བཀྲ་ཤིས་དོན་གྲུབ།
གསེར་གྱི་ལྷ་ཁང་ཆེན་པོའི་ནང་ཁུད་ན།།
གསེར་གྱི་སྐུ་འདྲ་ཞལ་རས་འཛུམ་དམུལ་དམུལ།།
གསེར་ཁྲི་སེང་གེས་བཏེགས་པའི་ཡང་སྟེང་གི །
གསེར་ཞལ་ཅན་དེ་ཡིད་ལ་ལྷང་ལྷང་དྲན།།
དགེ་སྐོས་ཆེན་པོའི་འཇིགས་སྐུལ་ངར་མ་དང་།།
ལྕག་ཚན་འཇིགས་པོ་ཐལ་ལྕག་ངར་མ་སོགས།།
བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་ཏེ།།
བསྙེན་སྒྲུབ་ཡན་ལག་བཞི་ཡི་ཆ་ཤས་ཡིན།།
བླ་སྤྲུལ་མང་པོ་ང་རྫིག་ཁོ་རྫིག་རེད།།
ཞྭ་མོ་དམར་པོ་གཅིག་ལས་གཅིག་མཛེས་རེད།།
དབུ་མཛད་རྒད་པོའི་བྲེ་སྐད་འཛེར་སྐད་རེད།།
ཆོ་གའི་དབྱངས་འགྲོས་ཉོབ་ཏོ་གཉིད་སྨན་རེད།།
ལག་ཤེད་ཅན་ཚོའི་ལག་མཐིལ་ལེབ་མོ་ནས།།
རྔ་དང་རོལ་མོ་མང་པོ་ཆེམས་སེ་ཆེམས།།
ཁ་ཤེད་ཅན་ཚོའི་ཁ་ཤའི་ཕུག་པ་ནས།།
དུང་དང་རྒྱ་གླིང་མང་པོ་འུ་རུ་རུ།།
བསྐྱེད་རྫོགས་ཚིག་དོན་དབང་པོའི་ཡུལ་ལས་འདས།།
བླ་གཏོར་བགེགས་གཏོར་བཞེངས་དང་གཡུག་ལ་བྲེལ།།
རྔུལ་ཆུའི་ཐིགས་པ་ལུས་དང་སེམས་སུ་ལྷུང།།
མཆོད་དཔོན་ཆེན་པོ་ངལ་རྩོལ་འཁྲུལ་ཆས་ཡིན།།
ཚ་རླབས་མེ་ལྟར་འབར་བའི་ཁུགས་པ་ནས།།
ཚ་བ་ཅན་གྱི་ཆོས་གོས་ལུས་ལ་གོན།།
གྲང་ནད་ཅན་གྱི་ལུས་ཟུང་གོག་པོ་ལ།།
གྲང་རླུང་མོད་པའི་རླུང་འཁོར་དྲག་ཏུ་བསྐོར།།
ཚ་གྲང་དྲག་ཏུ་འཐབ་པའི་ཧྲག་བར་ནས།།
སྒྲུབ་ཆེན་ཚོགས་པའི་གྲྭ་བཙུན་སྟོང་ཕྲག་འགའ།།
ལུས་སེམས་རྒུད་ལ་གཏད་པའི་སྣང་ཚུལ་འདི།།
གསང་སྔགས་བྱིན་རླབས་ཆེ་བའི་རྟགས་མཚན་ཡིན།།
བཀྲ་ཤིས་དོན་གྲུབ་ཁ་ལ་ཐལ་བ་ཐོབས། ད་ཁྱོད་ལ་ཚོམ་བུ་ཚོགས་སྒྲུབ་ཀྱི་སིདྷི་མི་རག་ངེས་ཅན་རེད།
སྒྲུབ་ཆེན། མ་རེད། གྲུབ་ཆེན་ཞེས་འབྲི་དགོས།
གྲུབ་ཆེན་སྒྲུབ་ཆེན་རྐུབ་ཆེན་སུ་ཡིན་ནའང་འདྲ།
མ་ཤེས་ཤེས་མདོག་བྱས་ནས་མགོ་བོ་རུལ།
མེ་ཏོག་དཀར་པོའི་རྐུབ་ལ་མཇེ་རྒོད་བླུགས།
མ་ཤེས་ཤེས་མདོག་བྱས་ནས་མགོ་བོ་རུལ།།
མེ་ཏོག་དཀར་པོའི་རྐུབ་ལ་མཇེ་རྒོད་རྫོངས།།
འཛུམ་ཤོར་ལགས། ཐུགས་རྗེ་ཆེ། ད་དུང་མང་ཙམ་གསུངས་ན་ལས་སྒྲིབ་དག་རྫས་རེད་སྙམ།
ཁ་ལ་འཛིན་ཐག་མེད་པའི་ཚིག་ཉོག་དག།
ཁ་ནས་ཅི་བྱུང་ཆུ་བོའི་རྒྱུན་རྟོལ་ན།
ཁ་མཆུའི་མདའ་མོ་ཆར་ལྟར་འབབ་པའི་ཚེ།
ཁ་རོག་ནག་གེར་འདུག་དགོས་བྱུང་ན་ཅི།