ཁྲོ་གཏུམ།
—བྱ་སུག་ཟོས་པའི་ཉིན་དེར་ངས་རང་ཉིད་ལ་བཀའ་བཀྱོན་བཏང་བ།
ཏག་ཏག་ཁ་བ་མ་བབས་པའི་སྔ་རོལ
རྨི་ལམ་དུ་ཤ་འཁོར་བའི་ལྟོ་ཟན་འགའི་སྔས་འབོལ་ལ
བྱ་རྐང་གི་རུས་པ་དཀར་སེང་ངེར་སྤུངས
དུས་དེ་ནས་བཟུང
ཉིན་མོར་ཡང་རྨི་ལམ་ལ་ཤ་འཁོར་བར་གྱུར
བར་ལོགས་ཤིག་ཏུ
བྱ་རྐང་གཅིག་པུར་ལོབ་པའི་ལྟོ་ཟན་མང་དུ་འཕེལ་ཞིང
ལྟོ་འགྲངས་པ་མ་གཏོགས
སུ་ཞིག་གིས་བྱ་བོའི་འཕེལ་ཐོག་བཀླགས་མྱོང
བྱ་སུག་དང་མི
མིའི་འགྲངས་ལྟོགས་དང་བྱ་སུག་གི་འཕེལ་ཁ
སྒྱུ་མའི་གྲོང་དུ་མི་རྣམས་སྔར་བཞིན་བྱ་སུག་ཟ་བར་འཁོར
སྦྲང་ནག་བཞིན་འཁོར
ང་རང་དེའི་ནང་གི་སྦྲང་དཔོན་མགོ་དམར་ཡིན
༢༠༡༦། ༠༡། ༠༦ ཉིན།
གཏིང་ཚུགས་པོའི་གོ་དོན་ལ་ངས་འགྲེལ་བཤད་རྒྱག་མི་ཤེས་ཀྱང་། ཡིན་མདོག་ཁ་པོ་ཞེ་པོ་ཞིག་བྲིས་འདུག ཐུགས་ཆེ་གནང་།