༄༅། ། མཁྱེན་དཔྱོད་དང་ལྷག་བསམ་ཡངས་པའི་བཀུར་འོས་རིགས་མཐུན་རྩོམ་པ་པོ་རྣམས་ལ་ཡོངས་ཁྱབ་གསལ་བརྡ།
དམིགས་ཡུལ།
མི་ལོ་ཧྲིལ་བོ་ལྔ་བཅུ་འཁོར་བའི་བཙན་བྱོལ་བོད་མིའི་གནས་སྟངས་ལ་ཕྱིར་རྟོག་དང་མདུན་བསྐྱོད་ཀྱི་སྒོ་ནས་འབྱུང་འགྱུར་བོད་དང་བོད་ཀྱི་ཁྱད་ནོར་གྱི་ཁ་ཕྱོགས་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་ལྟར་དུས་བབ་དང་འཚམ་པའི་སྐྱེད་སྲིང༌། འཐུས་ཚང༌། ཡར་རྒྱས། རྒྱུན་ཐུབ་རང་བཞིན་བཅས་ཀྱི་ཁྱད་ཡོན་དང་ཕན་ནུས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་ཐབས་ལ་འདི་ག་སྒྲོན་མེ་རྩོམ་སྒྲིག་ཁང་གིས་སྒྲོན་མེ་ཆེད་རྩོམ་འགྲན་བསྡུར་ཞེས་པ་གོ་སྒྲིག་ཞུས་ཏེ། དེང་དུས་བོད་ཀྱི་ཁ་སྟབས་ཞན་པའི་གནས་སྟངས་ལ་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་ནུས་ཤུགས་རྣམ་དག་ཅིག་འདོན་རྒྱུར་དམིགས་པ་ཡིན། དེར་བརྟེན། རིས་མེད་ཤེས་ལྡན་རྩོམ་པ་པོ་ཡོངས་ཀྱི་གཤམ་གསལ་བརྗོད་གཞི་དང་ཆ་རྐྱེན་ལས་མ་འགོངས་པའི་ཕྱོགས་སྟོན་དང་ཐབས་བྱུས། སྒྲོམ་གཞི་དང་ཁ་ཕྱོགས་བཅས་ཀྱི་གནད་འགག་གསལ་བའི་སྡིངས་ཆ་ཞིག་ཏུ་འགྱུར་རྒྱུ།
བརྗོད་གཞི།
༡༽ ཇི་ལྟར་ྋགོང་ས་མཆོག་གི་དགོངས་གཞི་ལམ་སྟོན་དང་བོད་མིའི་ལག་ལེན་བར་གྱི་སྟོང་ཆ་གསབ་ཐབས་ཀྱི་ཆ་རྐྱེན་དང་དགོས་པ།
༢༽ དུས་སྐབས་དང་མཐུན་པའི་ནང་ཆོས་དང་ཚན་རིག་དཔྱད་བསྡུར་བྱེད་པའི་དགོས་པ་དང་བྱ་ཐབས།
༣༽ རིག་ཚན་ཅི་ཙམ་ལ་རིགས་གཅིག་རྐང་འཛིན་སྐྱེད་སྲིང་བྱེད་པའི་དམིགས་ཡུལ་དང་ཐབས་བྱུས།
༤༽ མི་རབས་གསར་བར་དམིགས་བསལ་གྱིས་འཁྲི་བའི་འགན་བབ་དང་ལངས་ཕྱོགས།
ཆ་རྐྱེན།
༡ གོང་གསལ་བརྗོད་གཞི་བཞི་བོ་གང་རུང་གི་གནད་དུ་འཁེལ་ཞིང་དཔྱད་བརྗོད་ཀྱི་རྣམ་པ་ཅན་ཡིན་དགོས།
༢ རྩོམ་བྲིས་མང་ཉུང་གི་ཚད་གཞི་ནི་ཡིག་འབྲི་ཉིས་སྟོང་ལས་མ་ཉུང་བ་དང་ཉིས་སྟོང་ཉིས་བརྒྱ་ལས་མ་བརྒལ་བ་ཡིན་དགོས།
༣ ཐེངས་འདིའི་འགྲན་བསྡུར་ལ་མཉམ་ཞུགས་བྱེད་མཁན་བཞི་ཡན་མ་ལོན་ཚེ་རྩིས་མེད་དུ་གཏོང་རྒྱུ་ཡིན།
༤ ཆེད་རྩོམ་རྣམས་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་སུ་བསྐྲུན་འཆར་ཡོད་པས་གློག་ཀླད་དུ་འཇུག་ཐུབ་ན་དགེ་ཕན་ཆེ།
༥ ༢༠༠༩ ལོའི་སྤྱི་ཟླ་ ༧ ཚེས་ ༡ ཚུན་ངེས་འབྱོར་དགོས་རྒྱུ་ལས་དུས་བཀག་ནང་མ་འབྱོར་ན་རྩིས་མེད་བྱ་རྒྱུ་ཡིན།
དཔྱད་འདེམས་པ།
༡ བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དང་སྐུའི་གསུང་བསྒྱུར་དགེ་བཤེས་ལྷག་རྡོར། ༢ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བོད་དྲུང་དང་ཉམས་ཞིབ་པ་ཆུང་ཚེ་རིང༌། ༣ ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་རྗེ་དབང་ཕྱུག ༤ ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་དང་ྋགོང་ས་མཆོག་གི་དགོངས་དོན་འཚོལ་ཞིབ་པ་ཨ་འབྲུག་དཀོན་མཆོག་བཅས་ཡིན།
བྱ་དགའ།
ཨང་དང་པོ་ལ་ཧིན་སྒོར ༥༠༠༠།༠༠ དང་སྒྲོན་མེ་རྩོམ་སྒྲིག་ཁང་གི་ངོས་ནས་ཕྱག་འཁྱེར་གནང་རྒྱུ།
ཨང་གཉིས་པ་ལ་ཧིན་སྒོར ༣༠༠༠།༠༠ དང་སྒྲོན་མེ་རྩོམ་སྒྲིག་ཁང་གི་ངོས་ནས་ཕྱག་འཁྱེར་གནང་རྒྱུ།
ཨང་གསུམ་པ་ལ་ཧིན་སྒོར ༢༠༠༠།༠༠ དང་སྒྲོན་མེ་རྩོམ་སྒྲིག་ཁང་གི་ངོས་ནས་ཕྱག་འཁྱེར་གནང་རྒྱུ།
ཨང་བཞི་བ་ལ་ཧིན་སྒོར ༡༠༠༠།༠༠ དང་སྒྲོན་མེ་རྩོམ་སྒྲིག་ཁང་གི་ངོས་ནས་ཕྱག་འཁྱེར་གནང་རྒྱུ།
གོ་སྒྲིག་པ།
སྒྲོན་མེ་རྩོམ་སྒྲིག་ཁང་གི་སྒྲོན་མེ་ཆེད་དེབ་དཔེ་ཚོགས་ཀྱི་སྤྱི་ཁྱབ་འགན་འཁུར་བ་རྨེའུ་དཀོན་རྒྱམ་དང་རྩོམ་སྒྲིག་པ་དཔལ་ཤེར་བློ་བསྟན་གཉིས་ཡིན་ཞིང༌། གལ་སྲིད་སྒྲོན་མེ་ཆེད་རྩོམ་འགྲན་བསྡུར་སྐོར་གྱི་གནས་ཚུལ་རྒྱུས་སྟོན་བགྱི་དགོས་བྱུང་ན་གཤམ་གསལ་ཁ་བྱང་དང་ལག་འཛིན་ཁ་པར་གང་རུང་ལ་འབྲེལ་བ་གནང་རྒྱུ་དགོངས་འཇགས་ཞུ།
M- 0 9816356766 E- lamp_editor@yahoo.com
ADD THE DONME (LAMP)EDITORIAL COMMITTE M.B.M. P. O Mcleod Ganj Dharamshala 176219 Distt Kangra H.P. INDIA