—ཉག་རོང་དོན་གྲུབ།
གདོང་ན་མི་རིགས་ཤིག་གི་འཛུམ་མདངས་ཡོད།།
འཛུམ་མདངས་མཐའ་ན་དད་པའི་ཁུར་བོ་ཡོད།།
རྒྱབ་ན་དཔའ་བོ་ཞིག་གི་སྐུ་པར་ཡོད།།
སྐུ་པར་ངོས་ན་མེས་པོའི་ཞལ་ཆེམས་ཡོད།།
སྐེ་ན་ཁ་བཏགས་ཤིག་གི་བསུ་མ་ཡོད།།
བསུ་མ་གཞན་ལས་བརྗིད་པའི་སྙིང་སྟོབས་ཡོད།།
མཐའ་ན་མི་རིགས་ཤིག་གི་སྐྱོར་མ་ཡོད།།
སྐྱོར་མ་དགྲ་ལས་རྒྱལ་བའི་རྟེན་འབྲེལ་ཡོད།།
འདི་ན་མིག་ཆུ་ཞིག་གི་རི་མོ་ཡོད།།
རི་མོ་ཐོད་པའི་གཉེར་མར་ཕབས་ནས་ཡོད།།
སེམས་ན་སྙིང་རླུང་ཞིག་གི་ང་རྒྱལ་ཡོད།།
ང་རྒྱལ་ཉིན་རེའི་ཁོག་པར་མི་ཤོང་ཡོད།།
བར་ན་ཁྲི་ཕྲག་རི་ཆུའི་ས་ཁྲ་ཡོད།།
ས་ཁྲའི་ངོས་ནས་འཚོལ་ཞིབ་བྱེད་ཀྱིན་ཡོད།།
སྐྱིད་ན་རྟ་ཕོ་མཉམ་གཏོང་མཉམ་འགྲོ་ཡོད།།
སྡུག་ན་ལས་དབང་གཅིག་ཆད་གཅིག་འགོག་ཡོད།།
མཉམ་འུར།
ཁྱེད་ལ་ཉེས་པ་ཅུང་ཟད་བགོས་ཡོད་སྲིད།།
ཁྱེད་ལ་ནག་ཉེས་རྩ་ནས་མེད་ཀྱང་རུང་།།
དམར་པོའི་གཞུང་གིས་ང་ཚོ་བཅོམ་པ་ནི།།
ནག་ཉེས་ཡོད་མེད་ཁྱད་པར་མ་ཡིན་ནོ།།
རིག་གཞུང་སྲུང་སྐྱོབ་བྱས་ན་ང་ཚོ་བཅོམ།།
མི་རིགས་ལ་རྒྱ་བཤད་ན་ང་ཚོ་བཅོམ།།
འཚོ་བ་ཡར་རྒྱས་བཏང་ན་ང་ཚོ་བཅོམ།།
ང་ཚོ་བཅོམ་པ་དམར་པོའི་སྲིད་ཇུས་ཡིན།།
ཆོས་ལ་དད་པ་བྱས་ན་ང་ཚོ་བཅོམ།།
བླ་མའི་སྐུ་པར་བཤམས་ན་ང་ཚོ་བཅོམ།།
སྤུན་ཟླའི་བརྩེ་བ་གླེང་ན་ང་ཚོ་བཅོམ།།
ང་ཚོ་བཅོམ་པ་ང་ཚོའི་ནག་ཉེས་མིན།།
ཁོར་ཡུག་སྲུང་སྐྱོབ་བཤད་ན་ང་ཚོ་བཅོམ།།
ཕྱུགས་རིགས་འཚོ་སྐྱོང་བྱས་ན་ང་ཚོ་བཅོམ།།
ཞིང་ལས་སྟོན་བསྡུ་བྱས་ན་ང་ཚོ་བཅོམ།།
ང་ཚོ་བཅོམ་པ་ཁོ་ཚོའི་འཆར་གཞི་ཡིན།།
༡༢/༠༥/༢༠༡༦
མ་འོ་ཚེ་ཏུང་བོད་ལ་ཁ་ཕྱོགས་སྐབས་།
དགྲ་སྣ་གྲོགས་འཁྲིད་ཆར་སྣ་རླུང་འཁྲིད་དང་།
དེང་སྐབས་བོད་ནང་ཁྲིམས་འགལ་ལག་ལྟར་སོགས་།
བོད་མི་རྒྱ་ཡིའི་རྒྱུགས་ཁྱིའི་བྱེད་ལས་རག་།
ཉག་རོང་མི་བུ་ཞིག་གི་ཁ་སྒོ་ནས། ཐོན་པའི་གཏམ་དེ་རྙིང་གི་མདའ་ལ་ཕོག བཤད་ན་སྐུམ་ན་ཐར་བའི་ལམ་སྣ་མེད། གལ་སྲིད་གོང་མའི་ཐུགས་དང་འགལ་གྱུར་ན། ཁ་དག་དཀར་པོ་ང་དང་འབྲེལ་བ་མེད། དཔའ་བོའི་སྐུ་པར་ང་ལ་དད་པ་མེད། མི་རིགས་ཤིག་དང་འབྲེལ་བའི་ལསདབང་ཆེད། མི་རིགས་ཤིག་དང་མཉམ་དུ་བསུ་མ་བྱེད།། ཐུགས་མདུན་ཡོངས་འགྲུབ་ཤོག
ལྷ་སྲས་དར་མའི་མཆན་དེ་མགོ་ཚོས་མ་སོང་། ཉག་རོང་དོན་གྲུབ་ཀྱི་ཡག་པོ་བྲིས་འདུག
དངོས་ཡོད་དང་བདེན་པ་བདེན་རྐྱང་ཞིག་བྲིས་འདུག
རྒྱབ་སྐྱོར་ཡོད།
སྙན་ངག་སྙན་པོ་ཡང་གང་མིན་ཚད་བྲིས་འདུག
བཀའ་དྲིན་ཆེ་ཞུ།
དིང་སང་བོད་ནང་།
བོད་རིགས་བྱུང་རབས་བཤད་ན་ཉག་ཉེས་རེད། །
བོད་རིགས་ལེགས་བྱང་སྤེལ་ན་ཉག་ཉེས་རེད། །
བོད་རིགས་བོད་ཆོས་བྱས་ན་ཉག་ཉེས་རེད། །
བོད་རིགས་ལར་རྒྱ་བྱས་ན་ནག་ཉེས་རེད། །
རྒྱ་ཇག་གསར་པས།
བོད་རིགས་བྱུང་རབས་བཤད་ན་ཁ་བཙུམ་ཟེར། །
བོད་རིགས་ལེགས་བྱང་སྤེལ་ན་རྗེས་ལུས་ཟེར། །
བོད་རིགས་བོད་ཆོས་བྱས་ན་ཆབ་སྲིད་ཟེར། །
བོད་རིགས་ལར་རྒྱ་བྱས་ན་ནག་ཉེས་ཟེར། །
རྒྱ་རིགས་ཀྱིས།
བོད་བསྟན་ཡོངས་རྫོགས་དམར་དམག་བསྣུབས། །
བོད་ས་ཡངས་རྫོགས་རྒྱ་རིགས་བཀང་། །
བོད་གཏེར་ཡོངས་རྫོགས་རྒྱ་ནག་དབོར། །
བོད་རིགས་མི་མངས་གཞིས་བྱས་དབྲལ། །
བོད་རིགས་མི་མངས་གཞིས་བྱས་དབྲལ། །
འདི།
བོད་རིགས་མི་མངས་གཞིས་བྱེས་དབྲལ། །