གཅན་བཟོད་རྒྱམ།
——-
དེ་རིང་ཞོགས་པ་སྔ་མོ་ནས་གཉིད་སད་བྱུང་བས་ཡར་ ལངས་ཏེ་བརྙན་འཕྲིན་ཁ་ཕྱེ་སྟེ་གསར་འགྱུར་དང་ཡོ་གྷ་སོགས་ལ་བལྟས་པ་ཡིན། ཁོ་ཧྥེ་ཕོར་བ་གང་འཐུང་ཞོར་དུ་མཚོ་སྔོན་བརྙན་འཕྲིན་ཐོག་ཏུ་ཁ་བསྒྱུར་པ་ཡིན།
དེ་རིང་ཅི་ཞིན་ཡིན་མིན་མ་ཤེས། ཞོགས་པ་སྔ་མོ་ནས་༼གླུ་གར་སྟེགས་བུ་༽ཞེས་པ་དེ་གཏོང་གིན་འདུག གླུ་བྲོ་གསུམ་བཏང་རྗེས་༼གླུ་གར་སྟེགས་བུ་༽བཏང་ཚར་སོང་། ངའི་སེམས་སུ་ཡང་གླུ་གར་སྟེགས་བུ་དེར་བལྟས་པ་དོན་སྙིང་བྱུང་སོང་སྙམ། རྒྱུ་མཚན་ནི་གླུ་བྲོ་གསུམ་ལས་གཅིག་གིས་ཡིད་དབང་ཡོངས་སུ་བཀུག་སོང་། དང་པོ་ནི་ཆུ་ཀུབ་གྱོན་པ། ༼མཉམ་བྲོ། ཆུ་ཀུབ་ཀྱི་མདོག་དང་བཟོ་འདྲ་བའི་སྨད་གོས་དགུགས་དབྱིབས་ཅན་གྱོན་འདུག༽གཉིས་པ་ ནི་ངའི་ཡིད་དབང་འཕྲོག་བྱེད་ཀྱི་༼ཕ་ཡུལ་དྲན་པའི་དགུང་བ།༽ཞེས་པའི་རྐྱང་བྲོ་ དེ་རེད། གསུམ་པ་ནི་གཟུགས་གཞི་ངོམ་པ། ༼མཉམ་བྲོ། བྱིས་པ་འགས་འཁྲབ།༽བཅས་རེད།
སྤྱིར་ང་ནི་རོལ་དབྱངས་ལ་ཉན་རྒྱུ་དང་ཞབས་བྲོ་ལ་ལྟ་བར་དམིགས་གསལ་གྱིས་དགའ་ ཞིང་། དེ་བས་ཀྱང་རྐྱང་བྲོ་དང་ཁེར་ལན་ལ་ཧ་ཅང་དགའ། དག་དག་ད་ནངས་ཕྱོགས་པའི་ངའི་ཡིད་དབང་འཕྲོག་པའི་ཞབས་བྲོ་དེ་ཡང་རྐྱང་བྲོ་ཞིག་ རེད་ལ། དེ་ཡང་སྐྱེ་མ་ཞིག་གིས་འཁྲབ་པའི་རྐྱང་བྲོ་ཞིག་རེད།
རྐྱང་བྲོ་དེའི་གར་སྟེགས་ཇུས་བཀོད་བྱས་པ་ནི་མཚན་མོའི་ནམ་མཁའ་གཡའ་དག་ཅིང་སྐར་ ཚོགས་ནི་ཕྲ་ལམ་མེར་རབ་ཏུ་ཀུན་ནས་བཀྲ་འདུག་ལ། སྔོ་སངས་ཀྱི་གློག་འོད་གསལ་བོ་མེད་པ་ཞིག་གིས་གར་མཁན་མའི་སྟངས་སྟབས་དང་ལྷན་ དུ་རྗེས་འདེད་བྱེད།
རྐྱང་བྲོ་འཁྲབ་མཁན་གྱི་གར་མཁན་མའི་སྟོད་སྨད་གཉིས་ལ་ ཚོན་མདོན་ལྗང་སྐྱའི་སྟོད་གོས་དང་དོར་མ་ཧ་ཅང་སྲབ་ལ་ཤ་མདོག་ཀྱང་མཐོང་པའི་ ལྷུག་ལྷུག་ཅིག་གྱོན་ཅིང་། སྐ་རགས་གློ་དམར་ཅན་ཞིག་བཅངས་འདུག་པའི་སྣེ་གཉིས་དཔྱི་མགོ་ནས་ཁྲི་གང་ལྷག་ཙམ་ ཞིག་དཔྱངས་འདུག་ལ། སྐེ་ན་དར་ཡུག་ལྗང་སྐྱ་འདོམ་པ་དོ་ཙམ་ཞིག་ཡོད་པའི་སྣེ་གཉིས་དམར་སེར་འདྲ་ཞིག་ རེད།
སྐྲ་ལོ་གཙུག་ཏུ་ཐོར་ཅོག་བྱས་འདུག་ལ་གདོང་ལ་སྐག་ཚོས་སོགས་ཅི་ཡང་བྱུགས་མེད་ པར་རང་བཞིན་ནམ་རང་བྱུང་གི་མཛེས་པ་ཁོ་ན་ལོས་ཡིན་༼ངའི་སེམས་བསམ་འདུན་ཁོ་ན་ ཡིན།༽ནམ་སྙམ། གསལ་བོ་མི་མཐོང་གི
རོལ་དབྱངས་ཀྱི་བཞུར་རྒྱུན་ནི་ག་ལེར་ཆེས་གཏིང་རིམ་ཞིག་ནས་རིམ་གྱིས་རི་འདབས་ ནས་རི་མགོར་འགོ་བ་ལྟར་གྲགས་བྱུང་ལ། གར་མཁན་མའི་སྟངས་སྟབས་ཀྱིས་རོལ་དབྱངས་ལ་བསྟུན་པ་ཡིན་ནམ། ཡང་ན་རོལ་དབྱངས་ཀྱིས་གར་མཁན་མའི་སྟངས་སྟབས་ལ་བསྟུན་པ་ཡིན། གཅིག་ལ་གཅིག་བསྟུན་གྱིས་གནམ་ལ་ལྡིང་བ་དང་ས་རུ་ཉལ་བ། ལག་ཟུང་གིས་ཐང་ནས་ཅི་ཞིག་བླངས་ཡོང་ནས་རང་གི་བྲང་ཁར་དམ་དུ་སྦྱོར་བ་དང་། ལག་ཟུང་གནམ་དུ་བསྲིངས་ནས་ཅི་ཞིག་གི་ཆེད་དུ་སྐྱབས་འཇུག་ཞུ་བའམ་ཡང་ཅི་ཞིག་གི་ དོན་དུ་མགོ་བོ་སྒུར་ཏེ་ས་གཞི་ལ་སྨྲེ་ངག་འདོན་པ་དང་མཚུངས།
མཚམས་རེར་ནུས་ཤུགས་ཡོད་ཚད་དང་རྐང་རྒྱང་ལག་རྒྱང་གིས་གནམ་ལ་ལྡིང་ཞིང་ལན་རེར་མིག་གིས་རྒྱང་ལ་ལྟ་བཞིན་མདུན་དུ་མཆོང་།
ཡང་མཚམས་རེར་ཙོག་འདུག་གིས་ལག་པས་བྱམས་བརྩེའི་ངང་རང་གི་མགོ་བོར་བྱིལ་བྱིལ་ རེ་ཡང་བྱེད་ཅིང་རང་གི་མཛེས་སྡུག་གམ་རང་གིས་རང་ལ་གཅེས་ཤིང་སྐྱོང་བཞིན་པའི་ ཚོར་བ་ཞིག་ཀྱང་ངང་གིས་སྟེར་བར་བྱེད།
ཨ་ཨ། འདི་ལྟར་ཡིད་འགུག་ཅིང་སེམས་འགུལ་བའི་ཁོ་མོའི་སྟངས་སྟབས་སྣ་ཚོགས་ཀྱི་རྐྱང་ བྲོ་འདིས་ནི་དངོས་གནས་༼ཕ་ཡུལ་དྲན་པའི་དགུང་བ།༽ཞིག་ཁེད་ཀྱིས་སྦྱིན་བྱུང་ཨང་།
མིག་དབང་གིས་དྲངས་པའི་ལྟད་མོ་འདིས་ངའི་ཡིད་སེམས་ཡོངས་སུ་འཕྲོག་པའི་གར་མཁན་ མའི་ཕྱི་གཟུགས་ཀྱི་ཉམས་འགྱུར་དང་གར་གྱི་སྟངས་སྟབས། རོལ་དབྱངས་ཀྱི་སྙན་ཆ་དང་འགྱུར་ཁུག་གིས་རམ་འདེགས་སོགས་ནི་གཅིག་ལ་གཅིག་འདྲས་ ཀྱི་ཚུལ་དུ་གར་སྟེགས་དེར་གཡོ་འཁྱོམ་འདྲ་ཞིག་ཐེབས་སུ་བཅུག་སོང་།
སྤྱིར་ང་ནི་སྒྱུ་རྩལ་ཟེར་བར་ཆ་རྒྱུས་ཅུང་ཙམ་ཡང་མེད་མོད། དེ་རིང་གི་རྐྱང་བྲོ་འདིས་ནི་ང་ལ་ཡང་ས་མཐའ་ནས་༼ཕ་ཡུལ་དྲན་པའི་དགུང་བ།༽ཤུགས་ ཆེན་པོ་ཞིག་ངང་གིས་སྦྱིང་བྱུང་ལ་མིག་ནས་མཆུ་མའི་རྡོག་པོ་འགའ་ཡང་ཁོ་མོའི་གར་ གྱི་སྟངས་སྟབས་དང་ལྷན་དུ་ཕ་ཡུལ་གྱི་རི་བོའི་རྩེ་དང་མཚོ་མོའི་དཀྱིལ། སྟུག་པའི་ནགས་ཚལ་དང་ཡངས་པའི་སྤང་ལྗོངས། མདོར་ན་གངས་ཅན་གྱི་ལྗོངས་ཡོངས་སུ་ཐིག་པ་རེ་རེ་བྱས་ནས་ལྷུང་སོང་བས་ན། རེད་དེ། འདི་ནི་སྒྱུ་རྩལ་བརྩམས་ཆོས་འདིས་ཁྱད་དེ་བདག་གི་རོལ་མྱོང་མ་ཡིན་ནམ།
འདི་ ལྟར་རོལ་དབྱངས་དེའི་རྒྱུ་བ་དལ་བ་དལ་བུར་སྔར་གྱི་ཡོང་ཁོངས་དེར་སྙེགས་ནས་ འཇགས་སོང་ལ། གར་མཁན་མའི་གར་གྱི་སྟངས་སྟབས་ཀྱང་རོལ་དབྱངས་ཀྱི་མཇུག་བསྡུ་དང་མཉམ་དུ་དལ་བ་ དལ་བུར་ཡོལ་བའི་ཕག་ཏུ་ཡིབ་སོང་།
འོན་ཀྱང་ངའི་ཡ་ཆུང་ནང་ན་ད་དུང་ཡང་རོལ་དབྱངས་དེའི་དྲག་ཏུ་འཕྱོ་བའི་རླབས་ རྒྱུན་ཞིག་དང་། གར་མཁན་མས་གར་གྱི་ཉམས་འགྱུར་དང་ལྡེམ་མྱུར། ཤུགས་ཀྱིས་མཆོངས་པའི་སྟངས་སྟབས་དེ་ཝ་ལེར། ལྷང་ངེར། གསལ་བོར་འཇགས་འདུག
ཟུར་མཆན། ༼སྒྱུ་རྩལ་པ་སྟེ་གཞས་པ་དང་བྲོ་བ། རོལ་མོ་བ་དང་རི་མོ་བ། སྙ་ངག་པ་སོགས་སྒྱུ་རྩལ་ལ་མཁས་པའམ་ཡང་ན་སྒྱུ་རྩལ་ལ་དགའ་བའི་མི་མང་པོ། ལོ་ན་གཞོན་དུས་ནས་སྐུ་འདས་འགྲོ་བ་དང་། ཡང་ན་སྨྱོན་པ་ཆགས་འགྲོ་བ་སོགས་ནི་ཅིའི་ཕྱིར་ཡིན་ནམ། ང་སྒྱུ་རྩལ་ལ་དགའ་ཞིང་སྒྱུ་རྩལ་པར་ཡང་ཤིན་ཏུ་དགའ།༽
སྤྱི་ལོ་༢༠༡༠ལོའི་ཟླ་༩ བའི་ཚེས་༩ ཉིན་གྱི་སྔ་དྲོའི་དུས་ཚོད་༧།༡༦ ནས་༩།༤༥ སྟེང་ཡོངས་སུ་བྲིས་ཚར།
བཟོད་རྒྱམ་ལགས། བདེན། ཁྱེད་ཀྱི་རྩོམ་འདི་ང་ལ་འབྱོར་སོང་། ད་བཙལ་ནས་ཀྱང་མ་རྙེད། དེ་བས་ཁྱེད་ཀྱི་ཟིན་བྲིས་ནས་བཤུས་ཏེ་བཀོད་པ་ཡིན། སླད་ཕྱིན་རྩོམ་ཡིག་བསྐུར་ཚེ། info@khabdha.org ལ་བསྐུར་རོགས།
རབ་གསལ་ལགས། རྩོམ་ཡིག་བཀོད་འདུག་པས་དགའ་བྱུང་། འོན་ཀྱང་ངས་བསྐུར་བའི་པར་བཞི་ཆ་བཀོད་ཡོད་ན་རྩོམ་ཡིག་འདི་ལ་དེ་བས་ཀྱང་བྲོ་བ་ཞིག་སྟེར་ངེས། འོན་ཀྱང་ཡིག་སྒམ་ལས་མ་རྙེད་ན་ཁྱོད་ལའང་ཁག་མེད།
འོ་རེད། ངས་རང་དབང་དྲ་བར་རྩོམ་ཡིག་ཅིག་འདྲེན་བཀོད་བྱས་ཡོད། གཟིགས་འདོད་ན་དྲ་ཏག་འདིར་ཡོད། ༼མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་ནས་༢༠༡༠ལོའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་མདའ་སྟོན་རིག་གནས་དུས་ཆེན་གྱི་བྱ་འགུལ་སྤེལ། ཐེངས་འདིའི་འགྲན་སྡུར་ལ་དབྱིན་ཇི། ཧྥ་རན་སི། མོང་གོལ། ཁཱ་ན་ཏ། མོ་ཞི་ཁོ། ཨོ་སི་ཁྲུ་ལེ་ཡ། ཕོ་ལན། ཁོ་རེ་ཡ་ལྷོ་མ་བཅས་ཕྱི་རྒྱལ་གྱི་འགྲན་སྡུར་རུ་ཁག་བརྒྱད་དང་རང་རྒྱལ་གྱི་མཚོ་ སྔོན་གཙོ་བྱས་པའི་པེ་ཅིན་དང་། བོད་ལྗོངས། ཟི་ཁྲོན་སོགས་ཀྱི་འགྲན་སྡུར་རུ་ཁག་བཅོ་ལྔ་ཞུགས་ཡོད།༽
དྲ་ཐག་གཤམ་གྱི་འདི་ཡིན།
http://www.rangwang.net/index.php?essayId=809
རྒྱུ་རྩལ་པ་དང་སྙན་ངག་པ་དག་ནི་ཚོར་བ་ཤིན་ཏུ་རྣོ་ལ་ལེགས་ཉེས་ལ་དཔྱོད་སྒོ་མི་དཀྱུས་མ་དང་གཏན་ནས་མི་འདྲ་དེས་ན་ཡག་ཉེས་ཀྱི་གནས་ཚུལ་ཇི་ཙམ་ཤེས་པ་དེ་ཙམ་གྱི་བློ་ཡི་གཡེར་བག་ཆེ་ལ་
དེ་ཡིས་རྐྱེན་གྱི་སེམས་ལ་མཐོ་དམན་གྱི་གནས་སྟངས་སླེབས་ཀྱི་ཡོད་ འོན་ཀྱང་རྒྱུ་རྩལ་པ་དང་སྙན་ངག་པ་དེ་དག་ནི་ཕྱི་ཡི་གནས་སྟངས་དང་རྣམ་དཔྱོད་ཡོད་པ་ཙམ་ཞིག་ནང་སེམས་ལ་ཚོད་འཛིན་གྱི་ནུས་པ་མེད་པའི་རྐྱེན་གྱི་ཡིན་པས་དེ་དག་ཡར་རྒྱས་གཏོང་རྒྱུ་ལ་འབད་བཙོན་བྱས་ན་དཀའ་ངལ་དེ་སེལ་ཐུབ།
ལས་ངན་པོ། ཁྱོས་གར་མཁན་མ་ཚོའི་སྔུན་ན་ཅིག་འདག་གོ་ཁ། ལོས་ཡིན་རེ། སྒྱུ་རྩལ་གྱི་བསླུ་བྲིད་ཡིན་ན་དེ་ད་ཅིག་འཇིགས་རབ་འདུག
དྲ་གྲོགས་ཚོ་དག་ཆ་ལ་ཡིད་གཟབ་བྱས་ན་མ་རྟོགས་དྲ་བ་དག་གི་མཚན་དང་ལ་རྒྱ་བརླག་ཡག་གི་ཉེས་ཁ་འདུག་ད་
ཁྱེད་ཀྱིས་”མ་རྟོགས་”ཞེས་བྲིས་པ་དེ་ཡང་”མ་གཏོགས་”ཞེས་དང་། “ཉེས་ཁ་”ཞེས་པ་དེ་ཡང་”ཉེན་ཁ་”ཞེས་འབྲི་དགོས།
སྙིང་ལངས་བ་ལ་མཆན་བུ་རིང་པོ་ཞིག་བྲིས་པ་ཡར་འཇུག་བྱས་པ་ཡིན་མོད། མཆན་འདེབས་སར་ཤར་མེད་ཁར་སྦད་དེ་ཡལ་ཚར་འདུག ཁུ་ཚུར་གྱིས་གཅིག་རྒྱག་དགོས་ས་རེད་པ།
ཨོ་ད་ཤར་སོང་། རེད་ཡ། ཅོ་ཅོའི་སྐད་ཆའི་ནང་དུ་སེམས་ལ་འཛིན་རྒྱུ་རེ་འདུག
ཡེ་ཤེས་ལགསྲ གར་མཁན་མ་དང་ངེད་གཉིས་གཅིག་ལ་གཅིག་མཐུན་བྱུང་བས་ངའི་སྨྱུག་རྩེ་ནས་སེམས་གཏམ་འདི་ཤོར་སོང་བ་རེད།
ལྷོ་མཐའི་པུར་ཟེར་བ་འདིས་ཡིག་ཕྲེང་གཅིག་བྲིས་པར་ཡིག་ནོར་གཉིས་ཤོར་འདུག ད་འདི་ལྟར་ཡིག་ཕྲེང་བརྒྱ་བྲིས་ན་ཡིག་ནོར་ཉིས་བརྒྱ་རེད། དེབ་ཅིག་བྲིས་ན་ཡིག་ནོར་ཁྲི་འགའ་ཡོང་གི་རེད། འདི་ལྟར་བྱས་ན་དྲ་རྒྱ་རེ་འགའ་མ་དགོས་བོད་གངས་ཅན་གྱི་བོད་ཡིག་བརླག་ས་རེད་ཡ། ད་དེ་ཚོ་གཡུགས་ཞོགས།
ད་སྒྱུལ་རྩལ་གྱི་སྐོར་ལམ་སྟོན་དང་སེམས་གཏམ་རེ་བཤད་མཁན་སུ་ཡོད་ན། ལྷུག་པོར་གསུང་དང་། བློ་སྐྱེད་རེ་སྤྲོད་ཕྱིར།
དགེ་རབ་འདིས་འཚབ་བེ་འཚུབ་བེར་རྩོམ་གྱི་ཁ་བྱང་འོག་ཏུ་ངའི་མིང་ཡང་བྲིས་མི་འདུག ངས་སྒྱུ་རྩལ་ལ་རོལ་མྱངས་པ་མི་བཟང་གི་པ། ཧེ་ཧེ་ཧེ། རྩེད་མོ་ཡིན། ཁྱོད་ཀྱིས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་སྒྲོག་སྦྱངས་བྱས་པའི་རྩོམ་ཡིག་དེར་ལྟ་འདོད་ཧ་ཅང་ཆེ་ན། མཁོ་སྤྲོད་མི་གནང་ངམ།
I am testing again
རྫ་དང་བྲག་རིའི་གསེབ་ན་རྫིག་ཉམས་གྱིས་འགྱིང་བའི་།།
རྣོ་དཔལ་རྭ་རྩལ་འགྲན་པའི་འབྲོང་གཡག་གི་ཚོགས་རྣམས།།
དགྲ་མགོ་ཟིལ་གྱིས་གནོན་པའི་སྙིང་རྩ་ཞིག་ཡོད་ན།།
ཁྱི་རྐྱང་སྔོན་མོའི་སྙིང་ཁ་དུམ་བུ་རུ་གཤོག་དང་།།
ཚང་ཚིང་གཡུ་ལོ་འཁྲུགས་པའི་ནགས་ཀློང་གི་དབུས་ན།།
ཤ་དང་ཁྲག་གིས་འཚོ་བའི་དམར་གཡག་གི་སྟག་རྣམས།།
ཞུམ་མེད་འཁྱུག་རྩལ་ངོམ་པའི་མཆེ་སྡེར་ཞིག་ཡོད་ན།།
བརྒྱ་ཁྲག་རྔོན་པའི་ཀླད་རྒྱ་དུམ་བུ་རུ་འགེམས་དང་།།
གནམ་འདེགས་གཞལ་ཡས་ཁང་ན་སྤྲོ་འཛུམ་གྱིས་ཁེངས་པའི།།
བསླུ་བྲིད་ཚིག་ལ་མཁས་པའི་ན་ཆུང་གི་ཚོགས་རྣམས།།
དོན་མེད་གཞན་མགོ་སྐོར་བའི་སྤོབས་པ་ཞིག་ཡོད་ན།།
ཨ་ཁུ་སྟོན་པ་ལྟ་བུའི་རྣམ་ཐར་ཞིག་སྐྱོངས་དང་།།
༢༠༡༠ ལོའི་ཕྱི་ཟླ་༩ བའི་ཚེས ༢༠ ཉིན།
སྟག་ཤ་གཞོན་པའི་ཁེངས་དྲག་ཨ་སྔོན་ལས་མཐོ་ཞིང་། །
རིགས་མཐུན་སྤུན་ཟླའི་ཁྲོད་ན་དཔའ་སྐད་རང་འཐེན་ནས། །
འདུག་པའི་ཀླད་མེད་ཁྱེད་ནི་དོན་མཐུན་གྱི་དཔའ་བོ། །
ཡིན་ན་རྒྱ་འདྲེ་དམར་བོར་ངོ་ཡ་ཞིག་བྱོས་ཡ། །
ངས་འདི་ན་སྒྱུ་རྩལ་གྱི་སེམས་ཁམས་ཤིག་ཨེ་རེག་སྙམ་ནས་འཚོལ་བཞིན་འགྲོ་དུས་ཡང་ཁྱེད་གཉིས་འཛིངས་རེས་བྱེད་འགོ་བཙུགས་སོང་ང་། ད་ཆོག་གི་ཡ། བོད་ལ་སྡིགས་ནས་འདུག་རག་གིས་རང་གིས་ཀྱང་ཅིག་བྱེད་ཨེ་ཐུབ་ལྟོས་ན་མི་བཟང་ངམ། བོད་མི་རིགས་རིག་གཞུང་ལ་སུས་ཞབས་འདེགས་བྱས་ནའང་ཆོག་གི་རེད། རང་ཉིད་གང་དགར་ལྷོད་འདུག་བྱས། གཞན་ལ་མ་བྱས་མ་འཇོན་རབས་རྐྱང་བཤད་བསྡད་ནས་ཆོ་ཡོད་པ་མ་རེད། མི་ཚེ་འདི་ལྟར་བསྐྱེལ་མཁན་ཡང་མང་པོ་ཡོད་ས་རེད།
ཨ་རོགས་རྩམ་དགའ། ཁྱོད་ཁ་སང་ང་འཚོལ་དུ་སླེབས་སོང་ཟེར། ང་ཁ་སང་དྷ་ཤོད་དུ་བདེ་ཆ་འགའ་གཡར་བ་ལེན་དུ་སོང་བ་ཡིན། དོ་དགོང་ཁོམ་ན་ཆང་འཐུང་ཡ། ཧེ་ཧེ་ཧེ།