ་ཡང་འཕེན་གྱི་འདུག
ཡོངས་གྲགས་ལྟར་ན་ས་སྐྱ་པ་ཞེས་པ་འདི་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་ཕྱག་བཏབ་པ་ནས་ཡོངས་གྲགས་སུ་གྱུར་པ་མ་ཡིན་ནམ། དེ་ནི་ཡིན་ན་ནི་འབྲོག་མིའི་སྐབས་ནས་ས་སྐྱ་ཡོད་པ་ནང་འགལ་རེད་འདུག་ལགས།
ཡང་ན། ཁྱེད་ནས་ལམ་འབྲས་པ་དང་། ས་སྐྱ་པ་ལ་ཁྱད་པར་ཡོད་གསུང་དགོས་ཚོད་འདུག་སྙམ།
མུ་མཐུད་ནས་བགྲོ་གླེང་གནང་རོགས། ཞེ་དྲག་ཡག་པོ་འདུག
ང་ཚོའི་ལས་འགན་དེ་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་གཏན་ལ་འབེབས་རྒྱུ་དེ་རེད།
ཆོས་གྲོགས་རིག་རལ་ལགས།
མཐའ་དོན་དུ།
ངས་བལྟས་ན་ང་ཚོ་ནོར་འདུག ཁྱེད་བདེན་པ་རེད་ཞག
ལོ་རྒྱུས་རྣམས་སུ་འབྲོག་མི་ལོ་ཙཱ་དེ་ས་སྐྱའི་ཆོས་བརྒྱུད་འཛིན་པར་བཤད་འདུག གང་ལྟར་དེ་དུས་ས་སྐྱ་ཞེས་མཚན་ཐོགས་རུང་མ་ཐོགས་རུང་། ལམ་འབྲས་པ་ནི་ཏན་ཏན་ཡིན་ས་འདུག
དེར་བརྟེན་བོད་ན་ལམ་འབྲས་པ། བཀའ་བརྒྱུད་པའི་སྔོན་དུ་སླེབས་པ་དེ་དངོས་ཡོད་གནས་ཚུལ་ཡིན་འདུག་སྙམ། འོན་ཀྱང་དེ་ནི་ངེད་སྒེར་གྱི་བསམ་ཚུལ་ཡིན་ལགས། ད་དུང་དཔྱད་པར་འཚལ་ལོ། །
དཀོན་མཆོག་དང་རིགས་ལམ་དཔང་པོར་བཞག་ནས་ཆོས་ཀྱི་བགྲོ་གླེང་གནང་ན་ཕན་ཚུན་གཉིས་ཀ་ལ་བློ་སྐྱེད་དང་གུས་བཀུར་ཚད་མེད་འོང་བར་ངེས་སོ། །
རྩེ་རྒྱལ་ལགས།
གསལ་བཤད་དང་བློ་སྐྱེད་གནང་བར་ཐུགས་རྗེ་བླ་མེད་དུ་ཆེ།
ངེད་ཀྱི་དམིགས་ཡུལ་གྱི་གཙོ་བོ་ནི་བློ་སྐྱེད་ཞུ་རྒྱུ་དེ་ཡིན། ད་དུང་རྗེས་སུ་དྲི་བ་འབུལ་གྱི་ཡིན། མུ་མཐུད་ནས་བློ་སྐྱེད་གནང་རོགས།
འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་ཕྱག་བཏབ་པའི་དུས་ཚིགས་དེར་ངེད་ནས་ཡིག་ནོར་བྱུང་འདུག
ཆུ་མོ་གླང་། ༡༠༨༥ ནོར།
ཆུ་མོ་གླང་། ༡༠༧༣ བཅོས།
རི་རལ་ལགས་སུ།
བཀའ་བརྒྱུད་པ་ཞེས་མར་པའི་གསུང་འདུག་ག
ཆོས་རྗེ་སྒམ་པོ་སྐབས་དེ་དུས་འཁྲུངས་ཡོད་ས་མེད་གཟིགས་དང་།
ཡང་སྔགས་རྙིང་མ་པ་ལས་འཁོན་དཀོན་མཆོག་རྒྱལ་པོས་སྔགས་གསར་མར་ཉམས་བཞེས་མཛད་ནས་སྲོལ་གཏོད་གནང་མ་རེད་དམ། དེ་ནས་དཔལ་ལྡན་ས་སྐྱ་པ་ཞེས་ཆོས་རྒྱུད་ས་ཆའི་ཁ་མདོག་ལས་དྲངས་པ་འདི་བྱུང་བ་རེད།
ནང་པ་སངས་རྒྱས་པ་ཡིན་ནས་བཟུང་མདོ་སྔགས་ཚང་མ་བཅོམ་ལྡན་འདས་ཀྱི་གསུང་བ་ཁས་ལེན་ན་གདམས་ངག་ལ་སྔ་ཕྱིའི་དྭོགས་པ་ཡོང་དོན་མི་འདུག་བ།
ཅེས་གསུངས་པས། མེས་སྟོན་ངེས་ཤེས་འདྲོངས་ཏེ་ཐུགས་སྐྱེད་ཆེན་པོ་བྱུང་ངོ་། ། དེ་ནས་རྗེ་མར་པས། བདག་མེད་མའི་ཟབ་དབང་གཅིག་མཛད་པའི་ནུབ་མོ་ཐུགས་དགོངས་ལ། བུ་སློབ་འདི་རྣམས་ལ། ཁྱད་པར་དུ་ཆོས་གང་ལ་གང་གི་བཀའ་བབས་དང་ཕྲིན་ལས་ཡོང་བ་དེ་དང་དེ་ལ་དེ་སྟེར་དགོས་པས། ནང་པར་ཐོ་རངས་ཀྱི་རྟེན་འབྲེལ་ལ་བརྟག་པར་བྱ་དགོངས་ནས། ཐོ་རངས་འོད་གསལ་གྱི་ངང་ནས། བུ་ཆེན་རྣམས་ལ་གཟིགས་པས། གཞུང་གི་རྔོག་སྟོན་ཆོས་རྡོར་གྱིས་དགྱེས་རྡོར་གྱི་རྒྱུད་འགྲེལ་འགའ་ལ་བཤར་སྦྱང་མཛད། དོལ་གྱི་ཚུལ་སྟོན་དབང་ངེས་འཕོ་བ་སྒོམ། གཙང་རོང་གི་མེས་སྟོན་ཚོན་པོས་འོད་གསལ་བསྒོམ། རྗེ་བཙུན་མི་ལས་གཏུམ་མོ་བསྒོམ་པ་གཟིགས་པས། ཆོས་སོ་སོའི་བཀའ་བབས་དང་ཕྲིན་ལས་གང་ཡོད་མཁྱེན་ཏེ། བླ་མ་རྔོག་པ་ལ། མཐའ་དྲུག་ཚུལ་བཞི་སྒོ་ནས་རྒྱུད་བཤད་ཐབས་ཀྱི་མན་ངག་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་རྒྱན་དྲུག ཐུགས་དམ་པདྨ་རཱ་ག དགང་གཟར་དགང་བླུགས། རྒྱ་འགྲེལ་གྱི་ཕྱག་དཔེ་དང་བཅས་པ་གནང་ནས་བཤད་པའི་སྒོ་ནས་འགྲོ་དོན་གྱིས་ཤིག་གསུངས། དོལ་གྱི་ཚུལ་སྟོན་དབང་ངེ་ལ་འཕོ་བ་རྒྱ་མཐོངས་ཁ་བྱེ་བ་ལ་བྱ་འཕུར་བ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་དབུ་ལོ། ཕྱག་སེན། བདུད་རྩི་རིལ་བུ། རིགས་ལྔའི་དབུ་རྒྱན་རྣམས་གནང་སྟེ། འཕོ་བ་སྦྱོངས་ཤིག་གསུངས། གཙང་རོང་གི་མེས་སྟོན་ཚོན་པོ་ལ་འོད་གསལ་མུན་ནང་དུ་མར་མེ་སྦར་བ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་རྡོ་རྗེ་དྲིལ་བུ། ཊ་མ་རུ། ཉ་ཕྱིས་ཀྱི་ཀ་པཱ་ལ་རྣམས་གནང་ནས། བར་དོ་ཆོད་ཅིག་གསུངས། རྗེ་བཙུན་མི་ལ་ལ་གཏུམ་མོའི་ཁྱད་ཆོས་ཤིང་གཤགས་ལ་མེ་སྦར་བ་ལྟ་བུ་དང་། མཻ་ཏྲི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས། གནས་གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ལ་ལྟ་སྒོམ་ཉམས་སུ་ལོང་ཞིག་གསུངས། དེ་ནས་གྲྭ་པ་ཀུན་འཛོམ་པའི་ཚོགས་འཁོར་གཅིག་མཛད་པའི་གྲལ་དུ་ངས་ཁྱེད་རྣམས་ལ་རྟེན་འབྲེལ་དང་མཐུན་པའི་གདམས་ངག་བྱིན་པ་བཞིན་སློབ་རྒྱུད་རྣམས་ལ་ཡང་གཙོ་བོར་རང་རང་གི་གདམས་ངག་གིས་ཕན་ཐོགས་དང་ཕྲིན་ལས་རྒྱ་ཆེར་འབྱུང་བ་ཡིན་ནོ། །ད་མདོ་སྡེ་འབུམ་ནི་མེད། །ངའི་བཀའ་བརྒྱུད་ཀྱི་ཕ་རབས་ཀྱི་གདམས་ངག་དང་བྱིན་རླབས་ཀྱི་བརྒྱུད་པ་ཁྱེད་རྣམས་ལ་གཏད་པ་ཡིན་པས་འབུངས་ཤིག འགྲོ་དོན་འཕེལ་བར་ཡོང་ངོ་གསུངས།
སྒོམ་སྡེ་ལྷ་རམས་པ་ལགས། ཕྱིར་འདུལ་བའི་སྐོར་ཕྲན་ལྟ་བུའི་གླེང་བའི་འོས་སུ་མ་མཆིས་མོད། དགེ་སློང་ཞིག་ལྷག་མ་བཅུ་གསུམ་གྱི་གོས་ཀྱང་གསོ་སྦྱོང་གི་སྐབས་ལྷག་མེད་དུ་འདག་ཐུབ་པ་ཞིག་ཡིན་ཚུལ་སྐུ་ཉིད་ཀྱིས་ཚིག་ཐག་ཆོད་པོས་གསུངས་འདུག་པས། ཐོག་མའི་ཆར་ངའི་བསམ་པར་སྐུ་ཉིད་ཀྱིས་རང་སྲུང་གི་ཆེད་དང་། རྒྱུ་མཚན་གཞན་ཞིག་གི་ཆེད་དུ་གསུངས་པ་ཙམ་ལ་ངོས་འཛིན་བྱས་ནས་ཁྱེད་ཀྱིས་རྫུན་བཤད་པ་རེད་ཅེས་བརྗོད་པ་ཡིན། རྗེས་སུ་ཁྱེད་ཀྱི་ལན་ལ་བལྟ་དུས་ངས་ཁྱེད་ལ་གསོ་སྦྱོང་ཙམ་ལ་བརྟེན་ནས་དགེ་འདུན་ལྷག་མ་འདག་ཐུབ་པའི་སྐོར་འདུལ་ལུང་སྡེ་བཞི་གང་གི་ནང་དུ་གསུངས་ཡོད་པ་ལུང་ཁུར་ཤོག་ཅེས་བརྗོད་པར། ཁྱེད་ཀྱིས་ལུང་འདྲེན་མེད་པར་ང་ལ་ཚུར་ལུང་ཁུར་ཤོག་ཅེས་སྤྱང་གྲུང་གི་བཀའ་མོལ་ཞིག་གནང་འདུག་ཀྱང་། ངས་དེ་ལྟར་དང་ལེན་ཞུས་ཏེ་གཤམ་དུ་ལུང་གཉིས་དྲངས་ནས་དེ་རིང་གཟའ་ཉི་མ་ཡིན་ཡང་ཁྱེད་ལ་ལན་མདོར་བསྡུས་ཤིག་བྲིས་པ་ཡིན།
སྡེ་དགེ་བསྟན་འགྱུར་འདུལ་བ་པོད་ཝུ་པ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་༼འདུལ་བའི་མདོ་༽ཤོག་ལྡེབ་༨༥ དང་དེའི་རྒྱབ་ངོས་སུ་གསལ་བ་དགེ་འདུན་ལྷག་མ་ཕྱིར་བཅོས་ཇི་ལྟར་བྱེད་ཚུལ་“དགེ་འདུན་ལྷག་མ་ནི་དུས་ཇི་སྲིད་ཅིག་བཅབས་པ་ཉིད་དམ་མ་བཅབས་པ་ཉིད་དང་ངོ་།། དེ་ལས་བླང་བ་བྱེད་པ་ནི་དབྱུང་བའོ༎ དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་བཅད་པའོ།། དགེ་སློང་མས་ཟླ་ཕྱེད་དོ༎ ལྕི་བའི་ཆོས་ལས་འདས་ན་ཡང་དེ་སྤྱད་པར་བྱ་བ་ཉིད་ཡིན་ནོ༎ བཅབས་པའི་ཉེས་པ་མེད་ན་དེ་འཆགས་སོ།། སྤོ་བས་དེ་མེད་པར་འགྱུར་རོ།། དགེ་འདུན་ལས་དུས་དེ་སྲིད་དེ་མནོས་ཏེའོ།། དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མ་དེ་བྱུང་ན་མནོན་ཏེ་བྱས་པ་དེ་གཉིས་ཞིག་པས་དེ་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ།། བརྩམས་པ་ནི་མཐར་ཐུག་པར་བྱ་བ་དང་འདྲའོ།། དེའི་ཕྱིར་ཆགས་ན་དེའི་ཚེ་དང་པོ་ཡང་ཐ་དད་པར་བླང་བར་བྱ་བ་ཉིད་དོ།། བར་མ་དེ་ཕྱིར་འཆོས་པར་བྱའོ།། དེའི་ཕྱིར་དེའི་དོན་དུ་ཡང་བརྟེན་པར་བྱ་བ་ཉིད་དོ།། དེ་བཅབས་པའི་དུས་ལྷག་པ་ཡང་དེར་གཞུག་པ་ཉིད་དོ།། དེ་གཉིས་ལས་ཀྱི་སྦྱིན་ནོ།། དབྱུང་བ་ཡང་ངོ་།། དེར་བསྡིགས་པ་ཡང་ངོ་།། གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུའོ།། རྩྭ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ།། གཟེངས་བསྟོད་པ་ཡང་ངོ་།། བརྗོད་པ་བྱས་མ་ཐག་པའོ།། ཕྱིར་བཅོས་ཀྱི་གཞི་གཞིར་གཏོགས་སོ།།”ཞེས་གསུངས་ཡོད།
དེ་བཞིན་སློབ་དཔོན་ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་༼འདུལ་བ་མདོའི་འགྲེལ་པ་༽པོད་གཉིས་ཡོད་པའི་གཉིས་པ་སྡེ་དགེ་བསྟན་འགྱུར་འདུལ་བ་པོད་ཟུ་པ། ཤོག་ལྡེབ་༢༠༦ དུ་གསལ་བ་གོང་དུ་ལུང་འདྲེན་ཞུས་པ་དེའི་འགྲེལ་བ། “དགེ་འདུན་ལྷག་མ་དེ་བྱུང་ན་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་དེ་ཕྱིར་བཅོས་པའི་ཕྱིར་སྤོ་བ་དང་མགུ་བར་བྱ་བ་དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་གང་ཞིག་སྔ་མ་དང་འདྲ་བ་རིགས་མཐུན་པ་ཡང་བྱུང་ན་སྤོང་བ་ལ་གནས་པ་དང་། མནོས་པས་མགུ་བར་བྱ་བ་སྤྱད་པ་མནོས་ཏེ། བྱས་པ་དེ་ཉམས་པ་ཡིན་ནོ།། དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་མི་འདྲ་བ་བྱུང་བ་ལ་ནི་མི་ཉམས་སོ།། གང་གི་ཕྱིར་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་རྣམས་དང་འདྲ་བ་སྤོ་བ་དང་མགུ་བར་བྱ་བ་མནོས་ཤིང་བྱས་པ་དེ་གཉིས་ཉམས་པ་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་པར་བྱ་སྟེ། དགེ་སློང་དེ་ལ་ཡང་གཞི་ནས་བརྩོན་ཏེ་སྤོ་བ་དང་མགུ་བར་བྱ་བ་ཉིད་སྦྱིན་པར་བྱ་བ་ཞེས་བྱ་བའི་དོན་ནོ།། བརྩམས་པའི་མཐར་ཐུག་པར་བྱ་བ་དང་འདྲའོ་ཞེས་བྱ་བ་ནི་གང་ལ་སློབ་བརྩམས་ནས་གཞི་ནས་བསླང་སྟེ་མགུ་བར་བརྩམས་པ་གང་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་བྱུང་ན་མཐར་ཐུག་པ་འདྲ་བ་དེ་བལྟ་བར་བྱའོ།།” གོང་གི་ལུང་དེ་གཉིས་ལ་གཟིགས་པར་ཞུ་བཞིན་ཡོད།
ཁྱེད་ཀྱིས་“འོན་ཀྱང་ཁྱེད་ལྟར་ན་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་ཡི་དགེ་འདུན་པ་རྣམས་གསོ་སྦྱོང་ལ་ཕེབས་ནས་ལྟུང་བ་དག་མི་ཐུབ་གསུངས་ན། སྐུར་འདེབས་ཆེན་པོ་ཞིག་མ་རེད་དམ།
ཅིག་ནས་བོད་ཀྱི་ནང་ཆོས་ལ་དམའ་འབེབས། གཉིས་ནས་གདན་ས་ཆེན་པོ་བཞི་དང་། རྒྱུད་གྲྭ་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ། ས་སྐྱ། རྙིང་མ། བཀའ་བརྒྱུད་སོགས་ཀྱི་གདན་ས་ཆེ་ཆུང་ཐམས་ཅད་ལ་སྐུར་འདེབས་ཆེན་པོ་ཞིག་མིན་ནམ། ལར་ནས་འབྱིན་པའི་ལྷག་མ་ལྟ་བུའི་ལྟུང་བ་དག་པ་ལ་ངེས་པར་སྤོ་མགུ་དབྱུང་སྔོན་དུ་འགྲོ་དགོས་ཞེས་པའི་ལུང་ཞིག་ལུང་སྡེ་བཞི་དང་མཚོ་ཊཱིཀ་བཅས་ལ་ཡོད་ན་སྟོན་རོགས། དེ་ནས་གཞི་ནས་ང་ཚོ་བགྲོ་གླེང་ཞུ་ཆོག་གི་རེད”ཅེས་གསུངས་འདུག
ལན། “ཁྱེད་ཀྱིས་ཆོས་ལུགས་ཆེན་པོ་བཞི་ཡི་དགེ་འདུན་པ་རྣམས་གསོ་སྦྱོང་ལ་ཕེབས་ནས་ལྟུང་བ་དག་མི་ཐུབ་གསུངས་ན་”ཞེས་སྤམ་བཤད་ལྟ་བུ་དང་། དགོན་སྡེ་དང་ཆོས་བརྒྱུད་ཁག་གི་མཚན་དྲངས་ནས་འཇིགས་སྣང་བསྐུལ་བ་ལྟ་བུ་གནང་འདུག་ཀྱང་། ངས་གསོ་སྦྱོང་སྐབས་ལྟུང་བ་འདག་མི་ཐུབ་ཅེས་གཏན་ནས་བཤད་མེད། དེ་ཁྱེད་ཀྱིས་ཕྱིར་ནུད་བྱེད་སའམ་ཁ་གཡར་ས་བཙལ་བ་ཙམ་རེད། ཁྱེད་ཀྱིས་གསུངས་པ་ལྟར་ན་‘ལྟུང་བ་’ཞེས་བརྗོད་འདུག་པས། གལ་སྲིད་ལྟུང་བ་སྡེ་ལྔ་ཚང་མ་གསོ་སྦྱོང་གིས་འདག་ཐུབ་ན་ཕམ་པ་ཡང་གསོ་སྦྱོང་གིས་འདག་པར་འགྱུར་བས་ཧ་ཅང་ཐལ་བར་མི་འགྱུར་རམ། ལྟུང་བ་ཕམ་པའི་སྡེ་དང་། ལྟུང་བ་ལྷག་མའི་སྡེ། ལྟུང་བ་སྤང་ལྟུང་གི་སྡེ། ལྟུང་བ་ལྟུང་བྱེད་ཀྱི་སྡེ། ལྟུང་བ་སོར་བཤགས་ཀྱི་སྡེ། ལྟུང་བ་ཉེས་བྱས་ཀྱི་སྡེ་ཞེས་ལྟུང་བ་སྡེ་ལྔ་ཚང་མ་ལ་ལྟུང་བ་ཞེས་འདུལ་བའི་ཡོངས་གྲགས་ཀྱི་ཚིག་ཡིན་པས། དྲ་ཚིགས་འདི་ལྟ་བུའི་ནང་དུ་འདིའི་སྐོར་ཤེས་མཁན་མེད་པར་དགོངས་ནས་ནགས་རྒྱ་རྫོང་གི་ཁ་ཏས་ཁྱུང་ཡིན་མདོག་མ་གནང་ན་མི་དགའ་འམ།
དོན་དངོས་སུ་དགེ་འདུན་ལྷག་མ་གསོ་སྦྱོང་གིས་འདག་ཐུབ་མིན་འདུལ་ལུང་རྣམས་སུ་གསལ་པོ་ཡོད་པས་ཤེས་སླ་ཡང་། ལྷ་རམས་པའི་མཚན་ཁུར་ནས་དྲ་ཚིགས་འདིར་གང་བྱུང་གསུང་ན་འདུལ་མ་མཐོང་བའི་གྲྭ་པ་མང་པོ་ཞིག་དེང་སྐབས་དྲ་རྒྱར་འཛུལ་ཞུགས་བྱེད་བཞིན་ཡོད་སྲིད་པས། དགེ་བཤེས་ལྷ་རམས་པ་ཞིག་གིས་ལྷག་མ་བཅུ་གསུམ་གྱི་ནང་ནས་གང་གིས་གོས་ཀྱང་གསོ་སྦྱོང་གི་སྐབས་སུ་འདག་ཐུབ་ཚུལ་གསུངས་འདུག་པས། ཟླ་གཅིག་གི་ཡར་ངོས་མར་ངོས་གསོ་སྦྱོང་གཉིས་ཀྱི་སྐབས་སུ་བཤགས་ཆོག་སྙམ་ནས་ལོག་ལམ་དུའང་ཞུགས་སྲིད་པ་ཞིག་མིན་ནམ།
དེ་མཚུངས་ཀྱི་སྒྲུང་ཆུང་ཆུང་ཞིག་བཤད་ན་སྔོན་བོད་ས་མ་ཤོར་གོང་ལ་མདོ་ཁམས་ཀྱི་ས་ཆ་ཞིག་ནས་དགེ་སློང་ཁ་ཤས་ཀྱིས་རྐྱང་བསད་པའི་སྐབས། གྲྭ་པ་གཞན་ཞིག་ཧ་ལས་ནས་དེ་ལྟར་བྱེད་མི་རུང་ཚུལ་བརྗོད་པར། ལན་དུ་དུད་འགྲོ་གསོད་པ་ནི་ལྟུང་བྱེད་ཡིན་པས་གསོ་སྦྱོང་གི་སྐབས་སུ་འདག་ཐུབ་པས་ལས་སླ་པོ་ཡིན་ཚུལ་བརྗོད་པའི་ལོ་རྒྱུས་ཡོད་པ་རེད།
བཤགས་རྒྱུ་ལས་སླ་པོ་རེད་སྙམ་ནས་སྡིག་ལྟུང་ལ་ཅི་མི་སྙམ་ན་ལས་ཅིར་འགྱུར་ཁྱེད་ཀྱིས་ཀྱང་མཁྱེན་ངེས་རེད། དོན་དངོས་ཁྱེད་ཀྱིས་གསུངས་པ་དེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ཞབས་འདེགས་སུ་གྱུར་འདུག་གམ། ཡང་ན་ངས་བཤད་པ་དེ་ལོག་ལྟའམ་སྐུར་འདེབས་སུ་གྱུར་འདུག
ད་དུང་ཞུ་དགོས་པ་ཞིག་ལ། ཁྱེད་ཀྱིས་“བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་”ཞེས་གསུངས་འདུག སྤྱིར་མི་གཞན་ཞིག་ཡིན་ན་ཚིག་གི་རྩོད་པ་རྒྱག་དགོས་དོན་མེད་ཀྱང་། ཁྱེད་ཀྱིས་ནང་ཆོས་ཀྱི་ཚིག་མཛོད་ཆེན་པོ་ཞིག་སྒྲིག་བཞིན་ཡོད་ཚུལ་གསུངས་འདུག་པས། ཐ་སྙད་འདི་ཙམ་ལའང་གོ་བ་རྣལ་མ་ཞིག་མ་ཆགས་ན་ཚིག་མཛོད་སྒྲིག་རྒྱུར་སྐུ་ངལ་འཕྲད་སྲིད་པས་གསལ་འདེབས་ཙམ་ཞུས་པ་ཡིན། དགེ་བཤེས་ལགས། བོད་ཀྱི་‘ཆོས་བརྒྱུད་’ཆེན་པོ་བཞི་ཟེར་བ་ལས། ‘ཆོས་ལུགས་’ཆེན་པོ་བཞི་མི་ཟེར། གལ་ཏེ་ཆོས་ལུགས་ཞེས་བརྗོད་པའི་སྐབས་སྟོན་པ་བསྟན་པ་ཐ་དད་པ་ཞིག་ལ་གོ་དགོས་པ་རེད། དཔེར་ན་ཁ་ཆེའི་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཧིན་རྡུའི་ཆོས་ལུགས་ལྟ་བུ་འབྲི་བ་ལས། སྟོན་པ་གཅིག་དང་བསྟན་པ་གཅིག་གི་རྗེས་འབྲངས་སུ་གྱུར་པ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཕན་ཚུན་བརྒྱུད་ཚུལ་མི་འདྲ་བ་ཙམ་ལས། ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་བཅོམ་ལྡན་འདས་ལ་ཐུག་ཡོད་པས་ཆོས་ལུགས་མི་འདྲ་བ་མིན་པ་ཚིག་མཛོད་སྒྲིག་མཁན་ཞིག་གི་ངོས་ནས་ངེས་པར་དུ་མཁྱེན་དགོས་པ་གནད་དོན་གལ་ཆེན་པོ་ཞིག་རེད།
དགོངས་དག་ཚིག་རེ་ཟུང་ལ་ཐལ་ཆ་ཡོད་ན་སེམས་གཏིང་ནས་བཟོད་གསོལ་ཞུ་རྒྱུ་ཡིན། རྗེས་མ་ཡང་བསྐྱར་མཇལ་ཡོང་།
གསེར་སྨྱུག་ཅན་ལགས།
ཁྱེད་ཉི་མ་གཉིས་གང་པོ་དཔེ་ཆ་ཡོངས་རྫོགས་བཙལ་བཙལ་ནས་ལུང་ཐུང་གཉིས་མ་གཏོགས་རྙེད་ཐུབ་མི་འདུག ཁྱེད་དངོས་གནས་དཔེ་ཆ་ལ་ཐུགས་འདྲིས་ཡག་པོ་ཡོད་པའི་མངོན་རྟགས་ཆེན་པོ་འདུག
ཐ་ན་དཔེ་ཆའི་མིང་ཙམ་ཡང་ཡག་པོ་ཤེས་མི་འདུག སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩའི་རང་འགྲེལ་དེའི་མཚན་ལ་༼རང་གི་རྣམ་བཤད༽ཞུ་བ་རེད། དེ་ཤེས་པར་གྱིས་ཤིག
ཁྱེད་ཀྱིས་༼སྐྱེས་པ་ཚོ། སྙིང་རྗེ་ཡོད་པར་བྱ་རོགས༽ཞེས་པའི་མཆན་༡༣༥ལས།
༼ལྷག་མ་བཅུ་གསུམ་གྱིས་གོས་པའི་བོད་པའི་དགེ་སློང་ཞིག་ལ་མཚོན་ན་གཉེན་པོ་སྟོབས་བཞི་སོགས་ལ་བརྟེན་ནས་སྡིག་པ་ལ་བཤགས་པའི་ཐབས་ཡོད་ཀྱང་། ལྟུང་བ་བཤགས་ཐབས་གཏན་ནས་མེད་པ་དང༽
ཞེས་སྙིང་ཁམས་ཆེན་པོས་བོད་ཀྱི་བཙུན་པ་རྣམས་ལ་ལྷག་མའི་ལྟུང་བ་འདག་ཐབས་མེད་ཅེས་སྨྲ་བ་ལ། བོད་ཀྱི་ནང་པའི་ཆོས་བརྒྱུད་གྲུབ་མཐའ་ཆེན་པོ་བཞིའི་ཚབ་ཞུས་ཏེ་ལས་ངན་ཁྱོད་ལ་འདི་ལྟར་བརྒལ་བར་བྱ་སྟེ།
ལྷག་མའི་ལྟུང་བ་འདག་པ་ལ་ངེས་པར་སྤོ་མགུ་དབྱུང་བྱེད་དགོས་པས་མ་ཁྱབ་པར་ཐལ། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པའི་གང་ཟག་ཁྱད་པར་ཅན་རྣམས་ལ་སྤོ་མགུ་དབྱུང་གསུམ་མི་དགོས་པའི་ཕྱིར། འདི་གོ་ཨེ་མྱོང་། ཐོས་ཨེ་མྱོང་།
དགོས་ན། ཁྱོད་འཕགས་བོད་ཀྱི་འདུལ་གཞུང་གི་ལུང་༡༥དང་འགལ་ཏེ།
༼རྒྱ་གར་མཁས་པའི་གཞུང་དང་འགལ་ཚུལ༽
༡༽སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་ལས། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། །ཤེས་པས་མི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ། །བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །
༢༽ཡང་དེ་ཉིད་ལས། ཤེས་པ་དང་བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དང་ཐོས་པ་དང་ཕྱོགས་དང་འཁོར་མང་བ་དག་ལ་ནི་སྦོམ་པའོ། །ཞེས་གསུངས།
༣༽ སློབ་དཔོན་ཡོན་ཏན་གྱི་འོད་ཀྱི་འདུལ་བ་མདོ་རྩའི་རང་འགྲེལ་༼རང་གི་རྣམ་བཤད༽ལས། ངོ་ཚ་དང་ལྡན་པ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས། དགེ་འདུན་ལྷག་མ་ལས་འདག་གོ་ཞེས་བྱ་བ་ལ་འདིས་སྤོ་བར་བྱ་བ་དང་མགུ་བར་བྱ་བ་དག་ལ་རྩོམ་པ་མི་དགོས་པ་ཉིད་ཅེས་བྱ་བ་ཤེས་པར་བྱའོ། །ཞེས་གསུངས་སོ། །
༼བོད་གཞུང་ཚད་ལྡན་དང་འགལ་ཚུལ༽
༤༽ མཚོ་ཊཱིཀ་ལས། སྤོ་བ་དང་ཞེས་པ་ནས་དབྱུང་བར་བྱའོ་ཞེས་གནས་ཀྱི་བླ་མ་སྡེ་སྣོད་འཛིན་པ་ལ་ལྷག་མའི་ལྟུང་བ་བྱུང་ན་སྤོ་མགུ་དབྱུང་བ་བྱ་བར་བཤད་པ་འདི་དང། ཕྱིར་བཅོས་ཀྱི་གཞི་ལས་མདོ་སྡེ་འཛིན་པས་ནི་གཅིག་གི་མདུན་དུ་བཤགས་པས་ལྷག་མ་འདག་གོ །ཞེས་བཤད་པ་དང་འགལ་ཞེ་ན། སྡེ་སྣོད་འཛིན་པ་ཡིན་ཡང་སྤོ་མགུ་སྤྱད་པ་མ་བྱས་ན་ཕྱིན་ཆད་རྒྱུན་སྡོམ་པ་ལ་སོགས་པ་ཕྱིར་བཅོས་ཀྱི་བསམ་པ་མཚན་ཉིད་པ་མི་སྐྱེ་ན་སྤོ་མགུ་དབྱུང་བ་དགོས་ལ། བསམ་པ་དེ་སྐྱེ་ན་སྡེ་སྣོད་འཛིན་པས་སྤོ་མགུ་དབྱུང་བ་མི་དགོས་པ་སྟེ། བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་མ་ཡིན་ནོ་ཞེས་གསུངས་སོ། །
༥༽ མཚོ་ཊཱིཀ་ལས། འོན་ཀྱང་སྦོམ་པོ་བཤགས་ཡུལ་ལ་དམིགས་བསལ་ཡོད་དེ། གང་ཟག་ཁྱད་པར་ཅན་ལྡས་ནི་ཕམ་ལྷག་གི་སྦོམ་པོ་ལྕི་ཡང་ཐམས་ཅད་དགེ་སློང་གཅིག་ལ་བཤགས་ཏེ། གང་ཟག་ཁྱད་པར་ཅན་གྱི་ལྷག་མའི་ལྟུང་བ་ཡང་
གཅིག་གི་མདུན་དུ་བཤགས་པས་འདག་པར་གསུངས་པའི་གནད་ཀྱིས་ཤེས་སོ། །ཞེས་གསུངས།
༦༽མཚོ་ཊཱིཀ་ལས། འོན་ཀྱང་གང་ཟག་ཁྱད་པར་ཅན་ལྔས་ནི་སྤངས་པ་དང་བྲལ་བ་དེ་མི་དགོས་པར་བམ་པོ་ལྔ་བཅུ་པ་ལས་གསུངས་སོ། །ཞེས་གསུངས།
༧༽མཚོ་ཊཱིཀ་ལས། གང་ཟག་ཁྱད་པར་ཅན་ལྔ་ལ་ལྷག་མའི་ལྟུང་བ་བྱུང་ཡང་སྤོ་མགུ་དབྱུང་བ་མི་དགོས་པར་དགེ་སློང་གཅིག་གི་མདུན་དུ་བཤགས་པས་དག་པར་འགྱུར་རོ། །ཞེས་གསུངས།
༨༽ མཚོ་ཊཱིཀ་ལས། གསུམ་པ་ལྟུང་བ་གང་དག་པའི་དོན་དུ་ནོད་པ་ནི་རང་གི་ལྷག་མའི་ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། གང་ཟག་ཁྱད་པར་ཅན་མ་ཡིན་པ་བདག་གི་རྒྱུད་དུ་འབྲེལ་བར་ཡོད་པ་དང།
༩༽མཚོ་ཊཱིཀ་ལས། དང་པོ་ཡུལ་གང་ལ་དབྱུང་བ་བྱ་བ་ནི། ཆོས་བཅུ་ལྡན་ཏེ་ཐུན་མོང་བ་བརྒྱད་ནི་ལས་གཞིའི་སྐབས་སུ་སྨོས་ལ། གང་ཟག་ཁྱད་པར་ཅན་མ་ཡིན་པ་དང། མགུ་པ་སྤྱད་པ་དང་ལྡན་པའོ། །ཞེས་གསུངས་སོ། །
༡༠༽མཚོ་ཊཱིཀ་ལས། སྤོ་བ་སྤྱད་དགོས་ཀྱི་འཆབ་པ་ལ་ནི་རྟེན་གང་ཟག་ཁྱད་པར་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་ཀྱང།ཞེས་གསུངས་སོ། །
༡༡༽ མཚོ་ཊཱིཀ་ལས། གཞན་ཡང་དངོས་པོ་སྤང་དགོས་པ་ཉིད་ཀྱིས་སྤང་ལྟུང་དུ་རྣམ་པར་འཇོག་ན། གང་ཟག་ཁྱད་པར་ཅན་ལ་སྤང་ལྟུང་མེད་པར་ཐལ། དངོས་པོ་སྤང་མི་དགོས་པའི་ཕྱིར་ཏེ། འདུལ་བ་ཀུན་ལས་བཏུས་ལས། ངོ་ཚ་དང་ལྡན་པ་དང། མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་དང། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་སྤང་བའི་ལྟུང་བྱེད་ལས་ལྡང་སྟེ། དངོས་པོ་སྤང་བ་དང་བྲལ་བར་བྱ་མི་དགོས་སོ་ཞེས་སྤང་མི་དགོས་ཀྱང་སྤང་བའི་ལྟུང་བྱེད་དུ་བཤད་དོ། །ཞེས་གསུངས་སོ། །
༡༢༽མཚོ་ཊཱིཀ་ལས། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ནི་མི་སྦྱར་ཏེ། དངོས་པོ་དེ་སྤང་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །
༡༣༽མཚོ་ཊཱིཀ་ལས། གང་ཟག་ཁྱད་པར་ཅན་གྱི་སྤང་ལྟུང་ལ་ཡང་མཚན་ཉིད་དེ་ཞུགས་པའི་ཕྱིར། སྤང་ཤན་རྡེག་བྱེད་ཡིན་པར་ཐལ་བ་ལས། སྔར་མི་དགོས་པར་བཤད་པ་སྔར་དྲངས་པ་དང་འགལ་ཞིང། དེའི་ལྷག་མ་ཕྱིར་འཆོས་པ་སྤོ་གུ་དབྱུང་པ་མི་དགོས་པའི་གནད་དང་ཡང་འགལ་ལོ། །ཞེས་གསུངས་སོ། །
༡༤༽མཚོ་ཊཱིཀ་ལས། གང་ཞིག་སྤང་བའི་ལྟུང་བྱེད་དངོས་གཞི་ཡིན། སྤང་ལྟུང་ཕྱིར་བཅོས་འཆགས་རུང་གི་གང་ཟག་ཁྱད་པར་
ཅན་མ་ཡིན་པ་བདག་གི་རྒྱུད་དང་འདོད་ན་བམ་པོ་ལྔ་བཅུ་པ་འདུལ་བ་ཀུན་ལས་བཏུས་པ་ལས།་འབྲེལ་བར་ཡོད། ངོ་བོ་ཤེས་ཤིང་དྲོན་པར་ནུས་པའོ། །ཞེས་གསུངས་སོ། །
༡༥༽མཚོ་ཊཱིཀ་ལས། ཐ་མ་ནི་གང་ཟག་ཁྱད་པར་ཅན་ཡིན་ན་སྤང་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །
འདི་མཚོན་ཙམ་ཡིན། ཕྱིན་ཅད་ཟེར་རྗེས་སུ་མི་འབྲང་བར་རང་གིས་རྟགས་དཔྱད་ཞིབ་འཇུག་བྱེད་པ་ཤིན་ཏུ་གལ་ཆེའོ། །
ཁྱེད་གྲྭ་ལོག་ཅིག་གི་རྫུན་འབག་གྱོན་ནས་རང་གི་ངོ་བོ་སྦ་ཐབས་བྱས་འདུག་མོད། ངས་ཁྱོད་སུ་ཡིན་ལམ་ཙམ་ཤེས་སོང་། གལ་ཏེ་ཁྱོད་ད་ལྟ་གྲྭ་བ་ལོག་མེད་ན། ལྟུང་མི་འདག་སྙམ་པའི་ཐུགས་དོགས་གནང་མི་དགོས་པར་གསོ་སྦྱོང་ལ་ཕེབས་ན་དགའ་གི་རེད། དེ་གྲྭ་ལོག་ཅིག་གིས་ཁྱེད་ལ་བསླབ་བྱ་ཡིན།
འོ་ཅིག་བརྗེད་གྲབས་བྱས་འདུག
ངེད་ཀྱིས་གོང་དུ་དྲངས་པའི་ལུང་བཅོ་ལྔ་པོ་དེས། ན་བཟའ་མཐུག་ཙམ་ཞིག་བཟོས་ནས་ཁྱེད་རང་དང་ཁྱེད་ཀྱི་རྒན་ལགས་གཉིས་ཀ་མནབ་རོགས། ཧ་ཧ་ཧ།
ཕྱིན་ཆད་གཡག་ཞར་བས་རྩྭ་བཟའ་བ་ལྟར་མི་བྱེད་པར། དཔེ་ཆ་ཕྱོགས་ཐམས་ཅད་ནས་ཞིབ་ཚགས་པོ་གཟིགས་རོགས།
ཆུང་ཆུང་བརྗེད་འདུག
ཁྱེད་དྷ་ས་ཡིན་ཁུལ་བཤད་འདུག བྱས་ན་དྷ་ས་དེ་གནམ་གཤིས་ཤིན་ཏུ་གྲང་ངར་ཆེ་བས། ངེད་ཀྱིས་གོང་དུ་དྲངས་པའི་ལུང་བཅོ་ལྔ་པོ་དེས། ན་བཟའ་མཐུག་ཙམ་ཞིག་བཟོས་ནས་ཁྱེད་རང་དང་ཁྱེད་ཀྱི་རྒན་ལགས་གཉིས་ཀར་མནབ་རོགས། ཧ་ཧ་ཧ།
ང་ལ་དྲི་བ་གཅིག་རང་ཡོད། སྒོམ་སྡེ་ལགས་ལྟར་ན་གདན་ས་ཆེན་པོ་བཞི་དང་། རྒྱུད་གྲྭ་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ། ས་སྐྱ། རྙིང་མ། བཀའ་བརྒྱུད་སོགས་ཀྱི་གདན་ས་ཆེ་ཆུང་ཐམས་ཅད་ན་ཡོད་པའི་དགེ་འདུན་ཡོངས་རྫོགས་འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པ་ཡིན་པས་ཨེ་ཁྱབ། མ་ཁྱབ་ན་སྡེ་སྣོད་འཛིན་པ་མ་ཡིན་པ་དག་གི་དགེ་འདུན་ལྷག་མ་སྤྱིར་བཅོས་ཀྱི་གཞི་གང་གིས་ལྟུང་བ་ལས་ལྡང་བར་འགྱུར་བ་སྨྲོས་ཤིག
དགེ་སློང་དང་འདུལ་ཁྲིམས་ཀྱི་སྐོར་དྲ་ངོས་འདི་ནས་མང་པོ་མ་གླེང་ན་འདོད་། མ་གླེང་རུང་ཁྱེད་རྣམ་པ་དགེ་བཤེས་གྲྭ་ལོག་དག་དག་ཡིན་ནོ་དྲ་བདག་གཙོ་བྱས་ལེ་ཤེས།
གཞན་ཡང་ཁྱེད་ལ་གནོད་དུ་མང་དུ་ཡོད་དེ།
༡༽ གཞན་ཡང་ཁྱེད་ཀྱིས་ལུང་དང་པོ་༡མདོ་རྩ་བའི་ལུང་དྲངས་པ་ན། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ། །(ཞེས་པ་འདི་བཞག་ནས)༼དགེ་འདུན་ལྷག་མ་ལ་ནི་དུས་འདི་སྲིད་ཅིག་བཅབས་པ་ཉིད་དམ་མ་བཅབས་པ་ཉིད་དང་ངོ ། །༽ཞེས་སོགས་དྲངས་འདུག ཁྱོད་ཀྱིས་ཚིག་དེ་ཅིའི་ཕྱིར་མ་དྲངས། ཚིག་འདིས་ལྷག་མའི་མིང་རིགས་བརྗོད་པས། ལྷག་མ་འདག་པར་གསུངས་པ་དེ་ནག་བསུབ་གཏོང་ཐབས་བྱེད་རྒྱུ་ཡིན་ནམ།
གཞན་ཡང་།
༢༽ ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་དགེ་འདུན་ལྷག་མའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བ་དེ། དགེ་འདུན་ལྷག་མའི་ངོ་ཏི། མ་ཡིན་ནམ། ངོ་ཏིའི་ཟུར་ལ། སྤོ་མགུ་དབྱུང་གསུམ་ཟེར་བ་ཞིག་འདུག་གམ། མིག་ཡང་དང་ཡང་དུ་འཕྱིས་ལ་ལྟོས་ཤིག
མཐའ་སྡོམ་དུ།
སྔོན་སྟོན་པ་ཞལ་བཞུགས་དུས་གང་ཟག་ཁྱད་པར་མ་གཏོགས་པའི་དགེ་སློང་གཞན་རྣམས་ལ་ལྷག་མའི་ལྟུང་བ་ལྟ་བུར་སྤོ་མགུ་དབྱུང་གསུམ་བྱེད་པར་གསུངས་པ་རེད། འོན་ཀྱང་མདོ་སྡེ་འཛིན་པ་སོགས་གང་ཟག་ཁྱད་པར་ཅན་རྣམས་ལ་དམིགས་བསལ་ཕུལ་ཡོད་རེད། དེ་ཤེས་པར་གྱིས། བོད་གངས་ཅན་གྱི་ལྗོངས་སུ་དེ་ལྟ་བུའི་ལུགས་སྲོལ་མ་དར་མོད། འོན་ཀྱང་དེ་གསུམ་གྱི་དོད་དུ་ལྟུང་བ་མི་འཆབ་པ་ཡོད་པས། ལྷག་མའི་ལྟུང་བ་ལྟ་བུར་ངེས་པར་འདག་གོ་ཞེས་ཞུ་བར་སྤོབས་སོ། །
སྤོ་མགུ་དབྱུང་གསུམ་བྱེད་པའི་དགོས་པ་ནི། དགེ་འདུན་ལྷག་མའི་བཅབས་ཉེས་ཕྱིར་བཅོས་པའི་ཐབས་སུ་ཡིན་ལ། གལ་ཏེ་བཅབས་པ་མེད་ན་དེ་གསུམ་ངེས་པར་མི་དགོས་སོ། །
༼དེས་ན་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་བྱེད་ན་ན་ལྷག་མ་མན་ཆད་ཀྱི་ལྟུང་བ་རྣམས་ངེས་པར་འདག་གོ༽ཞེས་སྤོབས་པ་ཆེན་པོས་ཞུའོ། །
གསེར་སྨྱུག་ལགས།༢
ངས་བལྟས་ན་ཁྱེད་རང་ཟེར་རྒྱུས་ཕོངས་ནས་འདུག
ཁྱེད་ཀྱིས་ངེད་ལ་༼ཁྱེད་ཀྱིས་ནང་ཆོས་ཀྱི་ཚིག་མཛོད་ཆེན་པོ་ཞིག་སྒྲིག་བཞིན་ཡོད་ཚུལ་གསུངས་འདུག་པས། ཐ་སྙད་འདི་ཙམ་ལའང་གོ་བ་རྣལ་མ་ཞིག་མ་ཆགས་ན་ཚིག་མཛོད་སྒྲིག་རྒྱུར་སྐུ་ངལ་འཕྲད་སྲིད་པས་གསལ་འདེབས་ཙམ་ཞུས་པ་ཡིན། དགེ་བཤེས་ལགས། བོད་ཀྱི་‘ཆོས་བརྒྱུད་’ཆེན་པོ་བཞི་ཟེར་བ་ལས། ‘ཆོས་ལུགས་’ཆེན་པོ་བཞི་མི་ཟེར། གལ་ཏེ་ཆོས་ལུགས་ཞེས་བརྗོད་པའི་སྐབས་སྟོན་པ་བསྟན་པ་ཐ་དད་པ་ཞིག་ལ་གོ་དགོས་པ་རེད༽
ཅེས་ངེད་ནས་༼ཆོས་ལུགས་ཆེན་པོ་བཞི༽ཞེས་སྨྲས་པར། ཁྱེད་ནས་ངེད་ལ་༼ཐ་སྙད་འདི་ཙམ་ལའང་གོ་བ་རྣལ་མ་ཞིག་མ་ཆགས་ན༽ཞེས་འཕྱ་དམོད་གནང་འདུག
དེ་ལ་ལན་འདི་ལྟར།
༡༽ བོད་རྒྱ་ཚིག་མཛོད་མོར།
ཆོས་ལུགས། ༡ ཆོས་ཀྱི་གྲུབ་མཐའམ། ལུགས་སྲོལ། ཞེས་གསུངས།
༢༽དུང་དཀར་ཚིག་མཛོད།
ཆོས་ལུགས་གཞན་དགུ། ༡ ཀརྨ་བཀའ་བརྒྱུད། ༢ ཚལ་པ་བཀའ་བརྒྱུད། ཞེས་༼ཆོས་ལུགས༽དང་༼ཆོས་བརྒྱུད༽གཉིས་ཁྱད་མེད་དུ་བེད་སྤྱོད་མཛད།
༣༽འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས།
རྒྱལ་བའི་བཀའ་ལ་ཕྱོགས་རིས་མེད། །
རིས་སུ་གཅོད་པ་བླུན་པོའི་ལུགས། །
བོད་ཀྱི་(ཆོས་ལུགས)ཐམས་ཅད་ཀྱང་། །
བརྒྱུད་སྲོལ་སོ་སོའི་གང་ཟག་སྟེ། །
འབྱུང་ཁུངས་(ཐུབ་པའི་བཀའ)རུ་གཅིག།
ཅེས་སོགས་ཀྱི་མཁས་པ་འདི་ཐམས་ཅད་༼ཚིག་ལ་གོ་བ་མ་ཆགས་པ་བླུན་པོ༽རུ་འཇོག་རྒྱུ་ཡིན་ནམ། ད་དུང་ཡང་ཆེས་མང་ཡང་རེ་ཞིག་བཞག་གོ།
༣༽འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས།
རྒྱལ་བའི་བཀའ་ལ་ཕྱོགས་རིས་མེད། །
རིས་སུ་གཅོད་པ་བླུན་པོའི་ལུགས། །
བོད་ཀྱི་(ཆོས་ལུགས) ཞེས་པ་འདི་ཐམས་ཅད་ནང་སངས་རྒྱས་པ་རེད་གསུངས་། །ཆོས་ལུགས་ནང་པ་གཅིག་ཡིན་མོད་ཀྱང་བརྒྱུད་སྲོལ་སོ་སོའི་གང་ཟག་སྟེ། །
འབྱུང་ཁུངས་(ཐུབ་པའི་བཀའ)རུ་གཅིག།
ཁ་ཆེ་དང་ཡེ་ཤུ་སོགས་ནི་ཆོས་ལུགས་སོ་སོ་ཡིན་པར་གསུངས། རྒྱུ་མཚན་དེ་ན་གསེར་སྨྱུག་ལགས་ཀྱི་གསུང་པ་ལྟར་རེད་འདུག་པས་སྙན་ངག་དང་མངོན་རྗོད་ཀྱི་མ་བཅིངས་པའི་ཚིག་བཅད་འདི་ཙམ་ལའང་གོ་བ་རྣལ་མ་ཞིག་མ་ཆགས་ན་ཚིག་མཛོད་སྒྲིག་རྒྱུར་སྐུ་ངལ་འཕྲད་སྲིད་པས་གསལ་འདེབས་ཙམ་ཞུས་པ་ཡིན།
བཀུར་འོས་སྒོམ་སྡེ་ལྷ་རམས་པ་ལགས།
ཁྱེད་ཀྱི་ཚིག་མཛོད་དེ་འདི་ནས་མངགས་ཉོ་བྱེད་རྒྱུ་ཡོད་དམ། ངེད་ལ་གཅིག་དགོས་ཀྱི་འདུག
རིན་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
སྤར་ཐེངས་དང་པོ་དེ་དྷ་ས་ཤེས་རིག་སྤར་ཁང་ལ་ཡོད་རེད་ལགས།
མགོན་པོ་ལགས།
འབྱུང་ཁུངས་(ཐུབ་པའི་བཀའ)རུ་གཅིག།
ཅེས་པའི་ཐུབ་པའི་བཀའ་རུ་གཅིག་རྒྱུ་དེ། བོད་ཀྱི་(ཆོས་ལུགས)ཐམས་ཅད་མིན་ནམ།
སྐུ་མཁྱེན། ཚིགས་བཅད་གཅིག་ཙམ་ལའང་དེ་འདྲ་རྨོངས་ནས་མ་བཞུགས་རོགས།
འབྱུང་ཁུངས་(ཐུབ་པའི་བཀའ)རུ་གཅིག།
ཅེས་པའི་ཐུབ་པའི་བཀའ་རུ་གཅིག་རྒྱུ་དེ། བོད་ཀྱི་(ཆོས་ལུགས)ཐམས་ཅད་མིན་ནམ།
ད་ཡིན་ན་འདི་འདྲ་གསུང་བ་་་་་་་་་་་ཆོས་ལུག་ནང་པ་ཡིན་ཡིན་པ་གཅིག་ན་ཡང་བརྒྱུད་སྲོལ་ཐ་དད་པ་གསུང་པ་རེད།
ཚིག་མང་པོ་ལ་བརྟེན་ནས་དོན་བསྟོན་པ་བཞིན་ཚིག་བཅད་ལ་ཡང་མཁྱེན་པར་བྱོས།
ཡང་ཁྱེད་རང་འཁྲུངས་ས་རྒྱ་གར་ཡིན་ན་ཁག་མེད་ལོ།
ཧཧ
ཡང་ཁྱོད་ཀྱི་གོ་བ་ལྟར་ན་བོན་པོ་ཡང་ནང་པ་དང་གཅིག་ཏུ་གྱུར་བའི་སྐྱོན་དུ་འགྱུར་ལ།
རྒྱུ་མཚན་ནི་བོན་པོ་ཡང་བོད་ཀྱི་ཆོས་ལུགས་ཤིག་་ཡིན་པའི་ཕྱིར།
གསོ་སྦྱོང་གིས་ལྷག་མ་མན་ཆོད་ཀྱི་ལྟུང་བ་དག་པར་འདོད་ཟེར་བའི་ཚིག་འདི་མཐོང་དུས་འདུལ་བ་ལ་བགྲོ་གླེང་བྱེད་པའི་གྲལ་ནས་བུད། དགེ་ཚུལ་ལ་ཡང་དགེ་སློང་གི་མཐུན་མིན་ལྟུང་བ་རྣམས་སྨྲ་མི་རུང་ན་སྐྱེ་བོ་ཆོས་མེད་རིང་ལུགས་ཚུན་ལ་ཡིག་ཐོག་ནས་དཔེ་བཤུས་བྱས་ནས་དེ་དག་བསྒྲགས་པ་ནི་དྲྭ་རྒྱ་དོ་དམ་པ་ནང་པ་སངས་རྒྱས་པའི་བསྟན་པའི་རྩ་བ་གང་ཡིན་མིན་དང་། ཆོས་ཀྱི་གནད་ལུགས་མཁྱེན་མཁན་ཞིག་ཡིན་ན་བསྟང་འཛིན་བྱེད་བ་ལ་ཕྱི་ཚར་འདུག།
དུང་དཀར་བློ་བཟང་འཕྲིན་ལས་གྱིས་བོད་ཀྱི་རིག་གཞུང་གང་ཐད་ལ་ཞབས་འདེགས་ཚད་མེད་ཞུས་ཡོད་པ་ལ་རྗེས་སུ་ཡིད་རང་ཞུ་བཞིན་ཡིན། འོན་ཀྱང་ཁོང་གི་བསྒྲིགས་པའི་ཚིག་མཛོད་དེའི་ལུང་རྟགས་སུ་དྲངས་ནས་ལོ་རྒྱུས་བསྒྲུབ་པར་ནི་མ་ངེས་པའི་ལན་དོན་མཐུན་ཐེབས་ཀྱི་འདུག་པ་ནི། དམར་པོའི་ཤན་དང་། ཕྱོགས་ཞེན་གྱི་ཤན་ཞུགས་པས་ཡིན་པར་གསལ་པོ་ཡིན་པ་ནི། དཔེར་ན་ས་སྐྱ་པའི་མཁས་པ་ཀུན་མཁྱེན་གོ་བོ་རབས་འབྱམས་པའི་ལོ་རྒྱུས་དེ་ལ་གཟིགས་དང་མཁྱེན་པར་འགྱུར།
དེ་དང་རིས་མེད་ཀྱི་ཚིགས་མཛོད་བསྒྲིགས་པ་ལ་རིས་སུ་མ་ཆད་པའི་ཆོས་གྲྭ་ཁག་གམ་ཆོས་ཀྱི་དགེ་རྒན་དག་ལས་སློབ་གཉེར་ཞིག་མཛད་ན་མིང་དོན་མཐུན་པ་ཞིག་འགྱུར་སྲིད། ཁྱེད་ཀྱི་སྙིང་སྟོབ་དང་རྩོལ་བར་གུས་བཀུར་ཞུ་ངེས་ཀྱང་། ཁྱེད་ཀྱི་ཚིགས་མཛོད་ངོ་སྤྲོད་དེ་རོབ་ཙམ་ཀློག་པས་ཀྱང་ཆོས་བརྒྱུད་ཁ་ཤས་ལ་དཔེ་ཀློག་ཅུང་ཟད་མ་གཏོགས་གོམ་འདྲིས་མེད་པ་གསལ་བོ་མཐོང་ཐུབ་ཀྱི་འདུག་པས་ཤོག་སྣག་དང་དུས་ཚོད་ཆུད་ཟོས་མ་སོང་བའི་སྔོན་དུ་ཆོས་གྲྭ་ཁག་ལ་ཕེབས་བྱེད་ཆོས་ཀྱི་ཐ་སྙད་རྣམས་ཚུན་ལ་བྱང་ཆ་མ་མཐར་ཅུང་ཟད་ཡོད་པར་བྱས་ན་ཁྱེད་ཀྱི་ཕྱག་ལས་ལ་ཕན་འབྲས་དོན་མཐུན་འགྱུར་ངེས།
དགེ་བཤེས་ལགས། སྐུ་གཟུགས་གསལ་ཐང་ཡིན་ནམ། ཁྱེད་ཀྱིས་ངས་བྲིས་པའི་ལན་དེ་ལ་སྤྱིའི་ཆ་ནས་ཡང་ལན་ཁ་གསལ་པོ་ཞིག་བྲིས་འདུག་པས་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་རྩ་དོན་ནམ་རྩོད་གཞིའི་ཆ་ནས་ད་དུང་ཁྱེད་ལ་བདེན་ཁ་སྟེར་ཐབས་མེད་པའི་རྒྱུ་མཚན་བརྒྱ་ཕྲག་དུ་མ་བགྲང་རྒྱུ་ཡོད་ཀྱང་། དགེ་བཤེས་ལགས་ཁྱེད་དང་དམན་པ་ང་གཉིས་ཀྱི་རྟེན་གྱི་ཆ་ནས་དང་། དྲ་ཚིགས་འདི་ལྟ་བུར་གནས་དུས་ཁོར་ཡུག་མི་འཚམས་པ་དང་དྲ་གྲོགས་མང་པོ་ཞིག་གི་དགོངས་ཚུལ་ལ་བསྟུན་ནས། དྲ་བདག་གིས་མ་བཀག་སྔོན་ནས་ངེད་གཉིས་ཀྱི་འདུལ་བའི་སྐོར་གྱི་རྩོད་པ་དེ་འདི་ནས་མཚམས་བཞག་ན་འོས་མཚམས་སུ་མཐོང་། ཞུ་རྒྱུ་ཞིག་ལ་རྗེས་སུ་གནད་དོན་གང་མང་ཐོག་ལ་བགྲོ་གླེང་ཞུ་རྒྱུའི་གྲ་སྒྲིག་ཡོད། ཁྱེད་ལྟ་བུའི་མཁྱེན་རྒྱ་ཅན་དྲ་ཚིགས་འདིར་ཕེབས་པ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། ང་ནི་མིང་རྫུན་མའི་འོག་ཏུ་གབ་དགོས་དོན་གང་ཡང་མེད་ལ། གསེར་སྨྱུག་དེ་ངའི་ཡོངས་གྲགས་ཀྱི་སྨྱུག་མིང་ཡིན། ངའི་མིང་དངོས་གནས་ཚུལ་ཁྲིམས་ཡིན། དུས་རྒྱུན་རྡ་རམ་ས་ལར་བསྡད་ཡོད་ལ། རྡ་རམ་ས་ལར་བསྡད་ནས་ལོ་༡༢ མ་ཟིན་ཙམ་ཡིན། སྔོན་མའི་བག་ཆགས་རྙིང་པ་ཞིག་ལ་བརྟེན་ནས་དགེ་བཤེས་ལགས་སུ་བགྲོ་གླེང་འདི་ཐལ་སོང་བས། ཐུགས་དགོངས་འགལ་བའི་རིགས་མཆིས་ན་སྙིང་ནས་དགོངས་སེལ་ཞུ་རྒྱུ་ཡིན། རྗེས་སུ་མཇལ་ཡོང་།
ད་འདི་ཚོས་འདུལ་བའི་སྐོར་ཅིག་གླེང་ཁ་བྱས་ནས་འ་འ་འ དེ་འོས་པ་རེད་དམ།
སྒོམ་སྡེས་ཚིག་མཛོད་འདོན་འཆར་ལ་རྗེས་སུ་ཡིད་རངས་ཞུ།
གང་མྱུར་མིག་སྔར་སླེབས་རེ་ཆེ།
ཚིག་མཛོད་ཀ྄ྱི་ས྄ྐོར་མང་པོ་ཞིག་བོད་ཤེས་རབ་ཟིན་བ྄ྲིས་ཞེས་པའི་ནང་བ྄ྲིས་འདུག
བོད་ཡིག་ཚིག་མཛོད་གསར་སྒྲིག་བྱེད་ཕྱོགས་ཐད་ཀྱི་དགོངས་ཚུལ་ཟེར་བའི་ཐད། བོད་ཡིག་ཚིག་མཛོད་གསར་སྒྲིག་བྱེད་ཕྱོགས་ཐད་མང་པོ་ཤོད་རྒྱུ་གང་ཡང་མེད། དཔེ་མཛོད་ཡག་ལོད་དེ་དཔེ་ཆ་སྣ་ཁ་མང་ཉུང་དང༌། བཙལ་འཚོལ་བདེ་མིན། ཞབས་ཞུ་ཡག་ཉེས་ལ་རག་ལས་པ་བཞིན། ཚིག་མཛོད་ཡག་ལོད་ཀྱང་བྱ་ཚིག་དང་མིང་ཚིག་གཉིས་པོ་ཕུན་སུམ་ཚོགས་མ་ཚོགས་ཡིན་ཅིང༌། དེ་གཉིས་ཀྱི་ནང་ནས་མིང་ཚིག་དེ་གཙོ་བོར་བརྩི་དགོས་ཀྱི་རེད་སྙམ།
སྤྱིར་ཚིག་མཛོད་ཅེས་པ་ནི་གནའ་བོའི་བརྡ་རྙིང་དང༌། དེང་སྤྱོད་བཞིན་པའི་མིང་ཚིག་རྣམས་ཀྱི་གོ་དོན་འགྲེལ་བཤད་བྱེད་རྒྱུ་དེ་ཡིན་ཅིང༌། དེ་ཡང་རྔོན་པའི་ཁྱི་ཡིས་ཤྭ་བ་འདེད་སྐབས་ཚད་དང་གདམ་ཁ་གང་ཡང་མེད་པར། དམིགས་ཡུལ་གཙོ་བོ་ཤྭ་བ་ཟིན་ཐུབ་པ་དགོས་རྒྱུ་དེ་ཡིན་པ་ལྟར། ཚིག་མཛོད་ཀྱིས་དུས་རབས་སོ་སོར་མིང་ཚིག་སོ་སོས་དོན་གང་ཞིག་སྟོན་གྱིན་ཡོད་པ་དེ་ཙམ་ཞིག་ཤེས་ཐུབ་པ་དགོས་རྒྱུ་ལས། བརྡ་སྤྲོད་ཀྱི་ལྟ་གྲུབ་དང་རྣམ་གཞག་སྟོན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་བསྐྲུན་ཐབས་བྱེད་རྒྱུ་མེད་སྙམ། འཇིག་རྟེན་ན་རིན་ཆེན་ནོར་སྣ་འཇུག་སའི་ཁང་པ་ལ་མཛོད་ཅེས་ཟེར་ཞིང༌། མཐོ་རྒྱལ་པོའི་གསེར་དངུལ་འཇོག་ས་ནས་དམའ་འབངས་ཀྱི་བཅའ་དངོས་འཇོག་ས་ཡང་མཛོད་ཡིན་མོད། མཛོད་གང་ཞིག་གི་བཅའ་དངོས་རྣམས་ཇི་ཙམ་གྱི་རིན་ཐང་ཆེ་བ། རྣམ་གྲངས་མང་བ། སྤྱད་ཀྱང་རྫོགས་མཐའ་མེད་པ། མཁོ་དགུའི་ཡོ་བྱད་མ་ཚང་བ་མེད་པ་ཤོང་བའི་མཛོད་ཅིག་ཡིན་ན། མཛོད་དེའི་རྒྱ་ཁྱོན་ནི་ནམ་མཁའ་དང་མཉམ་པ་ལྟ་བུར་ཆེ་བསྟོད་ཀྱི་མིང་ནམ་མཁའ་མཛོད་ཅེས་བརྗོད་པ་བཞིན། བོད་ཡིག་ཚིག་མཛོད་གསར་སྒྲིག་བྱས་པ་ཡིན་ན་ཡང༌། ཚིག་མཛོད་དེའི་ནང་བོད་ཡིག་གི་མིང་ཚིག་དང་བྱ་ཚིག་མཁོ་སྤྱོད་ཆེ་བ། རྣམ་གྲངས་མང་བ། རྫོགས་མཐའ་མེད་པ། མ་ཚང་བ་མེད་པ་ཞིག་བསྡུ་ཐུབ་པ་བྱུང་བ་ཡིན་ན། ཚིག་མཛོད་དེ་ཡང་ནམ་མཁའ་དང་མཉམ་པའི་ཚིག་མཛོད་རིན་ཐང་བྲལ་བ་ཞིག་ཏུ་འགྱུར་ངེས་རེད།
འཛམ་གླིང་འདིར་ཚིག་མཛོད་ཇི་ལྟར་བྱུང་བ་ནི། ནུབ་ཕྱོགས་པའི་བརྡ་སྤྲོད་མཁན་པོ་ཕལ་མོ་ཆེའི་བཞེད་པ་ལ། སྐད་ཡིག་འཕེལ་རྒྱས་འགྲོ་བའི་གོམ་རིམ་དེ་ལ་དུས་མཚམས་ཀྱིས་དབྱེ་བ་འགའ་ཞིག་བྱས་ཡོད་པ་སྟེ། གནའ་བོའི་སྐབས། དུས་རབས་བར་མའི་སྐབས། རིག་རྩལ་བསྐྱར་གསོའི་སྐབས། དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་བཅས་ཡིན། གནའ་བོའི་སྐབས་དེར་སུ་ལ་ཡང་ཚིག་མཛོད་མེད་པ་མ་ཟད། དུས་རབས་བར་མའི༤༠༠།༡༦༠༠སྐབས་སུ་ཡང་ཡོ་རོབ་ཁུལ་དུ་ཚིག་མཛོད་ཕལ་ཆེར་མ་བྱུང་བ་འདྲ། རིག་རྩལ་བསྐྱར་གསོའི་དུས་རབས༡༤༠༠།༡༦༠༠སྐབས་རྒྱ་གར་དང་བོད་ཀྱི་སྐད་ཡིག་ལྟ་བུ་འགའ་ཞིག་ལས། དེང་སྤྱོད་བཞིན་པའི་སྐད་ཡིག་ཕལ་ཆེ་བ་ནི་སྐབས་དེ་དག་རིང་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱིས་གཞི་ནས་བཅིངས་ཐུབ་པ་བྱུང་བ་དང༌། དུས་སྐབས་དེར་རྒྱལ་ཁབ་མང་པོ་ཞིག་གིས་ཆོས་ལུགས་ཀྱི་དཔེ་རྙིང་རྣམས་ཕྱོགས་སྒྲིག་དང་ཞིབ་འཇུག་བྱས་ཤིང༌། དེས་གནའ་རབས་ཀྱི་སྐད་ཡིག་སླར་ཡང་བསྐྱར་གསོ་བྱེད་རྒྱུའི་གོ་སྐབས་བསྐྲུན་པ་རེད་ཟེར། སྐབས་དེར་ཡོ་རོབ་པས་ལ་ཏིང་གི་དཔེ་རྙིང་དང་གྷི་རིག་གི་དཔེ་རྙིང་རྣམས་ལ་ཞིབ་འཇུག་བྱས་པ་དང༌། ལྷག་པར་དུ་ལ་ཏིང་གི་དཔེ་རྙིང་རྣམས་ལ་མཆན་འགྲེལ་གྱིས་པར་སྐྲུན་བྱས་ཞིང༌། མཆན་འགྲེལ་བཏབ་པ་རྣམས་ཟུར་དུ་བཀོལ་བ་ལས་ཚིག་མཛོད་བསྐྲུན་པའི་བློ་སྒོ་ཕྱེས་པ་འདྲ།
དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་ཡོ་རོབ་ཀྱི་སྤྱི་ཚོགས་དེ་ཚོང་ལས་ཀྱི་ཕྱོགས་སུ་ཕྱིན་པའི་རྐྱེན་གྱིས་ལྗོངས་རྒྱུ་བ་རྣམས་ཀྱི་འཇིག་རྟེན་འདིར་ཡུལ་གྲུ་མི་འདྲ་བ་དང༌། སྐད་རིགས་མི་འདྲ་མང་པོ་ཞིག་ཡོད་པ་གསར་དུ་ཤེས་རྟོགས་བྱུང་བར་བརྟེན་སྔོན་ཆད་ཕྱོགས་རེ་བའི་ལྟ་བ་དང༌། ཡུལ་སྐད་ལ་བརྟེན་ནས་བྲིས་པའི་གཞུང་ལུགས་ཁག་གི་སྐྱོན་ཆ་དེ་དག་མཐོང་ཐུབ་པ་བྱུང༌། ལྷག་པར་ཡོ་རོབ་གླིང་དུ་ཚན་རིག་དང༌། སློབ་གསོ། པར་སྐྲུན་བཅས་ཀྱི་ཤེས་བྱ་ཡར་རྒྱས་བྱུང་བ་བཅས་ལས་སྐད་ཡིག་ཞིབ་འཇུག་བྱེད་རྒྱུའི་ལས་ཀ་ལ་སྐུལ་འདེད་ཆེན་པོ་ཐེབས་པ་དང༌། སྐད་རིགས་དང་མི་རིགས་མི་འདྲ་བའི་ཤར་ནུབ་གཉིས་བར་ཚོང་ལས་དང་དམག་དོན་སོགས་འབྲེལ་བ་མང་པོ་བྱེད་དགོས་སྟབས། སྐད་རིགས་མང་པོ་ཤན་སྦྱར་བྱས་པའི་ཚིག་མཛོད་གསར་བཟོ་བྱས་པ་སྟེ། རྒྱལ་ཁམས་འགྲིམ་མཁན་ཕ་ལ་སིས་ཡིས་བརྩམས་པ”གོ་ལའི་ཁྱོན་ཡོངས་ཀྱི་སྐད་རིགས་དང་ཡུལ་སྐད་གོ་བསྡུར་གྱི་ཚིག་མཛོད”ཅེས་པ་ཕྱི་ལོ་༡༧༨༧ ལོར་པར་དུ་བསྐྲུན་པའི་ནང་སྐད་རིགས་༢༧༢ ཙམ་འདུས་ཡོད་ཅིང༌། འཇར་མན་གྱི་མཁས་པ་ཆེན་པོ་ཨ་དེ་ལུང་གིས་བརྩམས་པའི་ཚིག་མཛོད”ཀུན་ཁྱབ་ཀྱི་བརྡ་སྤྲོད་རིག་པ”ཞེས་པ་ཕྱི་ལོ་༡༨༡༧ ལོར་པར་དུ་བསྐྲུན་པ་དེའི་ནང་ཡུལ་སྐད་ལྔ་བརྒྱའི་སྒོ་ནས་སྐད་རིགས་ཀྱིས་ཁྱད་པར་དཔེར་བརྗོད་དུ་བཞག་ཡོད་སྐད།
ང་ཚོ་བོད་ལ་ཆ་བཞག་ན། ཚིག་མཛོད་ཅེས་མིང་དངོས་སུ་བཏགས་པ་སྔ་ཤོས་ནི་དགེ་བཤེས་ཆོས་གྲགས་ཀྱི་དེ་ཡིན་རྒྱུ་རེད། དེ་ལས་སྔ་བ་ཞིག་ངས་དེ་སྔ་མཐོང་མ་བྱུང༌། འོན་ཀྱང་དག་ཡིག་གི་མིང་བཏགས་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ནི་གནའ་སྔ་མོ་ནས་ཡོད་པ་རེད། སྐབས་དེར་ཕལ་ཆེར་དག་ཡིག་དང་ཚིག་མཛོད་གཉིས་གཅིག་པ་འདྲ་པོ་ཞིག་ལས། དེང་སང་ནང་བཞིན་དེ་གཉིས་ཀྱི་ཁྱད་པར་ཕྱེས་ཡོད་པ་མ་རེད།
འོ་ན། དག་ཡིག་དང་ཚིག་མཛོད་གཉིས་གཅིག་རེད་དམ་ལོག་ཀ་རེད་ཅེས་དྲིས་པ་ཡིན་ན། ངའི་ལྟ་ཚུལ་ལྟར་བྱས་ན། དག་ཡིག་ནི་རིགས་པས་དཔྱད་ནས་རིགས་འགྲེ་བྱེད་ཆོག་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་དང༌། ཚིག་མཛོད་ནི་བརྗོད་བྱ་སྣ་ཚོགས་པའི་འགྲེལ་བཤད་ཙམ་ཞིག་ལས། རིགས་འདེད་དང་གུང་བསྒྲིགས་ནས་དཔྱད་རྒྱུ་ཡོད་པའི་རིག་པའི་གཞུང་ལུགས་ཞིག་མ་རེད། ཡིན་ན་ཡང༌། དག་ཡིག་གཅིག་དང་ཚིག་མཛོད་གཅིག་སྟེ་གཉིས་བསྡོམས་པ་ཡིན་ན་གླེགས་བམ་གཅིག་ཆགས་རྒྱུ་ཡིན་པ་ནི་བཤད་མ་དགོས་པ་རེད།
ཚིག་མཛོད་སྒྲིག་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་འགའ་ཞིག
༡༽ དཀར་ཆག་དེ་ཐམས་ཅད་ཀྱི་ཐོག་མར་བཀོད་དགོས། དཀར་ཆག་ནི་གཞུང་དངོས་ཀྱི་ལེ་ཚན་འཚོལ་བདེའི་ཆེད་ཡིན་ན། དཀར་ཆག་གི་སྔོན་དུ་གླེང་བརྗོད་དང་ཆེད་བརྗོད་སོགས་རྒྱ་བོད་དབྱིན་གསུམ་མང་པོ་ཞིག་འཇོག་ཚེ། དཀར་ཆག་ལ་བརྟེན་ནས་གཞུང་དངོས་ཀྱི་ལེ་ཚན་འཚོལ་བ་ལྟ་བཞག །དཀར་ཆག་ཁོ་རང་ལས་སླ་པོ་རྙེད་མི་ཐུབ་པས་དཀར་ཆག་སྒྲིག་པའི་དགོས་པ་སྟོར་བར་འགྱུར།
༢༽ ཤོག་གྲངས་ཀྱི་ཨང་གེ་དེ་ཐོད་དུ་འཇོག་དགོས་ཤིང༌། དེ་ཡང་ནང་དང་དཀྱིལ་དུ་མ་བཞག་པར་ཟུར་གདོང་དུ་བཞག་དགོས། གང་ཡིན་ཟེར་ན། ལག་པས་མི་སྒྲིབ་པ་དང་མིག་གི་ཐད་དུ་ཁེལ་བས་མཐོང་བདེ་ཞིང་མྱུར་བའི་ཁྱད་ཡོད་པས་རེད། དེ་བཞིན་དཀར་ཆག་ལས་དྲས་པའི་ཤོག་ངོས་ཀྱི་བྱ་ར་དེ་ཡང་ཨང་གྲངས་ཀྱི་འཁྲིས་སུ་འཇོག་དགོས། རྒྱུ་མཚན་གོང་མཚུངས་ཡིན།
༣༽ གོ་རིམ་ཅན་བླ་མའི་སྐུ་ཕྲེང་ལྟ་བུ་རྣམས་དཀྱུས་གཅིག་ཏུ་བཤད་དགོས་པ་གལ་ཆེན་པོ་རེད། དཔེར་ན། ཀརྨ་པ་ཞེས་པའི་གྲལ་གནས་སུ་ཀརྨ་པ་སྐུ་ཕྲེང་རྣམས་དཀྱུས་གཅིག་ཏུ་བཀོད་དགོས་པ་ལས། དེ་རྣམས་རང་མིང་དང་སྦྱར་ནས་གོ་རིམ་དཀྲུགས་པ་དང་ཁ་གཏོར་བ་སོགས་བྱེད་རྒྱུ་མེད། ྋརྒྱལ་བ་རིན་པོ་ཆེ་དང་ྋགོང་ས་མཆོག་དང་ྋཏཱ་ལའི་བླ་མ་ལྟ་བུ་ལས་གང་ཡག་པ་དེ་གདམས་ནས་དེའི་གཤམ་དུ་བཀོད་དགོས། དེ་བཞིན་བོད་བཙན་པོའི་རྒྱལ་རབས་ཞེས་པའི་གྲལ་གནས་སུ་རྒྱལ་རབས་ཡོང་རྫོགས་དཀྱུས་གཅིག་ཏུ་བཀོད་དགོས་ཤིང༌། གདུང་རབས་དང་ཁྲི་རབས་སོགས་གཞན་ཡང་དེ་བཞིན་དུ་ཤེས་སོ།
༤༽ སྡེ་ཚན་ཅན་བདེན་པ་བཞི་ཞེས་པ་ལྟ་བུའི་གྲལ་གནས་སུ་བདེན་པ་བཞི་ཀ་དཀྱུས་གཅིག་ཏུ་བཀོད་དགོས་པ་དང༌། དེ་ལས་མང་བ་ནད་རིགས་བཞི་བརྒྱ་རྩ་བཞི༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་དཀྱུས་གཅིག་ཏུ་བཀོད་ཐུབ་ན་བཟང༌། དེ་ལྟར་ཐུབ་པ་ཡིན་ན། འགོག་བདེན་ཞེས་པའི་གྲལ་གནས་སུ”བདེན་པ་བཞི་ལ་ལྟོས”ཞེས་པ་ལྟ་བུ་མ་བྲིས་ན་ཡང་འགྲིག །ཆ་ཚང་ཞིང་ཕུན་སུམ་ཚོགས་པ་གང་ཞིག་ལ་ཡིག་ཚོགས་ཉུང་ཐབས་གནང་དགོས།
༥༽ ཚིག་རྣམས་གྲལ་གནས་སྒྲིག་སྟངས་དང༌། མིང་གི་དབྱེ་བ་ཅན་དང་དོན་གྱི་དབྱེ་བ་ཅན་རྣམས་ཀྱི་ཁྱད་པར་དང༌། དེ་མིན་སྒྲིག་སྟངས་ཕལ་པ་རྣམས་བོད་རྒྱ་ཚིག་མཛོད་ལྟ་བུ་བེད་སྤྱོད་མང་བ་ཞིག་དང་བསྟུན་ན་བཟང༌། གང་ཡིན་ཟེར་ན། མི་མང་པོ་བརྒྱུད་རིམ་དེ་ལ་གོམས་ནས་ཡོད་པས་འཚོལ་བདེ་ཞིང་རྙེད་སླ་བའི་ཁྱད་པར་ཡོད་སྲིད།
༦༽ ཚིག་མཛོད་ནང་འགྲེལ་བཤད་བྱེད་རྒྱུ་གཙོ་བོ་ནི་མིང་ཚིག་དང་བྱ་ཚིག་གཉིས་སུ་ངེས་པ་ལས། བརྗོད་པ་གཞན་མཐའ་དག་སྡུད་པར་མི་ནུས་མོད། དཔེར་ན། མར་གྱུར་འགྲོ་བའི་སྡིག་སྒྲིབཿཿབདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་པ་ལྟ་བུ”རླུང་གི་འགྲོ་འོང་ལ་བརྟེན་ནས་བདག་གཞན་བརྗེ་བའི་དམིགས་པ་སྦྱོང་སྟངས་ཀྱི་མན་ངག”ཅེས་པ་ལྟ་བུ་བློ་སྦྱོང་མན་ངག་གི་རིགས་དང༌། ཆོས་རྣམས་ཐམས་ཅདཿཿའདུན་པའི་རྩ་ལ་རབ་ཏུ་གནས།། ཕྱིའི་ཆོས་ཐམས་ཅད་ལ་རང་རང་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་རེ་ཡོད་པ་བཞིན༌། ནང་གི་བྱ་བ་ལེགས་ཉེས་གང་འབྱུང་ནི་དེའི་རྒྱུ་རྐྱེན་ཀུན་སློང་ལ་རག་ལས་པའི་དོན”ཞེས་པ་ལྟ་བུ་གནས་ལུགས་ཀྱི་དོན་སྟོན་པའི་རིགས་དང༌། གཞན་ཡང་ལེགས་བཤད་དང་གཏམ་དཔེ་སོགས་ཚིགས་རྐང་རེ་གཉིས་ཙམ་གྱིས་དོན་ཆེན་གསལ་སྟོན་ནུས་རིགས་བཀོད་ཐུབ་ན་བཟང༌།
༧༽ མིང་ཚིག་རྣམས་ལ་དཔེ་བརྗོད་གཅིག་པུས་འཐུས་པར་མ་བྱས་པར། གལ་ཏེ་རྗེས་གྲུབ་ཅིག་ཡིན་ན་དེའི་སྒྲ་དོན་སོགས་ངེས་ཚིག་བཤད་ན་གོ་བ་སྐྱེད་ཆེ།
༨༽ བྱ་ཚིག་རྣམས་བྱེད་འབྲེལ་བྱེད་མེད་གཉིས་སམ། ཐ་དད་མི་དད་གཉིས་སུ་དབྱེ་དགོས་ཤིང༌། བྱ་ཚིག་དེའི་དུས་གསུམ་སྐུལ་ཚིག་དང་བཅས་པ་ངོ་སྤྲོད་པ་འདི་ཡང་ཡག་པོ་འདུག
༩༽ ལྟ་བ། སྒྲུབ་པ། རིག་པ། ཤེས་པ་སོགས་མིང་ཚིག་དང་བྱ་ཚིག་གང་ཡིན་སྐབས་ཐོབ་ཀྱིས་ཤེས་དགོས་པའི་རིགས་རྣམས་ཁ་གསལ་བཟོ་དགོས།
༡༠༽ཕྱི་རྒྱལ་ནས་དར་བའི་བཅའ་དངོས་འཕྲུལ་ཆས་ཀྱི་རིགས་སོགས་སྒྲ་དོན་གང་ཞིག་བསྒྱུར་ཀྱང་རྩ་བའི་དབྱིན་ཡིག་གང་ཡིན་པ་དེ་གུག་རྟགས་ནང་བཅུག་ཐུབ་ན་བཟང༌། གཞན་གྱིས་རང་ལས་ལྷག་པའི་ཐ་སྙད་དེ་འདྲ་རྙེད་སྲིད། སྒྲ་སྦྱོར་བམ་གཉིས་སོགས་སུ་དོན་སྒྱུར་བྱེད་དགོས་མིན་དང༌། བྱས་པ་ཡིན་ན་ཡང་སྲུང་དགོས་པའི་རྩ་དོན་འགའ་ཞིག་བཤད་ཡོད་པ་དེ་ཚོ་གཟིགས་ན་ཁྱད་པར་ཡོད་འགྲོ།
༡༡༽ དོན་སྒྱུར་བྱེད་སྟངས་ཐད། དཔེར་ན་འགའ་ཞིག་ནས་Swichལ”བསད་སྤར”ཞེས་བསྒྱུར་འདུག་ཅིང༌། འགའ་ཞིག་གིས”གློག་སྒོ”ཞེས་བསྒྱུར་འདུག །མར་དང་ཚིལ་ལ་སོགས་པ་ཞུན་མའི་སྒྲོན་མེ་ལ་ཞུ་མར་ཞེས་བརྗོད་པ་ལ། ཕྱིས་གློག་རྫས་ཀྱི་སྒྲོན་མེ་བྱུང་བ་ལ་གློག་ཞུ་དང༌། རྟ་དང་བྱེད་ལས་མཚུངས་ཤིང་གཙོ་བོ་ལྕགས་ལས་གྲུབ་པ་ལ་ལྕགས་རྟ་སོགས་ཐ་སྙད་གཏིང་ཚུགས་ཟིན་པ་རྣམས་ལ་བལྟས་ན། སྒོ་ནི་ཡར་མར་འགྲོ་འོང་བྱེད་ས་ཡིན་ལ་བཀག་སྡོམ་བྱེད་ས་ཡང་ཡིན་པ་བཞིན། གློག་རྣམས་འདི་ནས་འགྲོ་བ་དང་བཀག་པར་བྱེད་པས་གློག་སྒོ་ཞེས་བརྗོད་པ་ལེགས། འོན་ཀྱང་དེང་གློག་གིས་ཡར་མར་ཕྱེ་ཞིང་འགྲོ་བའི་སྒོ་ཆེན་དེ་འདྲ་ལ་ཡང་གློག་སྒོ་ཞེས་བརྗོད་པས། གལ་སྲིད་འདི་དབང་བཙན་པ་བྱུང་ཚེ་Swichལ་གློག་དགག་ཅེས་བརྗོད་ཀྱང་ཆོག་སྟེ། ཆུ་འཐག་གི་ཆུ་འགོག་བྱེད་དང་གློད་བྱེད་ལ་ཆུ་དགག་དང༌། ཁང་པར་ཁྱི་འགོག་བྱེད་ཀྱི་པང་ལེབ་ལ་ཁྱི་དགག །སྒེའུ་ཁུང་འབུ་འགོག་བྱེད་ཀྱི་སག་རས་ལ་འབུ་དགག་ཅེས་བརྗོད་པ་བཞིན་ཏེ། དེ་འདྲའི་རིགས་ལ་བསམ་བློ་བཏོང་རྒྱུ་མེད་དམ་སྙམ།
༡༢༽ དོན་སྒྱུར་གྱི་ཐ་སྙད་གང་ཞིག་གཏིང་ཚུགས་མ་ཚུགས་ནི། དམངས་ཀྱི་ཐ་སྙད་འདོགས་སྲོལ་ལྟར་ཡིན་པ། མི་རིགས་ཀྱི་སེམས་ཁམས་དང་མཐུན་པ། ཁ་ནས་བརྗོད་བདེ་བ། དོན་གསོན་ཉམས་ལྡན་པ་བཅས་ཡིན་མིན་ལ་རག་ལས་ཡོད། དང་པོ་ནས་ཚིག་ཉུང་ཉུང་ཞིག་ཡོང་ཡ་ཁག་པོ་ཡིན་འགྲོ། ནང་ཆོས་ཀྱི་ཐ་སྙད་མང་པོ་ཞིག་ཐོག་མར་བོད་སྒྱུར་བྱེད་སྐབས་མིང་རིང་པོ་ཞེ་དྲགས་རེད། དེ་ནི་དོན་གོ་བ་གཙོ་བོ་བྱས་པ་རེད། ཚིག་དོན་གཉིས་ཀ་ལ་གོམས་འདྲིས་བྱུང་རིམ་བཞིན་བར་གྱི་ཚིག་བསྡུས་ནས་མིང་ཐུང་ཐུང་བརྗོད་བདེ་བ་ཆགས་པ་རེད།
གོང་དུ་ཁ་ཤས་ཀྱིས་ཞིབ་ཚགས་བྱུང་ཡོད་མེད་སོགས་ལ་དཔྱད་པ་མང་པོ་བྱས་འདུག་ཀྱང་ང་རང་གི་བསམ་དོན་ནི་མི་གཅིག་གིས་ཕྱོགས་བསྒྲིགས་བྱེད་པའི་ཚིག་མཛོད་ལ་དགེ་སྐྱོན་གྱི་ཆ་གཉིས་ཀ་ལྡན་སྲིད་པས་ཡིག་ཚད་བཏང་བ་ནང་བཞིན་དང་པོ་ནས་ནོར་འཁྲུལ་གཏན་ནས་མེད་དགོས་པའི་བསམ་ཚུལ་བཅང་ན་ནོར་བ་རེད་སྙམ་་་་་་་་་་
ད་དུང་ང་ཚོའི་འདིར་ཡང་སྐྱར་ངེས་དགོས་པ་ཞིག་ནི་ཚིག་མཛོད་(dictionary)དང་ཀུན་ཁྱབ་རིག་མཛོད་(encyclopedia)གཉིས་ཀྱི་ཁྱད་པར་དེ་ཡིན་ལ་དེ་གཉིས་ལ་བརྗོད་གཞིའི་ཐོག་ནས་ཁྱབ་ཆེ་ཆུང་དང་རྒྱ་ཆེ་ཆུང་དོན་ཆ་ནས་ཁོགས་འགྲིལ་མ་འགྲིལ་སོགས་ཀྱི་ཁྱད་པར་ཡོད་པ་རེད་་་་་་་་་་་་་་་
ཚིག་མཛོད་འདོན་སྤེལ་བྱེད་པ་དེ་སྤྱི་ཆ་ནས་ཐེགས་དཀའ་བའི་འོས་འགན་ཞིག་ཏུ་སོང་གང་ཐུབ་ཐུབ་ཀྱི་ཚིག་དོན་གི་འཁྲུལ་བ་སེལ་དགོས་ངེས་ལ་དཔལ་འབྱོར་སོགས་ཀྱི་ཆ་རྐྱེན་འདང་ན་ཉུང་མཐར་མི་ཁ་ཤས་རུག་རུག་བྱས་ནས་བཟོ་དགོས་རྒྱུ་ཞིག་རེད་་་་་་་་་་་་་་་
དེ་འདྲ་མ་བྱུང་ནའང་ཕྱོགས་བསྒྲིགས་བྱེད་པོས་དཀའ་ལས་རྒྱབ་དུས་ཚོད་བཏང་ནས་སྤྱི་སྒྲོམ་ཞིག་བསྒྲུབས་ཟིན་པས་སྔགས་འོས་པ་ཞིག་ལོས་ཡིན ། དེ་ཡང་ཚིག་མཛོད་དེ་དཔྱད་གཞིའི་ཡིག་ཆ་ལྟ་བུ་ཞིག་ལས་སེམས་ཆུང་འགས་བསམ་པ་ལྟར་ནོར་འཁྲུལ་གཏན་ནས་མེད་པའི་རྒྱལ་བའི་དཀའ་ལྟ་བུར་ངོས་འཛིན་མི་དགོས་སོ་སྙམ ། དེར་བརྟེན་ཚིག་དོན་ལ་འཁྲུལ་བ་འདྲ་ཡོད་ན་ལྷག་བསམ་བཟོད་མེད་ཀྱི་བསམ་འཆར་སུས་ཀྱང་འདོན་ཆོག་པ་ཞིག་ཡིན་པས་སེམས་གུ་དོག་པོ་བྱེད་དགོས་དོན་ཨེ་ཡོད་སྙམ་་་་་་་་་་་་་་་་་་་་་
སྒྲིག་པོས་ངོས་ནས་ཀྱང་སྔ་མོའི་ལུགས་སྲོལ་ལྟར་གཞན་ལུགས་ཡིན་ན་དགག་དགོས་པ་དང་རང་གི་ལུགས་ཡིན་ན་ཐ་གཅིག་ཏུ་དེ་བདེན་དགོས་པའི་བསམ་བློ་གུ་དོག་པོ་ཞིག་ལ་མ་ཕྱིན་པར་དུས་རབས་དང་སྤྱི་ཚོགས་ཀྱི་གནས་སྟངས་དང་མཚམས་པར་ ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ནི་ལེན་པར་བྱེད། །པའི་ལམ་སྲོལ་ལ་འཇུག་ན་ཚིག་མཛོད་སྤུས་དག་ཅིག་ཡོང་ངེས་སྙམ་མོ་་་་་་་་་་་་་་་་་་་་
སེངྒེ་རན་པ་ཅན། ༼རྙིང་མ༽
རིག་པའི་རལ་གྲི། ༼ས་སྐྱ༽
མགོན་པོ། ༼བཀའ་བརྒྱུད༽
སྒོམ་སྡེ། ༼དགེ་ལུགས༽
ངེད་ཀྱི་ཚིག་མཛོད་ཀྱི་བརྗོད་བྱའི་ཐད་ལ་གསལ་བཤད་ཚིག་རེ་ཟུང་ཞུ་རྒྱུ་ཡིན།
༡༽ དང་པོ། ཚང་མས་འདོད་བློ་ཁེངས་པའི་ཚིག་མཛོད་ཅིག་སུས་ཀྱང་རྩོམ་ཐུབ་ཀྱི་མ་རེད། དེ་ངས་ཐག་བཅད་ནས་བཤད་ཐུབ། ཐམས་ཅད་མགུ་བ་ཐུབ་པས་ཀྱང་མཛད་མ་ཐུབ་ན། སྐྱེས་བུ་ཕལ་པས་སྨོས་ཅི་དགོས།
༢༽གཉིས་པ། ཆོས་བརྒྱུད་རེ་རེར་ཡང་སློབ་གཉེར་རྣལ་མ་ཞིག་བྱེད་པར་མི་ཚེ་ཧྲིལ་པོ་ཙམ་དུ་མ་ཟད་སྐྱེ་བ་མང་པོར་སློབ་གཉེར་བྱེད་དགོས།
༣༽གསུམ་པ། ང་བོད་གཞུང་མ་རེད། ཁྱེད་ཅག་གིས་འདི་དགོས། འདི་མི་དགོས། འདི་འགྲིག འདི་མི་འགྲིག་ཅེས་བཙན་བཀའ་གཏོང་ཡ་ཡོད་མ་རེད། དེ་ངས་ཁས་ལེན་ཐུབ་ཀྱི་མ་རེད། ང་མི་སྒེར་ཞིག་གིས་དུས་ཚོད་དང་རྒྱུ་གྲོན་བཏང་སྟེ། རང་གི་གྲུབ་མཐའ་གཙོ་བོར་བྱས་ཏེ། དེའི་ཞར་ལ་ཆོས་ལུགས་གཞན་ལའང་དད་པ་དག་སྣང་སྦྱོང་བ་དང་ཆབས་ཅིག་རང་གིས་ཅུང་ཟད་མཐོང་ཐོས་བྱུང་བ་རྣམས་ཁུངས་ལྡན་གྱི་གཞུང་ཞིག་ལ་གཞི་བཅོལ་ཏེ་བྲིས་པ་རེད། ང་དགེ་ལུགས་ཤིག་ཡིན་ཙང་། བཀའ་རྙིང་སོགས་ཀྱི་འགྲེལ་བཤད་རྣམས་མང་ཉུང་དང་ཞིབ་ཚགས་སོགས་དགེ་ལུགས་པ་དང་གཅིག་མཚུངས་ཡོང་ཡ་ཡོད་མ་རེད།
༤༽གལ་ཏེ་དེ་འདྲ་ཞིག་དགོས་ན། རྟག་པར་གཞན་ལ་ཡས་འགྲིག་གི་མི་འདུག མས་འགྲིག་གི་མི་འདུག་གསུང་བཞིན་མི་བཞུགས་པར། རང་གི་ཆོས་བརྒྱུད་ཞེན་ཁོག་ཡོད་ན། ཞེན་ཁོག་དེ་༼རྣམ་དཔྱོད་ཅན་གྱི་ཞེན་ཁོག༽ཅིག་ཏུ་བྱས་ཏེ། རང་རང་གི་ཆོས་བརྒྱུད་གྲུབ་མཐའ་སོ་སོའི་ཟབ་ལ་བརླིང་བའི་རྡོ་རྗེའི་ཚིག་དེ་དག་མི་རབས་ཕྱི་མ་རྣམས་ལ་སྐྱེས་ཀྱི་ཚུལ་དུ།
༼རྙིང་མའི་ཚིག་མཛོད༽
༼ས་སྐྱའི་ཚིག་མཛོད༽
༼བཀའ་བརྒྱུད་ཚིག་མཛོད༽
ཅེས་སོགས་ཀྱི་ཚིག་མཛོད་ཅིག་བྲི་ཐབས་གནང་ན་མི་ལེགས་སམ། དྲང་པོ་ཞུས་ན་ཁྱེད་ཅག་རྗེས་ལུས་ཕྲན་བུའི་ཐེབས་འདུག་ད། ཁྱེད་ཅག་ཐོབ་ཐང་རྩོད་རྒྱུར་ཧ་ཅང་མཉེས་དྲགས་འདུག དེ་སྐྱག་ལང་ཤོར་བ་རེད། དངོས་གནས་རང་གི་ཆོས་བརྒྱུད་ལ་ཞེན་ཁོག་ཡོད་ན། ངེད་ནས་མིག་དཔེ་བསྟན་པ་ལྟར་གྱིས་དང་། དེ་བསྟན་པ་སྤྱི་དང་ལྷག་པར་ཆོས་བརྒྱུད་སོ་སོའི་ཞབས་ཏོག་དངོས་གནས་དེ་རེད། དེ་མིན་ཐོབ་ཐང་ལ་རྩོད་པ་དང་། ཚིག་མཐོ་དམའ་རེ་ལའང་མི་བཟོད་པའི་ཞེན་ཁོག་དེ་རྣམ་དཔྱོད་ཅན་གྱི་ཞེན་ཁོག་མ་རེད།
ཉིན་མ་དེ་རིང་འགོ་བརྩམས་ཏེ་དུས་ཚོད་དང་། རྒྱུ་གྲོན་ཡོངས་རྫོགས་གཅིག་ལ་སྤུངས་ཏེ་ཚིག་མཛོད་རེ་རྩོམ་འབྲི་གནང་འགོ་འཛུགས་རོགས་ཞེས་རེ་སྐུལ་ཞུ་གི་ཡོད། ང་ཚོ་ལའང་ཆོས་བརྒྱུད་དེ་དང་དེའི་ནང་དོན་ཤེས་པ་དང་། དག་སྣང་སྦྱོང་བར་ཡང་ཤིན་ཏུ་སྨན་པ་ཞིག་འོང་ངེས་རེད།
སྤྱིར་སྒོམ་སྡེ་ཚིག་མཛོད་འདི་གཙོ་བོར་དགེ་ལུགས་ཡིན་མོད། འོན་ཀྱང་སློབ་གཉེར་གཤའ་མ་རྒྱག་མཁན་ཞིག་ཡིན་ཚེ། ཆོས་བརྒྱུད་གང་ཡིན་རུང་། འདི་ནས་ལེགས་ཆ་བརྒྱ་ཆ་བརྒྱད་ཅུ་དང་དགུ་བཅུའི་བར་ལེན་རྒྱུ་ཡོད། འདི་སྤྱི་ལུགས་རེད། དགེ་ལུགས་གཅིག་པུའི་མ་རེད། ངེད་ཀྱི་ཚིག་མཛོད་སྤར་ཐེངས་དང་པོ་ནས་༢༧༠ལྷག་ཙམ་ཞིག་བཀའ་བརྒྱུད་པའི་སློབ་གཉེར་བ་རྣམས་ནས་གདན་འདྲེན་ཞུས་པའི་སྐོར། ངེད་ཀྱི་བཀའ་བརྒྱུད་པའི་ཆོས་གྲོགས་ཤིག་ནས་གསུངས་བྱུང་། དེ་ལུགས་དགོངས་པར་མངའ་བ་མཁྱེན།
དོགས་འདྲི།
ཨ་མདོའི་ཁ་སྐད་དུ་ཡོད་པའི་༼དེ་ཐང༽ཞེས་པའི་༼ཐང༽གི་གོ་དོན་གཤའ་མ་དེ་ག་རེ་ཡིན་ནམ། ཡང་འདི་ཨ་མདོའི་ཡུལ་སྐད་དང་སྤྱི་སྐད་གང་ཡིན་ཐད་གསལ་བཤད་ཡག་པོ་ཅིག་གནང་རོགས།
རེན་ཆེན་འདི་མི་ཡོན་ཏན་ཡོད་ན་ཡང་དམིགས་གསལ་ཁྱད་ཆོས་ལ་དགའ་བོ་མི་གནང་མཁན་ཞིག་ཡིན་པ་འདྲ།
ང་རང་བཀའ་བརྒྱུད་པ་ཞིག་ཡིན་ཡང་རང་གི་ཆོས་བརྒྱུད་ལ་ཞེན་ཁོག་ཚ་དྲག་པ་དང་ཡང་ཁྱད་ཆོས་མེད་དྲག་པ་ཞིག་གཉིས་ཀ་མ་ཡིན་སྙམ་་་་་་་་་་་་ གཅིག་བྱས་ན་འགའ་རེས་ཁྱད་ཆོས་སུ་རྩིས་བ་དེ་ག་མེད་པ་ང་རང་གི་ཁྱད་ཆོས་ཡིན་སྲིད་་་་་་་
ལར་ནས་དམིགས་བསལ་གྱི་ཁྱད་ཆོས་དགོས་དྲག་ནས་དགག་བཞག་སྤོང་གསུམ་གྱི་རྣམ་བཞག་བྱས་བྱས་པའི་ཐ་མར་བདེན་འཛིན་དང་ངར་འཛིན་རང་ཙམ་མ་ཟད་སློབ་བརྒྱུད་ཕལ་ཆེར་ལའང་དེས་ཡོག་ཡོག་བྱེད་ཐུབ་པ་དེ་མང་པོ་ལ་ཁྱད་ཆོས་ཡིན་སྲིད་་་་་་་་་་་་་་
རྒྱ་ཆེ་ས་ནས་བཤད་ན་བློ་བསྐྱེད་གང་ནས་བྱུང་ཡང་དེ་བླངས་ཏེ་གཞུང་ལུགས་ཐམས་ཅད་གདམས་ངག་ལ་འཆར་ཐུབ་ཞིག་མ་མཐར་ཡང་བྱས་ཁུལ་གྱིས་རྒྱ་ཆེ་ས་ཞིག་ལ་སླེབས་ཐབས་མ་བྱས་པར་གཞུང་གུ་དོག་པ་ཞིག་གང་ན་འདུག་ཧ་ལམ་ཆེད་དུ་བཙལ་ནས་དེ་ལ་འཇུག་པ་ལྟ་བུར་བྱེད་པ་དེ་ལ་ངས་ཁྱད་ཆོས་སུ་ནམ་ཡང་ངོས་འཛིན་མེད་་་་་་་་་་་་་་་
དུས་རབས་ཉེར་གཅིག་པ་འདིར་ཉུང་མཐར་ཡང་མཚན་རིག་པ་ལ་དཔེ་ཞིག་བལྟས་འཛམ་གླིང་སྤྱིའི་འཁོར་བསྐྱོད་ལ་གདེང་ཞིག་རྒྱབ་སོ་སོའི་བྱ་སྤྱོད་ལ་བློ་ཞིག་བསྐོར་ན་ད་གཟོད་དལ་གྱིས་རྣམ་དཔྱོད་ཀྱི་འོད་ཞགས་ཞིག་འཁྱུགས་པའི་རེ་བ་ཆེ་་་་་་་་་་་་་་་
གོང་དུ་མདུང་ཐུང་ཅན་དང་རིན་ཆེན་སོགས་ཀྱི་མཆན་ལ་རྩོད་གླེང་གི་ངོ་པོ་མ་ཡིན་པར་དྲང་གཏམ་ཕན་སེམས་ཀྱི་རྣམ་པ་ཞིག་མཐོང་པས་རྗེས་སུ་ཡི་རང་ཞིང་། སྒོམ་སྡེ་ལྷ་རིམ་པའི་གསུང་པ་དེ་ཡང་ཅིས་མི་བདེན།
གང་ལྟར་ཡང་བྱ་བ་ཆེན་པོ་སྒྲུབ་པ་ལ་བློ་རྒྱ་དེ་ལས་ཀྱང་ཀུ་ཡངས་པར་གནང་ནས། ལེགས་བཤད་བྱིས་པའི་ངག་ཏུ་གནས་གྱུར་ཀྱང་།། ས་དབང་དྲེགས་པ་སྤང་ཏེ་གུས་པས་ལེན།། ཞེས་པ་བཞིན་ཐུགས་བཞེས་གནང་ནས་སྤོས་ལེགས་ཤིག་སྐྲུན་རྒྱུའི་རེ་འདུན་ཞུ།
ཉིན་ཤས་སྔོན་ཨེ་མ་དྲ་རྒྱ་འདིའི་ཐོག་མི་གཟུར་གནས་ལྷག་བསམ་ཅན་དེ་འདྲ་མང་བ་ལ་ཨང་སྙམ་སྟེ་ཤུགས་བྱུང་གི་རྗེས་སུ་ཡི་རངས་ཤིག་སྐྱེས་བྱུང་།
འགའ་ཞིག་ནི་ཐོག་མར་རྩུབ་རྩུབ་འདྲ་བ་ལ་ཕྱིས་སུ་ཧ་ལས་དགོས་པའི་མི་ཡ་རབས་དེ་འདྲ་འདུག
སྤྱིར་ན་ང་རང་གོམས་པའི་དབང་གིས་གྲྭ་པ་ཞིག་མཐོང་ན། སེམས་དགའ་ལྷང་ལྷང་བྱེད་ཀྱི་འདུག དེ་ལ་ཆོས་བརྒྱུད་ཀྱི་ཁྱད་པར་མི་འདུག དྲ་རྒྱ་འདི་ཡང་མི་དངོས་པོ་ཞིག་ཐུག་པ་འདྲ་པོ་འདུག
ཉེ་ཆར་ཞག་པོ་བཅུ་གྲངས་ཤིག་སྔོན་ངེད་ཀྱི་ཆོས་གྲོགས་དམ་པ་བཀའ་བརྒྱུད་པའི་བླ་མ་པདྨ་ལགས་དང་ཁོང་གི་ཕྱག་རོགས་གྲྭ་པ་གཞན་གསུམ་དང་བཅས་ང་ཚོ་ལྔ་ཉིན་དགུང་བཞེས་ལག་མཉམ་དུ་མཆོད་ནས། ཕན་ཚུན་གཅིག་གིས་གཅིག་ལ་དོགས་པ་རྣམ་རྟོག་སྤུ་ཙམ་མེད་པའི་ངང་ནས་མཐུན་འཆམ་དང་དགའ་སྤྲོའི་ངང་དུས་ཚོད་ཇི་སོང་མ་ཤེས་པ་ལྟ་བུ་སེམས་པ་སྐྱིད་པ་ཞིག་བྱུང་།
བཀའ་བརྒྱུད་པའི་གྲྭ་པ་དེ་དག་ནི་གྲྭ་སའི་སློབ་གཉེར་བ་སྙོམས་ཆུང་འགའ་ཞིག་ཡོད་པ་དེ་དག་དང་གཅིག་མཚུངས་སུ་འདུག ཡ་རབས་དང་སྣང་བ་སྐྱིད་པོ་དེ་འདྲ་རེད་འདུག
བླ་མ་པདྨ་ལགས་ངེད་གཉིས་ནི་ལོ་མང་འགྲོགས་འདྲིས་ཡོད་པའི་མཆེད་གྲོགས་ཤིག་ཡིན། ཁོང་དང་ངེད་གཉིས་ཐོག་མར་ཐུག་པའི་ནས་བཟུང་ད་བར་སྤུན་མཆེད་ཅིག་དང་འདྲ་བར་ཕན་ཚུན་ཧ་ཅང་མཛའ་མཐུན་དང་གུས་བརྩི་ལྡན་པའི་ཆོས་གྲོགས་ཤིག་ཏུ་གྱུར།
ཁོང་གིས་ང་ལ་བོད་ཀྱི་གློག་རྡུལ་ཚིག་མཛོད་ཐོན་གསར་གོང་ཆེན་དེ་ཡང་རྟགས་ཀྱི་ཚུལ་དུ་གནང་བྱུང་། གློག་རྡུལ་ཚིག་མཛོད་དེ་ནི་དཔེ་མི་སྲིད་པ་ནི་ཞིག་བཟོས་འདུག
ཞུ་དོན་སྙིང་པོ་ནི། ཆོས་ལུགས་ཕན་ཚུལ་གྱི་དབར་ལ་ཆགས་སྡང་ཕྱོགས་རིས་མེད་པར་ཞེ་གཙང་བ་ཞིག་ཡོད་ན། སེམས་པ་ཡང་སྐྱིད་ལོས་ཀྱང་འདྲ་གི་མི་འདུག་ཞུ་བ་ཡིན། དེ་ནི་ངེད་ཀྱི་ཉམས་མྱོང་ཡིན། ཟོལ་སྦྱོར་དང་ཁེ་ཞེ་མི་མཚུངས་པའི་མཛའ་གྲོགས་དང་མཐུན་འཆམ་ལ་ནི་སྙིང་པོ་ཡང་མེད། དེ་འདྲ་གནང་བ་ལས་མ་གནང་ན་ལེགས། དུས་ཚོད་དང་ངལ་བ་དོན་མེད་རེད་སྙམ།
ངེད་ནས་ཆོས་བརྒྱུད་གཞན་ལ་དངོས་སུ་དག་སྣང་སྦྱོང་བའི་འགོ་དེ་བཀའ་བརྒྱུད་པའི་བླ་མ་ནས་བཙུགས་པ་ཡིན། དག་སྣང་སྦྱོང་བའི་སྒོ་བླ་ན་མེད་པ་ནི། བླ་མ་དེ་དང་དེས་བརྩམས་པའི་ཕྱག་དཔེ་ཀློག་རྒྱུ་དེ་རེད་འདུག
ངེད་ནས་བླ་མ་རེ་རེ་ནས་དད་པ་སྦྱངས་པ་ཡིན། མར་མི་སྨྲོས་མི་དགོས། དེ་ནས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཁས་བཙུན་བཟང་གསུམ་ཚང་བའི་ཧ་ལས་པའི་བླ་མ་ཞིག་འདུག བྱ་བྲལ་བ་རང་རེད། དད་པ་སྐྱེ་བ་མ་ཟད་མིག་ཆུ་ལན་མང་པོ་ཤོར་བྱུང་། དེ་ནས་དཔའ་བོ་གཙུག་ལག་ཕྲེང་བ། ཁོང་ཡང་གོང་དང་འདྲ་བ་ཙཱ་རི་ལ་སོགས་པའི་གནས་དབེན་པ་རྣམས་སུ་བཞུགས་ནས་རྟག་ཏུ་རྣལ་འབྱོར་ལ་བརྩོན་པའི་བླ་མ་ཚད་ཐུབ་ཅིག་རེད་འདུག དེ་ནས་ད་དུང་མང་པོ་ཡོད་ཀྱང་ཞུ་ཚོད་མི་འདུག དེ་ཙམ་ཡིན། གང་བྱས་དག་སྣང་སྦྱོང་སྟངས་དེ་འདྲ་རེད་འདུག
ཆོས་བརྒྱུད་ཚང་མའི་ནང་ཞེན་ཁོག་ཅན་འགའ་རེ་ཡོད་རེད། དེ་དག་ནི་རེ་ཞིག་བཞག་ནས་ལེགས་པ་དེ་དག་གི་མཛད་སྤྱོད་ལ་བལྟས་ན་ཁེ་བཟང་ཆེན་པོ་ཐོབ་ཀྱི་རེད་ལགས།
སྤྱིར་བཏང་མདོ་སྔགས་གང་ཡིན་ན་ཡང་ཚིག་མཛོད་ལ་ཆོས་བརྒྱུད་ལ་ཁྱད་པར་ཅི་ཡོད།
ལོ་ཙྰ་བ་བཀའ་དྲིན་ཅན་ཚོས་བོད་སྐད་དུ་སྒྱུར་གནང་བ་རེད།
དགེ་ལུགས་པའི་བོད་སྐད་ཞེས་ལོགས་སུ་ག་ལ་ཡོད།
གལ་སྟེ་ཡོད་པའི་དབང་དུ་བཏང་ནའང་རི་བོ་དགེ་ལུགས་དམིགས་གསལ་ཞིག་པ་དངོས་པོ་སོགས་ཁྱད་ཆོས་བརྒྱད་ཙམ་ཡོད་སྐད་ཐོས། རྗེ་རིན་པོ་ཆེས་བོད་ནང་གི་ས་དཀའ་སྙིང་གསུམ་དང་བཀའ་གདམས་བཅས་ཀྱི་གདམས་ངག་ནས་བསྡུ་རུབ་གནང་བ་སོང་ཙང་ས་བཀའ་སྙིང་དགེ་ལུགས་ཀྱི་ནང་དོན་ཚིགས་མཛོད་ཇི་ལྟར་ཡོད། སྒོམ་སྡེ་ལྷ་རམས་ལགས་སུ་ཞུ་སྙིང་བར་ཆད་དང་རྐྱེན་དབང་མ་སོང་བར་མཚན་རིག་པའི་རིག་པ་ཡར་རྒྱས་གཏོང་སྟངས་ནང་བཞིན་དགོངས་དཀྱིལ་ཡང་བའི་སྤྱན་ཟུང་གཡོ་བར་ཞུ།
བཀའ་བརྒྱུད་པ་ལ་ཆ་བཞག་ན་ད་བར་གདམས་ངག་ལ་ཚིག་གི་གོ་བརྡ་མ་འཕྲོད་པའི་དཀའ་ངལ་མེད་པ་རེད།
ཉམས་ལེན་གྱི་ཕོངས་ནས་ཁ་བཤད་ཁོ་ནར་མགོ་འཁོར་ནས་ཞྭ་མོ་དང་ཁྲི་ལ་རྩོད་ནས་ཆོས་བརྒྱད་ལ་འགྲན་བཞིན་པ་འདི་དཀའ་ངལ་རང་རེད། མདོར་ན་བོད་གངསཅན་ལྗོང་ཡི་གེ་གཅིག་བསྒྱུར་སོང་བོད་ཀྱི་ཚིག་མཛོད་འམ་བོད་བརྒྱུད་ནང་བསྟན་ཚིག་མཛོད་ཞིག་ལས་དགེ་ལུགས་དང་དཀའ་བརྒྱུད་རྙིང་མ་ས་སྐྱའི་ཚིག་མཛོད་ག་འདྲ་ཡོང་དགོངས་པ་བཞེས་དང་། ཕལ་ཆེར་དབུ་སྙུང་བ་ཡིན་ས་རེད། ངའི་ངོས་ནས་ཕན་ན་བསམ་ནས་ཞུས་བ་ལས་གཞན་གང་ཡང་མེད། དགོངས་འགལ་མེད་པར་ཞུ།
ཡའ་ད་མི་ཚང་མས་གཅིག་གི་གཅིག་ལ་བསླབ་བྱ་འདྲ་བོ་དང་། གཅིག་གིས་གཅིག་ལ་བསྟོད་པ་འདྲ་བོ། ཡང་གཅིག་གིས་གཅིག་ལ་ཚོགས་གཏམ་འདྲ་བོ་བཏང་ནས་བསྡད་འདུག་ག
གཞོན་ནུ་ལགས།
གོང་དུ་མཆན་༨༥ལས་རེ་འདུན་ཞུས་པ་ལྟར། སླར་ཡང་༼དེ་ཐང༽སྐོར་དོགས་གཅོད་ཡོང་བའི་རེ་འདུན་ཞུ་གི་ཡོད།
ཨ་མདོའི་ཁ་སྐད་དུ་ཡོད་པའི་༼དེ་ཐང༽ཞེས་པའི་༼ཐང༽གི་གོ་དོན་གཤའ་མ་དེ་ག་རེ་ཡིན་ནམ། ཡང་འདི་ཨ་མདོའི་ཡུལ་སྐད་དང་སྤྱི་སྐད་གང་ཡིན་ཐད་གསལ་བཤད་ཡག་པོ་ཅིག་གནང་རོགས།
རིག་པའི་རལ་གྲི་ལགས།
༼སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱུད་ཀྱི་གོ་རིམ་ལ་སླར་ཡང་དཔྱད་པ༽
ཉིན་ཤས་སྔོན་༼སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད༽ཀྱི་གོ་རིམ་སྤྱི་དང་ལྷག་པར་ལམ་འབྲས་པ་དང་བཀའ་བརྒྱུད་པའི་ཐོག་དོགས་པ་ཡག་པོ་ཞིག་ཆོད་སོང་སྙམ་དྲན་ཡང་། ད་དུང་དོགས་པ་གཅོད་དགོས་པ་འདུག་སྟེ།
གལ་ཏེ་འབྲོམ་མི་ལམ་འབྲས་པ་ཡིན་པའི་དབང་དུ་བཏང་སྟེ། ལམ་འབྲས་པ་བཀའ་བརྒྱུད་པ་ལས་སྔ་བར་བྱོན་པའི་དབང་དུ་བཏང་ན། འོ་ན་ལམ་འབྲས་པ། བཀའ་གདམས་པ་ལས་ཀྱང་སྔ་བར་བྱོན་པར་ཁས་བླངས་དགོས་ཏེ། རྗེ་མར་པ་རྒྱ་གར་དུ་ཕེབས་ཐེངས་གཉིས་པར་ཇོ་བོ་རྗེ་བོད་ལ་ཕེབས་ཤིང་། བཀའ་གདམས་པའི་བསྟན་པའི་སྲོལ་ནི་ཇོ་བོས་བཏོད་པའི་ཕྱིར་རོ། །རྗེ་མར་པས་འབྲོམ་མིའི་དྲུང་ནས་ལོ་ཙཱ་བསླབས་དུས་རྗེ་མར་པ་དགུང་གྲངས་བཅོ་ལྔ་ཡིན་པ་དེབ་སྔོན་དུ་གསལ་བའི་ཕྱིར་རོ། །
འདི་ལ་ལན་ཅིག་ཡོད་ན་གནང་རོགས། མེད་ན་ནི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གོ་རིམ་འདི་ཡང་ཡིད་བརྟན་དུ་མི་རུང་ཞིང་། ད་དུང་སྐྱར་ཞིབ་བྱེད་དགོས་པ་འདུག་གོ་ཞེས་རྒོལ་བ་ཡིན་ནོ། །
སྒོམ་སྡེ་ལྷ་རམས་པ་ལགས་། ཨ་མདོའི་ཁ་སྐད་ཀྱི་ནང་དུ་། ད་ཐེངས་་ ཞེས་པ་ཞིག་འབྲི་གསོལ་ཡོད་པ་རེད་། འདི་ནི་ཡུལ་སྐད་ཡིན་ལ་ཡིག་སྐད་ཡང་རེད་། དེ་ཐང་ ཞེས་པ་ཞིག་ཡོད་ན་ཕལ་ཆེར་ཡིག་ནོར་ཡིན་པ་འདྲ་། ངས་ཐག་གཅད་ནས་བཤད་ཕོད་ཀྱིན་མི་འདུག་། གང་ཡིན་ཟེར་ན་མ་མཐོང་ཕྱིར་ན་མེད་པ་མིན་པའི་དཔེ་ལྟར་རོ་། ཡིན་ན་ཡང་ང་རང་ཉིད་ཀྱི་ཨ་མདོ་ཁ་སྐད་དང་ཡུལ་སྐད་གང་དུའང་་ དེ་ཐང་ ཞེས་བ་མཐོང་མ་སོང་། ང་རང་གིསདཔེ་མཚོན་ཙམ་ཞིག་བཀོད་ན་། ད་ཐེངས་རྒྱལ་ཁ་ལོན་སོང་། ད་ཐེངས་ཕམ་ཁ་ཉེ་བྱུང་། ད་ཐེངས་ཁྱེད་ཀྱི་ཡུལ་ནས་ཅ་ལག་ཞིག་སྐུར་བྱུང་ཞེས་བ་ལྟ་བུའོ་། དབུས་སྐད་དུ་ ད་རེ་ཟེར་བ་ལ་། ཨ་མདོ་སྐད་དུ་ ད་ཐེངས་ཟེར་།
སྒོམ་སྡེ་ལགས། ད་ཐེངས་ཀྱི་སྐོར་ལ་མེ་ཆ་ནས་འགྲེལ་བཤད་ཡག་པོ་གནང་འདུག དེ་ནས༼དེ་ཐང་༽ ཐད་ཀར་དེ་ཐང་ཟེར་བ་ཅིག་དྲན་གྱི་མི་འདུག འོན་ཀྱང་ཨ་མདོའི་ཁ་སྐད་ལ་མི་ཅིག་གིས་རྒྱུ་མཚན་ཅིག་བཤད་ན། གཞན་དེ་ལ་ཡིན་པར་ཐག་མ་ཆོད་པ་དང་གང་ཟག་དེའི་ངོ་ལ་ལྟོས་ནས་བདེན་ཁ་ལྟེར་དགོས་ན། ༼དེ་ཡིན་ན་ཐང་༽ཟེར་རྒྱུ་རེད། དེས་ན་དེ་ཐང་ཟེར་བ་ཡང་དེ་ཡིན་ན་ཐང་ཟེར་བའི་བསྡུ་ཚིག་ཅིག་ཡིན་ན། ཐང་ཟེར་བ་དེ་སྲིད་ཅེས་པ་དང་དོན་གཅིག་རེད་བསམ། མདོར་ན་དེ་ཡིན་ན་ཐང་ཟེར་ན་དེ་ཡིན་སྲིད་ཅེས་པ་དང་དོན་གཅིག་རེད། སྤྱིར་ཐང་ཟེར་བ་རེ་བ་ཟེར་བ་མི་འགྲོ་སྙམ། དབུས་སྐད་ན་ཡང་། ད་ང་རང་༼ཐང་ཆད་སོང་༽ཟེར་གི་འདུག་ག དེ་འེ་རེད།
ཟླ་བ་རྗེས་མ་ནས་ང་ལ་དུས་ཚོད་མང་ཙམ་རེག་ཀྱི་རེད། ངས་དྲྭ་གྲོགས་གཟུར་གནས་རྣམས་ལ་གཉིས་ཕན་བགྲོ་གླེང་ཞུ་འདོད་ཤིན་ཏུ་ཆེ། བཀའ་གདམས་པའི་དང་པོ་དེ་འབྲོམ་སྟོན་པ་ནས་བཟུང་བར་འདོད། གཞན་དུ་ན། གུ་རུ་རིན་པོ་ཆེ་རྙིང་མ་པ། ཨ་ཏི་ཤ་བཀའ་གདམས་པ། ག་ཡ་དྷ་ར་ས་སྐྱ་པ་ཞེས་འདོད་དགོས་པར་ཐུག་ཀྱི་རེད། གུས་པ་ནི་རྒྱ་གར་གྱི་པན་གྲུབ་དེ་རྣམས་ས་དགེ་དཀར་རྙིང་གང་ཡང་མི་འདོད་པའི་གྲས་ཡིན།
རབ་གསལ་ལགས་ཀྱིས་མཆན་བུ་སྒོ་རྒྱག་དེ་ཡག་པོ་མཐོང་མ་སོང་།
རྗེ་བླ་མར་མཚན་དམོད་ཞུ་མཁན་ལ་ལུང་རིགས་ཀྱི་སྒོ་ནས་ལན་འདེབས་བྱས་པ་ལས་ཚིག་ངན་ཙམ་ཡང་བེད་སྤྱོད་བྱས་མེད། དེ་འདྲ་ཡིན་ན་ཁྱེད་རང་གི་དྲ་རྒྱ་འདི་སྒོ་རྒྱབ་བཞག་ན་ཡག་གི་རེད།
ཚུར་སྡུག་ཅག་ལབ་ནས་ཕར་གསལ་བཤད་བྱེད་དབང་མེད་ན་དམངས་གཙོའི་ལམ་ལུགས་དང་མཐུན་པ་མ་རེད།
ཤེས་རབ་འོད་ཟེར།༦
པདྨ་གླིང་པའི་གཏེར་རྫུས་ཀྱི་ཚིག་དེ་རྣམས་ལ་ལན་མཐར་ཆགས་སུ་གདབ་པར་བྱའོ། །
༤༼སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔༽
ལན་ནི།
དེས་ན་ཇོ་བོ་རིན་པོ་ཆེར་དབུ་རྒྱན་ཕུལ་བ་ནི། སྤྱིར་ན་ཇོ་བོའི་སྣང་བརྙན་འདི་ཉིད་
སྔར་ཨོ་རྒྱན་གྱི་ཡུལ་དུ་བཞུགས་པ་སོགས་ཀྱི་ཚེ་དབུ་རྒྱན་ཡོད་པར་གྲགས་པས་སྔར་གྱི་ལུགས་དང་མཐུན་པར་བྱ་བ་སོགས་དང༌། ལྷག་པར་དགོས་པའི་གཙོ་བོ་ནི་དབུ་རྒྱན་ཕུལ་ཏེ་ལོངས་སྐུའི་ཆ་བྱད་དང་མཐུན་པར་མཛད་པའི་རྟེན་འབྲེལ་ལས། ངེས་པ་ལྔ་
ལྡན་གྱི་སྟོན་པ་དང་མཚུངས་པར་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་བསོད་ནམས་ཀྱི་
ཞིང་དུ་བརྟན་པར་བཞུགས་པ་སོགས་ཀྱི་སླད་དུ་ཡིན་ལ། དབུ་རྒྱན་ཕུལ་ཞིང་སྨོན་ལམ་
ཆེན་མོའི་རྒྱུན་བཙུགས་པ་སོགས་ཀྱིས་བསྟན་པ་དང་འགྲོ་བའི་ཕན་བདེ་བླ་ནས་བླར་
འཕེལ་ཏེ་སྙིགས་མའི་དུས་ཀྱང་རྫོགས་ལྡན་བཞིན་དུ་གྱུར་བ་མཐོང་བཞིན་དུ། ཀུན་སློང་
ངན་བའི་དུག་ཆུས་མྱོས་པས། ཤཱཀྱ་མུ་ནིའི་རབ་གནས་ཆུག་པའི་མཐུས། །ཉི་ཟླ་མཐོ་
གང་མཁྲུ་གང་མར་བབ་པས། །དང་པའི་གཟའ་སྐར་གནས་མེད་འཁྲུག་པར་འགྱུར། །
ཞེས་སོགས་ཟེར་བའི་བསམ་དོན་གྱི་གཙོ་བོ་ནི། དབུ་རྒྱན་ཕུལ་བའི་ཚེ་ལྕགས་གཟེར་
བཏབ་ཡོད་རྒྱུ་བའི་ཁུལ་གྱིས་རབ་གནས་ཉམས་ཚུལ་བྱས་ན་རྒྱུས་མེད་ཀྱི་མི་རྣམས་ཀྱི་
བློ་ལ་ཨེ་འཐད་སྙམ་པ་དང༌། དེ་ལ་བརྟེན་ནས་ཉི་ཟླ་བབ་པ་སོགས་ཀྱི་ངན་ལྟས་
བྱུང་ཚུལ་ལབ་ན་རྒྱབ་སྐྱོར་དུ་ཨེ་འགྲོ་སྙམ་པ་ཡིན་འདུག་ཀྱང༌། ལྕགས་གཟེར་
བཏབ་མིན་མིག་གིས་བལྟས་ཤིང་ལག་པས་ཉུལ་ན་ཤེས་པས་ལུང་བསྟན་ཁུངས་མ་དག
ཡིན་པའི་རྒྱུ་མཚན་ནི་འདི་གཅིག་པུས་ཀྱང་ཤེས་པར་ནུས་སོ། །འདི་དག་གི་ལན་
ཞིབ་པ་ནི་མཁས་དབང་བྲག་སྒོ་རབ་འབྱམས་པའི་གསུང་དུ། ཉི་ཟླ་ནི་འཇིག་རྟེན་དེ་
ཁའི་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པས། གསུང་རབ་ནས་བཤད་པའི་
ཐོག་མཐའ་བར་གསུམ་གྱི་བྱ་བ་བྱེད་ཚུལ་ལས་གཞན་པའི་རྗེ་རིན་པོ་ཆེས་དབུ་རྒྱན་ཕུལ་
བས་རབ་གནས་ཉམས་ནས་ཉི་ཟླས་ཡར་མར་དུ་བློ་བུར་བའི་བྱ་བ་བྱེད་བསམ་པ་ནི། མི་ལ་མིའི་སེམས་དང་ལྡན་པ་རྣམས་ལ་ནི་མི་འབྱུང་བས་དེ་ལྟར་མ་བྱས་ཞེས་སྒྲུབ་མི་
དགོས་པ་འདྲ་སྟེ། སྔར་ཇོ་བོ་ས་འོག་ཏུ་སྦས་པའི་དུས་སུའང་རབ་གནས་ཉམས་
ནས་ཉི་ཟླ་མར་བབ་སྙམ་པའི་དོགས་པ་ནི་ཁྱི་རྒན་རྒྱའོ་ལ་ཡང་མ་བྱུང་འདུག་པས་སོ། །ཇོ་བོ་ལ་དབུ་རྒྱན་འབུལ་དུས་དབུ་ལ་ལྕགས་གཟེར་བཏབ་པས་རབ་གནས་ཉམས་ཞེས་པའི་དོགས་པ་ཞིག་དེ་ཁའི་དུས་ཀྱི་མིག་བུ་དང་མི་ལྡན་པའི་མི་ཕལ་ཆེར་ཞིག་ལ་བྱུང་ཚོད་འདུག་སྟེ། དེ་དག་ལ་ནི་ལག་པས་ཉུལ་ཞིག་ཅེས་བརྗོད་པར་བྱའོ། །ཞེས་
དང༌། ཉི་ཟླ་མཐོ་གང་མཁྲུ་གང་མར་བབ་པས། །ཞེས་སོགས་ཟེར་བ་ནི།
རབ་གནས་ཉམས་པའི་དོགས་པ་ཞིག་མི་རྣམས་ཀྱི་སེམས་ལ་ཤར་ན། དེའི་ངན་
རྟགས་སུ་ཉི་ཟླ་མར་བབ། གློག་འཁྱུག །ཐོག་བབ། སྐར་མདའ་རྒྱབ།
གཟའ་དུ་བ་མཇུག་རིང་ཤར། ཉི་ཟླ་གཟའ་འཛིན་བྱུང༌། ས་གཡོས། སྡིགས་
བྱུང༌། འཁྱུག་རྒྱབ། དགུ་ཚིགས་ལོག །ཐལ་རླུང་ལངས་པ་སོགས་ཀྱི་ངན་
ལྟས་སྐྲག་རྔམས་དཔེ་མེད་ཞིག་བྱུང་བར་མི་རྣམས་ཀྱི་གོ་རུ་རེ་བ་ཡིན་འདུག །གླིང་
ལོག་ལོ་གཅིག་ཟླ་བ་བཅུ་གསུམ་འབྱུང༌། །ཟེར་བ་ནི། གཏི་ཐུག་ལ་སོང་
བའི་གཤིས་ཀྱིས་གླིང་ལོག་གི་དོན་ནི་མ་ཤེས། རྣ་བས་དེ་འདྲ་ཞིག་ཐོས་པ་ན་མི་
ཤིས་པ་གོ་བ་ལོག་པ་འདྲ་བ་ཞིག་བྱུང་བར་གོ་རུ་རེ་བ་དང༌། དེ་ཡང་གྲངས་ངེས་
འདོགས་ཁ་པོ་བྱས་ན་བདེན་པར་འཛིན་ཨེ་ཡོངས་བསམ་པ་ཡིན་འདུག་ཀྱང༌། ཁོ་
རང་དང་རིགས་མཐུན་བྱུང་ན་མ་གཏོགས་སུས་བདེན་བར་འཛིན། ལྷས་སྦྱིན་གྱིས་དེ་
བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་དུས་སུའང་ཉི་ཟླས་མར་མ་
བབ་ན། སངས་རྒྱས་ཀྱི་སྐུ་ལ་དབུ་རྒྱན་སྒྲོན་པས་ཉི་ཟླ་མར་བབ་ཡོངས་སྙམ་པ་ནི་ཆོས་
ཀྱི་སྒྲ་མི་གྲགས་པར་སྐྱེས་ན་མ་གཏོགས་མི་འབྱུང༌། མཚམས་མེད་ལྔ་དང་ཉེ་བའི་
མཚམས་མེད་ལྔ་བྱས་ཀྱང་ཉི་ཟླ་མགོར་བབ་ཡོངས་སྙམ་པ་ནི་སུ་ལའང་མི་འདུག་ན།
ཡིད་མུག་དེ་གཅིག་པུའི་སེམས་ལ་ཅི་ཤར་ན། །ཞེས་གསུངས་པ་རྣམས་ཀྱིས་ཤེས་
པར་སྣང་བས་སྐྱར་དུ་བརྗོད་མ་དགོས་ལ།
སྒོམ་སྡེ་ལགས།
ཁྱེད་ཀྱིས་རྙིང་མའི་གཏེར་སྟོན་ཆེན་པོ་གླིང་བ་བརྒྱད་ཀྱི་ཡ་གྱལ་གཏེར་ཆེན་པདྨ་གླིང་བ་གཏེར་རྫུན་རེད་ཟེར་ཆོག་ན། གཞན་གྱིས་པདྨ་གླིང་བའི་ལུང་བསྟན་ཙམ་ཡང་དྲངས་མི་ཆོག་དོན་ཅི་ཡིན་ནམ།
གུས་པའི་རབ་གསལ་ལགས།
ཁྱེད་ཀྱིས་སྒོམ་སྡེའི་མཆན་རྣམས་བཞག་ནས་ངའི་མཆན་གཅིག་པོ་བསུབ་དོན་ཅི་ཡིན་ནམ།
སྒོམ་སྡེས་གཏེར་ཆེན་པདྨ་གླིང་བ་གཏེར་རྫུན་རེད་ཅེས་ཤོད་བཞིན་ད་དུང་ཚིག་ངན་སྨས་མེད་ཅེས་རྫུན་ཤོད་པར་གཟིགས་དང་། གལ་ཏེ་ཁྱེད་ཀྱིས་མཆན་རྣམས་བསུབ་འདོད་ན་མཉམ་དུ་བསུབ་རོགས།
གཅིག་བཞག་ནས་གཅིག་བསུབ་ན་ཡག་པོ་མི་འདུག
གངས་གཡག
མི་དེ་རྫུན་པ་ཡིན་མིན་དེ་དེའི་སྐད་ཆ་ལ་བལྟ་དགོས། ཁོས་བཤད་པ་དེ་རྫུན་ཡིན་པ། རྒྱལ་བ་རང་ཉིད་ཀྱི་ལུང་དང་། སློབ་དཔོན་པདྨའི་ལུང་གིས་ལེགས་པར་བསྒྲུབས་ཟིན་ཏོ། །
ཁྱོད་རང་གིས་ཁྱོད་རང་ལ་ཅིག་བསྒྲུབ་ཐུབ་ན་ཡོད་ན་མ་གཏོགས། ངའི་དམ་བཅའ་ལ་གནོད་བྱེད་གང་ཡང་བཏང་ཐུབ་མེད། ཁྱོད་ཀྱིས་ཙོང་ཁ་བ་སྐྱེས་བུ་དམ་པ་ཡིན་པར་ལུང་གིས་བསྒྲུབ་པ་བཞིན། ང་ཚོ་ལ་ཡང་པདྨ་གླིང་པ་གཏེར་སྟོན་འཁྲུལ་མེད་ཡིན་པའི་ལུང་རིགས་ལུང་བ་གང་ཡོད་མོད། ཁྱོད་ལ་དྲངས་པས་ཅི་ཕན།
ད་ཉལ་གྱི་ཡིན།
སྒོམ་སྡེ་ལགས། དོན་མེད་ཀྱི་འཁོན་འཛིན་ཡོང་བར་སྔོན་དྭོགས་ཀྱིས་བཀག་པ་ཡིན་མོད། ཁྱེད་ཀྱི་ལན་དང་རེ་སྐུལ་དེ་ཚོ་སེམས་ལ་བཞག་ནས་ཡང་བསྐྱར་ཁ་ཕྱེས་ཡོད། བཀག་ཀྱང་ཁེགས་ས་མ་རེད་ལགས།
ཨོ། འདི་དྲ་དཔོན་སྐུ་ཞབས་ལགས་ཀྱིས་བསུབ་བཏང་བའི་ངའི་མཆན་དེ་རེད།
ཡང་བསྐྱར་ཅིག་ལྟོས་ཨ།
ཨ་ལེ། སྒོམ་སྡེ་ལགས། དེ་སྔོན་ངས་ཁྱེད་ཀྱིས་ཚིག་མཛོད་ཐོག་བགྲོ་གླེང་བྱས་པའི་མཆན་ཁ་ཤས་མཐོང་སྐབས། གཟུར་གནས་མཁས་པ་ཞིག་རེད་བསམ་ནས་དགའ་བོ་བྱུང་མོད། ད་ལྟས་ངན་ལྷང་ལ་ཕུད་ཚར་སོང་། དེ་འདྲ་ཡིན་ན་ཁྱོད་ཀྱི་ཚིག་མཛོད་དེ་ཡང་རིས་མེད་ཅིག་མ་ཡིན་པ་ཚོད་དཔག་བྱེད་ཐུབ།
༡༽ དེ་སྔོན་དགེ་ལུགས་པ་དང་སོག་དམག་མཉམ་འབྲེལ་གྱིས། བོད་རང་གི་རྒྱལ་པོ་སྡེ་སྲིད་གཙང་བ་ཡབ་སྲས་དམར་གསོད་བཏང་། བཀའ་བརྒྱུད་སོགས་དགོན་སྡེ་མང་པོ་དམག་དང་དྲག་པོའི་མཚོན་ཆར་བརྟེན་ནས་དགེ་ལུགས་པར་བཙན་གྱིས་བསྒྱུར། དེ་རྗེས་ཡང་འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས། སོག་རྒྱལ་ལྷ་བཟང་དང་ངན་འབྲེལ་བྱས་ནས། བོད་ཆོས་སྲིད་གཉིས་ཀྱི་བདག་པོ་༧གོང་ས་སྐུ་ཕྲེང་དྲུག་པ་གནས་དབྱུང་བཏང་། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་མི་བཟོད་པའི་ངན་གསོད་བྱས་པ་སོགས་དམར་གསོད་ཁྲག་གི་འཁོར་ཐེངས་མང་བསྐོར།
ད་དུང་དགེ་ལུགས་པས་བོད་ནང་ཁུལ་དུ་དམར་གསོད་ཅི་ཙམ་བྱས་ཚུལ་ཁ་བརྡའི་ཐོག ལྷ་འདྲེ་ཡི་གཏོར་བརླག་གི་ཁྲོད་ན་ཡོད་པའི་བདག་གི་བོད། ཅེས་པར་ལྟོས་དང་། དཔྱོད་ལྡན་མང་པོ་ཞིག་གིས་གསལ་བཤད་གནང་འདུག
༢༽ ཉེ་དུས་ལ་ཆ་བཞག་ན། ༡༩༩༧ ལོར་དགེ་ལུགས་པའི་བླ་གྲྭ་འགའ་ཞིག་གིས། ༧གོང་ས་མཆོག་གི་བཞུགས་སྒར་དུ་འཇམ་མགོན་བསྟན་སྲུང་ཆེན་པོར་དམར་མཆོད་འབུལ་དགོས་ཟེར་ནས། མཚན་ཉིད་དབུ་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་སློབ་ཚོགས་དང་བཅས་པ་དམར་གསོད་ཁྲག་ལ་བསྒྲིལ་བས་ད་དུང་ཁྲག་དྲི་མ་སྐམ་པར་ཡོད་པ་སོགས་བསྟན་དགྲ་རྒྱ་ནག་བོད་ལ་མ་སླེབས་པའི་སྔོན་དུ་དགེ་ལུགས་པས་བོད་ནང་ཁུལ་དུ་དམར་གསོད་ཁྲག་གི་འཁོར་ལན་སྟོང་དུ་བསྐོར་ཡོད། དེ་དག་ཐམས་ཅད་གོང་གི་པདྨ་གླིང་བའི་ལུང་བསྟན་དེ་ལ་བརྟེན་ནས་བྱུང་བ་རེད་དམ། མི་དཔེ་པ། ༣༽ གལ་ཏེ་ཡིན་ན། དགེ་ལུགས་ནང་ཁུལ་དུ་དམར་གསོད་གཏོང་དགོས་དོན་ཅི་ཡིན་ནམ། ར་སྟག་བར་གྱི་འགལ་རྐྱེན་ལ་བརྟེན་ནས་དམར་གསོད་ཅི་ཙམ་བྱས་པར་སོམས་དང་། དེ་ཡང་གོང་གི་ལུང་བསྟན་དེ་ལ་སྙིང་ནད་བརྩད་པ་ཨེ་རེད།
༤༽ ངོ་མ་བཤད་ན། ཞོ་ལྟར་ཆགས་བསྡད་པ་ཁྲག་ལྟར་དཀྲུགས་མཁན་དགེ་ལུགས་པ་ཡིན་པ་ཤེས་དགོས། དེང་དུས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་། འཛམ་གླིང་མི་མང་གིས་༧གོང་ཆ་ཆེན་པོར་དགའ་བའི་ཐལ་མོ་བརྡབ། དད་པའི་མིག་ཆུ་བཞུར། དུང་བའི་བསྟོད་བསྔགས་བྱེད་བཞིན་ཡོད་མོད། དགེ་ལུགས་པ་རྒྱ་དམར་ངན་འབྲེལ་བྱས་ཏེ། ༧གོང་ས་ཆེན་པོ་གར་ཕེབས་སར་ངོ་རྒོལ་གྱི་འོ་དོད། མཚན་སྨོད་ཀྱི་ཀུ་ཅོ་སྒྲོག་བཞིན་ཡོད་པ་འདི་ཡང་གོང་གི་ལུང་བསྟན་དེ་སྙིང་ནད་རྩོད་ཀྱི་ཡོད་པ་རེད་དམ།
༥༽ ད་བལྟས་ན་དགེ་ལུགས་པས་སྐྱབས་གནས་འདྲེ་ལ་བཅོལ་ནས་བོད་ནང་ཁུལ་དུ་གཏོར་བཤིགས་ཚབ་ཆེན་གཏོང་བཞིན་ཡོད་པ་འདི་ཡང་པདྨ་གླིང་བར་སྙིང་ནད་རྩོད་ཀྱིན་ཡོད་པ་རེད་འདུག
ད་ཡིན་ན་ཤེས་སོང་།
༦༽ ཧོར་མཇུག་གིས་རང་གི་དགྲ་བོའི་དང་རྩེ་རང་གི་ཕ་རྒན་ཡིན་ཚུལ་བཤད་ཅིང་། མ་རྒན་མོར་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་ཡང་། པདྨ་གླིང་བར་སྙིང་ནད་རྩོད་ནི་ཡིན་རྒྱུ་རེད་པ།
༧༽ ད་ལྟ་ཧོར་མཇུག་གི་མོད་སྨད་ལོ་རྒྱུས་ནང་དུ་ཡང་རྙིང་མ་སོགས་བོད་ཀྱི་ཆོས་བརྒྱུད་གཞན་པ་རྣམས་ལྟ་ལོག་དང་ཆོས་ལོག་རེད་ཟེར་བ་འདི་ཡང་གོང་གི་ལུང་བསྟན་དེ་ལ་སྙིང་ནད་རྩོད་ཀྱི་ཡོད་པ་ཡིན་པ་ཤེས་སོང་། ༧༽ མདོར་ན་དགེ་ལུགས་པས་འདས་པའི་ལོ་རྒྱུས་ནས་བཟུང་ད་ལྟའི་བར་གྱི་བྱ་སྤྱོད་མཐའ་དག་གོང་གི་ལུང་བསྟན་དེའི་སྙིང་ནད་མ་བཟོད་པར་རྩོད་ཀྱིན་ཡོད་པ་ཡང་གསལ་བོར་ཤེས་སོང་།
༈དྲྭ་གྲོགས་རྣམས་ལ་ཐུགས་དམ་བསྙེལ་གསོས་སུ་རྨོངས་པ་བདག་གི་རེ་བ་ཕྲན་བུ་ཞིག་ཞུ་ན།རང་རེའི་མི་ཚེ་ཐུང་།རྒྱལ་ཁབ་མེད།ལས་ཀ་མང་།འཚོ་སྒྲུབ་པ་ལས་བྲེལ་ཟིང་ཆེ་བས་ཁ་བདའ་བྱེད་པའི་དུས་ཚོད་ཀྱང་དཀོན།དེས་ན་བསྐལ་བཟང་དམ་འཛིན་གྱིས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་མི་རིགས་སྤྱི་སྨན་ཕྱོགས་ལ་ཐུགས་ཁུར་ཆེ་བཞེས་གནང་རྒྱུ་དང་།བགྲོ་གླེང་ཡང་ཆོས་རྒྱུན་ཕན་ཚུན་བར་ལ་དག་སྣང་དང་།མི་རིགས་ཀྱི་མཐུན་སྒྲིལ།མི་སྒེར་ལ་སྐྱོན་བརྗོད་མཚང་འབྲུ་མེད་པའི་སྒོ་ནས་གནང་ན་དགེ་མཚན་ཆེ་སྙམ།༧སྐུ་མདུན་གྱིས་རིས་མེད་དང་ཆིག་སྒྲིལ་གྱི་དགོངས་པ་རྨ་མེད་པའི་ཕྱོགས་སུ་སྤྱན་གྱིས་གཟིགས་ཙམ་རེ་གནང་རྒྱུར་ཐུགས་ཡེངས་མི་གནང་བར་འཚལ།གླེང་ཕྱོགས་ཐད་སྤྱིར་བོད་ཀྱི་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་པ་ལགས་ཀྱང་ད་དུང་རིན་ཆེན་གསེར་ལ་ཕྲ་ཚོམ་བཀོད་དགོས་པའི་སྟོང་ཆ་དུ་མ་ཞིག་ཡོད།ལོ་རྒྱུས་ལ་མཚོན་ན།ཐོག་མའི་བོད་དང་།སིལ་བའི་དུས།བོད་ཀྱི་རིགས་རུས་འབྱུང་ཁུངས།དེ་བཞིན་རྒྱ་གར་ནག་གི་རིག་གཞུང་གིས་ཤུགས་རྐྱེན་མ་ཐེབ་པའི་བོད་རང་གི་ཁྱད་ཆོས།དམག་དོན།ས་རྒྱུས།སྤྱི་ཚོགས།སྨན་རྩིས།བོན་ཀྱི་རིག་གཞུང་གི་རིན་ཐང་།སྐད་ཡིག་གཅིག་འགྱུར་བྱེད་སྐོར།མཐུན་སྒྲིལ་གྱི་ལམ་ཕྱོགས།མ་འོངས་བོད་མིའི་མདུན་ལམ།མི་སེར་གྱི་དབང་ཆ།བོད་ཕྱི་ནང་གི་ཆག་སྒོ་ཅི་ལྟར་འགོག་དགོས་ཚུལ།བོད་ཀྱི་ལོ་ཆུང་རྣམས་ཀྱི་ཆོས་དད་གོང་འཕེལ་དུ་གཏོང་ཐབས་སོགས་ལ་མཁས་པའི་དབང་པོ་རྣམས་ཀྱི་ཆ་ཚང་དོན་དྲིལ་གྱིས་བཀའ་སློབ་རེ་གནང་ཐུབ་པའི་རེ་བ་ཡོད།།
ཡང་སྒོམ་སྡེ་ལྷ་རམས་པས་ཚིག་མཛོད་དེ་ནང་དོན་ཕྱུག་པོ་ཡོང་པའི་ཆེད་དུ་མཁས་དབང་ཁ་ཤས་ཀྱིས་དགོས་འཆར་གནང་བ་དེ་ཤིན་ཏུ་ལེགས།བོད་ཀྱི་ཆོས་རྒྱུད་ལ་མཚོན་ན་བཤད་པའི་ཀ་ཆེན་བཅུ་དང་།སྒྲུབ་བརྒྱུད་ཤིང་རྟ་བརྒྱདགཙོ་བོར་བཟུང་ནས་དེང་གི་དུས་སུ་ཆོས་བརྒྱུན་ཉག་ཕྲ་བ་རྣམས་དམིགས་ཀྱིས་དགར་ནས་བཤད་པ་གནང་ན་ལེགས་པར་སེམས།ལྷག་པར་ཇོ་ནང་ལྟ་བུ་ཡིན་ན་གྲྭ་བའི་གྲངས་ཉུང་ཡང་རང་གི་ལྟ་གྲུབ་མ་ཉམ་པར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པ་ལགས།གཞན་སྟོང་གི་ལྟ་བ་ལ་མཚོན་ན་ཇོ་ནང་གཅིག་པུ་མ་ཡིན་པར་ཆོས་བརྒྱུན་གཞན་གྱིས་དངོས་སུ་ཁས་ལེན་པ་དང་དགེ་ལྡན་པའི་མཁས་གྲུབ་དུས་འཁོར་ཉམས་བཞེས་གནང་མཁན་རྣམས་ཀྱི་ཐུགས་ལ་སྦས་པའི་ཚུལ་གྱིས་བཞུགས་པ་ཞིག་ཡིན་ཅེས་སྨྲས་ན་ཆོགབོད་ཀྱི་མཁས་དབང་བུ་སྟོན་རིན་ཆེན་གྲུབ་དང་།ཀརྨ་པ་རང་བྱུང་རྡོ་རྗེ།ཀུན་མཁྱེན་ཀློང་ཆེན་པ།མཁས་གྲུབ་ནོར་བཟང་རྒྱ་མཚོ།གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་རྗེས་འབྲང་དང་བཅས་པ།སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི།ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།ཟུར་མང་ལོ་ཆེན་ཚེ་དབང་ཀུན་ཁྱབ།དགེ་རྩེ་པཎྜི་ཏ་ཚེ་དབང་མཆོག་གྲུབ།ཀོང་སྤྲུལ་བློ་གྲོས་མཐའ་ཡས།འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་ཡོངས་སུ་གྲགས་པའི་མཁས་པ་དེ་རྗེས་འབྲངས་དང་བཅས་པས་གཞན་སྟོང་ལ་བསྔགས་པ་བརྗོད་པར་གཟིགས་ཤིང་གྲུབ་མཐའ་འཛིན་པ་དེ་དག་གི་བཞེད་པ་སྨྲ་མེད་ཞིག་གནང་གལ་ཆེ།འདི་ལྟར་བཤད་པའང་སྐྱོན་བརྗོད་དུ་མི་དགོངས་པར་གུས་པ་ཐོས་པ་ཆུང་།ཁ་སྟབས་ཞན་ཀྱང་རྒྱུད་བླ་མར་དཔེ་དགུའི་བསྟན་པའི་ཚུལ་བཞིན་ཕན་སེམས་ཀྱིས་ཕུལ་བ་ལགས།
༈གཏེར་ཆེན་པདྨ་གླིང་པ་གུ་རུའི་ལུང་ཟིན་འཁྲུལ་མེད་གླིང་པ་བརྒྱད་ཀྱི་ཡ་གྱལ་བསམ་མི་ཁྱབ་པའི་སྐྱེས་བུ་ཆེན་པོ་ལགས་ཀྱང་། བཀའ་ཐང་ལ་གཞན་གྱི་བསྲེ་སླད་བཏང་བ་ཡོངས་སུ་གྲགས། བཀའ་ཐང་སྒྲ་ཅི་བཞིན་པ་ཁས་ལེན་དགོས་ན་རང་ཕྱོགས་ཁོ་ན་ལས། བོད་ཀྱི་བླ་ཆེན་ཕལ་མོ་ཆེར་བཀའ་སྐྱོན་གནང་འདུག་པར་མ་ཟད་གུ་རུའི་ལུང་བསྟན་གཞན་དང་འགལ་བ་ཡོད་ས་མང་པས་བཏང་སྙོམ་མཛད་ན་ལེགས་སྙམ། ཆོས་རྒྱུན་གྱི་ཁ་འཛིན་གནང་སྐབས་རང་རེ་ནང་པ་སྤྱི་དང་བོད་ཀྱི་གནས་སྟངས་ཀྱང་ཐུགས་ཡེངས་མི་ཤོར་རྒྱུ་མཁྱེན།
གངས་གཡག་ལགས།
ཁམས་གསུམ་སྐྱེ་དགུ་མ་ལུས་དགྲར་ལངས་ཀྱང་། །
བདེན་གཏམ་གསོང་པོར་སྨྲ་ལ་ང་མི་འཇིགས། །
ཡིན་ལ་མིན་དང་མིན་ལ་ཡིན་ཞེས་པའི། །
སྒྲོ་སྐུར་གཅམ་བུའི་ཚིག་ཀྱང་ངས་མི་ཤེས། །
གོང་གི་མཆན་དེ་གཉིས་མཆན་འཇོག་ས་ནོར་འདུག དགོངས་དག
སྒོམ་སྡེ་ལྷ་རམས་པ་ཐུགས་རྗེ་ཆེ། གསུང་རྩོམ་དེ་ཧ་ཅང་གི་གལ་ཆེན་པོ་མཐོང་བྱུང༌། ད་དུང་དེ་བས་གལ་ཆེ་བཟོ་རྒྱུ་ཞིག་ལ་གསུང་རྩོམ་དེའི་མ་ཕྱི་ཡོངས་རྫོགས་སྐུ་ཞབས་སྨོན་ལམ་ལ་གནང་ན་ཁོང་གིས་གློག་ཀླད་ཐོག་ཚིག་མཛོད་ཅིག་གནང་འཆར་ཡོད་པ་དེར་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
སྒོམ་སྡེ་ལགས།
མཆན་༨༥་པར། དེ་ཐང་ཟེར་བའི་དོན་ཨ་མདོ་མང་པོར་དྲིས་ཀྱང་ཡུལ་སྐད་དམ་སྤྱི་སྐད་གང་ཡིན་ངེས་གསལ་མི་འདུག
རང་གི་རྨོངས་བློར་ཤར་ཚོད་དུ་རན་པའམ་འོས་སམ་དང་ཡིན་སྲིད་ཟེར་བའི་དོན་ཨེ་ཡིན་སྙམ། རྒྱ་ནག་གི་རིག་གཞུང་ལ་རྒྱུས་ཡོད་ཁ་ཤས་ཀྱིས་རང་གིས་དགོངས་ཚོད་བཞིན་ཐང་ཟེར་ཚད་རྒྱ་ནག་ཐང་རྒྱལ་རབས་དང་འབྲེལ་བ་ཡོད་ཚུལ་གསུང་པར་དཔྱད་དགོས་པར་སྣང་།ཐང་གི་དོན་མང་ཆེ་བ་བདེ་མོ་དང་།རན་པ།ངོས་མཉམ་པ།ལེབ་མོ་འཇམ་པོ་སོགས་ཡིན་པས།ཐང་ཞྭའི་བཤད་པ་ཕུར་པའི་རྒྱུད་དུ་བཞུགས།དེ་བཞིན་རི་ཐང་།ཐང་ག.ཐང་ཞྭ།ཐང་མ།ཐང་པོ།ཐང་ཤིང་སོགས་རྒྱ་ནག་སྐད་དང་འབྲེལ་བ་མེད་མོད།ཉེ་ཆར་རྒྱ་ནག་ནས་ཐོན་པའི་དེབ་ཞིག་ཏུ་རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་ཡ་གྱལ་གཉན་ཆེན་ཐང་ལྷ་ཡང་ཐང་དམག་སྡོད་སའི་ས་ཁུལ་རེད་ཅེས་པ་དང་།ལི་ཐང་ཡང་ལི་ནི་ཐང་རྒྱལ་པོའི་རུས་ཏེ་ཁྱིམ་རྒྱུད་དུ་གོ། དོན་དུ་ལི་མི་ཚང་གིས་བཟུང་པའི་ས་ཁུལ་ཡིན་ཟེར་བ་སོགས་ལ་ཚིག་མཛོད་དུ་གསལ་བཤད་གནང་རྒྱུ་གལ་ཆེ། ངས་ཨུ་ཚུགས་ཀྱིས་འགྲེལ་བ་ཞིག་བྱས་པ་དེ་བྱ་རོག་དཀར་པོ་ཆགས་སོང་།
རྒྱ་ནག་ནས་ཐོན་པས་ལོ་རྒྱུས་རྫུན་བཟོ་ཡི་དེབ་། ལུང་གི་རྒྱབ་རྟེན་ཏུ་དྲངས་ནས་ལི་ཐང་རྒྱ་ལ་མ་བཙོངཞིག་།
གོང་དུ་ལྷག་བསམ་རྒྱ་མཚོས་དྲན་སྐུལ་གནང་བ་འདི་རིན་ཐང་ཆེ་ཚིག་མཛོད་རྩོམ་མཁན་ཅིག་ལ་མཚོན་ན།
སྒོམ་སྡེ། ༼དེ་ཐང་༽ ཟེར་བ་དེ་ཨ་མདོ་ཁ་སྐད་ནང་༼དེ་ཡིན་ན་ཐང་༽ ཟེར་བ་དེ་ཡིན་ན་ངས་མཆན་ཨང་༩༦ནང་གསལ་བཤད་བྱས་ཡོད། གལ་ཏེ་དེ་མིན་ན་ཨམ་སྐད་ནང་དེ་འདྲ་ཅིག་དྲན་གི་མི་འདུག་པས། དེབ་ཅིག་གི་ནང་ན་འདུག་གམ ཡང་ན་མི་ཅིག་གི་བཤད་པ་གོ་སོང་། དེ་ཨ་མདོ་ས་ཕྱོགས་གང་ནས་བཀོད་ཀྱི་འདུག་སོགས་གསུངས་རོགས།
བཀུར་འོས་བེ་རི་འཇིགས་མེད་ལགས།
ཐུགས་རྗེ་ཆེ།
ཁྱེད་ཉིད་ཀྱི་དགོངས་ཚུལ་དེ་ཞེ་དྲག་ཡག་པོ་འདུག རྗེས་སོར་རྒྱ་གར་དུ་སླེབས་དུས་སྐུ་ཞབས་སྨོན་ལམ་ལགས་དང་འབྲེལ་བ་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡིན།
ཁྱེད་ནས་གློག་ཀླད་ཚིག་མཛོད་གསུང་ཡ་དེ་གློག་རྡུལ་ཚིག་མཛོད་དམ་དབྱིན་སྐད་དུ་Electronic dictionaryལ་གསུང་གི་ཡོད་ས་རེད། དེ་ནི་དཔེ་མི་སྲིད་པའི་ཡག་པོ་འདུག་སྙམ། ངེད་ལའང་བཀའ་བརྒྱུད་པའི་ཆོས་གྲོགས་ཤིག་གིས་བོད་ནས་ཐོན་པའི་༼བློ་བཟང་གློག་རྡུལ༽ཟེར་བ་དང་ལག་རྟགས་སུ་གནང་བྱུང་། ཧ་ལས་པའི་ཡག་པོ་འདུག ལྷག་པར་འགྲུལ་བཞུད་མང་པོ་གནང་དགོས་མཁན་ཡིན་ན་ཡག་པོ་ཡོང་བ་འདུག
གཞོན་ནུ་ལགས་དང་།
ལྷག་བསམ་ལགས་རྣམ་པ་གཉིས་ལ་བློ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུ།
ཡིན་ན་ཐང་ཞེས་པ་ནི། དེ་ལྟར་ཡིན་ཀྱང་ཆོག་ཅེས་པའི་དོན་རེད། ཁོ་ལ་མེ་མདའ་ཡོད་ན་ཐང༌། ཞེས་བརྗོད་སྐབས། མཐའ་གཅིག་ཏུ་ངེས་གཏན་མེད་ཀྱང༌། ཡོད་ཆོག་པ་སྟེ་དེ་ལ་ཧང་སང་དགོས་དོན་མེད་པའི་དོན་རེད། ཡང་མཚམས་རེར། ངེས་གཏན་མེད་སྐབས་རང་གི་རེ་སྨོན་དང་སྦྲེལ་ནས་སྨྲ་བ་ཡང་ཡོད་པས། གཙོ་བོ་ནི་སྨྲ་བ་པོའི་བརྗོད་འདོད་ལ་རག་ལས་ཡོད།
ཐང་ཆད་ཅེས་པ་ནི་དཀའ་ལས་ཁ་ནས་ནུས་ཤུགས་རྫོགས་པ་སྟེ་ཆད་པའི་དོན་རེད། འདི་ཡི་ཆད་ནི་ནུས་ཤུགས་རྫོགས་པའམ་ཆད་པ་ལ་གོ་བ་ནི། དཔེར་ན་ཁལ་མ་ཆད་དང༌། རྟ་ཆད་གསོ་སོགས་འབོད་སྲོལ་ཡོད་པ་ལས་ཤེས་ཐུབ། དེ་བཞིན་ཐང་ནི། མདོ་ལས། ཤ་ཐང་ཐང་དུ་རྒྱུགས་ནས་ཞེས་དང༌། འཚོ་བའི་ཤ་ཐང་ངོ། ཞེས་པ་ལྟ་བུ་རྩོལ་བ་སྟེ། ཕལ་སྐད་བྱས་ན། ལས་ཀ་ལས་པ་དང་དཀའ་ལས་རྒྱག་པ་ལ་གོ། དེས་ན་དཀའ་ལས་བརྒྱབ་ནས་ནུས་ཤུགས་རྫོགས་པའམ་ཆད་པ་ལ་རྒྱུ་ཡི་མིང་དང་འབྲེལ་བའི་སྒོ་ནས་ཐང་ཆད་པ་ཞེས་ཟེར།
ལོ་རྒྱུས་རྙིང་པར་ཐང་མཚམས་སུ་ཕབ་པ་ཞེས་པའི་ཐང་ནི་ས་ལ་གོ། སྟོབས་མངའ་ཐང་ཞེས་པའི་ཐང་ཡང་ས་ཁྱོན་ལ་གོ། བོད་ཀྱི་ལོ་རྒྱུས་རྙིང་པ་ལ་ལར་ཐང་ཡིག་ཅེས་འབོད་པ་ནི། ས་རིས་ཐང་གསལ་ཞེས་པ་ལྟར། དེབ་དེའི་ནང་གི་བརྗོད་དོན་གནས་ཚུལ་ཁག་གསལ་གསལ་ཐིང་ཐིང་ཡིན་པའི་དོན་སྙམ་སྟེ། རྣམ་པ་གཅིག་ཏུ་ན་སྒྲ་བཤད་དུ་མེད་པའི་འདོད་རྒྱལ་རང་ཡིན་སྲིད།
དེ་དག་གི་རྒྱུ་མཚན་དང་དཔེ་བརྗོད་རེ་རེ་བཞིན་དྲངས་ཁོམ་མ་བྱུང༌། གོ་བའི་བུ་ལ་བརྡ་ཙམ་གྱིས་འཐུས་སྙམ།
རིག་པའི་གྲོགས་སྒོམ་སྡེ་ལྷ་རམས་པ་ལགས། སྐུ་ཞབས་སྨོན་ལམ་གྱི་ཚིག་མཛོད་བཟོ་འཆར་ཡོད་པ་དེ་དབྱིན་སྐད་དུ་Electronic dictionaryདེ་རང་རེད། ལས་འཆར་འདི་གོང་ས་མཆོག་གིས་ཀྱང་མཁྱེན་གྱི་ཡོད་པ་རེད། གློག་ཀླད་དུ་ཡོད་པའི་ཚིག་མཛོད་ཁ་ཤས་ཀྱི་མ་ཕྱི་རག་ཚར་བ་རེད། དུང་དཀར་ཚིག་ལྟ་བུ་ནི་ཀྲུང་གོ་བོད་རིག་པ་ནས་རག་ཐབས་མེད་པ་མ་གཏོགས་གཞན་རག་ཐབས་ཡོད་པ་མང་པོ་ཞིག་ད་དུང་ཡང་འཚོལ་སྒྲུག་བྱེད་བཞིན་པ་རེད། སྐུ་ཉོད་རྒྱ་གར་ལ་ཕེབས་ན་ང་ཚོ་མཉམ་དུ་དེའི་ཐོག་བཀའ་མོལ་གནང་དགོས་ཀྱི་འདུག (ངས་དྲ་བ་གཞན་ཞིག་འདྲི་འདོད་བྱུང༌། ང་གཉིས་དེ་སྔོན་མཇལ་མྱོང་ཡོད་དམ་)
ལགས། ཡང་ཐང་གི་དོན་གཞན། སྟོབས་མངའ་ཐང་ཞེས་པའི་མངའ་ཐང་དང་དབང་ཐང་མང་ཆེ་བར་དོན་གཅིག་ཡིན། སྐབས་དེའི་ཐང་ནི་ཐོབ་དང་གོ་གནས་ཡང་ན་བདག་་དུ་བཟུང་བའི་ཁྱབ་ཁོངས་ཡིན་ནམ་སྙམ། སྐབས་རེར་ཚིག་གྲོགས་ལས་དོན་དམིགས་བསལ་བ་མི་སྟོན་པའི་དུས་ཀྱང་མེད་དམ་སྙམ། བོད་ཀྱི་ལོ་རྒྱུས་རྙིང་པར་ཐང་ཡིག་ཅེས་འཁོད་པ་ནི་རྒྱས་པ་དང་། ཞིབ་་མོ།གསལ་བོའི་དོན་སྟོན་པ་སྟེ། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མའི་མཚན་ལ། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་བ་རྒྱས་པར་བཀོད་པ།ཞེས་དང་བསྡུ་ན་བཀའ་ཐང་ཤེལ་བྲག་མ་ཟེར། གཞུང་དེ་ལས། པདྨ་བཀའ་ཡི་ཐང་ཡིག་ཅེས་ཀྱང་བྱཿ རྣམ་ཐར་སྐྱེས་རབས་རྒྱས་པ་ཞེས་ཀྱང་བྱཿ ཞེས་སོ།། མ་སྦས་གསལ་བོར་བཀོད་པའི་དོན་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་ཆོས་དྲུག་ཐང་བརྡལ་མ་ལྟ་བུ་སྟེ། མཚན་ཡོངས་ལ། ཟབ་ལམ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཟབ་དོན་ཐང་མར་བརྡལ་བ་ཞེས་བྱ་བ་བཀླགས་ཆོག་མ་བཞུགས་སོ།།ཞེས་དང་མཇུག་ཏུ། དམིགས་རིམ་རྒྱས་བསྡུས་གབ་འཁྲུགས་མེད་པར་བཀོད་པ་འདི་ཡང་ཏཱ་ར་ནཱ་ཐས་སོ།།ཞེས་གསུང་ཡོད་སྣང་ཤར། ཡང་ཞིབ་པར་བརྗོད་པའི་དོན་ཡང་། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཀྱི་ཐང་མ་ལྟ་བུ་སྟེ། རང་གཞུང་ལས། ལྗོངས་འདིའི་གནས་ཚུལ་ཞིབ་པར་གླེང་བས་ཀྱང་།།ཐོས་པའི་ཡན་ལག་རྫོགས་ལ་ཕན་མཐོང་ནས། །ཞེས་པ་ལྟ་བུའོ།།
རེད་ཡ། དེང་སང་བོད་ནང་ན་བོད་ལྗོངས་ཅེས་འབྲི་བ་མ་གཏོགས། བོད་གཞུང་ཅེས་རྩ་ནས་མི་འབྲི་བ་འདི་ལ་ཡང་དོན་གནད་ཅིག་ཡོད། རྡ་ས་ན་མང་པོ་ཅིག་གིས་དེའི་ལད་མོ་བྱས་ནས་བོད་ལྗོངས་ཅེས་འབྲི་བཞིན་པ་འདི་ལ་གསལ་བྱེད་དགོས། འོན་ཀྱང་ན་ནི་བཀའ་ཁྲིས་སྲིད་དོན་དང་འབྲེལ་བའི་བོད་ཀྱི་བརྗོད་ཚིག་མང་པོ་ཅིག་གཏན་འབེབས་གནངས་པ་དེ་ལ་གནད་འགག་ཅིག་ཡོད། ད་དུང་རྡ་ས་ནས་དག་ཡིག་གསར་སྒྲིག་བསྐྱར་དཔར་བྱེད་དུས། ཚིག་མང་བོ་བརྗེས་བསྒྱུར་བྱས་འདུག ངའི་བསམ་ཚུལ་བྱས་ན་དེ་ཡག་པོ་རྩ་ནས་མི་འདུག་ལ་ཁྲིམས་འགལ་ཀྱང་ལོས་ཡིན་སྙམ།། །།
རྒན་བེ་རི་འཇིགས་མེད་ལགས།
ངེད་གཉིས་སྔོན་མ་ཞལ་མཇལ་བྱུང་མི་འདུག
ཉེ་སྔོན་ང་དྲ་རྒྱ་རྣམས་སུ་བལྟ་ཉུལ་བྱས་རྗེས་རྒན་ལགས་ཁྱེད་རང་གི་སྐོར་ཤེས་རྟོགས་བྱུང་སོང་།
ཁྱེད་ནས་གསུངས་པ་ལྟར་སླད་རྒྱ་གར་དུ་སླེབས་ནས་དེའི་སྐོར་བཀའ་མོལ་ཞུ་རྒྱུའི་འདུན་པ་ཡོད།
གཞན་ཡང་ཚིག་མཛོད་ཀྱི་སྐོར་དམིགས་བསལ་གྱི་དགོངས་འཆར་འདྲ་ཡོད་ནའང་གསུང་རོགས།
དྲ་རྒྱ་འདིར་དཔྱོད་ལྡན་མང་དག་ཅིག་དང་ལྷན་དུ་ངེད་ཀྱི་ཚིག་མཛོད་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་བྱ་རྒྱུའི་གོ་སྐབས་བྱུང་ནས། ཚིག་མཛོད་ཀྱི་བརྗོད་ཚིག་འགའ་ཞིག་ལ་བསམ་ཚུལ་ཡང་འདོན་མཁན་བྱུང་སོང་། དཔེར་ན་ངེད་ཀྱིས་༼གཞན་སྟོང་གི་སྐོར༽ལ་ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་གཙོ་བོར་བྱས་ཏེ་བཀོད་པ་དེ། ཕྱོགས་གཅིག་མ་གཏོགས་མི་འདུག་ཅེས་གསུང་མཁན་བྱུང་། དེ་ནི་བསམ་ཚུལ་ཡག་པོ་ཞེ་དྲག་འདུག གང་ལགས་ཤེ་ན། ཕྱོགས་གཉིས་ཀ་ནས་བཤད་ཐུབ་པ་བྱུང་ན་ཚིག་མཛོད་ཕྱུག་ཏུ་འགྲོ་བ་དང་། ཡ་རབས་དང་དྲང་བདེན་གྱི་ལམ་ལུགས་ཤིག་ཀྱང་རེད་སྙམ།
འོན་ཀྱང་དེ་ལྟ་བུའི་དོ་མི་མཉམ་པའི་གནས་ཚུལ་བྱུང་བ་ནི་རང་གིས་ཤེས་ཡོན་གྱིས་མ་ལྡེང་པ་ཙམ་ལས་ཀུན་སློང་གིས་བསླད་པ་མེད་ཚུལ་གསལ་བཤད་དང་འབྲེལ། ངེད་ནས་ཆོས་གྲོགས་༼སེང་གེ་རལ་པ་ཅན༽ཞུ་བ་ཁོང་ལ་༼གཞན་སྟོང༽གི་སྐོར་བྱུང་ན་༼རྗེ་བཙུན་ཏཱུ་ར་ནཱ་ཐའི༽གསུང་ཡོད་ན་ཤོག་གྲངས་དང་བཅས་པ་གསུངས་ན། རྗེས་སོར་ངེད་ནས་དེར་ཞིབ་འཇུག་བྱས་ཏེ་གཞན་ཕྱོགས་ཀྱི་འདོད་ཚུལ་ཡང་ཚིག་མཛོད་ནང་འགོད་འཇུག་བྱ་རྒྱུའི་ཁས་ལེན་ཞུས་ཀྱང་། ཁོང་ནས་དེར་ལན་གནང་མ་བྱུང་། ཕལ་ཆེར་ཏཱུ་ར་ནཱ་ཐའི་གསུང་མ་རྙེད་པ་ཡིན་ཤས་ཆེ།
སླར་ཡང་༼སེང་གེ་རལ་པ་ཅན༽ལ་ཞུ་རྒྱུར། ཅི་སྟེ་ཏཱུ་ར་ནཱ་ཐའི་གསུང་མ་འབྱོར་ནའང་༼མི་ཕམ་རིན་པོ་ཆེ༽འམ་༼ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི༽གསུང་བྱུང་ནའང་འགྲིག ཤོག་གྲངས་དང་བཅས་པར་བསྐུར་རོགས་ཞེས་རྩོམ་པ་པོས་དོ་དབྱིངས་ཆེན་པོས་རེ་སྐུལ་ཞུ་གི་ཡོད། དེ་ལུགས་དགོངས་འཇགས་ཞུ།
སྤྱིར་བཏང་༼ཐང༽གི་སྐོར་འགྲེལ་བཤད་ཞིབ་ཕྲ་ནི་རྩོམ་ཡིག་གཞན་ཞིག་ཏུ་རྒྱས་པར་བགྲོ་གླེང་གནང་ཟིན་པ་རེད།
འོན་ཀྱང་དཔྱོད་ལྡན་མང་པོ་ཞིག་ནས་༼ཐང༽གི་སྐོར་དགོངས་ཚུལ་གསར་པ་མང་པོ་ཞིག་གསུངས་འདུག བསམ་བློ་ཡང་ཡང་བཏང་ན་མ་ཚིག་གཅིག་ལའང་གོ་དོན་མི་འདྲ་བ་མང་པོ་ཞིག་རྙེད་རྒྱུ་འདུག
ཁ་སང་ངེད་ནས་༼དཔལ་ལྡན༽དང་། ༼དཔལ༽གྱི་སྐོར་ལ་ཞིབ་འཇུག་བྱས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོ་དང། དག་གསར། དུང་དཀར་ཚིག་མཛོད་རྣམས་སུ་མི་སྣང་བའི་འགྲེལ་བཤད་མི་ཉུང་བ་ཞིག་བྱས་ཏེ་ངེད་ཀྱི་ཚིག་མཛོད་ནང་འགོད་འཇུག་བྱས་པ་ཡིན།
༈ལགས་གཞན་སྟོང་གི་ཕྱོགས་སྔར་ཇོ་ནང་ཁོ་ན་འཛིན་པར་མི་བྱ་སྟེ།བཀའ་བརྒྱུད་རྙིང་མ་ཕལ་མོ་ཆེ་དང་།ས་སྐྱའི་སུམ་ཆ་གཅིགདགེ་ལྡན་པའི་བརྒྱ་ཆའི་ལྔ་ཙམ་གཞན་སྟོང་པ་ཞེས་སྨྲས་ཀྱང་མི་རུང་བ་མེད་སྙམ།རྙིང་བ་རྣམས་ཀྱིས་རིང་ལུགས་ཟུང་འཇུག་དབུ་མ་ཞེས་གཞན་སྟོང་ཡང་མིན་པ་ལྟ་བུ་ཞིག་ཁས་ལེན་མོད།དོན་དུ་གཞན་སྟོང་ཡང་དོན་གཅིག་མིང་གི་རྣམ་གྲངས་སུ་མ་བཞེད་ཀྱང་འགལ་བ་མེད་པར་སྨྲ་བ་མངོན་ཏེ།སྔ་འགྱུར་བར་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཞེས་གྲགས་པའི་ཡ་གྱལ་ཀློང་ཆེན་རབ་འབྱམས་པའི་གྲུབ་མཐའ་མཛོད་ལས།དབྱིངས་སམ་སྙིང་པོའི་ངོ་བོ་ལ་ལྟོས་ནས་དྲི་མ་དང་བྲལ་བའི་དངོས་པོ་རྣམ་པར་དབྱེ་བ་བཅས་པའི་མཚན་ཉིད་ཀྱིས་སྟོང་ལ།ཡེ་ནས་རང་ཆས་སུ་ཡོད་པའི་ཡོན་ཏན་གྱིས་མི་སྟོང་།ཞེས་དང་།རིགས་ཀྱི་རྣམ་པར་བཞག་པ་འདི་ནི་དྲང་དོན་དུ་མི་ལྟ་བར།ངེས་དོན་འབའ་ཞིག་ཏུ་བཟུང་སྟེ་ཤེས་པར་བྱའོ།།ཞེས་སོ།།རིས་མེད་བསྟན་པའི་གསལ་བྱེད་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས།ངེས་དོན་མཐར་ཐུག་འཁོར་ལོ་ཐ་མའི་དོན།།རང་རིག་རང་གསལ་གཞི་མེད་སྤྲོས་བྲལ་བ།།འདི་གོ་ལྟ་བའི་མཐར་ཐུག་ཉིད་དུ་གོ།།ཞེས་དང་།སྔ་འགྱུར་རྙིང་མའི་མཁས་དབང་ཆེན་པོ་དགེ་རྩེ་པཎ་ཆེན་གྱི་སྟོན་པ་བཞི་ལྡན་གྱི་གཏམ་ལས།བློ་ཡང་རབ་ཏུ་གྱུར་ཅིང་ཤིན་ཏུ་དབང་རྣོན་གྱི་གདུལ་བྱ་རྣམས་ལ་མཆོག་ཏུ་ཟབ་པའི་སྟོང་ཉིད་དོན་དམ་བདེན་པ་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཡེ་ཤེས་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གདོད་ནས་ཡོངས་གྲུབ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞུགས་པའི་ཚུལ་རྒྱས་པར་སྟོན་པ་ལྟར་གོ་བ་འཁོར་ལོ་ཐ་མ།ཞེས་གསུངས།རིས་མེད་བསྟན་པའི་རྩ་ལག་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གཞན་སྟོང་ལྟ་ཁྲིད་ཟླ་བ་དྲི་མེད་ལས།དང་པོ་དྲང་དོན།བར་བ་དྲང་ངེས་འདྲེས་མ།ཐ་མ་ངེས་དོན་དུ་མདོ་དགོངས་པ་ངེས་འགྲེལ་གྱི་ལུང་གིས་གྲུབ་པ་སོགས་རྒྱལ་བསྲས་བཅས་ཀྱིས་རྣམ་པར་བཞག་པ་ལས་འགོངས་མི་ནུས་པ་མ་ཟད་ཟབ་མོའི་དོན་རིམ་པར་གསལ་ཞིང་ཡོངས་སུ་རྫོགས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ།།ཞེས་དང་།ཕྱིས་ཀྱི་སྔ་འགྱུར་བ་རྣམས་ཀྱི་ཀུན་མཁྱེན་དུ་སྨྲ་བ་འཇུ་མི་ཕམ་པའི་གཞན་སྟོང་ཁས་ལེན་སེངྒེའི་ང་རོར།རབ་འབྱམས་སྲས་བཅས་རྒྱལ་བའི་གསང་བའི་མཛོད།།ངེས་དོན་མདོ་རྒྱུད་མན་ངག་སྙིང་པོའི་བཅུད།།འཕགས་བོད་མཁས་གྲུབ་དུ་མའི་དགོངས་ཉམས་ཕུལ།།ཟབ་མོ་དབུ་མའི་ཁས་ལེན་མདོ་ཙམ་བཤད།།ཅེས་དང་།མི་མཆོག་སྟོན་པ་ཤཱཀྱ་སེངྒེ་ཡིས།།མི་སྙེངས་འཁོར་ལ་སེངྒེའི་སྒྲ་བསྒྲགས་པའི།།ངེས་དོན་སྙིང་པོའི་མཐར་ཐུག་འདི་ཁོ་ནར།།ངེས་པ་རྙེད་རྣམས་མི་ལྡོག་ལུང་བསྟན་འཚེངས།།ཞེས་སོ།།
༈སྒོམ་སྡེ་ལགས།གཞན་སྟོང་ལ་ཐུགས་རྒྱུས་དགོས་པར་དགོངས་ན།གོང་གསལ་གྱི་མཁས་གྲུབ་རྣམས་ཀྱི་གསུང་དང་།ངེས་དོན་སྙིང་པོའི་མདོ་སྡེ་ཉི་ཤུ་དང་།ལོ་ཙཱ་བ་ཟི་བཙན་གཉིས་ཀྱི་གསུང་།ཀློང་ཆེན་པའི་གྲུབ་མཐའ་མཛོད།ཡིད་བཞིན་མཛོད།སེམས་ཉིད་ངལ་གསོ།དོལ་པོ་པ།ཏཱ་ར་ནཱ་ཐ།ཛ་མགོའི་དགེ་བཤེས་བློ་བཟང་མཆོག་གྲུབ་གསུང་།འབའ་མདའ་དགེ་ལེགས་རྒྱ་མཚོ།བླ་མ་བློས་གྲགས་སོགས་ཇོ་ནང་རིང་ལུགས་སྨྲ་བ་རྣམས་ཀྱི་ལེགས་བཤད་ལ་གཟིགས་འཚལ།
ཏཱ་ར་ནཱ་ཐའི་གསུང་རྟག་བརྟན་པར་མ་པོད་༤་པར་གཞན་སྟོང་སྙིང་པོ་རྒྱན་དང་ལུང་སྦྱོར་སོགས་དབུ་མའི་སྐོར་བཞུགས།དགེ་རྩེ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱི་གསུང་འབུམ་ཀ་པར་ངེས་དོན་དགོངས་གསལ་དང། བདེ་གཤེགས་སྙིང་པོའི་རྒྱན།རྟོག་གེའི་གཉེན་པོ།རྟོན་པ་བཞི་ལྡན་སོགས་དང་།པོད་ཏ་པའི་རང་རྣམ་དུའང་གཞན་སྟོང་སྐོར་བཞུགས།ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གསུང་ཤེས་བྱ་ཀུན་ཁྱབ་དང་།གདམས་ངག་མཛོད་ང་པར་གཞན་སྟོང་ལྟ་ཁྲིད་བཞུགས། །འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ་དིལླི་འགྱིག་པར་པོད་པ་དང་སྡེ་ཚན་ཧཱུྃ་ཡིན་སྣང་ཤར།བསྡུས་པར་མཉེས་ན་གྲོལ་མཆོག་ཞབས་ཀྱི་ཇོ་ཁྲིད་བརྒྱའི་ནང་ན་བཞུགས། ཁྲིད་བརྒྱ་དགེ་ལྡན་པར་གྲགས་ཆེ་བ་ཉིད་གྱི་དགོངས་མངའ་བཞིན།རྒྱས་པ་གཟིགས་པར་དགོངས་ན་ཛ་མགོ་བློ་བཟང་མཆོག་གྲུབ་གསུང་འབུམ་པོད་ཟ་པ་དང་འབའ་མདའ་དགེ་ལེགས་རྒྱ་མཚོ།ཛཾ་ཐང་བོས་གྲགས་སོགས་ཀྱི་གསུང་བཞུགས་ལགས།འཁོར་བའི་གནས་སུ་འཁྱམས་ལ་བྲེལ་བའི་ལྡོམ་བུ་བ། ལྷག་བསམ་རྒྱ་མཚོས།
གསལ་བཤད་ཞུ་བ། ཛཾ་ཐང་བླ་མ་བློས་གྲགས་ཚང་ཆད་འདུག
མཁྱེན་རབ་མཚུངས་མེད་སྒོམ་སྡེ་ལགས། ཁྱེད་ཀྱིས། “ངེད་ནས་ཆོས་གྲོགས་༼སེང་གེ་རལ་པ་ཅན༽ཞུ་བ་ཁོང་ལ་༼གཞན་སྟོང༽གི་སྐོར་བྱུང་ན་༼རྗེ་བཙུན་ཏཱུ་ར་ནཱ་ཐའི༽གསུང་ཡོད་ན་ཤོག་གྲངས་དང་བཅས་པ་གསུངས་ན། རྗེས་སོར་ངེད་ནས་དེར་ཞིབ་འཇུག་བྱས་ཏེ་གཞན་ཕྱོགས་ཀྱི་འདོད་ཚུལ་ཡང་ཚིག་མཛོད་ནང་འགོད་འཇུག་བྱ་རྒྱུའི་ཁས་ལེན་ཞུས་ཀྱང་། ཁོང་ནས་དེར་ལན་གནང་མ་བྱུང་། ཕལ་ཆེར་ཏཱུ་ར་ནཱ་ཐའི་གསུང་མ་རྙེད་པ་ཡིན་ཤས་ཆེ།” གསུངས་པ་འདི་མཇལ་བྱུང་། ང་ལ་གོང་གི་དེ་ཚོི་ཆ་ཚང་ཡོད། འོན་ཀྱང་ཉིད་ནས་གློག་ཕྲིན་ཁ་བྱང་ཞིག་བསྐུར་རྒྱུ་མཁྱེན། དྲ་ཐོག་ཏུ་ Attach file འཇོག་ཐབས་བྲལ་བ་རེད། ཉིད་ཀྱི་མཁྱེན་དཔྱོད་ལ་ང་ཡིད་སྨོན་བྱུང་། ཁར་སང་ཁྱེད་ཀྱིས་པདྨ་གླིང་པ་ལ་ཞེ་དྲག་བཀྱོན་འདུག་སྐབས་ངས་ལན་ཞིག་རྒྱག་འདོད་བྱུང་སོང་ཡང་ཁྱེད་ཡིན་པས་ལན་བརྒྱབ་མེད། སྔོན་བྱོན་མཁས་པའི་ལུགས་དང་མཐུན་པའི་ལུང་རིགས་ཀྱི་བགྲོ་གླེང་མུ་མཐུད་དུ་ཞུ་ཆོག སླར་མཇལ།
ཆོས་གྲགས་ལྷག་བསམ་རྒྱ་མཚོ་ལགས།
ངེད་ནི་གཞན་སྟོང་གི་གཞུང་དེ་དག་ལ་གོམས་འདྲིས་ལྟ་ཞོག་ཕྱག་དཔེའི་མཚན་ཙམ་ཡང་གོ་མྱོང་མེད། བྱུང་ན་རྣམ་པ་ཚོ་གཞུང་དེ་དག་ལ་ཐུགས་འདྲིས་ཡོད་ཙང་། ཤོག་གྲངས་སོགས་མཁོ་སྤྲོད་གནང་ཐུབ་ན་ངེད་རང་མགོ་རྨོངས་མི་དགོས་པར་ཐད་ཀར་བརྗོད་བྱའི་ཐོག་སླེབས་ཏེ། དུས་ཚོད་ཆུད་ཟོས་སུ་མི་འགྲོ་བའི་ཁྱད་ཡོང་ས་རེད་ལགས།
སེང་གེ་རལ་པ་ཅན་ལགས།
ཕྱག་དཔེ་དེ་དག་གློག་ཀླད་ཐོག་ཡོད་ན་དཔེ་མི་སྲིད་པའི་ཡག་པོ་ཡོང་བ་འདུག ངེད་ཀྱི་གློག་འཕྲིན་ Gomdelharampa@hotmail.com
ཐོག་གནས་འབྲེལ་གནང་རོགས།
ཐུགས་རྗེ་ཆེ།
ངས་གཏེར་སྟོན་པདྨ་གླིང་པ་ལ་བཀྱོན་པར་དགོངས་འགལ་མེད་པར་ཞུ། ང་ནི་ངོ་ལྐོག་བྱེད་མི་ཤེས་པའི་མི་གླེན་པ་ཞིག་དང་ཁ་རི་ཁ་ཐུག་ཅིག་རེད།
མི་སྤྱང་པོ་ཞིག་ཡིན་ན་དངོས་སུ་མི་ཐོན་པར་སྨྱུག་མིང་གཞན་ཞིག་སྤྱད་དེ་མདའ་དཀྲུག་ཕུ་དཀྲུག་བྱས། དེ་ནས་དེ་ང་མིན་མདོག་མདོག་བྱས་ནས་ཡག་ས་དེར་བསྡད་ཀྱི་རེད། ང་ནི་མི་ཐ་ཤལ་ཡིན་རུང་དཀོན་མཆོག་དང་ལས་འབྲས་ལ་རྩི་མཁན་གྱི་མི་ཞིག་ཡིན། གཞན་མགོ་སྐོར་བཏང་ཐུབ་རུང། དཀོན་མཆོག་དང་ལས་འབྲས་ལ་དུས་ནམ་ཡང་མགོ་སྐོར་གཏོང་མི་ཐུབ། མིས་གང་བཤད་རུང་མ་བཤད་རུང་། རང་ཉིད་ནས་དཀོན་མཆོག་ལ་ངོ་གནོང་མི་དགོས་པ་དྲང་བདེན་ཞིག་བྱེད་ཐབས་བྱེད་ཀྱི་ཡོད། དེ་འདྲ་ཡིན་ཙང་སྐྱོན་སེལ་བྱས་ཁུལ་རེད།
ལར་ནས་སྨྱུག་མིང་རྫུས་མ་བེད་སྤྱོད་བྱས་ཏེ་འཐབ་ཀྲོལ་ཀྱི་ལས་བྱས་ན། གཞན་གྱིས་མ་ཤེས་རུང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས། རང་གིས་རང་ལ་ང་མི་ཡག་པོ་ཞིག་རེད་མི་འདུག་སྙམ་པའི་ཡིད་ཆེས་དང་གུས་ཞབས་བརླག་འགྲོ་གི་རེད། རང་གིས་རང་ལ་གུས་ཞབས་དང་ཡིད་ཆེས་བརླགས་ན་དེ་ནི་ཐབས་སྐྱོ་པ་ཞེ་དྲག་རེད།
སྤྱིར་བཏང་སུས་མ་འགྲིགས་ནའང་དེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། དགེ་ལུགས་པས་མ་འགྲིགས་ན་དགེ་ལུགས་པ་ལའང་ཐད་ཀར་སྐྱོན་བརྗོད་བྱེད་ཀྱི་ཡོད། ཁྱེད་རྣམས་ཀྱིས་ངེད་ཀྱི་ཚིག་མཛོད་ཀྱི་གླེང་བརྗོད་སྐབས་གཟིགས་ཡོད་ཤག་རེད།
ཉེ་སྔོན་དགེ་ལུགས་པ་འགའ་ཞིག་གིས། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེར་མཚན་སྨད་ཞུ་དུས་ངས་ཡར་ལངས་ཏེ། རྒྱུ་མཚན་ལྡན་པའི་གཟུར་གནས་ཀྱི་བསྟོད་པ་ཕུལ་ནས་བཟུང་། ཁོང་ལ་མཚན་སྨད་བྱེད་རྒྱུ་དེ་ཡང་མཚམས་ཆད་དེ། མི་གཅིག་གིས་ཀྱང་ཁོང་ལ་མཚན་སྨད་བྱེད་མཁན་བྱུང་མ་སོང་།
སྤྱིར་བཏང་རང་ཕྱོགས་ཀྱི་མི་ཞིག་གིས་ཆོས་བརྒྱུད་གཞན་ལ་མཚན་སྨད་སོགས་འཐབ་ཀྲོལ་དང་དབྱེན་གྱི་ལས་ལ་ཞུགས་ན། གཞན་ཕྱོགས་ནས་བཀག་མི་དགོས་པར་དེ་མ་ཐག་རང་ཕྱོགས་ནས་ཐད་ཀར་བཀག་ཐུབ་པ་ཡིན་ན། འཐབ་ཀྲོལ་དང་དབྱེན་གྱི་རིགས་མང་པོ་ཞིག་སྔོན་འགོག་བྱེད་ཐུབ་པ་འདུག་སྙམ།
ད་རེས་དེ་ཙམ་ལགས། ཐུགས་རྗེ་ཆེ།
མ་སྨད་ལྷག་བསམ་གསེར་གྱི་གཞོང་པ་ན། །དྲང་བདེན་སེང་གེ་དཀར་མོའི་འོ་མ་འཁྱིལ། །བསྲུབས་ལས་ངེས་ དོན་མར་གྱི་སྙིང་པོ་གང་། །ཟུར་གནས་མཁྱེན་པའི་རྒྱས་པའི་དགའ་སྟོན་ཉིད། །སྤེལ་དང་སྤེལ་དང་ལྷ་ལྡན་རབས་འབྱམས་པ་། །མཁྱེན་དཔྱོད་རྒྱས་པའི་གཏམ་དེ་ད་དུང་སྤེལ། །གསུང་དང་གསུང་དང་སྒོམ་སྡེ་ལྷ་རམས་པ། །ཕྱོགས་ལྷུང་བྲལ་བའི་བཀའ་མོལ་དེ་ད་དུང་གསུང་། །
བཅོས ཟུར་གནས་མཁས་པ་དགྱེས་པའི་དགའ་སྟོན་ཉིད། །
སྒོམ་སྡེ་ལགས། གོང་གསལ་གྱི་དཔེ་ཕལ་ཆེ་བ་ཨ་རིའི་[བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས]ཞེས་པར་ཟེར་སྡེར་འདུག
གླེགས་བམ་གྱི་གྲངས་ཡང་དེ་ཁོ་ན་ཡིན་སྙམ་ལས་ངན་བདག་ནི་རིང་མོ་ཞིག་ནས་དཔེ་དང་བྲལ་ཟིན་པས་ཤོག་ངོས་ཞུ་རྒྱུ་མི་འདུག་ལ་ངའི་གློག་ཀླད་ནང་དུ་དཔེ་དེ་དག་མེད་པས་འཕྲལ་དུ་སྐུར་ཐབས་བྲལ། འབའ་མདའ་དང་ཛ་མགོ་སོགས་ཀྱི་གསུང་རྒྱས་པ་ལས་གཞན་རྣམས་ལ་ཤོག་གྲངས་་ཉི་ཤུ་ཙམ་རེ་ལས་མེད་པས་འཚོལ་བདེ་ཡིན། སེང་གེ་རལ་པ་ཅན་གྱིས་གནང་ན་སྟབས་བདེ་ས་རེད།ཚིག་མཛོད་དེ་ཀུན་ཕན་གཅེས་ནོར་དུ་འགྱུར་བའི་རེ་བ་ཡོད། ཁྱོད་ཀྱིས་རིས་མེད་གངས་ཅན་བོད་ཀྱི་ལུགས་ཟུང་གི་འཕེལ་ཁ་དར་བའི་ཆེད་དུ་མཁས་པའི་ལས་གསུམ་ཁུར་དུ་བཞེས་པར་ཐལ་མོ་སྦྱར་དེ་ཐུགས་རྗེ་ཆེ་ཞུ།།
ལགས། འོད་ལྡེར་རམ་ཟེར་ལྡེར[བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས]ལ་ཚོང་རྒྱུ་འདུག་ཟེར།
སེང་གེ་རལ་པ་ཅན་ལགས།
སྐུ་ཉིད་ཀྱིས་བཏང་གནང་བའི་དཔེ་ཆ་དེ་དག་ཧ་ཅང་ཆེ་དྲགས་པས། ཕབ་བཤུ་བྱེད་ཐུབ་ཀྱི་མི་འདུག ཆ་བགོས་བྱས་ཏེ་དུམ་བུ་འགའ་ཤས་ཤིག་བཟོས་ན་ལེགས་པ་མེད་དམ། ཐུགས་རྗེ་ཆེ།
སྒོམ་སྡེ་ལྷ་རམས་པ་ལགས།
ཉིད་ཀྱིས་ཅི་གསུངས་ཀྱིན་ཡོད་དམ། ཁོ་བོ་ལ་དེ་རིང་འཛིན་གྲྭ་ཡོད་ཅིང་། དེའི་རྗེས་ལ་ལས་བྲེལ་གཞན་ཞིག་གི་རྐྱེན་གྱིས་སྐུ་ཉིད་ལ་ད་བར་ཡིག་ཆ་གང་ཡང་གཏོང་ཐུབ་མེད། ད་ལྟ་རང་ནང་དུ་སླེབས་ནས་གློག་ཀླད་སྒོ་ཕྱེས་པ་ཙམ་ཡིན། གུས་པའི་གློག་འཕྲིན་ཁ་བྱང་ནི་ sengeralpacan@yahoo.com ཡིན། ད་ནུབ་ཟས་ཤིག་ཟོས་རྗེས་ཉིད་ལ་དགོས་པའི་ཡིག་ཆ་རྣམས་གཏོང་ཡོང་ཆོག གུས་པ་དོ་དགོང་ཉལ་ཕྱི་བྱས་ཏེ། སྐུ་ཉིད་སང་ཉིན་ཡར་བཞེངས་དུས་ཡིག་ཆ་རྣམས་འཕྲོད་ཡོད་ངེས་ཤིག་ཞུ་ཆོག ཐུགས་རྗེ་ཆེ།
ཨ་ལས།
གློག་འཕྲིན་དེའི་ནང་PDFཐོག་ཡོད་པའི་ཁ་བསྔོག་མི་ཐུབ་པའི་ཡིག་ཆ་ཞིག་ལས། ཡི་གེ་ན་གཅིག་ཀྱང་མི་འདུག
དོགས་པ་ཕྲན་བུའི་བཟོས་བྱུང་།
ལགས་སོ། །ཐུགས་རྗེ་ཆེ།
མཁྱེན་ཡངས་སྒོམ་སྡེ་ལགས་སུ།
གུས་པའི་སྔར་ནས་དབུ་མ་གཞན་སྟོང་གི་ལྟ་གྲུབ་འདི་ལ་གངས་རིའི་ཁྲོད་འདིར་དགག་པ་མཛད་མཁན་ཡང་མང་དུ་བྱུང་མོད། བདེ་བར་གཤེགས་པའི་དགོངས་པའི་བབས་སོ་མཐར་ཐུག་ངེས་དོན་བླ་ན་མེད་པར་བཞེད་པ་དེ་བས་ཀྱང་མང་ཚུལ་ཞུས་པ་བཞིན། དེ་རིང་སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་ཐོག་ཏུ་བོད་ཀྱི་མཁས་གྲུབ་ཆེ་དགུ་དུ་མས་གཞན་སྟོང་གི་ལྟ་གྲུབ་ལ་བསྔགས་བརྗོད་བླ་མེད་གནང་བའི་དཔེ་མཚོན་ཙམ་དུ།
རྙིང་ཕྱོགས་ནས་འཇུ་མི་ཕམ་རིན་པོ་ཆེའི་གཞན་སྟོང་ཁས་ལེན་སེངྒེའི་ང་རོ་དང་། དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གྱི་ངེས་དོན་དབུ་མ་ཆེན་པོའི་ཚུལ་རྣམ་པར་ངེས་པའི་གཏམ་བདེ་གཤེགས་སྙིང་པོའི་རྒྱན། ཡང་དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གྱི་གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་བཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད། མཁན་ཆེན་གཞན་ཕན་མཐའ་ཡས་ཀྱི་ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་བཅས་དང་། (འོག་མ་འདི་གཉིས་ཀྱི་ནང་དུ་ངེས་དོན་མཐར་ཐུག་པ་གཞན་སྟོང་ཡིན་ཚུལ་མང་དུ་གསུངས་ཡོད།)
ས་སྐྱའི་ཕྱོགས་ནས་པཎ་ཆེན་ཤྰཀྱ་མཆོག་ལྡན་གྱི་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་དང་།
བཀའ་བརྒྱུད་ཕྱོགས་ནས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་དང་།
དགེ་ལྡན་པའི་ཕྱོགས་ནས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མདོར་བསྡུས་མཁས་པ་དགྱེས་པའི་གླུ།
ཇོ་ནང་རང་གི་ཕྱོགས་ནས་ཀུན་མཁྱེན་ཀུན་མཁྱེན་དོལ་པོ་པའི་བདེན་གཉིས་གསལ་བའི་ཉི་མ་དང་། ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་དང་ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོན་གྱི་འཇུག་ངོགས། གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་བཅས་གཞུང་ཉུང་ངུ་ཁག་ཅིག་འདིར་སྟབས་བདེ་བར་བྱས་ཏེ་ཕུལ་ཡོད་མོད། གཞན་སྟོང་སྟོན་པའི་བོད་གཞུང་ཆེ་ཤོས་ནི་ཀུན་མཁྱེན་དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོ་དང་། ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་མཛོད་གཉིས་ཡིན་པས་དུས་ཚོད་ཡོད་ན་དེར་གཟིགས་དགོས། ལར་ནས་ཁོ་བོ་ཇོ་ནང་གི་ཆོས་བརྒྱུད་འཛིན་པ་ཞིག་མིན་ཡང་། ཡུན་རིང་པོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབས་དགོངས་འགྲེལ་དང་བཅས་པར་རང་ནུས་གང་ཡོད་ཀྱིས་ཐོས་བསམ་ཕྲན་བུ་ཞིག་བྱས་པས། དབུ་མ་རང་སྟོང་གི་དགོངས་པ་དང་རང་སྟོང་སྨྲ་བའི་གཞུང་ལ་རྒྱུས་མངའ་ཅི་ཙམ་ཡོད་པ་བཞིན། གཞན་སྟོང་དང་གཞན་སྟོང་སྨྲ་བའི་གཞུང་ལ་ཡང་རྒྱུས་མངའ་དེ་ཙམ་ཡོད་པ་ཡིན་པས་དུས་ཚོད་བྱུང་ན་ཉིད་ལ་བགྲོ་གླེང་དང་ཡིག་ཆའི་མཐུན་འགྱུར་སོགས་ཞབས་ཞུ་གང་དགོས་ཞུ་ཆོག
ཆོས་གྲོགས་སེང་གེ་རལ་པ་ཅན་ལགས།
བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་རིན་ཐང་བྲལ་བའི་དབུ་མ་ཆེན་མོ་གཞན་སྟོང་གི་སྐོར་གྱི་བསྟན་བཅོས་བཅུ་གཅིག་ལག་སྐྱེས་སུ་ཚུལ་དུ་བསྐུར་གནང་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དེ་ནི་ངེད་ལ་གསེར་རྡོག་རྡོག་ཅིག་གནང་བ་ལས་ཀྱང་དགའ་སྤྲོ་ཆེ་བ་བྱུང་། རྗེས་སུ་རྫོགས་ཆེན་གྱི་སྐོར་གྱི་ཕྱག་དཔེ་འདྲ་བྱུང་ནའང་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཡོང་བ་འདུག
བྲག་དཀར་སྤྲུལ་སྐུ་ཞུ་བ་དགེ་ལྡན་པའི་བླ་མ་འདི་ཆོས་ལུགས་རིས་མེད་ལ་མཁྱེན་རྒྱ་ཆེ་བའི་བླ་མ་ཞིག་ཡིན་འདུག
༸གོང་ས་མཆོག་ནས་ཀྱང་བྲག་དཀར་སྤྲུལ་སྐུ་དང་། བླ་མ་གཞན་གཉིས་བཅས་ཀྱི་རྫོགས་ཆེན་དང་དབུ་མའི་སྐོར་གྱི་རྩོམ་ཡིག་དེ་དག་གཞན་དང་མི་འདྲ་བའི་གོ་བ་སྟེར་ཕུལ་ཆེ་བ་དང་གསལ་བ་ཞིག་འདུག་ཅེས་གསུངས
་སོང་། ངེད་ནས་ཟིན་བྲིས་བཏབ་ཀྱང་བླ་མ་གཞན་གཉིས་ཀྱི་མཚན་བརྗེད་ནས་མི་འདུག
ཆོས་གྲོགས་ལགས། སླར་ཡང་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག ཆོས་བརྒྱུད་ཕན་ཚུན་གྱི་ཕྱག་དཔེ་བཀླག་རྒྱུ་བྱུང་ན་ངེས་པར་དག་སྣང་སྦྱོང་བར་ཁྱད་ཆེན་པོ་འདུག་ཅེས་སྔོན་ཞུས་ལྟར་སླར་ཡང་ཞུའོ། །
གལ་ཆེན་ཅིག་བརྗེད་གྲབས་བྱས་འདུག གདང་ནུབ་ནས་གཞན་སྟོང་གི་བསྟན་བཅོས་དེ་དག་ཀློག་འགོ་བརྩམས་པ་ཡིན། བཀླགས་ཟིན་རྗེས་ངེད་ཀྱི་ཚིག་མཛོད་ནང་༼གཞན་སྟོང༽སྐོར་གང་རྒྱས་ཤིག་འགོད་རྒྱུའི་རེ་བ་སྙིང་དུ་བཅངས་ནས་ཡོད་ལགས།
བྲག་དཀར་སྤྲུལ་སྐུ་འདི་ཡོངས་འཛིན་ཁྲི་བྱང་གི་རྣམ་ཐར་དུ་གསལ་བའི་དགེ་ལུགས་བླ་མ་གཏེར་རྫས་གང་མང་ཞིག་གཏེར་ནས་ལེན་མཁན་དེ་རེད་དམ། ད་ཡིན་ན་ཁྲི་བྱང་སྤྲུལ་སྐུ་ཁོ་རང་ཡང་བླ་མ་དེ་དང་མཇལ་བའི་སྐོར་ཞིག་བྲིས་འདུག
དེ་ཡིན་ན་་་་
བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་ནི་དགེ་ལྡན་ཕྱོགས་ཀྱི་མཁས་པ་ཆེན་པོ་ཞིག་ཡིན། འཇུ་མི་ཕམ་རིན་པོ་ཆེས་ཤེས་རབ་ལེའུའི་འགྲེལ་བ་ཀེ་ཏ་བརྩམས་སྐབས། ཕྱོགས་གང་ས་ནས་དགག་ཡིག་མང་པོ་ཆར་ལྟར་བབས་པ་ལས། དཔའ་རིས་རབ་གསལ་དང་བྲག་དཀར་སྤྲུལ་སྐུ་འདི་པ་གཉིས་ལ་དགག་ལན་མཛད་པ་དང་བསྟོད་པ་མང་པོ་གནང་ཡོད་ཅིང་། བྲག་དཀར་སྤྲུལ་སྐུའི་བརྒལ་ལན་ལ་བརྒལ་ལན་ཉིན་བྱེད་སྣང་བ་ཞེས་ཞུ། དེའི་དབུར་བྲག་དཀར་སྤྲུལ་སྐུ་དང་ཁོང་གིས་མཛད་པའི་ཟབ་མོ་དབུ་མའི་གནད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ་གཉིས་ལ་བསྔགས་བརྗོད་ཆེན་པོ་གནང་ཡོད། བྲག་དཀར་སྤྲུལ་སྐུ་འདི་པ་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཞེས་སྨད་མདོ་ཕྱོགས་ཙམ་ན་མཚན་སྙན་འབྲུག་ལྟར་ལྡིར་བའི་དགེ་ལྡན་པའི་མཁས་མ་ཆེན་པོ་དེའི་རྩ་བའི་བླ་མ་རེད།
༧གོང་ས་མཆོག་གིས་བྲག་དཀར་སྤྲུལ་སྐུ་དང་མཉམ་དུ་དགེ་ལྡན་པའི་བླ་མ་ཞིག་གིས་རྫོགས་སྐོར་གྱི་དཔེ་ཆ་གང་མང་མཛད་ཡོད་ཚུལ་གསུངས་འདུག་པ་དེ། མགོ་ལོག་ཕྱོགས་ཀྱི་དར་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་གྱི་དགེ་བཤེས་གསུང་རབ་ཞུ་བ་དེ་རེད། ཁོང་དཔེ་ཆ་ཙམ་མ་ཟད་མགོ་ལོག་ཕྱོགས་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་ཀྱང་ཡིན་པ་དང་། གོང་དུ་ཞུས་པའི་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་ཞལ་སློབ་རེད། ཁོང་ལ་གསུང་རྩོམ་པོ་ཏི་གཅིག་ལས་མི་བཞུགས་ཀྱང་དངོས་གནས་གཞན་དང་མི་འདྲ་བའི་རིན་ཐང་གཞལ་དུ་མེད་པ་ཅིག་འདུག
ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཞེས་པ་དེ་མདོ་སྨད་ཕྱོགས་ན་གྲགས་པ་ཆེ་རབས་འདུག་ཀྱང་ཁོང་གི་རྣམ་ཐར་མཇལ་མ་མྱོང་བས། ཁོང་སྐུ་གང་དུ་འཁྲུངས་པ་དང་ཐོས་བསམ་སྒོམ་གང་ས་གང་དུ་མཛད་ཚུལ་སོགས་མདོར་ཙམ་ཞིག་འདུག་དགོད་རོགས། ཁོ་བོར་མཚོན་ན་དགེ་ཕྱོགས་ནས་ཁོང་གི་སྐོར་ལ་ཅི་ཡང་མཇལ་མ་མྱོང་།
གྲོགས་པོ་སྒོམ་སྡེ་པ་ལགས། སྐུ་ཉིད་རྒན་བེ་རིའི་རྒྱུད་ནས་ངོ་ཤེས་བྱུང་བས་ཤིན་ཏུ་སྤྲོ། ཇོ་ནང་རཱ་ར་ནཱ་ཐའི་་གསུང་རྩོམ་སྐོར་པོད་བཅུ་གསུམ་ཙམ་ཡོད་པ་དེ་ཚོ་དེ་སྔོན་རྟག་བརྟན་ཕུན་ཚོགས་གླིག་ཆགས་འཇིགས་མ་བྱུང་སྔོན་ནས་ཡོད་པའི་ཤིང་རྐོས་པར་མ་དེ་ཚོ། ལ་དྭགས་རྟོགས་རྒྱལ་པོས་གདན་འདྲེ་ན་ཞུས། དེ་ནས་ཆད་པའི་པར་ཡིག་ལྡི་ལི་ནས་པར་སློག་བརྒྱབ་པ་དེ་ཚོ། ད་ལྟར་ཝཱ་ཎར་སོགས་སུ་ཡོད་པ་རེད། དེ་ལས་གཞན་ཁམས་ཛམ་ཐང་དུ་ཡོད་པ་དབུ་མེད་བྲིས་མ་པར་སློག་རྒྱབ་པ་དེ་ཚོ་ད་ལྟར་རྡ་ས་བོད་ཀྱི་དཔེ་མཛོད་དུ་བཞུག། དེ་གཉིས་བར་ཚིག་རིས་མི་འདྲ་བ་ཡང་རེ་གཉིས་འདུག
སེངྒེ་རལ་པ་ཅན་ལགས། ༸གོང་ས་མཆོག་གིས་བྲག་དཀར་སྤྲུལ་སྐུ་དང་མཉམ་དུ་དགེ་ལྡན་པའི་བླ་མ་ཞིག་གིས་རྫོགས་སྐོར་གྱི་དཔེ་ཆ་གང་མང་མཛད་ཡོད་ཚུལ་གསུངས་འདུག་པ་དེ། མགོ་ལོག་ཕྱོགས་ཀྱི་དར་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་གྱི་དགེ་བཤེས་གསུང་རབ་ཞུ་བ་དེ་རེད། ཁོང་དཔེ་ཆ་ཙམ་མ་ཟད་མགོ་ལོག་ཕྱོགས་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་ཀྱང་ཡིན་པ་དང་། གོང་དུ་ཞུས་པའི་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་ཞལ་སློབ་རེད། ཁོང་ལ་གསུང་རྩོམ་པོ་ཏི་གཅིག་ལས་མི་བཞུགས་ཀྱང་དངོས་གནས་གཞན་དང་མི་འདྲ་བའི་རིན་ཐང་གཞལ་དུ་མེད་པ་ཅིག་འདུག ཅེས་གསུངས་འདུག དེ་དེ་འདྲ་མ་རེད། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སསྙན་གྲགས་ནི༎ 1866-1918། དཀར་མཛེས་དགོན་པའི་སྤྲུལ་སྐུ་ཞིག་རེད། རྣམ་ཐར་སྟོད་ཆ(p300ལྷག)རྭ་ཧོ་སྤྲུལ་སྐུས་རྩོམ་པ། སྨད་ཆ(p300ལྷག་)འཇམ་དབྱངས་བདེ་བའི་རྡོ་རྗེས(རྒྱ་རི་སྤྲུལ་ས྄ྐུ་གོང་མ)་ རྩོམ་པ། ཀུན་མཁྱེན་འཇམ་དབྱངས་མིཕམ་དང་དབུ་མའི་སྐོར་དགག་བཞག་གནང་མཁན་དེ་རེད། གསུང་འབུམ་པོད་བཅུ་དགུ་དཀར་མཛེས་ཤིང་པར་ཐོག་ཡོད་པ། དུས་ཕྱིས་ཨ་རི་ཇེ་མུ་མན་གྱི་རོགས་རམ་འོག་པར་ལོག་བརྒྱབ་སྟེ་ཨ་རི་དཔེ་མཛོད་ཆེ་ཁག་ཕལ་ཆེ་བའི་ནང་དུ་འདུག རྡ་ས་བོདཀ་ྱི་དཔེ་མཛོད་དང་ཨ་མྱེས་རྨ་ཆེན་སོགས་ནའང་ཡོད་པ་རེད། སྐུ་ཚེ་སྨད་ཀྱི་གསུང་འབུམ་ནང་ས་དགེ་བཀའ་རྙིང་ཡོངས་རྫོས་ཀྱི་སྐོར་འདུག ད་དུང་དགེ་རྙིང་གཉིས་ཅུང་མང་བ་འདུག ཕྲན་དུས་ཚོད་ཡོད་དུས་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་ཀྱང་འདི་བཀོད་ཆོག ༸གོང་ས་མཆོག་གིས་འདིའི་གསུང་སྐོར་དང་པོར་གཟིགས་ས་དེ་ལྡི་ལི་དཔེ་མཛོད་གཅིག་ནས་རེད་འདུག དེ་ཡང་དགོངས་ ལོ་གཞོན་སྐབས་ཤིག་ལ་གཟིགས་ཚུལ་དང༌། དེ་རྗེས་དེའི་སྐོར་རྡོ་བུམ་སྤྲུལ་སྐུ་ལ་བརྩད་རྒྱུ་མངགས་ཚུལ་རྡོ་བུམ་སསྤྲུལ་སྐུས་གསུངས་བྱུང༌། ལོ་ཤས་སྔོན་རྡ་ས་ཨ་ཁུ་དར་རྒྱས་ཀྱིས་༸གོང་ས་མཆོག་ལ་གསུང་རབས་གལ་ཆེ་ཞིག་པར་སྐྲུན་ཞུ་རྒྱུའི་སྦྱིན་བདག་ཞུ་འཆར་སྐོར་ཞུས་པར་༸གོང་ས་མཆོག་ནས་བྲག་དཀར་གསུང་བདེན་བཞིའི་བླང་དོར་བདུད་རྩིའི་སྙིང་པོ་ཞེས་པ་དེ་པར་སྐྲུན་གནང་རྒྱུའི་བཀའ་སླཔབ་གནང་འདུག གྲོགས་པོ་ལགས། ཕྲན་ཡང་དེ་སྔོན་འདི་འདྲ་བྲིས་ནས་དུས་་ཕྱིས་ངོ་ཚ་ཉོ་དགོས་བྱུང་བ་དེ་འདྲ་བྱུང་མ་མྱོང་བ་མིན།། དྲ་རྒྱ་ཐོག་བཀོད་པར་དེ་ཙམ་ཧ་མི་ལེན། དེ་སྔོན་ཕོ་གསར་འགའ་རེས་རྩོམ་ཡིག་ཐོག་འདི་འདྲ་སྤེལ་བས་ང་ཚོ་རྒྱུན་ལྡན་ནས་ཅི་ཞིག་འབྲི་ཁུལ་བྱེད་ཚོ་ལ་ཆ་འཇོག་དང་ཡིད་ཆེས་བྱེད་མཁན་ཇེ་ཉུང་དུ་འགྲོ་ཤོར་བ་འདི་ཚོར་ང་ཚོས་དངོས་གནས་གཟབ་དགོས་ཀྱི་འདུག འཇམ་རོལ་ཁོང་སར་བཅར་ དང་ཁོང་གི་སྲས་ཀྱི་ཐོ་བོར་ཆགས་ཚུལ་སོགས་ཀྱི་ལོ་རྒྱུས་རྣམ་ཐར་ནང་གསལ་པོ་ཡོད། ད་དུང་འཇམ་རོལ་གྱིས་ཁོང་ལ་བསྟོད་པའི་གསོལ་འདེབས་ཀྱི་དུ་མ་ཡོད་པ་འགའ་ཞིག་ད་ལྟར་རང་དུ་པར་སློག་ངའི་ལག་ཏུ་ཡོད།
སེང་རལ་ལགས། གོང་གི་མཆན་དེ་ཕྲན་བེ་རི་འཇིགས་མེད་ཡིན། ཚེ་རིང་པོ་ལ་གློག་འཕྲན་ཁ་བྱང་མེད་སྟབས་ངའི་གློག་འཕྲིན་ཁ་བྱང་ཐོག་ཇོ་ནང་གི་སྐོར་དེ་གཏོང་རྗེས་མིང་བརྗེ་རྒྱུ་བརྗེད་དེ་གཏོང་ཤོར་འདུག་
སེངྒེ་རལ་པ་ཅན་ལགས། ༸གོང་ས་མཆོག་གིས་བྲག་དཀར་སྤྲུལ་སྐུ་དང་མཉམ་དུ་དགེ་ལྡན་པའི་བླ་མ་ཞིག་གིས་རྫོགས་སྐོར་གྱི་དཔེ་ཆ་གང་མང་མཛད་ཡོད་ཚུལ་གསུངས་འདུག་པ་དེ། མགོ་ལོག་ཕྱོགས་ཀྱི་དར་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་གྱི་དགེ་བཤེས་གསུང་རབ་ཞུ་བ་དེ་རེད། ཁོང་དཔེ་ཆ་ཙམ་མ་ཟད་མགོ་ལོག་ཕྱོགས་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་ཀྱང་ཡིན་པ་དང་། གོང་དུ་ཞུས་པའི་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་ཞལ་སློབ་རེད། ཁོང་ལ་གསུང་རྩོམ་པོ་ཏི་གཅིག་ལས་མི་བཞུགས་ཀྱང་དངོས་གནས་གཞན་དང་མི་འདྲ་བའི་རིན་ཐང་གཞལ་དུ་མེད་པ་ཅིག་འདུག ཅེས་གསུངས་འདུག དེ་དེ་འདྲ་མ་རེད། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སསྙན་གྲགས་ནི༎ 1866-1918། དཀར་མཛེས་དགོན་པའི་སྤྲུལ་སྐུ་ཞིག་རེད། རྣམ་ཐར་སྟོད་ཆ(p300ལྷག)རྭ་ཧོ་སྤྲུལ་སྐུས་རྩོམ་པ། སྨད་ཆ(p300ལྷག་)འཇམ་དབྱངས་བདེ་བའི་རྡོ་རྗེས(རྒྱ་རི་སྤྲུལ་ས྄ྐུ་གོང་མ)་ རྩོམ་པ། ཀུན་མཁྱེན་འཇམ་དབྱངས་མིཕམ་དང་དབུ་མའི་སྐོར་དགག་བཞག་གནང་མཁན་དེ་རེད། གསུང་འབུམ་པོད་བཅུ་དགུ་དཀར་མཛེས་ཤིང་པར་ཐོག་ཡོད་པ། དུས་ཕྱིས་ཨ་རི་ཇེ་མུ་མན་གྱི་རོགས་རམ་འོག་པར་ལོག་བརྒྱབ་སྟེ་ཨ་རི་དཔེ་མཛོད་ཆེ་ཁག་ཕལ་ཆེ་བའི་ནང་དུ་འདུག རྡ་ས་བོདཀ་ྱི་དཔེ་མཛོད་དང་ཨ་མྱེས་རྨ་ཆེན་སོགས་ནའང་ཡོད་པ་རེད། སྐུ་ཚེ་སྨད་ཀྱི་གསུང་འབུམ་ནང་ས་དགེ་བཀའ་རྙིང་ཡོངས་རྫོས་ཀྱི་སྐོར་འདུག ད་དུང་དགེ་རྙིང་གཉིས་ཅུང་མང་བ་འདུག ཕྲན་དུས་ཚོད་ཡོད་དུས་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་ཀྱང་འདི་བཀོད་ཆོག ༸གོང་ས་མཆོག་གིས་འདིའི་གསུང་སྐོར་དང་པོར་གཟིགས་ས་དེ་ལྡི་ལི་དཔེ་མཛོད་གཅིག་ནས་རེད་འདུག དེ་ཡང་དགོངས་ ལོ་གཞོན་སྐབས་ཤིག་ལ་གཟིགས་ཚུལ་དང༌། དེ་རྗེས་དེའི་སྐོར་རྡོ་བུམ་སྤྲུལ་སྐུ་ལ་བརྩད་རྒྱུ་མངགས་ཚུལ་རྡོ་བུམ་སསྤྲུལ་སྐུས་གསུགས་བྱུང༌། ལོ་ཤས་སྔོན་རྡ་ས་ཨ་ཁུ་དར་རྒྱས་ཀྱིས་༸གོང་ས་མཆོག་ལ་གསུང་རབས་གལ་ཆེ་ཞིག་པར་སྐྲུན་ཞུ་རྒྱུའི་སྦྱིན་བདག་ཞུ་འཆར་སྐོར་ཞུས་པར་༸གོང་ས་མཆོག་ནས་བྲག་དཀར་གསུང་བདེན་བཞིའི་བླང་དོར་བདུད་རྩིའི་སྙིང་པོ་ཞེས་པ་དེ་པར་སྐྲུན་གནང་རྒྱུའི་བཀའ་སླཔབ་གནང་འདུག གྲོགས་པོ་ལགས། ཕྲན་ཡང་དེ་སྔོན་འདི་འདྲ་བྲིས་ནས་དུས་་ཕྱིས་ངོ་ཚ་ཉོ་དགོས་བྱུང་བ་དེ་འདྲ་བྱུང་མ་མྱོང་བ་མིན།་
བེ་རིའི་ཡི་གེ་འདི་ཚོར་དྲག་རྩལ་པ་ཇའ་གི་ཆན་ནས་རྐང་པས་རྡོག་ཐོ་བཞུས་པ་ཡིན་ས་རེད། ཧཧཧཧཧ
གྲོགས་པོ་གཞོན་ཟླ་ལགས། ངའི་གློག་ཀླད་ཐོག་ཡག་པོ་ཤར་གི་འདུག་ དེར་བརྟེན་བེ་རིའི་ཡི་གེ་འདི་ཚོར་དྲག་རྩལ་པ་ཇའ་གི་ཆན་ནས་རྐང་པས་རྡོག་ཐོ་བཞུས་པ་ཡིན་ས་མ་རེད། སྐུ་ཉིད་ཀྱི་སྐྱེས་དམན་གྱིས་སྐུ་ཉིད་ཀྱི་གློག་ཀླད་ལ་རྡོག་ཐོ་གཞུས་པ་ཡིན་འགྲོ། གཟབ་གཟབ་བལྟས་དང༌། ཧཧཧཧཧ།
བེ་རི་དགེ་བཤེས་ལགས། ཁྱེད་ཀྱི་གོང་གི་མཆན་ ༡༤༣ པ་དེའི་དོན་ངས་ཧ་གོ་མི་འདུག ཁྱེད་ཀྱིས་གསུངས་པ་དང་ངས་བཤད་པ་གཉིས་གཅིག་པ་རེད་འདུག་ག ངས་“མགོ་ལོག་ཕྱོགས་ཀྱི་དར་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་གྱི་དགེ་བཤེས་གསུང་རབ་ཞུ་བ་དེ་རེད། ཁོང་དཔེ་ཆ་ཙམ་མ་ཟད་མགོ་ལོག་ཕྱོགས་ཀྱི་སྙན་ངག་མཁན་ཆེན་པོ་ཞིག་ཀྱང་ཡིན་པ་དང་། གོང་དུ་ཞུས་པའི་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་ཞལ་སློབ་རེད།” ཅེས་བཤད་པ་དེ་སྙན་དགོན་སྤྲུལ་སྐུ་གསུང་རབ་ལ་ཟེར་གྱི་ཡོད་མ་གཏོགས་བྲག་དཀར་སྤྲུལ་སྐུ་ལ་ཟེར་གྱི་མེད་ད། ཡང་བསྐྱར་ངའི་མཆན་སྔོན་མ་དེ་ལ་གཅིག་གཟིགས་དང་། ངས་མི་ཕམ་རིན་པོ་ཆེའི་བྲག་དཀར་བརྒལ་ལན་ཐེངས་གཉིས་ལ་ཞུ་མྱོང་བས་ཆ་རྒྱུས་ཟབ། བརྒལ་ལན་ཉིན་བྱེད་སྣང་བ་ཟེར་བ་དེ་རེད། དེའི་ནང་། དེས་ན་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེ་ཆེན་པོ་ནས་བློ་གྲོས་གསལ་བར་གྲགས་པ་ཏྲེ་བོ་བྲག་དཀར་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་ནས་ཟབ་མོ་དབུ་མའི་གནད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་བྱ་བ། རང་ལུགས་ཀྱི་རྗེས་བརྗོད་གསལ་བར་མཛད་པའི་གཞུང་ལེགས་པ་ཞིག་བྲིས་ཏེ་བདག་ལ་བརྒལ་བའི་ཕྱིར་འབྱོར་བ་ལ་ཞེས་སོགས་གསུངས་འདུག གང་ལྟར་བྲག་དཀར་སྤྲུལ་སྐུའི་སྐོར་མང་པོ་ཞིག་གསུངས་འདུག་པས་བློ་སྐྱེད་བྱུང་། ཐུགས་རྗེ་ཆེ།
འ་རོགས་ཚོ། བྲག་དཀར་ཟེར་ན། བྲག་དཀར་སྤྲལ་རྫོང་རེད་། རྒན་རྒྱུའི་བྲག་དཀར་རེད། ལོ་བའི་བྲག་དཀར་རེད། ཡང་ན་བྲག་དཀར་གཞན་དག་ཅིག་རེད།།
དྲྭ་གྲོགས་སེང་གེ་ལགས་་་་་་་་་་་་་་ཁ་སྔོན་དྲྭ་གྲོགས་ཀླུ་སྨྱོན་གྱིས་རེ་བ་བྱེད་པ་ལྟར་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་ཀྱི་རྣམ་ཐར་འབུད་ཙམ་ཞིག་དང་འཁྲུངས་འདས་ཀྱི་ལོ་སློབ་མ་གལ་ཆེ་བ་དུ་བྱུང་སོགས་ཉན་རྒྱུར་སྒུག་ནས་ཡོད་ལགས་་་་་་་་་་ ཐུགས་རྗེ་ཆེ་་་་་་་་་་་་
ཀླུ་སྨྱོན་དང་རིན་ཆེན་རྣམ་གཉིས་ལ་ཞུ་རྒྱུར། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ནི་༡༨༨༨ལོར་འཁྲུངས་ཤིང་། དགུང་ལོ་ཞེ་བདུན་པ་༡༩༣༥ལ་མྱ་ངན་ལས་འདས། ཁོང་ནི་བྲག་དཀར་སྤྲུལ་སྐུའི་ཐུགས་སྲས་བུ་ཆེན་འགྲན་ཟླ་བྲལ་བ་ཞིག་ཡིན། གུས་པས་བླ་མ་རྣམས་ཀྱི་ཞལ་རྒྱུན་ལས་ཁོང་གི་རྣམ་ཐར་མདོ་ཙམ་ཐོས་པ་མ་གཏོགས་ཡིག་ཐོག་ཏུ་ཡོད་པའི་རྣམ་ཐར་ཞིབ་མོ་ཞིག་ད་བར་འཇལ་མ་བྱུང་ཞིང་། ཧ་ལམ་ཁོང་ལ་ཡིག་ཐོག་ཏུ་ཡོད་པའི་རྣམ་ཐར་རྒྱས་པ་ཟེར་བ་ཞིག་མེད་པ་འདྲ། སྔར་མགོ་ལོག་སྙན་མོ་དགོན་པ་འདི་རྙིང་དགོན་ཞིག་ཡིན་ཀྱང་། དབང་ཆེན་དཔོན་པོས་ཀཿཐོག་རྨོག་སྨྱོན་གདན་དྲངས་པ་ལ། རྨོག་སྨྱོན་གྱིས་བྱོན་པར་ཞལ་གྱིས་བཞེས་ནས་དུས་ལ་བབ་ཚེ་མ་བྱོན་པས། དབང་ཆེན་དཔོན་པོ་ཐུགས་ཁྲོས་ཏེ་ངའི་ཚོད་ལ་བལྟ་གི་ཡོད་པ་རེད་ཅེས་བྲག་དཀར་སྤྲུལ་སྐུ་རིན་པོ་གདན་དྲངས་པ་དང་དགོན་མགོ་དགེ་ལུགས་ལ་ཕུལ། བྲག་དཀར་སྤྲུལ་སྐུའི་ཕྱག་ཕྱིར་ཨ་མདོ་དགེ་བཤེས་ཀྱང་ཕེབས་ཡོད་པ་བྲག་དཀར་སྤྲུལ་སྐུའི་བཀའ་ལྟར་སྙན་དགོན་དུ་གཏན་བཞུགས་གནང་། དེ་རྗེས་མགོ་ལོག་ལ་མྰ་ཇག་གིས་གནོད་འཚེ་ཚབས་ཆེན་ཐེབས་སྐབས། མགོ་ལོག་ཁག་གསུམ་གྱི་བླ་དཔོན་ཡོངས་རྫོགས་ཀྱིས་གཞུང་ས་དགའ་ལྡན་ཕོ་བྲང་ལ་སྙན་གསན་དང་སྐྱབས་ཞུའི་ཡི་གེ་ཨ་མདོ་དགེ་བཤེས་དང་༧གོང་ས་བཅུ་གསུམ་པ་རྣམ་གཉིས་ཐུགས་རྒྱུས་ཟབ་པའི་ངོ་ཆེན་བརྒྱུད་ནས་ཕུལ་བ་དང་། དགེ་བཤེས་རིན་པོ་ཆེས་མགོ་ལོག་གི་བླ་དཔོན་རྣམས་ཀྱི་ཞུ་ཡིག་བསྣམས་ཏེ་ལྷ་ལྡན་དུ་ཕེབས་ནས། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་བོད་གཞུང་ལ་ཞུ་ཡིག་དང་སྙན་གསལ་ཞིབ་གསལ་ཕུལ་བས། གཞུང་ནས་མགོ་ལོག་ལ་གཟིགས་བཟོས་ཆེན་པོ་ཐོབ་པ་སོགས་མགོ་ལོག་གི་ལོ་རྒྱུས་ཁག་ཏུ་ཡོད་པ་ལྟར་ཡིན། ཁོང་གཞུང་ས་དགའ་ལྡན་ཕོ་བྲང་དང་མགོ་ལོག་ཁག་གསུམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བཟོ་མཁན་དེ་ཡིན་པས་ཕྱག་རྗེས་ཤིན་ཏུ་ཆེ། འོན་ཀྱང་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ནང་དུ། འདི་བས་མདོ་དབུས་གཉིས་སུ་ཐུགས་གཉེར་གྱིས་མཁས་པར་གྱུར། སློབ་སུ་བླ་སྨན་པ་མཁྱེན་རབ་ནོར་བུ་སོགས་གྲགས་ཅན་མང་ཟེར་བ་ཙམ་ལས། ཁོང་གི་མཛད་རྗེས་ཀྱི་ཟུར་ཙམ་ཡང་གླེང་མེད་པའི་རྒྱུ་མཚན་ཅི་ཡིན་མི་ཤེས། ད་དུང་བདག་གི་བླ་མ་རིན་པོ་ཆེའི་ཞལ་རྒྱུན་ལ། ཁོང་གིས་འཇམ་དཔལ་ལ་བསྟོད་པ་ཤོ་ལོ་ཀ་གཅིག་བྲིས་པ་དེའི་ཐོག་ནས་བྲག་དཀར་རིན་པོ་ཆེས་སློབ་ཚོགས་ཡོངས་ལ་ཟླ་གཅིག་གི་ཆོས་ཁྲིད་མཛད་ཚུལ་ཞིག་ཀྱང་གསུངས་རྒྱུ་ཡོད། ངའི་བླ་མ་ནི་ཆོས་བརྒྱུད་རྙིང་མ་ཀཿཐོག་པ་ཞིག་ཡིན་ཡང་། བྲག་དཀར་རིན་པོ་ཆེའི་ཞལ་སློབ་མཁས་དབང་རྒན་པ་ཞིག་ཡིན་པས་ཚད་མ་ཡིན་སྙམ། འདི་ལ་ལོ་རྒྱུས་མང་ཡང་འབྲི་ཚོད་མི་འདུག་པས་བཞག་པ་ཡིན། དགོངས་ཚོམ་མེད་པར་ཞུ།
སེང་རལ་ལགས་ནས་འདི་ལྟར་ཨ་མདོ་དགེ་བཤེས་དེའི་རྣམ་ཐར་ཟུར་ཙམ་ཞིག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས། འདི་ལྟར་ས་སྟེང་གི་སྒྲོན་མེ་གང་མང་ཞིག་གི་རྣམ་ཐར་ལོ་རྒྱུས་དག་མུན་པའི་ཁུང་བུར་སྟོར་འགྲོ་གིན་ཡོད་པ་ལ་སེམས་གཏིང་ནས་ཟུག་གཟེར་ཆེ་གི་ཡ།
དྲྭ་གྲོགས་སེང་གེ་ལགས་ཐུགས་རྗེ་ཆེ་་་་་་་་་་་་་་་་་
ཆོས་གྲོགས་སེང་གེ་རལ་པ་ཅན་སོགས་གཞན་སྟོང་སྨྲ་བ་རྣམས་ལ།
ངེད་ནས་ཉིན་གཉིས་རིང་གཞན་སྟོང་གི་བསྟན་བཅོས་རྣམས་རགས་རིམ་ཙམ་ཞིག་བཀླགས་ཏེ། ཟིན་ཐོ་ཞིག་བཏབ་སྟེ་དཔྱད་གཞིའི་ཚུལ་དུ་ཁྱེད་རྣམས་ཀྱི་སྤྱན་སྔར་འབུལ་རྒྱུ་ཡིན་ལགས་ན། ཁྱེད་རྣམས་ནས་དགོངས་འཆར་དང་ལེགས་བཅོས་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། ད་དུང་ལྷོད་དལ་བྱུང་མཚམས་སུ་ཞིབ་ཚགས་ཤིག་བཀླག་རྒྱུ་ཡིན།
༼གཞན་སྟོང་དབུ་མ་ཆེན་མོའི་སྐོར་བཞུགས་སོ༽
གཞན་སྟོང་གི་སྐོར་ལ་ས་བཅད་བཅུར་ཕྱེ་སྟེ་བཤད་པར་བྱའོ། །
དང་པོ་གཞན་སྟོང་གི་ངོ་བོ།
གཉིས་པ་གཞན་སྟོང་གི་སྒྲ་བཤད།
གསུམ་པ་ལུང་གི་ཁུངས།
བཞི་པ་གཞན་སྟོང་གི་ལྟ་བ་རྣམ་དག་ཡིན་པར་མ་ཟད་ངེས་དོན་མཐར་ཐུག་ཡིན་ཚུལ།
ལྔ་པ་རང་སྟོང་དང་གཞན་སྟོང་གི་ཁྱད་པར།
དྲུག་པ་རང་སྟོང་དང་གཞན་སྟོང་སྨྲ་བས་བདེན་གཉིས་ཀྱི་འཇོག་ཚུལ།
བདུན་པ་གཞན་སྟོང་སྨྲ་བ་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ།
བརྒྱད་པ་གཞན་སྟོང་ཉམས་སུ་བཞེས་མཁན་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་གཞུང་རགས་རིམ།
དགུ་པ་གཞན་སྟོང་གི་སྐོར་གྱི་ཕྱག་དཔེ་ངོ་སྤྲོད་རགས་རིམ།
བཅུ་པ་རང་སྟོང་སྨྲ་བའམ་ཆོས་བརྒྱུད་གཞན་གྱིས་དེ་ལ་གཟིགས་ཚུལ་དང་དགག་པ་བྱེད་ཚུལ།
༼དང་པོ་གཞན་སྟོང་གི་ངོ་བོ་ནི༽
གཞན་སྟོང་ནི། དོན་དམ་བདེན་པ་སྒྲུབ་པ་རང་དབང་བའི་རྟག་པ་ཡིན་པར་འདོད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་ཐེར་ཟུག་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ་རང་ཆས་སུ་ཡོད་པ་ཞིག་ལ་འདོད་དོ། །དོགས་གཅོད། དྲི་བ། སྟོང་ཉིད་བདེན་པར་གྲུབ་པའི་རང་དབང་བའི་རྟག་པ་ཡིན་ཚུལ་ཇི་ལྟར་ཡིན་ཞེ་ན། ལན། སྟོང་ཉིད་ཡོངས་གྲུབ་ཀུན་ལ་ཁྱབ་ཅིང་རྟག་བརྟན་འགྱུར་བ་མེད་པ་ལ་“བདེན་གྲུབ་ཀྱི་ཐ་སྙད་བྱེད་ཀྱི”རང་སྟོང་སྨྲ་བའི་འདོད་པ་ལྟར་གྱི་བདེན་པར་གྲུབ་ལུགས་དེ་མིན་པར་འདོད་དོ། །རང་སྟོང་ཁྱེད་འདོད་པ་ལྟར་གྱི་བདེན་གྲུབ་དེ་ཕར་རྟོག་པས་བཏགས་པ་ཙམ་མ་ཡིན་པས་རང་ངོས་ནས་གྲུབ་པ་ལ་འདོད་པ་གང་ཞིག ངེད་ཀྱི་ཡོངས་གྲུབ་རྟོག་པས་བཏགས་པ་ཙམ་མ་ཡིན། རང་ངོས་ནས་གྲུབ་པ་དང་མ་གྲུབ་པའི་མཐའ་གཉིས་ལས་འདས་པའི་ཕྱིར། ཞེས་གསུངས། ཡོངས་གྲུབ་ཡེ་འདོད་མ་ནས་རྟག་བརྟན་འགྱུར་བ་མེད་པ་ཕྱོགས་དང་དུས་དང་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་ཟིན་པས། དེ་རྟོགས་པའི་ཡེ་ཤེས་དང་ཡོངས་གྲུབ་གཉིས་ཕར་བལྟ་དང་ཚུར་བལྟའི་རྣམ་པ་ཅན་མ་ཡིན་པར། རྟོགས་བྱ་དང་རྟོགས་བྱེད་བལྟ་བྱ་དང་ལྟ་བྱེད་ཐ་མི་དད་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་པ་དེ་ལ་ངོ་བོ་འགྱུར་བ་མེད་པའི་ཕྱིར་བདེན་གྲུབ་ཅེས་བྱ་ཡི། བལྟ་བྱ་དང་ལྟ་བྱེད་ཐ་དད་གཞིར་བཞག་ནས་དེ་རྟོག་བཏགས་ཙམ་མ་ཡིན་པའི་རང་ངོས་ནས་གྲུབ་པར་འཛིན་པ་ལ་བདེན་འཛིན་དང་། དེ་ལྟར་གྲུབ་པའི་བདེན་འཛིན་འདིར་མི་འདོད་པས་རང་སྟོང་པས་སྐྱོན་འཕེན་པ་དེ་དག་ནམ་མཁའ་ལ་རལ་གྲི་གཡུག་པ་ལྟར་གནོད་པའི་ཕྱོགས་ཙམ་དུ་མི་འོང་བའི་ཕྱིར། ཞེས་གསུངས།
༼གཉིས་པ་གཞན་སྟོང་གི་སྒྲ་བཤད་ནི༽
ཡོངས་གྲུབ་བདེ་གཤེགས་སྙིང་པོ་ནི་རང་གི་ངོ་བོས་མི་སྟོང་ལ། གཞན་ཀུན་རྫོབ་ཀྱིས་གདོད་ནས་སྟོང་པས་ན་གཞན་སྟོང་ཞེས་བྱ་སྟེ། ཏཱུ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་ཞེས་བྱ་བ་༡༨ལས། དེས་ན་ཡོངས་གྲུབ་བདེ་གཤེགས་སྙིང་པོ་དེ་ནི་རང་གི་ངོ་བོས་ནམ་ཡང་མི་སྟོང་ལ། གཞན་ཀུན་རྫོབ་ཀྱིས་གདོད་ནས་སྟོང་པའི་ཕྱིར། ཡོངས་གྲུབ་དོན་དམ་བདེན་པ་དེ་ནི་གཞན་སྟོང་ཡིན་གྱི་རང་སྟོན་མིན་ནོ། །དེའི་ཕྱིར་ཀུན་རྫོབ་རྣམས་གཞན་གྱི་ངོ་བོས་སྟོང་པའི་སྟེང་དུ་རང་གི་ངོ་བོས་ཀྱང་སྟོང་པ་དང་དོན་དམ་གཞན་གྱི་ངོ་བོ་ཁོ་ནས་སྟོང་པའི་ཕྱིར་ཚུལ་འདི་སྨྲ་བ་ནི་གཞན་སྟོང་དབུ་མའོ། །ཞེས་གསུངས། གཞན་ཡང་ཏཱུ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་༩ལས། རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད་པ་ཡིན་ལ། གཞན་སྟོང་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་པས་རང་སྟོང་ཡིན་ཡང་། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ་གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དོན་དམ་ནི་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས་ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང་། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཞེས་གསུངས།
༼གསུམ་པ་གཞན་སྟོང་སྟོན་པའི་ལུང་གི་ཁུངས་ནི༽
དང་པོ་མདོའི་ལུང་ནི། མདོ་སྡེ་དགོངས་པ་ངེས་འགྲེལ། ཀ་ཏྱ་ཡ་ནའི་གདམས་ངག་གི་མདོ་དང་། མདོ་སྡེ་ཆེན་པོ་སྟོང་པ་ཉིད་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང་། བྱམས་པས་ཞུས་པའི་ལེའུ་དང་། ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་པའི་གནས་སྐབས་མང་པོ་དང་། མདོ་བཞི་སོགས་ཐ་མའི་མདོ་མང་པོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། རྔ་བོ་ཆེའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང་། དཔལ་ཕྲེང་གི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོ་དང་། དཀོན་མཆོག་སྤྲིན་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ལ་སོགས་སོ། །བསྟན་བཅོས་ཀྱི་ཁུངས་ནི། མངོན་རྟོགས་རྒྱན་དུ་མདོ་ཙམ་གསུངས། མདོ་སྡེ་རྒྱན་དང་། དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་དུ་གསལ་ཞིང་རྒྱས་པར་བཤད། སྙིང་པོའི་མདོའི་དོན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཞིབ་མོ་དེ་རྒྱུད་བླ་མར་གཏན་ལ་ཕབ་བོ། །གཞན་སྟོང་གི་དབུ་མ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ལ་གསལ་ཞིང་དབྱིག་གཉེན་གྱི་ཉི་ཁྲིའི་འགྲེལ་པ་གནོད་འཇོམས་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ན་ཤིན་ཏུ་གསལ་ཞིང་རྒྱས་པར་བཤད་དོ། །ཏཱུ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་༡༠ལ་གཞི་བྱས།
༼བཞི་པ་གཞན་སྟོང་གི་ལྟ་བ་རྣམ་དག་ཡིན་པར་མ་ཟད་ངེས་དོན་མཐར་ཐུག་ཏུ་ཡིན་ཚུལ་ནི༽
སྔ་འགྱུར་བ་རྣམས་ཀྱི་ཀུན་མཁྱེན་དུ་སྨྲ་བ་འཇུ་མི་ཕམ་པའི་གཞན་སྟོང་ཁས་ལེན་སེངྒེའི་ང་རོར། མི་མཆོག་སྟོན་པ་ཤཱཀྱ་སེངྒེ་ཡིས། །མི་སྙེངས་འཁོར་ལ་སེངྒེའི་སྒྲ་བསྒྲགས་པའི། །ངེས་དོན་སྙིང་པོའི་མཐར་ཐུག་འདི་ཁོ་ནར། །ངེས་པ་རྙེད་རྣམས་མི་ལྡོག་ལུང་བསྟན་འཚེངས། །གཞན་ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་“གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར”ལས། དེར་མ་ཟད་ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་གནས་ལུགས་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྐྱེ་འཕགས་རྣམས་ཀྱི་མཐར་ཐུག་དགོངས་པ་ནི་འདི་ཁོ་ནར་འབབ་དགོས་སོ། །ཞེས་གསུངས།
༼ལྔ་པ་རང་སྟོང་དང་གཞན་སྟོང་གི་ཁྱད་པར་ནི༽
ཏཱུ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་༩ལས། རང་སྟོང་གི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ཞིང་བདེན་པར་མེད་པའི་ཕྱིར་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད་པ་ཡིན་ལ། གཞན་སྟོང་ནི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་མེད་རང་གི་ངོ་བོས་སྟོང་པས་རང་སྟོང་ཡིན་ཡང་། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ་གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དོན་དམ་ན་གཞན་སྟོང་ཡིན་ནོ། །ཞེས་བཞེད་པའི་དོན་ཡིན་པས་ཀུན་རྫོབ་རང་སྟོང་ཡིན་པ་ལ་མཐུན་ཡང་། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡིན་ནོ། །ཞེས་གསུངས།
༼དྲུག་པ་རང་སྟོང་དང་གཞན་སྟོང་སྨྲ་བའི་བདེན་གཉིས་ཀྱི་འཇོག་ཚུལ་ནི༽
རང་སྟོང་སྨྲ་བ་དང་། གཞན་སྟོང་སྨྲ་བ་གཉིས་ཀྱི་ཀུན་རྫོབ་དང་དོན་དམ་འཇོག་ཚུལ་གྱི་ཁྱད་པར་ནི། རང་སྟོང་པ་རྣམས་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ལྟར་སྣང་བ་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་རང་བཞིན་མེད་པ་གང་ཡིན་པ་དེ་ནི་དོན་དམ་བདེན་པར་འཇོག་སྟེ། དོན་དམ་དེ་ཡང་སྤྲོས་པ་ཐམས་ཅད་དང་བྲལ་ཙམ་ལ་འཇོག “གཞན་སྟོང་པ”རྣམས་ནི་དངོས་པོ་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གི་ཡེ་ཤེས་རང་རིག་པ་ནི་དོན་དམ་དུ་འཇོག་པས། དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པས་གཟུང་འཛིན་གཉིས་ཀྱི་སྤྲོས་པས་དབེན་པའི་རིག་པ་ལ་འཇོག སྤྲོས་པ་དང་བྲལ་ཙམ་ནམ་མཁའ་ལྟ་བུ་ནི་བེམ་སྟོང་དང་ཆད་སྟོང་ཡིན་པར་འདོད། དེས་ན་རང་སྟོང་པ་རྣམས་ཀྱི་དོན་དམ་མེད་དགག་དང་དངོས་མེད་ལ་འཇོག གཞན་སྟོང་པ་རྣམས་ཀྱི་དོན་དམ་དངོས་པོ་ཡིན་པ་རྒྱུ་རྐྱེན་གྱིས་གསར་དུ་འདུས་པ་མ་ཡིན་པ། སྔ་ཕྱི་ཐམས་ཅད་འགྱུར་བ་མེད་ལ་རྟག་བརྟན་གཡུང་དྲུང་ཡིན་པའི་ཕྱིར་ཆད་མཐར་མི་འགྱུར། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རྟག་པའི་མཐར་མི་འགྱུར་བ་ཚིག་གིས་བརྗོད་པའི་ཡུལ་ལས་འདས་ཤིང་། རྣམ་རྟོག་གིས་འདི་ལྟ་བུའོ་ཞེས་བཞག་ཏུ་མེད་པས་རྟོག་གེའི་ཡུལ་ལས་འདས་པ་དང་། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཡིན་པར་བཞེད་དོ། །ཞེས་ཏཱུ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་༡༠་ལས་གསུངས་སོ། །
༼བདུན་པ་གཞན་སྟོང་སྨྲ་བ་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཚུལ་ནི༽
གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང་། བར་པ་གནས་སྐབས་ཀྱི་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་སྟོན་པར་བཞེད། རང་སྟོང་སྨྲ་བ་རྣམས་ནི། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དང་། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེས་དོན་མཐར་ཐུག ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གནས་སྐབས་ཀྱི་ངེས་དོན་ཏེ་དྲང་དོན་ཡིན་པར་བཞེད་དོ། །རྗེ་བཙུན་ཏཱུ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་ཤོག་གྲངས་༢ལ་གཞི་བྱས།
༼བརྒྱད་པ་གཞན་སྟོང་ཉམས་སུ་བཞེས་པའི་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་གཞུང་རགས་རིམ་ནི༽
ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དྲི་མེད་འོད་ཟེར། (དེ་གསུམ་ལ་གཞན་སྟོང་གི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གསུམ་དུ་གྲགས)ཟི་ལུང་པཎ་ཆེན། ཏཱ་ར་ནཱ་ཐ། བསྟན་པའི་ཉིན་བྱེད་སོགས། རྙིང་ཕྱོགས་ནས་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་དང་། འཇུ་མི་ཕམ་རིན་པོ་ཆེ། དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ། ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་སོགས་དང་། ས་སྐྱའི་ཕྱོགས་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་དང་། བཀའ་བརྒྱུད་ཕྱོགས་ནས་(གོང་དུ་བཤད་པའི) ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་དང་། ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། དེང་གི་བཀའ་བརྒྱུད་ཀྱི་གྲུབ་ཐོབ་ཆེན་པོ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ། (ཁོང་གི་དབྱིན་སྐད་ཐོག་བཞུགས་པའི་ཕྱག་དཔེ་རྣམས་སུ་གཞན་སྟོང་སྐོར་ཤུགས་ཆེན་པོ་གསུངས་འདུག) གཞན་སྟོང་སྨྲ་བ་རྣམས་ཀྱིས་དགེ་ལྡན་པའི་ཕྱོགས་ཀྱི་འབྲས་སྤུངས་འཇམ་དབྱངས་ཆོས་རྗེ་དང་། གུང་རུ་རྒྱལ་མཚན་བཟང་པོ། པཎ་ཆེན་བློ་བཟང་ཆོས་རྒྱན། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་སོགས་ཀྱང་གཞན་སྟོང་སྨྲ་བའི་གྲས་སུ་འཇོམ་མོད་ཀྱང་། དེ་ནི་མཐའ་གཅིག་ཏུ་མ་ངེས་པས་དཔྱད་གཞི་ཙམ་དུ་བཀོད་དོ། །ལྷག་པར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ཕལ་ཆེར་བདག་གིས་མཇལ་ཞིང་། ཁྱད་པར་ལྟ་བའི་སྐོར་རྣམས་ཞིབ་མཇལ་བྱས་ཀྱང་གཞན་སྟོང་གི་དྲི་ཙམ་ཡང་མི་སྣང་བ་མ་ཟད། ཀློང་རྡོལ་བླ་མས་རྗེའི་ལྟ་བ་རྣམ་པར་དག་པ་རྟོགས་མཁན་གྱི་སྐྱེས་ཆེན་གྱི་གྲས་སུ་བཞག་འདུག འཇམ་དབྱངས་ཆོས་རྗེ་སོགས་གཞན་རྣམས་ནི་ཞུ་བར་མི་སྤོབས་པས་བཏང་སྙོམས་སུ་བཞག་གོ།
༼དགུ་པ་གཞན་སྟོང་གི་སྐོར་གྱི་ཕྱག་དཔེ་ངོ་སྤྲོད་རགས་རིམ་ནི༽
གཞན་སྟོང་སྟོན་པའི་བོད་གཞུང་ཆེ་ཤོས་ནི་ཀུན་མཁྱེན་དོལ་པོ་བའི་རི་ཆོས་ངེས་དོན་རྒྱ་མཚོ་དང་། ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་མཛོད་གཉིས་ཡིན། ཇོ་ནང་རང་གི་ཕྱོགས་ནས་ཀུན་མཁྱེན་ཀུན་མཁྱེན་དོལ་པོ་པའི་བདེན་གཉིས་གསལ་བའི་ཉི་མ། ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་དང་། ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་པར་འབྱེད་པ་ངེས་པའི་དོན་གྱི་འཇུག་ངོགས། ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར། རྙིང་ཕྱོགས་ནས་འཇུ་མི་ཕམ་རིན་པོ་ཆེའི་གཞན་སྟོང་ཁས་ལན་སེངྒེའི་ང་རོ་དང་། དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གྱི་ངེས་དོན་དབུ་མ་ཆེན་པོའི་ཚུལ་རྣམ་པར་ངེས་པའི་གཏམ་བདེ་གཤེགས་སྙིང་པོའི་རྒྱན། ཡང་དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབང་མཆོག་གྲུབ་གྱི་གྲུབ་མཐའ་ཆེན་པོ་བཞིའི་རྣམ་པར་བཞག་པ་མདོ་ཙམ་ཕྱེ་བ་ངེས་དོན་དགོངས་པ་གསལ་བྱེད། མཁན་ཆེན་གཞན་ཕན་མཐའ་ཡས་ཀྱི་ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་བཅས་དང་། (འོག་མ་འདི་གཉིས་ཀྱི་ནང་དུ་ངེས་དོན་མཐར་ཐུག་པ་གཞན་སྟོང་ཡིན་ཚུལ་མང་དུ་གསུངས་ཡོད) ས་སྐྱའི་ཕྱོགས་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་དང་། བཀའ་བརྒྱུད་ཕྱོགས་ནས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་དང་། དགེ་ལྡན་པའི་ཕྱོགས་ནས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མདོར་བསྡུས་མཁས་པ་དགྱེས་པའི་གླུ་སོགས་སོ། །
༼བཅུ་པ་དེ་ལ་རང་སྟོང་སྨྲ་བའམ་ཆོས་བརྒྱུད་གཞན་གྱིས་གཟིགས་ཚུལ་དང་དགག་པ་བྱེད་ཚུལ་ནི༽
གཞན་སྟོང་ངམ། གཞན་སྟོང་དབུ་མ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་ནི། དོན་དམ་བདེན་པ་སྒྲུབ་པ་རང་དབང་བའི་རྟག་པ་ཡིན་པར་འདོད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་ཐེར་ཟུག་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ་རང་ཆས་སུ་ཡོད་པ་ཞིག་ལ་འདོད་དོ། །འདི་ནི་གངས་ཅན་གྱི་མཁས་པའི་ཡང་རྩེ་རྣམས་ཀྱིས་ལུང་རིགས་བརྒྱ་ཕྲག་གིས་འགོག་པར་མཛད་དེ། བུ་སྟོན་ཐམས་ཅད་མཁྱེན་པས་བདེ་བར་གཤེགས་སྙིང་པོ་གསལ་ཞིང་མཛེས་པའི་རྒྱན་ཞེས་བྱ་བ་དང༌། ཐུགས་སྲས་ལོ་ཙཱ་བས་བདེ་གཤེགས་སྙིང་པོའི་མཛེས་རྒྱན་གྱི་རྒྱན་ཞེས་བྱ་བ་དང༌། སྡེ་སྣོད་འཛིན་པ་བརྩོན་འགྲུས་དཔལ་གྱིས་བདེར་གཤེགས་སྙིང་པོ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་དང༌། ཡར་འབྲོག་པ་རིན་ཆེན་ཏོག་གིས་མཉམ་མེད་དབང་པོའི་རྡོ་རྗེ་དང༌། ཡེ་ཤེས་ཐོག་ཏོག་དང༌། རྡོ་རྗེའི་ཐོག་ཆེན་དང༌། རྡོ་རྗེའི་ཐོ་བ་བྱ་བའི་དགག་ཡིག་གི་བསྟན་བཅོས་མང་པོ་མཛད་ཅིང༌། ས་སྐྱའི་མཁས་པ་གནས་དྲུག་པ་དགེ་འདུན་དཔལ་དང༌། བདེ་བ་ཅན་གྱི་སྡེ་སྣོད་འཛིན་པ་རིན་ཆེན་གཞོན་ནུ་དང༌། བཀའ་བཞི་པ་རིན་ཆེན་རྡོ་རྗེ་རྣམས་ཀྱིས་ཀྱང་བཀག མཉམ་མེད་རེད་མདའ་བ་ཆེན་པོ་དང༌། ཀུན་མཁྱེན་ཙོང་ཁ་པ་ཆེན་པོའི་གསུང་རབ་རྣམས་སུའང་ལྟ་བ་དེ་འགོག་པའི་ལུང་རིགས་མང་དུ་བཀའ་བསྩལ་པར་(རྗེ་ཙོང་ཁ་པ་ཆེན་པོས་གཞན་སྟོང་འགོག་པའི་གཞུང་ནི། རྗེའི་དགོངས་པ་རབ་གསལ་ལས། དབུ་མ་པར་འདོད་པ་ཁ་ཅིག་གིས་དངོས་པོ་བདེན་གྲུབ་ཁེགས་པའི་ལུགས་སུ་བྱས་ནས། བདེན་སྟོང་བདེན་གྲུབ་ཏུ་འདོད་པ་དང། ཁ་ཅིག་གིས་ཆོས་ཉིད་སྒྲུབ་པ་རང་དབང་བ་བདེན་གྲུབ་ཏུ་འདོད་པའི་སྔ་མ་ནི། “སྔ་མ་བདེན་སྟོང་བདེན་གྲུབ་ཏུ་འདོད་པ་ནི” བདེན་ཚད་ལེགས་པོར་མ་ཟིན་པར་རགས་པ་ཅིག་ལས་མ་ཁེགས་པར་འདུག་པའི་སྐྱོན་དུ་སྣང་ལ། “ཆོས་ཉིད་སྒྲུབ་པ་རང་དབང་བ་བདེན་གྲུབ་ཏུ་འདོད་པ་ནི”ཕྱི་མ་ནི་དངོས་པོ་བདེན་པ་བཀག་པར་རློམ་ཡང། ཚད་མས་ཁེགས་པར་མི་སྣང་གི་དངོས་པོ་ལ་སྐུར་འདེབས་ཀྱི་ལྟ་བར་འདུག་པས། དེ་དག་གིས་མ་ངེས་པ་མེད་དོ། །ཞེས་པ་འདི་ཡིན་ནམ་སྙམ། རྗེའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། དཔེའི་སྐབས་སུ་ཡང་ནམ་མཁའ་གཟུགས་མེད་པ་ཙམ་ལ་འཇོག་པ་བཞིན་དུ་བདག་མེད་འཇོག་པར་གསུངས་པས། ཆོས་ཅན་འདུས་བྱས་ལ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་སྤྲོས་པ་མེད་དགག་ལ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་འཇོག་པར་ཤིན་ཏུ་གསལ་བའི་ཕྱིར། མདོ་འདིའི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པ་ངེས་པའི་དོན་དུ་འདོད་བཞིན་དུ་འགྱུར་མེད་ཡོངས་གྲུབ་དགག་བྱ་བཅད་ཙམ་གྱི་བཅད་ལྡོག་ནས་མི་འཇོག་པར་བློའི་ཡུལ་དུ་འཆར་བ་དགག་བྱ་བཅད་པ་ལ་མི་ལྟོས་པར་སྒྲུབ་པ་རང་དབང་བ་ལ་འདོད་པ་ནི་འགལ་བའོ། །ཡོངས་གྲུབ་འདི་ནི་ཆོས་རྣམས་ཀྱི་བདག་གི་ངོ་བོ་རྣམ་པར་བཅད་པ་ཙམ་ཡིན་པས་ཆོས་རྣམས་ཀྱི་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་གསུངས་ཀྱི་དགག་པའི་རང་གི་ངོ་བོ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པས་ངོ་བོ་ཉིད་མེད་པར་མི་བཞེད་པའི་ལུགས་སོ། །ཞེས་པ་འདི་ཡང་གཞན་སྟོང་འགོག་པའི་གཞུང་ཡིན་པར་སྣང)གསུངས་སོ། །ཇོ་ནང་པའམ་གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་ཀྱི་ཁུངས་གཏུགས་ས་ཅི་ཡང་མེད་པར་རང་མལ་ནས་གློ་བུར་དུ་བརྡོལ་བའི་གྲུབ་མཐའ་ཡིན་པར་ལྕང་སྐྱའི་གྲུབ་མཐར་བཤད་དོ། །གཞན་སྟོང་ངམ་ཇོ་མོ་ནང་པར་གྲགས་པའི་ལྟ་བའི་ཁུངས་གཏུག་ས་ནི་གངས་ཏེ་སིའི་འགྲམ་དུ་གྲུབ་ཆེན་ཡུ་མོ་ཞེས་བྱ་བ་ཏིང་ངེ་འཛིན་དང་མངོན་ཤེས་ཐར་ཐོར་ཡོད་པ་ཞིག་བྱུང་འདུག་པ་དེ་ཡིན་པར་གྲགས་ཤིང༌། དེས་དུས་ཀྱི་འཁོར་ལོའི་ཡིག་ཆ་འགའ་ཞིག་ཀྱང་མཛད། ལུགས་དེ་རྒྱས་པར་བྱེད་པ་པོ་ནི་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཡིན་པར་འདུག་ཅིང༌། ཕྱིས་སུ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང༌། ཁྱད་པར་དུ་གྲོལ་མཆོག་གི་སྐྱེ་བ་ཏཱ་ར་ནཱ་ཐས་གཞན་སྟོང་གི་ལྟ་བ་སྐྱར་གསོ་མཛད་ནས་འཆད་སྤེལ་དང་ཡིག་འཇོག་ཀྱང་མང་དུ་བརྩམས། རྟག་བརྟན་ཕུན་ཚོགས་གླིང་བཏབ། ཇོ་ནང་ལུགས་ཀྱི་བསྟན་བཅོས་མང་པོའི་སྤར་བསྒྲུབས་སོ། །ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་དང༌། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་བཅས་ཀྱི་གསུང་ལ་གཞི་བྱས།
དེས་ན་ལྟ་བ་གཞན་སྟོང་བཟང་ངམ་རང་སྟོང་བཟང་། ཡང་ན་གཉིས་ཀ་ཁས་ལེན་དགོས། ཐུའུ་བཀན་ཆོས་ཉི་ལྟར་ན་གཞན་སྟོང་དེ་ལྟ་ངན་ཞིག་ཏུ་གསུངས། དེ་བཞིན་གཞན་སྟོང་ཁས་ལེན་མཁན་ཚོས་ཀྱང་རང་སྟོང་དེ་ལྟ་ངན་ཞིག་ཏུ་ལོས་བཞེད།
ལྟ་བ་མི་ཤེས་ལྟ་བའི་འདྲེས་མཚམས་སུ། །
མགོ་བོ་གདུགས་བཞིན་གདུགས་རེ་བཞིན་དུ་འཁོར། །
ངན་སོང་གཡང་ས་ངན་པར་ཕྱོགས་པའི་འགྲོར། །
ལེགས་པའི་ལམ་སྣེ་ལེགས་པོར་སྟོན་ཅིག་གུ །
བྲག་དཀར་སྐུ་ཕྲེང་གསུམ་པ་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནི། རབ་བྱུང་བཅུ་བཞི་པའི་ས་སྦྲུལ་༡༨༦༦ལོར་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་གྱི་འབྲུག་ལངས་གྲོང་དུ་ཡབ་བསམ་གཏན་ཚེ་རིང་དང༌། ཡུམ་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་དབང་ཕྱུག་ཀྱིས་ངོས་འཛིན་དང་མཆོག་གི་སྤྲུལ་སྐུ་འགྲན་ཟླ་དང་བྲལ་བ་ཞིག་བྱོན་པ་ཐེ་ཚོམ་མི་དགོས་པས་བློ་བདེ་བཀྱིས་གསུང་ནས་གནང་སྦྱིན་དང་བཅས་ཏེ་རང་ཡུལ་དུ་ཕྱར་མངགས་མཛད་པ་བཞིན་ཕ་ཡུལ་འོང་ནས་ཞབས་བརྟན་རེམ་གྲོ་སོགས་རྒྱུ་ཆེན་པོ་སྒྲུབ་ནས་ས་མོ་སྦྲུལ་གྱི་ལོ་སླར་ཡང་གཙང་དུ་དགེ་སྤོང་བློ་བཟང་ཚེ་བརྟན་ཆེད་མངགས་ཀྱས་བས་དེ་དུས་པཎ་ཆེན་ཐམས་ཅད་མཁྱེན་པས་ཕྲན་གྱི་མིང་གི་ཐོག་གོ་མ་སྐུ་མ་ཀྱང་ཆུབ་བཅོས་ཀྱི་རྒྱལ་མཚན་གྱི་སྤྲུལ་བྱ་ཡིན་པ་ངོས་འཛིན་མཛད་དེ་ཕྱག་ཟམ་བཙུག། མིང་ཡང་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞེས་གསོལ་ནས། མཚན་བསྟོད་དང་ཞབས་བརྟན་ཟུང་འབྲེལ་མཛད་ནས་གནང༌། ས་སྦྲུལ་ལོ་སྦྲུལ་ཟླའི་ཚེས་བཅུ་ལ་བཞི་ལུང་མཆོག་སྤྲུལ་དང༌། ནགས་ཚང་མཆོག་སྤྲུལ་གཉིས་ཀྱིས་གཙོ་བོ་མཛད་ནས་བླ་ཁག་དགོན་ཁག་ཧོར་ཁག་ཐམས་ཅད་འཛོམ་ནས་ཁྲི་སྟོན་རྒྱ་ཆེར་བྱས། ཡོངས་འཛིན་རྡོ་རྗེ་འབུམ་ལས་ཡི་གེ་འབྲི་ཀློག་སོགས་བསླབས། དགུང་ལོ་དགུ་པར་བུ་རམ་སྣ་སྤྲུལ་པའི་སྐུ་ཡོངས་འཛིན་བློ་ལྡན་ཆོས་འཕེལ་ལས་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ་དང་སྙན་ངག ཐུན་མོང་མ་ཡིན་པ་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་བཤད་ཁྲིད་གསན། དགུང་ལོ་བཅུ་པ་ཤིང་ཕག་༡༨༧༥ལོར་འཁྲུངས་གསར་སྤྲུལ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་དཔལ་ལྡན་ཚུལ་ཁྲིམས་ལས་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་གསོལ། རྒྱལ་རོང་བླ་མ་དཀོན་མཆོག་ཆོས་འཕེལ་ལས་འཇིགས་བྱེད་ཀྱི་དབང་དང༌། དབྱངས་ཅན་སྒྲ་མདཱུ་དང་རྩ་རླུང་འཕྲུལ་འཁོར་གྱི་ཁྲིད་སོགས་ཞུས། དགུང་ལོ་བཅུ་བདུན་པ་རབ་བྱུང་བཅུ་པའི་ཆུ་ཕག་༡༨༨༣ལོར་དབུས་སུ་བྱོན་ཏེ་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། བླཱུ་གླིང་མཁན་ཆེན་བློ་བཟང་དབང་ཕྱུག་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་གྲུབ་དབང་དྷ་མ་སེངྒེའི་བཀའ་ལུང་བཞིན་མི་ལོ་ལྔའི་རིང་ཆོས་གྲྭ་འགྲིམས་ཏེ་གཞུང་ཆེན་པོད་ལྔ་ལ་གཞན་དྲིངས་མི་འཇོག་པའི་མཁས་པར་བསླབས། རྗེ་འདི་ཉིད་དང་ལྡན་མ་བློ་ཆོས་རིན་པོ་ཆེ་གཉིས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་ཐུགས་ཐོག་ནས་སྐྱོར་རྒྱུ་ཡོད་པའང་གྲགས་ཆེ། གདན་ས་གསུམ་ཀར་རྩོད་མེད་མཁས་པའི་མཚན་སྙན་རྒྱས། དགུང་ལོ་ཉི་ཤུ་པ་མེ་ཁྱི་༡༨༨༦ལོར་དགའ་ལྡན་ཁྲི་ཆེན་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་གྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། དགུང་ལཱུ་ཉེ་གཉིས་པ་ས་བྱི་༡༨༨༨ལོར་སྔ་འགྱུར་བསྟན་པའི་སྲོག་ཤིང་ཤིང་གྲུབ་དབང་དྷརྨ་སེང་གེའི་དྲུང་ནས་ཁམས་ཀྱི་མཁས་པ་ཆེན་པོ་སྔ་འགྱུར་བསྟན་པའི་གཙུག་རྒྱན་འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱལ་མཚན་གྱིས་རྗེ་ཙོང་ཁ་པ་ཆེན་པཱུའི་བསྟན་པར་དག་ཐེར་ཆེད་སྤྱོད་འཇུག་ཤེར་རབ་ལེའུའི་འགྲེལ་པ་ནོར་བུ་ཀེ་ཏ་ཀ་ཞེས་པ་དེ་མཇལ་བས། ཐོག་མར་རྩེད་མཚར་གྱི་ཚུལ་དུ་ཆོས་གྲོགས་སྤྲུལ་སྐུ་འགའ་ཞིག་ལ་ངག་ཐོག་ནས་སུན་འབྱིན་འགའ་ཞིག་འཕངས་པར། གསར་རྙིང་གི་ཆོས་གྲོགས་དེ་ཚོས་དེ་ལྟར་ན་དགག་ཡིག་ཅིག་བྲིས་དང༌། ཞུས་བ་བཞིན་ཟབ་མོ་དབུ་མའི་གནད་ལ་ཅུང་ཟད་བརྗོད་པ་བློ་གསལ་དགའ་བའི་གཏམ་ཞེས་པ་དེ་ཁ་ཐུག་རྩོམ་ནས་སྡེ་དགེར་བསྐུར། དེའི་ལན་འབྱོར་བར་སླར་ཡང་དགག་པ། སླར་ཡང་དེའི་ཡང་ལན་ངན་ཁྲག་ཁུ་བ་འབྱིན་པའི་སྐྱུགས་སྨན་བཅས་པོད་ཆེན་གཅིག་མཛད། དེ་དུས་དགུང་ལོ་ཉེར་གཅིག་ཡིན། སྐབས་དེར་མདོ་དབུས་གང་ས་ནས་དགེ་ལྡན་པའི་མཁས་པ་མང་པོས་དགག་ལན་སྔ་ཕྱི་དུ་མར་མཛད་པའི་ཁྲོད་ནས་དཔལ་རིས་དགེ་བཤེས་བློ་བཟང་རབ་གསལ་དང་རྗེ་འདིའི་དགག་ཡིག་གཉིས་ལ་བསྟོད་བསྔགས་ཆེན་པོ་དང་འབྲེལ་དོན་ལ་ཁས་བླངས་པར་གྲགས། གྲུབ་དབང་དྷརྨ་སེང་གེ་ལས། གསཱུ་རིག་དང་གཅོད་ཀྱི་དབང་འཁྲིད། ྋགོང་ས་ལྔ་པ་ཆེན་པཱུའི་གསང་བ་རྒྱ་ཅན། ཀློང་ཆེན་སྙིང་ཐིག་གི་དབང་ལུང་འཁྲིད་གསུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ཆོས་སྔ་འགྱུར་རྙིང་མའི་ཆོས་སྐོར་ཡང་མང་དུ་གསན་ཏེ། གསར་རྙིང་མཁས་གྲུབ་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པར་གྱུར། དགུང་ལོ་ཉེར་གསུམ་པ་ས་གླང་༡༨༨༩ལོར་གྲུབ་དབང་དྷརྨ་སེང་གེའི་བཀའ་ལུང་ལྟར་མདོ་ཁམས་ཁུལ་དུ་ཕེབས་ཏེ་རྫོགས་ཆེན་མཁན་པོ་གཞན་ཕན་མཐའ་ཡས་ལས་སྤྱོད་འཇུག་ཆེན་པོ་དང༌། རྫ་སེ་རུང་འཇམ་དབྱངས་དབང་ཕྱུག་རབ་བརྟན། ཉ་རྒྱས་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང་སོགས། མདོར་ན་ཁམས་ཁུལ་གྱི་གསར་རྙིང་གི་མཁས་གྲུབ་དུ་མའི་ཞབས་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་དུ་མའི་བཀའ་ལུང་མན་ངག་རྒྱ་ཆེར་མནོས། དགུང་ལོ་ཉེར་བདུན་ནས་བཟུང་བྲག་དཀར་རི་ཁྲོད་མཱ་ལ་ནང་དང༌། ཆོས་དབྱིངས་དགོན། བྲག་མགོ་དགེ་ཐར་ལུང་གི་ཧོར་བྲག་མགོ་ཆོས་སྒར་སོགས་གདན་སར་མཛད་དེ། བྱམས་ཆོས་སྡེ་ལྔ་དང༌། དབུ་མ་རྩ་འཇུག་བཞི་གསུམ། རིགས་ཚོགས། བསྟོད་ཚོགས་སོགས་ཀྱི་འཆད་འཁྲིད་མཛད། གཞན་ཡང༌། དཀར་མཛེས་དང་བྲག་མགོ། མི་ཉག གསེར་ཐར་སོགས་ཁམས་ཀྱི་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང༌། རྗེ་ཡབ་སྲས་ཀྱི་གསུང་འབུམ་གྱིས་མཚོན་བླ་མ་སོ་སཱུའི་གསུང་འབུམ་སྣ་ཚོགས་ཀྱི་ལྗགས་ལུང༌། བདེ་གསང་འཇིགས་གསུམ་དང༌། སྙིང་ཐིག ཞི་གཅོད་དབང་ལུང་འཁྲིད་གསུམ། བྱང་ཆུབ་ལམ་རིམ་ཆེ་ཆུང་བཅས་ཀྱི་བཀའ་ཆོས་རྒྱ་ཆེར་གསུང་ནས་ས་དགེ་རྙིང་གསུམ་དང༌། བཀའ་འབྲུག་བོན་གསུམ་རིས་སུ་མ་བཅད་པའི་སྐལ་ལྡན་གྱི་གདུལ་བྱ་ཤིན་ཏུ་མང་པོ་བསྐྱངས། ཧོར་བྲག་མགོ་ཆོས་སྒར་དུ་བཀའ་པོད་ལྔའི་བཤད་སྒྲ་བཙུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་པོད་ལྔ་པ་འདི་ཕྱིས་སུ་གྲྭ་སར་ཕེབས་ཕ་ར་མཁན་ཆེན་པད་མ་རྒྱལ་མཚན་གྱི་ཡོངས་འཛིན་ཡིནསོགས་མདོ་སྔགས་གཉིས་དང་རིགས་གནས་ལྔ་ལ་མཁས་པའི་དགེ་བཤེས་ཀྱང་དུ་མ་བྱུང༌། རྡོ་འཛི་སྒར་གསུམ་དུ་བཀའ་འགྱུར་གྱི་ལུང་གནང་བ་སོགས་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང༌། རྡོ་གྲུབ་ཆེའི་ལུང་སྟོན་ཞིག་ཏུ། བདུད་སྤྲུལ་དམེ་མོ་ཞིག་གིས་རྐྱེན་བྱས་ཏེ། །རྡོ་འཛི་སྒར་གསུམ་ཐར་བའི་ཞིང་དུ་བཀོད། །ཞེས་ཡོད་པའང་བཤད། རྩོམ་ཆོས་ལེགས་བཤད་ཀྱང༌། བྱང་ཆུབ་ལམ་གྱི་རིམ་པ་ཀུན་ཕན་བདུད་རྩིའི་ཆུ་རྒྱུན། སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར། ཡིག་དྲུག་དང་སྨྱུང་གནས་ཀྱི་ཕན་ཡོན་བཅས་ལེགས་པར་བཤད་པ་གསེར་གྱི་ཕྲེང་བ། བསྡུས་གྲྭ་དང་བློ་རྟགས། གྲུབ་མཐའ། ས་ལམ། ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན་གྱི་དཀའ་བའི་གནས་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་ཀུན་གྱི་ཡང་སྙིང་སྐབས་དང་པོ་ནས་བརྒྱད་པའི་བར། དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་སྒྲོན་མེ། རྣམ་འགྲེལ་མཐའ་དཔྱོད། འདུལ་བའི་སྤྱི་དོན་དཀའ་གནད་རབ་ཏུ་བཤད་པ་འདུལ་གཞུང་ནོར་བུའི་ཕྲེང་བ། ཆོས་མངོན་པར་མཛོད་ཀྱི་རྣམ་བཤད། སྔགས་ཀྱི་ས་ལམ། རྒྱུད་སྡེ་བཞིའི་རྣམ་བཞག་དང༌། ས་ལམ་གྱི་བགྲོད་ཚུལ་ཇི་ལྟར་བ་བཞིན་འཆད་པ་རྒྱུད་སྡེ་ནོར་བུའི་བང་མཛོད། བསྐྱེད་རྫོགས་ཀྱི་ཊིཀ་པོད་གཉིས། སྨན་གཞུང་དང༌། རྩིས་དཀར་ནག ། སྒྲ་འགྲེལ། སྙན་ངག་གི་དཔེར་བརྗོད། བསྟོད་ཚོགས་སྐོར་སོགས་པོད་ཆེན་བཅོ་བཅུ་དགུ་རྩོམ་པར་གནང་ཞིང༌། རིག་གསར་གྱི་རླུང་འཚུབ་སྐབས་པར་ཤིང་ཡོངས་རྫོགས་འཕྲོ་བརླགས་སོང་འདུག་ཀྱང༌། སྟབས་ལེགས་ནས་གསུང་འབུམ་ཆ་ཚང་གཅིག་སྦས་ལྐུངས་བྱས་པས་འབྱུང་བཞིའི་ཀླུང་དུ་མ་ཐིམ་པར་བྲག་དགོན་རི་ཁྲོད་དུ་ཡོད་པ་དེ་ཉིད་དུས་ཕྱིས་ཨ་མེ་རི་ཁའི་ཇེ་སི་མན་གྱིས་རོགས་སྐྱོང་འོག་སི་ཁྲོན་ཁྲན་ཏུའུར་ཚར་གྲངས་བརྒྱ་ཐམ་པ་གློག་པར་བཏབ་སྟེ་འཛམ་གླིང་ཤར་ནུབ་ཀྱི་དཔེ་མཛོད་ཁག་ཏུ་བཞག་གནང་མཛད་འདུག་པ་ལྟར། ཁོ་བོ་ཨ་རི་ཨི་ཌི་ཨ་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ཆེན་རྒན་བྱེད་པའི་སྐབས་IUདཔེ་མཛོད་ཁང་ཆེན་མོ་ནས་གསུང་འབུམ་བཅུ་དགུ་ཆ་ཚང་དངོས་སུ་མཇལ་བྱུང༌། རྗེ་འདིའི་ལོ་རྒྱུས་སྐོར། གངས་ཅན་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་དང༌། གང་ཅན་མཁས་པའི་མིང་མཛོད། མི་རིགས་གནས་རིག་གནས་ཕོ་བྲང་གི་གསུང་འབུམ་དཀར་ཆག པོ་ཏ་ལའི་གསུང་འབུམ་དཀར་ཆག་སོགས་སུ། ལ་ལར་རྗེ་འདིའི་གསུང་འབུམ་པོད་དགུ་དང༌། འགའ་ཞིག་ཏུ་པོད་བཅུ་བདུན་ཟེར་བ་སོགས་སྣ་ཚོགས་བྱུང་བ་ནི་དཔེ་མཛོད་དེ་དང་དེའི་ནང་ཡོད་པའི་གླེགས་བམ་གྱི་གྲངས་ཀ་མཚོན་བྱེད་ཙམ་ལས་གསུང་འབུམ་ཡོངས་རྫོགས་ཀྱི་དཔེ་ཐོ་མཚོན་ནུས་པ་མི་སེམས་སོ།།
ད་དུང་དེབ་དེ་དག་ཏུ་རྗེ་འདི་ཉིད་མི་སྣ་གཉིས་སུ་བྱས་ཏེ་འཁྲུངས་ལོ་འཁྲུངས་ཡུལ་སྐུ་ཚེ་སོགས་ཀྱི་ལོ་རྒྱུས་ཁུངས་ལུང་གང་ཡང་མེད་པར་མང་པོ་བྲིས་འདུག་ལ། ཁམས་སྤྲུལ་བསོད་ནམས་དོན་འགྲུབ་ཟེར་བ་ཞིག་གིས་རྗེ་འདིའི་མཚན་ཡང་ལོག་པར་བྲིས་འདུག་པ་སོགས། ལོ་རྒྱུས་དངོས་ལ་མ་རེག་པ་དུ་མ་མཐོང་ཞིང༌། རྗེ་འདིའི་སྐུ་ཚེ་བྱུང་རིམ་ནང༌། མདའ་ལྔའི་ནུས་པ་སྙིང་ལ་ཞུགས་པའི་དཔོན་ཁག་དང་དགོན་ཁག་དུ་མས་མི་འཚམ་པའི་བྱ་ངན་དུ་མ་སྤེལ་མྱོང་བའི་ཚུལ་རྣམས་སྤྲོ་བར་མི་འདོད་ཅིང་རྣམ་ཐར་རྒྱས་པར་ཤེས་འདོད་ན། དགེ་རྟོག་སྤྲུལ་སྐུ་དང་ར་ཧོ་སྤྲུལ་སྐུས་མཛད་པའི་རྣམ་ཐར་གླེགས་བམ་སྟོད་སྨད་གཉིས་པོད་ཆེན་གཉིས་པ་དེར་གཟིགས་དགོས། རྗེ་འདིའི་གསུང་ལས་སྐྱེས་པའི་སློབ་མ་ཡང༌། སྒོ་མང་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས། དགེ་རྟོག་སྤྲུལ་སྐུ་བློ་གྲོས་འགྱུར་མེད་ཆོས་ཀྱི་དབང་ཕྱུག ། བྲག་མགོ་ཀེའུ་ཚང་སྤྲུལ་སྐུ། སྟོང་སྐོར་ཞབས་དྲུང་སྤྲུལ་སྐུ། རྭ་ཧོ་སྤྲུལ་སྐུ་འཇམ་དབྱངས་གྲུབ་པའི་དབང་པོ། རྒྱ་ཡི་མཁས་པ་ཆེན་པོ་བློ་བཟང་ཆོས་འཕགས་འདིས་ལམ་རིམ་སོགས་རྒྱ་སྐད་དུ་བསྒྱུར་བ་དང་བྱེ་བྲག་བཤད་མཛོད་ཆེན་པོ་བོད་སྐད་དུ་བསྒྱུར་བ་མཛད། སོག་པོ་དགེ་བཤེས་ཆོས་གྲགསད་ཀྱི་བརྡ་དག་མིང་ཚིག་གསལ་བ་བོད་བསྒྱུར་ནགང་མཁན་ཡང་འདི་ཡིནསོགས་བསྟན་འཛིན་སྐྱེས་ཆེན་གྲངས་ལས་འདས་པ་བསྐྱངས། དེ་བཞིན་ཝ་ཤུལ་དཔོན་སོགས་སྟོབས་དང་འབྱོར་པས་ཕྱུག་པའི་ཆེ་རྒུ་དུ་མས་མཚོན་སློབ་ཚོགས་ཤིན་ཏུ་མང་པོ་བསྐྱངས། གསེར་བྲིས་ཀྱི་བཀའ་འགྱུར་དང༌། གསེར་ཟངས་ཀྱི་བྱམས་སྐུ་སོགས་རྟེན་གསུམ་དང་གཙུག་ལག་ཁང་དུ་མ་གསར་བཞེངས་མཛད་པས་མཚོན། བསྟན་ལ་བླ་ན་མེད་པའི་མཛད་རྗེས་རླབས་པོ་ཆེན་བསྐྲུན་ཏེ་མཐར་དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་༡༩༢༩ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། །
མཁྱེན་ཡངས་དོན་གྱི་དགེ་བཤེས་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཆེད་ཞུ།
ཉིད་ཀྱིས་བྲིས་པའི་གཞན་སྟོང་གི་སྐོར་དེ་བཀླགས་ནས་ཉིན་གཉིས་སོང་རུང་། ད་བར་ཉིད་ལ་བསམ་འཆར་གང་ཡང་ཞུ་བའི་གོ་སྐབས་རྙེད་མ་སོང་། ངོ་མས་འཁོར་བའི་ནང་ན་བྲེལ་བ་ཆེ་དྲག་པ་འདི་སྡུག་བསྔལ་ཆེན་པོ་ཞིག་རེད། དེ་ནས་བསམ་འཆར་དངོས་ནི།
དང་པོ། ཉིད་ཀྱིས་“དོན་དམ་བདེན་པ་སྒྲུབ་པ་རང་དབང་བའི་རྟག་པ་ཡིན་པར་འདོད་ཅིང༌།” ཞེས་གསུངས་པའི་སྒྲུབ་པ་རང་དབང་བའི་རྟག་པ་ཟེར་བ་དེ་ཇོ་ནང་རང་ལུགས་ཀྱི་ཆོས་ཚིག་མ་རེད། དེ་ནི་ཕྱི་རྒོལ་བ་རྣམས་ཀྱིས་ངན་པར་བྱས་ཏེ་སྦྱར་བའི་ཚིག་ཅིག་ཡིན་པས་དེ་བརྗེས་ན་སྙམ་བྱུང་། ཇོ་ནང་པ་རང་ལུགས་ཀྱི་དོན་དམ་བདེན་པ་རྟག་བརྟན་ཐེར་ཟུག་དུ་འདོད་པ་དང་ཕྱི་རྒོལ་བས་སྦྱར་བའི་སྒྲུབ་པ་རང་དབང་བའི་རྟག་པ་ཟེར་བ་འདི་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པ་ཉིད་ཀྱིས་མཁྱེན་ངེས་ཡིན་པས་ང་ལྟ་བུ་ཞིག་གིས་ཉིད་ལ་ཅི་ཞིག་ཞུ།
གཉིས་པ་དེ་ཁྱེད་ཀྱིས་“ཇོ་ནང་པའམ་གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་ཀྱི་ཁུངས་གཏུགས་ས་ཅི་ཡང་མེད་པར་རང་མལ་ནས་གློ་བུར་དུ་བརྡོལ་བའི་གྲུབ་མཐའ་ཡིན་པར་ལྕང་སྐྱའི་གྲུབ་མཐར་བཤད་དོ།” ཞེས་སོགས་གཞན་སྟོང་གི་ལྟ་བ་ངན་པར་སྒྲུབ་པ་ཡང་ཡོད་ཚུལ་འགའ་ཞིག་དྲངས་འདུག་པར། ཉིད་ཀྱིས་རང་སྟོང་པ་རྣམས་གླེང་བའི་སྐབས་སུ་འདི་ལྟར་རྒོལ་བ་ཡོད་ཚུལ་གླེང་ཡོད་དམ་མེད། དཔེར་ན་གོ་རམས་པའི་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར་དང་། འཇུ་མི་ཕམ་པའི་ངེས་ཤེས་སྒྲོན་མེ་སོགས་སུ་སྟོང་ཉིད་མེད་དགག་ནི་ཉན་ཐོས་ཀྱི་བདག་མེད་ཉི་ཚེ་བ་ཡིན་པར་གསུངས་པ་ལྟ་བུ། གལ་ཏེ་མེད་ན་གཞན་སྟོང་པ་ལ་དམིགས་བསལ་གྱི་དེ་འདྲ་སོམ་ཉི་ཅན་ཞིག་འབྲི་དགོས་དོན་ཨེ་ཡོད་སྙམ། གཙོ་བོ་ཉིད་ཀྱིས་མཁྱེན་གསལ་ལྟར་ལས་ཅི་ཡང་མེད།
འདིར་ཞུ་རྒྱུ་ཞིག་ལ། ཁོ་བོ་གཞན་སྟོང་སྨྲ་བ་མིན་ཟེར་དགོས་ན་དཀའ་ལས་ཁག་ཙམ་ཡོད་རུང་ཇོ་ནང་པ་ཞིག་མིན། འོ་ན་ཅི་ཡིན་ཞེ་ན། དགེ་ཆོས་རིན་པོ་ཆེས། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ།། ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི།། རང་སྡེ་མཁས་པའི་དགྲ་ལྷའི་དཔང་བསྟོད་འདིས།། གཞན་སྡེའི་དཔའ་བོ་ད་དུང་བསད་མ་ཡིན།། ཞེས་གསུངས་པ་བཞིན། ཐུའུ་བཀྭན་སོགས་ཀྱིས་གཞན་སྟོང་པ་རྣམས་ཀྱིས་ཁས་བླངས་པ་དང་མ་བླངས་པ་མང་པོ་ཞིག་མཉམ་དུ་སྦྱར་ཏེ་དགག་པ་མཛད་སྐབས་སུ་སྔ་རྒོལ་གྱི་འདོད་པ་བརྗོད་པ་དེ་ཙམ་རེ་མ་གཏོགས། གཞན་སྟོང་གི་ལྟ་བ་ངོ་མ་ཅི་ཡིན་ཤེས་མཁན་དེང་སང་ཧ་ཅང་དཀོན་པ་དང་། སྔོན་དོལ་པོ་ཡབ་སྲས་སོགས་ཀྱི་སྐབས་སུ་ཁོང་རྣམས་ཀྱི་ཞལ་ལ་མིག་ཆེ་ཙམ་བལྟ་ཕོད་མཁན་མེད་རུང་། ༧གོང་ས་ལྔ་བས་ཇོ་ནང་ལ་གནོན་ཤུགས་ཆེན་པོ་གནང་བའི་རྗེས་ནས། དགེ་རྙིང་སོགས་ལ་བལྟས་ན་ཇོ་ནང་པ་འདི་འགྱེལ་ས་ནས་ད་དུང་ཡར་ཡག་པོ་ཞིག་ལངས་ཐུབ་མེད་པའི་སྒང་འདྲ་ཞིག་ཡིན་པས། ཁོ་བོ་ལུང་དང་རིགས་པ་སྨྲ་བ་ཞིག་གི་ངོས་ནས་རྣམ་པར་དག་པའི་ལྟ་གྲུབ་དང་། ཆོས་བརྒྱུད་འདི་ལ་ཞབས་འདེགས་ཕྲན་བུ་རེ་ཞུ་ཨེ་ཐུབ་བསམ་མ་ཙམ་ཡིན་ལགས། ཡི་གེ་འདི་ལ་ཞུས་དག་བྱས་མེད་པས་ཡིག་ནོར་ཡོད་ན་དགོངས་པ་མ་ཚོགས་རོགས།
སྒོམ་སྡེ་ལྷ་རིམས་ཞུ་བ་ལགས། ང་ནི་ཇོ་ནང་པ་ཞིག་ཡིན་ནེ།
གཞན་སྟོང་མི་ཤེས་མོད། གཞན་སྟོང་གི་གཞུང་རྣམས་ལ་ཅུང་ལྟ་རེ་ནི་མྱོང་ངེ་།ཁྱེད་ཀྱིས་ཁེངས་སྐྱུང་གཟུ་བོར་གནས་པའི་སྒོ་ནས་ཇོ་ནང་གི་རང་གཞུང་དག་ལ་ཉམས་ཞིབ་བྱེད་པ་ལ་ནི་དགའ་ཞིང་མགུ་བ་ཡིན། ང་ལ་ནི་ཏ་ར་ན་ཐའི་གཞན་སྟོང་གི་གཞུང་ཆ་རེ་དང་། འབྲས་རབས་འབྱམས་པ་བློ་བཟང་མཆོག་གྲུབ་ཀྱི་རྒྱུ་འབྲས་དབུ་མའི་ཐིག་ལེའི་ཟིན་བྲིས་ཞིག་སམ་བྷོ་ཊའི་ཡིག་གཟུགས་སུ་བཀོད་པ་རེ་ནི་ཡོད། དག་ཆ་ནི་མ་བུ་གཉིས་ལ་གང་མང་ནོར་འདུག་ཟེར། གང་ལྟར་ན་དགེ་བཤེས་ཁྱེད་འདྲ་བ་ལ་ནི་དག་ཆ་མེད་རུང་ཚིག་སྔ་ཕྱི་དང་གོང་འོག་གིས་གནད་དོན་གཞལ་ནུས་རྒྱུ་རེ་བསམ་ཡོད། ངས་འདི་དེ་ཁྱེད་ཀྱི་གློག་ཕྲིན་ཁ་བྱང་གི་སྟེང་དུ་ཐུང་ངུ་ཞིག་བསྐུར་རེ་བཞག་ཡོད། དགོས་ཡོད་ན་ནི་ཡིག་ལན་ཤོེག་དང་ངས་གཞན་པ་རྣམས་སྐུར་རེ་ཡོང་ངེ་། དགེ་བཤེས་ཁྱེད་འདྲ་བ་ཐོས་རྒྱུ་དེ་ལ་ང་ནི་དགའ་འེ་མགུ་ཡེ་ཡོད། ཁ་དྲོ་བཀྲ་ཤིས།
སྒོམ་སྡེ་ལགས། གོང་གི་གཞན་སྟོང་ཉམས་སུ་བཞེས་པའི་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་བཀོད་པའི་ནང་དུ་སློབ་དཔོན་ལེགས་ལྡན་ཞབས་ཀྱང་བཞག་ན་ལེགས་པར་མངོན་ཏེ། ཁོང་གི་རིན་ཆེན་སྒྲོན་མར། རགས་པ་ཕྱི་ཡི་དབུ་མ་ཐལ་རང་གཉིས། །ཕྲ་བ་ནང་གི་དབུ་མ་གཞན་སྟོང་སྟེ། །སྔ་མ་རྩོད་པའི་དུས་དང་ཕྱི་མ་ནི། །ནང་གི་རྣལ་འབྱོར་ཉམས་སུ་ལེན་ལ་མཆོག །ཅེས་ཕྲ་བ་ནང་གི་དབུ་མ་གཞན་སྟོང་བཞེད་མཁན་ཡིན་པས་དམིགས་བསལ་ཅན་དུ་མི་འགྱུར་རམ། རྨོངས་བློར་དྲན་ཚོད་ཙམ་ལགས།
ལྷག་བསམ་རྒྱ་མཚོ་ལགས། གོང་གི་ལུང་དེ་ཀུན་འདུས་ཞལ་ཐང་ཆེན་མོ་ཟེར་བའི་དཀར་ཆག་ནང་དུ་དྲངས་འདུག་མོད། འོན་ཀྱང་དེ་ནི་ལེགས་ལྡན་གྱི་གསུང་ཚིག་ངོ་མ་མ་རེད། འོན་ཀྱང་ལེགས་ལྡན་འབྱེད་ཀྱི་དབུ་མ་བདེན་གཉིས་ཀྱི་ནང་དུ་ཚིག་གོང་གི་དེ་མིན་པ་ལས་དོན་ལ་གཅིག་པ་འདྲ་ཞིག་གསུངས་འདུག འཇམ་བཞད་གྲུབ་མཐར་དབུ་མ་བདེན་གཉིས་མཛད་པ་པོ་ལ་ལེགས་ལྡན་ཕྱི་མ་ཞེས་གསུངས་འདུག་ཀྱང་། བདེན་གཉིས་ལས་ཁོ་བོས་བྱས་པའི་རྟོག་གེ་འབར་བ་ཞེས་གསུངས་འདུག་པས་དབུ་མ་བདེན་གཉིས་མཛད་པ་པོ་དེ་ལེགས་ལྡན་ཕྱི་མ་ཟེར་བ་ཞིག་མིན་པར་མངོན།
ལྷག་བསམ་རྒྱ་མཚོ་ལགས།
ཁྱེད་ཀྱི་མཆན་༡༥༩ལས༼སྒོམ་སྡེ་ལགས། གོང་གི་གཞན་སྟོང་ཉམས་སུ་བཞེས་པའི་མཁས་གྲུབ་དམ་པ་རྣམས་ཀྱི་མཚན་བཀོད་པའི་ནང་དུ་སློབ་དཔོན་ལེགས་ལྡན་ཞབས་ཀྱང་བཞག་ན་ལེགས་པར་མངོན་ཏེ། ཁོང་གི་རིན་ཆེན་སྒྲོན་མར། རགས་པ་ཕྱི་ཡི་དབུ་མ་ཐལ་རང་གཉིས། །ཕྲ་བ་ནང་གི་དབུ་མ་གཞན་སྟོང་སྟེ། །སྔ་མ་རྩོད་པའི་དུས་དང་ཕྱི་མ་ནི། །ནང་གི་རྣལ་འབྱོར་ཉམས་སུ་ལེན་ལ་མཆོག༽ཅེས་གསུངས་འདུག
ངེད་ནས་ཚིགས་བཅད་དེ་བོད་ཀྱི་མཁས་པ་ཞིག་གི་ཡིན་ན་ལས། རྒྱ་གར་མཁས་པའི་གསུང་གི་ཉམས་མི་འདུག་ཅིང་། ལྷག་དོན་དུ་དེར་༼གཞན་སྟོང༽གི་ཚིག་གསལ་པོ་ཡོད་པ་མཐོང་དུས་དོགས་པ་བཟོས་བྱུང་། ལར་ནས་རྒྱ་གར་པཎ་གྲུབ་ཀྱི་གསུང་ལ་རང་སྟོང་དང་གཞན་སྟོང་གི་ཐ་སྙད་གསལ་ཁ་དེ་འདྲ་ཡོད་ན། བོད་དུ་རང་སྟོང་གཞན་སྟོང་གི་རྩོད་པ་འདི་འདྲའང་འོངས་དོན་མི་འདུག་སྙམ་མོ། །དེར་བརྟེན་ངེད་ནས་རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་༼དབུ་མ་རིན་པོ་ཆེའི་སྒྲོན་མ༽ཞེས་བྱ་བར་འགོ་མཇུག་བར་གསུམ་དུ་བཙལ་ཀྱང་། ཚིག་དེ་འདྲ་ཞིག་རྩ་བ་ནས་མི་འདུག་ན། ཁྱེད་ནས་སླར་ཡང་གཟིགས་སྐྱོར་ཞིག་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ། ཡང་ན་དཔེ་མི་འདྲ་བ་ཡིན་ཡང་སྲིད། ངེད་ནས་ནོར་བའང་སྲིད་པས། ད་དུང་དཔྱད་པ་ཞིབ་ཚགས་ཤིག་གནང་རོགས་ཞུའོ། །
མ་ཟད་རྒྱལ་ཁམས་པ་ཚེ་དབང་མཆོག་གྲུབ་ནས་ལེགས་ལྡན་འབྱེད་རང་སྟོང་སྨྲ་བའི་ཕྱོགས་སུ་དྲངས་འདུག
ཆོས་གྲོགས་སེང་གེ་རལ་པ་ཅན་ལགས།
༡༽ ཁྱེད་ནས་རེ་སྐུལ་གནང་བ་ལྟར་དོན་དམ་བདེན་པ༼སྒྲུབ་པ་རང་དབང་བའི་རྟག་པ༽ཞེས་པའི་ཚབ་ཏུ་༼རྟག་བརྟན་ཐེར་ཟུག༽ཅེས་པའི་ཚིག་འདི་བཀོད་ཡོད།
རེ་སྐུལ་གཉིས་པར། སྤྱིར་བཏང་ངེད་ནས་ཕྱོགས་གཉིས་ཀའི་བཞེད་པ་སྦ་གསང་དང་གཡས་འགྱེལ་གཡོན་དཔྱང་མེད་པར་ཆ་སྙོམས་ཤིག་བཀོད་ཡོད་སྙམ། འོན་ཀྱང་
༢༽ ངེད་ནས་༼“ཇོ་ནང་པའམ་གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་ཀྱི་ཁུངས་གཏུགས་ས་ཅི་ཡང་མེད་པར་རང་མལ་ནས་གློ་བུར་དུ་བརྡོལ་བའི་གྲུབ་མཐའ་ཡིན་པར་ལྕང་སྐྱའི་གྲུབ་མཐར་བཤད་དོ།”༽ཞེས་བཤད་པར།
ཁྱེད་ནས་༼ཇོ་ནང་པ་འདི་འགྱེལ་ས་ནས་ད་དུང་ཡར་ཡག་པོ་ཞིག་ལངས་ཐུབ་མེད་པའི་སྒང་འདྲ་ཞིག་ཡིན་པས༽ཞེས་པའི་ཚིག་འདི་མཐོང་ཙམ་ཉིད་ནས་སེམས་ལ་སྐྱོ་སྣང་ཆེས་དྲག་པ་ཞིག་བྱུང་ནས་ངུ་ཤོར་བྱུང་། དེར་བརྟེན་ངེད་ནས་གོང་གི་དེ་ཡང་ལམ་སེང་གཏན་བསུབ་བཏང་པ་ཡིན།
ངུ་ཤོར་བའི་རྒྱུ་མཚན་དེ་ཡང་ཡུན་རིང་མོ་ཞིག་ནས་ངེད་ལ་བོན་པོའི་ཆོས་ལུགས་ཐོག་ཤ་ཚ་ཞིག་དང་སྙིང་རྗེ་ཞིག་རྟག་ཏུ་སེམས་ལ་འཆར་གྱི་ཡོད། ཁོང་ཅག་ལ་ང་ཚོ་ནང་པ་ཚོས་ཐུབ་ཚོད་ཚད་མེད་བཏང་དང་གཏོང་མུས་རེད། ནང་པས་ཁོང་ཅག་གི་དགོན་པ་བཏོར་བ་དང་། ཁོང་ཅག་བསད་པ་དང་། བསྐྲད་པ་དང་། ངན་སྨད་དང་། མཐོང་ཆུང་། མཐའ་རུ་འབུད་པ་སོགས་བསམ་ཡུལ་ལས་འདས་པའི་སྡུག་རྩུབ་ཚད་མེད་ཅིག་བྱས་ཡོད་པར་ཟུར་བལྟས་ལེབ་མཐོང་རེད།
ཡེ་ཤུའི་ཆོས་པ་ཚོས་ཀྱང་བྱང་ཨ་མི་རི་ཀའི་གདོད་མའི་མི་རིགས་Native Americanརྣམས་ལ་བསམ་ཡུལ་འདས་པའི་སྡུག་པོ་བཏང་བ་དངོས་སུ་མཐོང་ཐོས་བྱུང་བ་དེའི་རྐྱེན་བྱས་ཏེ། རྟག་ཏུ་ང་ཚོས་ཀྱང་བོན་པོ་རྣམས་ལ་དེ་འདྲ་ཞིག་བྱས་ཡོད་པ་ཐག་ཆོད་སྙམ་དུ་བསམས་ནས། རྟག་ཏུ་སེམས་ནང་ཁོང་ཅག་ལ་རྒྱབ་སྐྱོར་དང་སེམས་ཁུར་ཞིག་ཡོང་གི་འདུག ཇོ་ནང་གི་ལོ་རྒྱུས་དེ་ཡང་དེ་དང་མཚུངས་པ་ཞིག་ཏུ་མཐོང་ནས། མིག་ཆུ་ཤོར་བྱུང་།
ངས་བྱས་ན་ཡེ་ཤུའི་བླ་ཆེན་གྱིས་གདོད་མའི་མི་རིགས་རྣམས་ལ་དགོངས་དག་ཐུགས་བདེན་ཞུས་པ་ནང་བཞིན། ང་ཚོ་བོད་ཀྱི་ནང་པ་ཚོས་ཀྱང་བོན་པོའི་ཆོས་ལུགས་འཛིན་པ་རྣམས་ལ་དགོངས་སེལ་ངེས་པར་ཞུ་དགོས་ཀྱི་རེད་སྙམ།
དེ་ཙམ་དུ་མ་ཟད་ཁོང་ཅག་ལ་དམིགས་བསལ་གྱིས་རོགས་སྐྱོར་བྱས་ཏེ་ཁོང་ཅག་གི་དགོན་པ་དང་ཆོས་བརྒྱུད་སླར་གསོ་བྱེད་པར་སྤྱི་སྒེར་ཚང་མས་རོགས་སྐྱོར་དང་མཐུན་རྐྱེན་བསྒྲུབ་དགོས་པ་འདུག་སྙམ་ལགས།
ལགས། མཁས་དབང་རྣམ་གཉིས་ཀྱིས་མ་རིག་པའི་མགོ་བོར་ཐོ་བས་གཞུས་པ་བཀའ་དྲིན་ཆེ། རང་གིས་གཞུང་དེ་མཇལ་མ་ཐུབ་པས་སྒྲིབ་པ་ཆེའམ་གཞུང་གཞན་ཞིག་ཡོད་སོམ་ཉིར་ལྷག རྡོ་དམར་མི་འགྱུར་དབང་རྒྱལ་གྱི་གསུང་དོལ་པོ་རྟ་གྲུ་ཨོ་རྒྱན་བསྟན་འཛིན་གྱིས་ལུང་དྲངས་པར་། ངེས་དོན་དབུ་མ་རིན་ཆེན་སྒྲོན་མེ་ལས། །རགས་པ་ཕྱི་ཡི་དབུ་མ་ཐལ་རང་གཉིས། །ཕྲ་བ་ནང་གི་དབུ་མ་གཞན་སྟོང་སྟེ། །སྔ་མ་རྩོད་པའི་དུས་དང་ཕྱི་མ་ནི། །ནང་གི་རྣལ་འབྱོར་ཉམས་སུ་ལེན་ལ་མཆོག །ཅེས་གསུང་པ་ཙམ་ལས་མགོ་མཇུག་མི་འདུག རྡོ་མར་པའི་གསུང་ནི་འབད་པས་བཙལ་ཡང་མ་རྙེད། ཡང་རྔ་བའི་འབྲོ་དགེ་མཁན་ཀུན་དགའ་དཔལ་ལྡན་གྱིས་ཀྱང་(གྲུབ་མཐའ་ལྷའི་པད་ཚལ་)ཞེས་པར་ཡང་དྲང་འདུག །གཞན་ཡང་བཀའ་བརྒྱུད་ཕྱོགས་ཀྱི་མཁས་པ་འགཅ་རེའི་ཡང་གསུང་ཡོད་སྣང་ཤར། ཡང་ན་རིན་ཆེན་སྒྲོན་མར། ཕ་རོལ་རྒོལ་བ་བཟློག་པ་དང་། །བསྟན་བཅོས་ཆེན་མོའི་་གཞུང་དང་ནི། །རྩོད་པ་ཆེན་པོ་བྱུང་བའི་དུས། །རིགས་པའི་དབུ་མའི་གཞུང་སྨྲ་བྱ།།དེ་ཉིད་དོན་ལ་གཙོར་བྱེད་ཅིང་། །རྣལ་འབྱོར་ནམས་སུ་ལེན་དུས་སུ། །ཕྲ་བའི་རྣལ་འབྱོར་བསྒོམ་པར་བྱ། །འདི་ནི་ཞལ་གྱི་གདམས་པ་ཡིན། །ཞེས་པ་ལས་འཕྲོས་པ་ཡིན་ནམ།
སྐྱེས་བུ་སེར་སྐྱ་ལ། སྐྱེས་བུ་སེར་སྐྱ་རང་དོན་ན་ལེགས་པ་འདུག
ཁྱོད་ལ་ཚིག་ངན་འདི་འདྲ་ཞིག་རག་སྙིང་འདོད་ནས། མདང་དགོང་ནས་ཚ་ག་ཚི་གི་བྱས་སོང་། ད་དེ་ཁྱེར་ནས་རྒྱུགས།
སྙན་ངག་གི་བརྗོད་བྱ་ཡོངས་རྫོགས་རྫོགས་ཏེ། ལུས་ལ་གྲྭ་ཆས་གྱོན། ཁ་ནས་སྟུ་དང་རླིག་པ། བརླ་མ་གཏོགས་ཤོད་རྒྱུ་མེད་པའི་གྲྭ་པའི་ཞབས་འདྲེན་ཁྱོད་ཚོ།
མཐུའིའིའིའིའིའིའིའི།
ང་གྲྭ་ལོག་ཅིག་ལས་སྤྱོད་པ་རྩིང་བ།
གོང་གི་མཆན་གཉིས་པོ་གཞག་ས་ནོར་ཞག དགོངས་དག
འ་རོགས་སྒོམ་སྡེ། ཁྱོད་ཀྱིས་མཆིལ་མ་དེ་ངའི་གདོང་ལ་འཐོར་སོང་། འཕེན་ས་ཁ་ཕར་མ་འཁོར་བར་ཁ་གནམ་ལ་འཁོར་ནས་འཕངས་ན་རང་གི་གདོང་ལ་སླེབས་ནི་རེད། ཁ་དཔེར། གླང་ངུ་ས་ཕྱགས་རང་གི་གཉའ་ཡིན། འཆིལ་མ་གནམ་འཕེན་རང་གི་གདོང་ཡིན་ཟེར་ནི་རེད་ཡ ཧཧཧཧཧཧཧཧ
ཡབ་རྗེ་གུང་ཐང་བས། ཆོས་སུ་སོང་ན་རང་རྒྱུད་དུལ་དགོས་པས། །སྙེ་མ་ལོང་བ་མགོ་འཕང་མ་མཐོ་ཨང་། །གསུངས་པ་འདི་ལ་ཐུགས་བསམ་བཞེས།
གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱིས་གསུངས་པ་དེ་བདེན་པ་རང་རེད་ད། སྐབས་རེར་ང་ཚོ་སྨྱོན་པ་ཆགས་ཀྱི་འདུག་ག
ངའི་གདོང་ལའང་མཆིལ་མ་ཏོག་ཙམ་འཐོར་བྱུང་། ཧ་ཧ་ཧ་ཧ།
མིའུ་ཕྲུག་ལགས།
ལྷར་བཅས་འགྲོ་བའི་བདེ་བ་གཏན་འཇོམས་པའི། །
སྡིག་ཅན་གཉའ་བར་འདེགས་པའི་ཚུལ་བསམ་ན། །
སྟུ་མེད་པ་ཡི་སྨད་འཚོང་འཆལ་མོ་ཁྱོད། །
ངེས་པར་བདུད་སྡིག་ཅན་གྱི་གཉེན་དུ་ངེས། །
ཧ་ཧ་ཧ།
དགེ་གཤེས་ཁྱེད་ཀྱིས་མཆན་འདེབས་ཡུལ་ནོར་འདུག
ཡང་ངས་མཆན་འཇོག་ས་ནོར་འདུག དགོངས་དག
མཆན་དེ། ཀ་རྩོམ་གླང་མཇེ་ས་གཤགས་ཀྱི་མཆན་ཡིན།
ཡ། ད་དམ་ཉམས་ང་། ཉ་བསད་ནས་ཁྱི་ལ་སྦྱིན་པའི་དཔེ་ལྟར། རང་གིས་རང་ལ་སྡིག་པའི་སྣོན་པ་མང་པོ་ཞིག་རྒྱག་གི་འདུག
འོན་ཀྱང་ཕན་ཐོགས་ངེས་ཅན་ཅིག་བྱུང་སོང་། དེ་ནི་ང་སྙན་ངག་ལ་གོམས་པ་གཏན་ནས་མེད་པ་ཞིག་ཡིན་རུང་།
ཁྱེད་ཅག་དང་བརྩད་བརྩད་ནས། ད་སྙན་ངག་རྩོལ་མེད་དུ་བྲི་ཐུབ་ཅིག་ཆགས་སོང་། དེ་ནི་དངོས་གནས་ཁྱེར་རྒྱུ་ཡོད་པའི་ཕན་ཐོགས་ཤིག་བྱུང་སོང་། ཐུགས་རྗེ་ཆེ།
དོན་དངོས་ལ། སྔོན་མ་དགོན་པ་ལ་ཡོད་དུས་ནས་དཔེ་ཆ་བལྟས་ནས་ཁ་ཁུ་སིམ་པོར་སྡོད་པ་ལས། སྐད་ཆ་མང་པོ་བཤད་དགོས་མཁན་དེ་འདྲ་ཞིག་རྩ་བ་ནས་མིན། གཞན་ལ་དྲིས་ན་ཤེས། ད་ཆ་ཡང་ལས་ཀར་ཕྱིན་པའམ། དེ་མིན་ཁ་ཏོན་དང་དཔེ་ཆ་ཤ་སྟག་བལྟས་ནས་སྡོད་པ་ལས། དོན་མེད་གཞན་དང་ཁ་ཤགས་འགྱེད་ནས་སྡོད་མཁན་དེ་འདྲ་རྩ་བ་ནས་མིན། དེ་ཡང་གཞན་ལ་དྲིས་ན་ཤེས་ངེས།
ད་དེ་རིང་ནས་བཟུང་ཆོས་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྐུ་ཚེ་རིང་།
གསུང་བཅག་པ་ཐུགས་དཀྲུགས་པ་མ་དད་བརྙས་སྨོད་བྱས་པ་ཐམས་ཅད་མཐོལ་ལོ་བཤགས།
སྙིང་ཐག་པ་ནས་མཐོལ་ལོ་བཤགས།
ཁྱད་པར་དུ།
ཀླུ་སྨྱོན་ལགས་དང་།
མིའུ་ཕྲུག་ལགས་ལ་དམིགས་བསལ་གྱི་དགོངས་དག་ཞུ།
སྡིག་པ་དང་སྒྲིབ་པར་མི་འགྱུར་བའི་ཐུགས་སྨོན་གནང་རོགས།
ཨ་ཧོ། རབ་བྱུང་ལ་ངན་སྨྲས་བྱས་པའི་སྡིག་པ་འདི་ལྕི། དཔེ་བསགས་སོང་། དགོངས་དག ཐུགས་བདེན།
ད་རིང་ནས་བཟུང་ཡུན་རིང་པོའི་བར་མཇལ་གྱི་མ་རེད།
སྤུན་ཟླ་ཚོ་ཆོས་ལུགས་དང་ཆོལ་ཁ་མཐུན་བསྒྲིལ་འོ་ཆུ་གཅིག་འདྲེས་གནང་རོགས།
ཚང་མ་ལ་བཀྲ་ཤིས་བདེ་ལེགས་དང་། ཐུགས་རྗེ་ཆེ་ཞུའོ། །
སྐུ་ཚེ་རིང་།
དགེའོ། །དགེའོ། །
མཁས་པའི་སྡིག་པ་ལྕི་ཡང་ཡང་། །བླུན་པོའི་སྡིག་པ་ཡང་ཡང་ལྕི། །གསུངས་པ་བཞིན། ཐུགས་དོགས་ནམ་ཡང་གནང་དགོས་མེད། ཆོས་གྲོགས་ཁྱེད་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབ།
ཁྱེད་ཀྱིས་བཤད་པ་བདེན་ན།
ངས་ངོ་མ་ཉེས་པ་ཆེན་པོ་ཞིག་བསགས་སོང་།
ཁ་བརྡ་དྲ་རྒྱས་ང་ལ་བཀའ་རྐྱོན་གནང་ངེས་ལ་ཨ་ལགས་ཀླུ་སྨྱོན་གྱིས་ལེ་ལན་ཞིག་ཀྱང་སྟེར་སྲིད།
ངས་ཕྱོགས་གང་ཐད་ནས་ཁྱེད་ཉིད་མཁས་པ་ཞིག་མཐོང་བས་ང་རང་རིག་པ་ཡར་རྒྱས་རག་ཆེད་ངན་བཤད་བྱས་པ་ཙམ་ལས་དམིགས་ཡུལ་གཞན་མེད། ད་ཁྱེད་ཉིད་དྲ་ཐོག་ལ་བཞུགས་དང་ངས་གང་ཡང་ཞུ་གིན་མེད།
སྒོམ་སྡེ་པ་ལགས། ཚིག་ཟུར་ཙམ་གིས་མཚམས་ལ་འཛུད་ནུས་ན། །ཚིག་དོན་དཔྱད་པའི་རྩོད་གྲྭ་འགྲིམ་པའི་ཚེར། །ཚག་སྒྲ་ཆེན་པོས་དོན་སྙིང་མ་གས་ཅི། །མཚར་གཏམ་མ་གཤད་དྲྭ་ཐོག་བཞུགས་རོག་གྱིས།
།སྒྲུབ་བརྒྱུད་ཤིང་རྟ་ཆེན་བརྒྱད་བྱུང་ཚུལ་དང་། །བོད་ཀྱི་ཆོས་སྲིད་རྒྱལ་རབ་དུ་མ་ཞིག
།དྲ་ཐོག་འདི་ན་བགྲོ་གླེང་བྱེད་ཐུབ་ན། །རང་གཞན་ཚང་མར་བློ་བསྐྱེད་འབྱུང་བར་ངེས།
།འདོད་པའི་བདེ་བ་ཇི་ཙམ་སྤྱད་པ་ཡི། །གྲངས་ཀྱང་བློ་རུ་འཆར་བ་དབེན་པར་སྣང་།
།ངོམ་པ་མེད་པའི་ཚུལ་ལ་ལེགས་བསམ་སྟེ། །གཉིས་ཕན་ལྡན་པའི་བགྲོ་གླེང་བྱེད་དུ་ཤོག
།ཁ་འདོན་དགེ་སྦྱོར་ལེགས་ཀྱང་རང་དོན་ཙམ། །དྲ་ཐོག་བགྲོ་གླེང་བྱས་ན་མང་པོའི་དོན།
།ཁ་སྨད་བཟོད་པ་སྦྱོང་བའི་རྐྱེན་བསམ་དེ། །དྲ་བའི་ཐོག་བགྲོ་གླེང་བྱས་ན་དགེ་མཚན་ཆེ།
དྲ་ཐོག་བགྲོ་གླེང་བྱེད་ན་དགེ་མཚན་ཆེ། དག་བཅོས
མཁས་དབང་སེངྒེ་རལ་བ་ཅན་ལགས།
པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་དང་།
བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མདོར་བསྡུས་མཁས་པ་དགྱེས་པའི་གླུ།
ཏཱ་ར་ནཱ་ཐའི་དབུ་མ་ཐེག་མཆོག་མཛོད།
མཁན་ཆེན་གཞན་ཕན་མཐའ་ཡས་ཀྱི་ཕྱི་ནང་གི་གྲུབ་མཐའ་མདོར་བསྡུས་སུ་བཀོད་པ་འཇམ་མགོན་ཞལ་ལུང་བཅས་ཕྲན་ལ་སྐུར་རྒྱུ་བྱུང་ན་བཀའ་དྲིན་ཆེ། གུས་པ་གཞན་སྟོང་ལ་མཁས་པ་ཞིག་མ་ལགས་ཀྱང་སྙིང་ནས་དགའ་མཁན་ཞིག་ཡིན་པས་དད་མོས་ཀྱི་གསོས་འདེབས་སུ་ཐལ་མོ་སྦྱར་དེ་ཐུགས་རྗེ་ཆེ་ཞུ། །གུས་པའི་ཁ་བྱང་ནི། lhakbsam@yahoo
སྒོམ་སྡེ་ལགས།
མྱུར་འཕྲིན་འདི་ཐོག་འབྲེལ་བ་ཞིག་གནང་རོགས།
དམིགས་བསལ་གྱི་བཀའ་མོལ་ཞུ་རྒྱུ་ཡོད།
gangkarlhamo@gmail.com
ཡག་པོ་རེ་གསུང་རྒྱུ་འདུག