སྒྲོལ་མ་ཚེ་རིང་གི་ཡི་གེ་ནི། ཉིན་ཤས་རྗེས་སུ་སྦོ་སི་ཀྲོན་དུ་འཚོགས་རྒྱུའི་བྱང་ཨ་རིའི་སྤྱི་འཐུས་བགྲོ་གླེང་བ་རྣམས་ལ་མཚན་ཐོབ་འབུལ་སྟངས་འདྲ་མཉམ་མ་བྱུང་བ་ལ་བརྟེན། མོས་དེ་གའི་ཚོགས་པར་བཏང་བའི་ཡི་གེ་ཞིག་རེད། ཡི་གེ་དེའི་ངོ་བཤུས། སྤྱི་འཐུས་བགྲོ་གླེང་བྱེད་མཁན་རྣམས་དང་བུད་མེད་ཚོགས་པ། དབྱིན་ཡིག་གི་བོད་ཀྱི་སྲིད་དོན་སྐྱར་ཞིབ་སོགས་ལ་བཏང་འདུག ང་ལ་ཆོས་དབྱངས་བདེ་སྐྱིད་འཚོ་མོའི་གློག་འཕྲིན་བརྒྱུད་འབྱོར་བྱུང་།
བགྲོ་གླེང་བཀོད་སྒྲིག་བྱེད་མཁན་གྱིས་བགྲོ་གླེང་བ་རེ་རེ་ངོ་སྤྲོད་བྱེད་དུས། མིང་ཐོབ་འདི་ལྟར་གནང་འདུག ་་སྐུ་ངོ་བཀྲ་ཤིས་རྣམ་རྒྱལ། སྐུ་ཞབས་ནོར་བུ་ཚེ་རིང་། སྐུ་ཞབས་ཀུན་དགའ་འཕྲིན་ལས། སྐུ་ཞབས་བཀྲ་ཤིས་ཕུན་ཚོགས། བུ་མོ་བདེ་སྐྱིད་ཆོས་དབྱངས།་་ དེ་ལྟར་རེད།
ངས་འདིར། བགྲོ་གླེང་གི་གལ་ཆེ་བའི་ནང་དོན་དྲི་བ་དྲི་ལན་སོགས་ཀྱི་སྐོར་གླེང་རྒྱུ་ལས་འདས་ཏེ། དེའི་སྐབས་ཁོང་ཚོར་མཚན་འབོད་གནང་སྟངས་ཀྱི་ཐ་སྙད་ཆུང་ཚགས་འདི་ཚོའི་སྐོར་གླེང་ན་འདོད་བྱུང་། གཅིག་བྱས་ན། ང་ཚོར་འདྲ་མཉམ་དང་གཅིག་གྱུར་གྱི་མཚན་འབོད་གནང་སྟངས་ཤིག་དགོས་པ་དེ་ཡང་གལ་ཆེན་མིན་པའང་མ་རེད་འདོད།
། གོང་གསལ་གྱི་མཚན་འབོད་གནང་སྟངས་འདྲ་མཉམ་མ་བྱུང་བ་དེ་ཁོང་ཚོ་གཅིག་པོའི་ནོར་འཁྲུལ་ཞིག་མིན་པར་བོད་པའི་སྤྱི་ཚོགས་གང་སར་གནས་ཡོད་པའི་སྤྱི་ཡོངས་ཀྱི་གནད་དོན་ཞིག་རེད། འདིར་དེའི་སྐོར་གླེང་སློང་བའི་རྒྱུ་མཚན་གཙོ་བོ་ཡང་དེ་ཡིས་ཡིན།
གཅིག སྲོལ་རྒྱུན་གྱི་མཐོ་དམའི་དབྱེ་བ་ལས་བྱུང་བའི་གནད་དོན།
གོང་གསལ་ལྟར། བཀྲ་ཤིས་རྣམ་རྒྱལ་ལ། སྐུ་ངོ་སྦྱར་ཡོད་པ་དང་། གཞན་པ། ནོར་བུ་ཚེ་རིང་། ཀུན ་དགའ་འཕྲིན་ལས། བཀྲ་ཤིས་ཕུན་ཚོགས་གསུམ་ལ་སྐུ་ཞབས་སྦྱར་འདུག ཁོང་ཚོ་ཚང་མ་ཕོ་ཡིན་པ་གཅིག་པ་རེད། སྤྱི་འཐུས་འོས་མི་ཡིན་པའང་གཅིག་པ་རེད། ཡིན་ནའང་། སྐུ་ངོ་དང་སྐུ་ཞབས་ཀྱི་མིང་ལ་བརྟེན་རིགས་མ་འདྲ་བ་གཉིས་དབྱེ་བ་ཕྱེ་འདུག ་སྒྲོལ་མ་ཚེ་རིང་གི་ཡི་གེའི་ནང་བཀོད་པ་ལྟར། ་་ སྤྱི་འཐུས་ཀྱི་བགྲོ་གླེང་སྐབས་སུ་ཞིག་སུ་གང་ཞིག་ལས་གལ་ཆེ་བ་མ་རེད།་་ ཅེས་བཀོད་འདུག་པ་ལྟར། ཚང་མར་འདྲ་མཉམ་གྱིས་འབོད་དགོས་པ་དེ་གལ་ཆེན་པོ་རེད་འདོད། གལ་སྲིད། ཆེ་བསྟོད་ཀྱི་མཚན་ཞིག་གནང་གི་ཡིན་ནའང་། ཁོང་ཚོ་ཚང་མ་ཁྱོ་ག་ཡིན་པ་གཅིག་པར་སོང་ཙང་འདྲ་མཉམ་གྱི་མཚན་ཞིག་མ་རྙེད་པའི་དཀའ་ངལ་ཡོད་མ་རེད། འདི་ལྟར་འདྲ་མཉམ་གྱི་མཚན་འབོད་མ་གནང་བ་དེ་བསམ་བཙུགས་ནས་དབྱེ་འབྱེད་བྱས་པ་ཞིག་ཕལ་ཆེར་ཡིན་རྒྱུ་མ་རེད་བསམས། འདི་ནི་ཕལ་ཆེར་གཟབ་ནན་དང་ཞིབ་ཚགས་མ་བྱས་པར་སྲོལ་རྒྱུན་གྱི་རིགས་མཐོ་དམའི་དབྱེ་བ་ལ་གོམས་པའི་དབང་དུ་ཕྱིན་པ་ཞིག་ཡིན་ལས་ཆེ། གང་ལྟར་མཚན་འབོད་གནང་སྟངས་འདི་རིགས་མ་འོངས་པ་ན་གཅིག་གྱུར་དང་འདྲ་མཉམ་ཡོང་རྒྱུ་དེ་གལ་ཆེན་པོར་མཐོང་།
གཉིས། འདྲ་མཉམ་གྱི་ཐ་སྙད་མེད་པས་ཡིན་ནམ།
ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེ་གང་མཚམས་ཡར་རྒྱས་ཕྱིན་ཏེ་ཕོ་མོ་འདྲ་མཉམ་གླེང་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དེ་དང་མཉམ་དུཕོ་མོ་གཉིས་ལ་འདྲ་མཉམ་གྱི་་མཚན་འབོད་གནང་སྟངས་ཕྱོགས་ལ་ཐ་སྙད་རན་པོ་དང་རྒྱུགས་ཆེ་བ་ཞིག་མ་རག་པའི་དཀའ་ངལ་གསར་བ་རེར་ཕྲད་དང་འཕྲད་མུས་རེད། དེ་ནི་བོད་སྤྱི་ཚོགས་ཀྱི་འདྲ་མཉམ་མེད་པའི་ལོ་རྒྱུས་ཀྱིས་བཞག་པའི་དཀའ་ངལ་ཞིག་ཡིན་པ་འདྲ། དཔེ་མཚོན་ཞིག་དྲངས་ན། བུ་ཞིག་ཡིན་ན་ཁོའི་ཚབ་ལ་ཁོང་འབྲི་ཆོག་ཀྱང་། བུད་མེད་རྣམས་ལ་མོའི་ཚབ་ལ་ག་རེ་འབྲི་དགོས་པ་རེད། ཁོང་མོ་ཟེར་ན་འགྲིག་གི་རེད་དམ། སྔོན་མ་ངས་ཆོས་དབྱངས་བདེ་སྐྱིད་ཁ་བརྡ་ནང་ངོ་སྤྲོད་སྐབས་ཀྱང་། དྲ་གྲོགས་ཤིག་ནས། ཁྱེད་ཀྱིས་མོ་མོ་མོ་མོ་ཟེར་ནས་མཐོང་ཆུང་བྱས་སོང་ལྟ་བུ་ཞིག་བཤད་སོང་བ་དེ་དངོས་དོན་རེད། གོང་དུའང་། ཁྱོ་ག་རྣམས་ལ་སྐུ་ངོ་དང་སྐུ་ཞབས་ཟེར་ནས་བཀོད་ཡོད་པ་རེད། ཆོས་དབྱངས་བདེ་སྐྱིད་ལ་བུ་མོ་ཟེར་ནས་བཀོད་འདུག སྐུ་ངོ་དང་སྐུ་ཞབས་ཀྱི་ཚབ་མཚོན་གྱི་བུད་མེད་ལ་འབོད་སྟངས་རན་པོ་ཞིག་མེད་སོང་བ་རེད་དམ། བུད་མེད་ལ་འབོད་པའི་ཞེ་སའི་ཚིག་རན་པོ་ཞིག་ཕལ་ཆེར་མ་རྙེད་པ་མ་གཏོགས་ཆོས་དབྱངས་བདེ་སྐྱིད་ལ་བསམ་བཙུགས་ནས་དམའ་འབེབས་བྱས་པ་ཞིག་ཡིན་རྒྱུ་མ་རེད་བསམ་གྱི་ཡོད། ལྷ་ལྕམ་ཟེར་བ་དང་སྲས་མོ་སྐུ་ཞབས་ཟེར་བའི་ཐ་སྙད་སོགས་ཀྱི་མཚན་གྱིས་འབོད་སྟངས་ཡོད་ཀྱང་། དེའང་བུད་མེད་ཕལ་བ་ཞིག་ལ་དེ་ལྟར་བོས་ན་དེའང་ཞེ་དྲག་ལན་པོ་དང་རན་པོ་མེད་པ། མ་གོམས་པ་ལྟ་བུ་ཞིག་མི་འདུག་གམ།
སྒྲོལ་མ་ཚེ་རིང་གི་ཡི་གེ་ལྟར། ཚང་མར་རང་རང་གི་མིང་ནས་བོས་པ་ཡིན་ན་འདྲ་མཉམ་བྱུང་འདུག ཞེ་ས་ཅིག་དགོས་པ་ཡིན་ན། རེ་རེའི་མིང་གི་མཇུག་ཏུ། ལགས་རེ་བསྣན་པ་ཡིན་ནའང་། ཕོ་མོ་ཚང་མར་འདྲ་མཉམ་གྱིས་ཁྱབ་ཐུབ་པ་ཞིག་རེད། ད་རྗེས་མ། ཡིན་གཅིག་མིན་གཅིག་མཚན་བསྟོད་གནང་དགོས་པ་ཡོད་ན་འདྲ་མཉམ་གྱི་མཚན་ཐོབ་འབུལ་དགོས་པ་རེད། བུད་མེད་རྣམས་ལ་འདྲ་མཉམ་གྱི་མཚན་འབོད་གནང་བའི་ཐ་སྙད་མེད་པ་ཡིན་ན་གསར་བཟོ་དང་གཅིག་གྱུར་གྱི་ཐ་སྙད་ཅིག་འཚོལ་དགོས་པ་མ་རེད་དམ།
སྒྲོལ་མ་ཚེ་རིང་ལགས་ཀྱི་ཡི་གེ་ཆ་ཚང་གཤམ་དུ་ཡོད་པས་དེར་གཟིགས།
To Boston Association:
As a undecided voter and being a women, I am extremely disturbed to see such a biased introduction listed below. I copied and pasted these names that were written by Boston Association. All the name must be uniform through. སྐུ་ངོ་ is regularly used to respect a higher individual as oppose to སྐུ་ཞབས་ and calling བུ་མོ་ to Dicki la is absolutely unacceptable especially if we are doing our best to give everyone a fair chance to hear their message. During the Chitue debate, no one is more important than other in the eyes of public. Rather than lableling by such a preexisting title, merely introducing them by their name is more like acceptable. Since the first debate is taking in Boston, it is up to the Boston community to make upcoming debate as successful and fairness and as professional as possible. I would like Boston commuinity to set professional example.
སྐུ་ངོ་བཀྲ་ཤིས་རྣམ་རྒྱལ་
ངས་ཕོ་མོའི་མིང་གསར་འདོགས་ན།
སྐུ་ཕོ་བཀྲ་ཤིས་རྣམ་རྒྱལ་ལགས།
སྐུ་ཕོ་་ནོར་བུ་ཚེ་རིང་ལགས།
སྐུ་ཕོ་་ཀུན་དགའ་འཕྲིན་ལས་ལགས།
སྐུ་ཕོ་བཀྲ་ཤིས་ཕུན་ཚོགས་ལགས།
སྐུ་མོ་བདེ་སྐྱིད་ཆོས་དབྱངས་ལགས།
བཀྲ་ཤིས་ཕུན་ཚོགས་ལགས།
བདེ་སྐྱིད་ཆོས་དབྱངས་ལགས།
མི་འགྲིག་པ་མེད་ཀྱང་།
བདེ་སྐྱིད་ཆོས་དབྱངས་མཆོག
བཀྲ་ཤིས་ཕུན་ཚོགས་མཆོག
ཡང་ན།
སྐུ་ཕོ་བཀྲ་ཤིས་ཕུན་ཚོགས།
སྐུ་མོ་བདེ་སྐྱིད་ཆོས་དབྱངས།
སྔོན་མ་࿊࿊སྐུ་ཞབས་ཞེས་པའི་ཚིག་དེ་སྷ་ས་ཁུལ་དུ་སྐྱེས་ཕོ་མ࿋࿌ོ་སྐྱ་སེར་གཉིས་ཀར་ལ་བེད་སྤྱོད་བྱེད་ཀྱི་ཡོད་་་་་་་ནའང་ དིང་སྐབས་ང་ཚོའི་ཁ་རྒྱུན་ལ་སྐུ་ཞབས་ཟེར་ན་གྲྭ་པ་རང་ལ་གོ་ཡི་འདུག་པས་ དེ་ཚང་མས་དོ་སྣང་གནང་དགོས་པ་ཞིག་ཡིན་པ་འདྲ་
སྐུ་ངོ་ཟེར་དུས་ང་ལ་大人དང་གོ་བ་གཅིག་པ་འདྲ་ཞིག་སྟེར་གྱི་འདུག
སྐུ་ཞབས་ཟེར་ན་གྲྭ་བ་ལ་གོ་དགོས་པ་ཤེས་མ་སོང་ཀྱང་། བུད་མེད་ལ་ལན་པོ་མེད་པ་འདྲ་ཞིག་འདུག་སྟེ་གོམས་སོང་ན་དེ་མ་འགྲིག་པ་མི་འདུག གང་ལྟར་སྟབས་བདེ་ཤོས་སྙན་ཤོས་མིང་གི་རྗེས་སུ་ལགས་སྦྱར་ན་ཡག་པོ་འདུག
དཔའ་ཆེན་ ང་ཚོའི་སྐད་ཡིག་དེ་རྒྱ་སྐད་དང་རྩ་བ་ནས་མི་འདྲ་ལ་ ད་ལྟ་བཤད་བཞིན་པའི་དོན་དེ་རྒྱ་སྐད་་དང་རྩ་བ་ནས་འབྲེལ་བ་མེད
ནང་བསྟན་ནང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཟེར། ང་ཚོས་སྐྱེས་བ་དང་སྐྱེས་མ་མིང་གི་མགོ་ལ་འདོགས་སྲོལ་འདུག ་ག དེ་གུས་ཚིག་ཡིན་མིན་མི་ཤེས། མགོ་སེར་སྤྱི་ཚོགས་ནང་ཡང་དཀའ་ངལ་འདི་ཕྲད་པ་རེད། སྐྱེས་བ་ལ་Gentlemen ཟེར་སྲོལ་ཡོད་ནའང། སྐྱེས་མ་ལ་དེ་འདོགས་སྲོལ་ཉུང་། དེའི་ཕྱིར་ནམ་རྒྱུན་བུ་མེད་མགོར་བཞག་ནས་Ladies Gentlemen ཟེར་ནས་འབོད་སྲོལ་བྱུང་།
སྙིང་ལགས། ཟེར་ན་ཞེ་ས་སྦྱོར་བ་མང་དྲག་ནས་སྐྱེས་བ་རྣམས་ཕྲག་དོག་ཟ་ན་ཐང་། དེ་ལས་་་་་་་མཁྱེན་ལྡན་མ་་་་་བདེ་སྐྱིད་ཆོས་དབྱངས་་་་་་་་་ཟེར་ན་མཚམས་ཤོས་རེད།།
སྐུ་ཞབས་གྲ་བ་ཁོ་ནར་གོ་དགོས་བ་མ་རེད། སྲས་སྐུ་ཞབས་ཟེར་སྲོལ་འདུག་ག
ཡང་ཞེ་ས་ལ་བསམ་ཚུལ་གཞན་ཞིག་བསླེབས་སོང་། ཨ་མདོའི་འབོད་བཞིན་་་་ཨ་ཕ་་་བཀྲ་ཤིས་རྣམ་རྒྱལ་དང་ཨ་ཅེ་་་བདེ་སྐྱིད་ཆོས་དབྱངས་ཟེར་ན་ཇི་འདྲ་འདུག
ཡག་པོ་ད་འདུག་ ཡིན་ནའི་་་་་་་་
མི་ཡི་མཁྱེན་ལྡན་མ་ཟེར་བ་དེ་བུད་མེད་མཁྱེན་ཡོན་ཅན་རྣམས་ལ་འབོད་སྟངས་ཡོངས་གྲགས་ཤིག་རེད། མཛངས་མ་ཟེར་ནའང་དེ་དང་ཆ་འདྲ་བ་ཞིག་རེད། མཛངས་མ་ལ་བོད་རྒྱ་ཚིག་མཛོད་ནང་། བློ་གྲོས་དང་ལྡན་པའི་བུད་མེད་སྤྱོད་བཟང་ཅན་ཞེས་འགྲེལ་འདུག
སྤྱིར་མཛངས་ནི་མཁས་པའི་དོན་དང་རྣམ་དཔྱོད་དང་ལྡན་པ། བླང་དོར་འཇུག་ལྡོག་གི་དོན་མ་ནོར་བར་ཤེས་པ་ཞིག་ལ་གོ་དགོས་པ་མ་རེད་དམ། མཁས་མཛངས། དཔའ་མཛངས། མཛངས་བླུན། མཛངས་སྤྱོད་སོགས་ཀྱིས་གཞན་ལའང་རིགས་འགྲེ ད་ལྟ་མཛེས་མའི་འགྲན་བསྡུར་ལ་མཛངས་མའི་འགྲན་བསྡུར་ཟེར་བ་དེའང་མ་འགྲིགས་པ་ཆེར་མི་འདུག དེའི་ནང་མཁྱེན་ཡོན་ཅི་ཡོད་རྟོག་པའི་དྲི་བའང་ཡོད་པས་སོ།
དེ་རིང་ང་ལ་ཕན་མི་ཐོགས་པའི་ཆུ་ཚོད་ཕྲན་བུ་ལྷག་འདུག་པས་ཁ་བརྡ་ཚང་ལ་སྤྲོད་ན་འདོད་སོང་། སྤྱིར་བོད་པའི་སྤྱི་ཚོགས་ནང་བླ་མ་ཚོས་ང་མཐོ་ཤོས་སྒང་ལ་བསྡད་ཡ་རག་མ་སོང་། ཡང་ན་ང་ལ་ཆེ་ཤོས་རག་མ་སོང་ཟེར་ནས་དཀྲུགས་ཤིང་བརྒྱག་གི་རེད་མ་གཏོགས། བླ་མ་ཚོ་དང་སྡུར་ན་བོད་པའི་སྐྱེས་དམན་ཚོ་ཕྲན་བུའི་ཁོག་པ་དང་སྡུག་རུས་ཆེན་པོ། བྱམས་སེམས་དང་བཟོད་སྒོམ་ཆེན་པོ་ལྡན་ཡོད་པ་མ་ཟད། འདས་ཟིན་པའི་ལོ་རྒྱུས་ནང་བོད་ཀྱི་བླ་མ་ཚོས་དགྲ་བོར་ལག་འབྲེལ་བྱས་པ་དང་རྒྱ་མིའི་ཕོག་བཟོས་པ་སོགས་ཆགས་སྒོ་བགྲང་གིས་མི་བླངས་པ་བསླང་དང་སློང་བཞིན་པ་རེད། བོད་ཀྱི་བུད་མེད་ཚོས་ལོ་རྒྱུས་ནང་དགྲ་བོ་དང་ལག་འབྲེལ་བྱས་ནས་རྒྱལ་ཁབ་དང་མི་རིགས་བཙོང་བ་སོགས་བོད་ཀྱི་ལོ་རྒྱུས་ནང་མང་པོ་མཐོང་རྒྱུ་མི་འདུག དེའི་ཕྱིར་བླ་མའི་སྤྱི་ཚོགས་དང་བུད་མེད་ཀྱི་སྤྱི་ཚོགས་གཉིས་སྡུར་བ་ཡིན་ན། བླ་མའི་སྤྱི་ཚོགས་ལས་བུད་མེད་ཀྱི་སྤྱི་ཚོགས་རྦད་དེ་གཙང་མ་དང་གཟི་བརྗིད་ཆེ་བ་རེད་འདུག བོད་ལ་བཀའ་དྲིན་ཆེ་བ་དང་གཅེས་སུ་འོས་པའང་བུད་མེད་ཚོ་ཡིན་པ་ལས་བླ་མ་ཚོ་རེད་མི་འདུག དེའི་ཕྱིར་འདིར་ཡང་དྲིན་དུ་ཆེ་བའི་བུད་མེད་རིགས་ལ་དམན་པར་ལྟ་བ་ལོ་རྒྱུས་མ་ཤེས་པའི་སྐྱོན་རེད། དེའི་ཕྱིར་ད་ནས་ང་ཚོས་ཕྱག་འཚལ་ཡུལ་བརྗེ་དགོས་ཀྱི་འདུག བླ་མའི་སྤྱི་ཚོགས་ལ་ཕྱག་འཚལ་རྒྱུ་མཚམས་བཞག་ནས་བུད་མེད་ཀྱི་སྤྱི་ཚོགས་འགོ་ལ་འཇོག་འོས་པ་མི་འདུག་གམ། ངས་བསམ་པར་ང་ཚོས་ད་བར་དུ་ཕྱག་འཚལ་ཡུལ་ནོར་འདུག
བོད་ཀྱི་བུད་མེད་རིགས་ནི་གཞན་ཆེ་བར་འཛིན་པ་དང་གོང་དུ་བཀུར་བ་སོགས་བྱེད་པ་ལས་ང་རྒྱལ་དང་འགྲན་སེམས་ཆུང་བ་འདུག བླ་མ་ཚོ་ནི་དེ་ལས་ལྡོག་ཏེ་རང་ཉིད་ཆེ་ཤོས་ཡིན་ཟེར་བ་དང་། མཐོ་ཤོས་སྒང་ལ་རང་ཉིད་བསྡོད་འདོད་བྱེད་པ་སོགས་ཧམ་སེམས་དང་འགྲན་སེམས་ཆེན་པོ་འདུག ཡིན་ནའང་རྒྱོ་བརྒྱག་རྒྱུར་བུད་མེད་ཚོ་ལས་བླ་མ་ཚོས་ཕྲན་བུ་འཛེམ་སོན་དང་གསང་བ། ཡང་ན་ཆེས་གསང་བ་བྱེད་པ་ལས་མི་གཞན་ལ་ཤེས་བཅུག་གི་མ་རེད། བུད་མེད་ཚོ་དེ་འདྲ་མ་ཡིན་པར་ཁྱོ་ག་ཟེར་ནས་ཆེད་དུ་འཛེག་རོགས་ཤིག་ཚེ་གང་བོར་མཉམ་དུ་སྦྱར་སྦྱར་པ་མེད་ན་འདུག་ཐུབ་ཀི་མི་འདུག འདི་གཅིག་པོའི་ཕྱོགས་ནས་བུད་མེད་ཚོ་མངོན་གསལ་དོད་པ་འདུག
དེས་ན་ང་ཚོས་སྐྱབས་འགྲོའི་ཚིག་རྐང་ལའང་འགྱུར་བ་གཏོང་དགོས་པ་འདུག
བུད་མེད་ལ་སྐྱབས་སུ་མཆི།
ཆོས་ལ་སྐྱབས་སུ་མཆི།
གྲྭ་ལོག་ལ་སྐྱབས་སུ་མཆི། ཟེར་ན་ག་འདྲ་འདུག ཨ་ལ་ངོ་མ་ཀུ་རེ་ཡིན་ད། ངའི་ཁ་འདི།
སྐུ་སྐྱེ་མ་ལགས་ཞུས་ན་གང་འདྲ།
བུ་དང་བུ་མོ་གཉིས་ཀ་ལ་འདྲ་མཉམ་ཀྱི་ཞེ་སའི་ཚིག་གཅིག་བེད་སྤྱོད་བྱེད་དགོས་ན།
བུ་ལ་་་་ཨ་ཕོ་དང་་་བུ་མོ་་་ཨ་ཅེ་ཟེར་ན་འདྲ་མཉམ་རེད།
ཧ་ཧ་ཧ་་་་་་་་
བུ་དང་བུ་མོ་གཉིས་ཀ་ལ་འདྲ་མཉམ་ཀྱི་ཞེ་སའི་ཚིག་གཅིག་བེད་སྤྱོད་བྱེད་དགོས་ན།
བུ་ལ་་་་ཨ་ཕོ་དང་་་བུ་མོར་་་ཨ་ཅེ་ཟེར་ན་འདྲ་མཉམ་རེད།
ཧ་ཧ་ཧ་་་་་་་་
ཡ་ད་བལྟས་ཡོང་ན་འདི་ལྟར་བྲིས་ན་ཅུང་ཟད་འདྲ་མཉམ་དང་གཅིག་གྱུར་འདྲ་པོ་ཞིག་མ་རེད་དམ།
༡ མཁྱེན་ལྡན་མ་ཆོས་དབྱངས་བདེ་སྐྱིད།
སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ།
སྐུ་ཞབས་ནོར་བུ་ཚེ་རིང་།
སྐུ་ཞབས་ཀུན་དགའ་འཕྲིན་ལས།
སྐུ་ཞབས་བཀྲ་ཤིས་ཕུན་ཚོགས།
བདེ་སྐྱིད་འཚོ་མོ་བུ་མོ་ཡིན་ཙང་མིང་དང་པོར་ཞོག ད་ལྟ་བུ་མོ་ལ་སྐུ་ཞབས་ཟེར་ནས་འབོད་སྟངས་མེད་པ་འདྲ་བས་མཁྱེན་ལྡན་མ་ཕྲིས། སྐུ་ཞབས་ཀྱི་ཚིག་དེ་ད་ལྟ་ཤེས་ལྡན་མི་སྣའི་ཐོག་བཀོལ་བ་ཕལ་ཆེར་ཡོངས་གྲགས་འདྲ་ཞིག་ཆགས་བསྡད་ཡོད་པ་རེད་བསམས། མཁྱེན་ལྡན་མ་ཟེར་ནའང་དེ་དང་འདྲ་མཚུངས་ཤིག་རེད། ཡང་ན་མཛངས་མ་ཕྲིས།
དེ་མིན་ན།
༢ ཆོས་དབྱངས་བདེ་སྐྱིད་ལགས།
བཀྲ་ཤིས་རྣམ་རྒྱལ་ལགས།
ནོར་བུ་ཚེ་རིང་ལགས།
ཀུན་དགའ་འཕྲིན་ལས་ལགས།
བཀྲ་ཤིས་ཕུན་ཚོགས་ལགས
འདི་ལྟར་མཚན་མཇུག་ཏུ་ལགས་ཤིག་སྦྱར་བས་འཐུས་པ་གྱིས། གཙང་མ། འདྲ་མཉམ། སྟབས་བདེ་རེད།
ཡང་མིན་ན། ལགས་ཙམ་ཡང་མ་སྦྱར་བ་གྱིས།
༣ ཆོས་དབྱངས་བདེ་སྐྱིད།
བཀྲ་ཤིས་རྣམ་རྒྱལ།
ནོར་བུ་ཚེ་རིང་།
ཀུན་དགའ་འཕྲིན་ལས།
བཀྲ་ཤིས་ཕུན་ཚོགས། འདི་ལྟར་བྱས་ན་མི་སྣ་གལ་ཆེན་རྣམས་ངོ་སྤྲོད་གནང་སྐབས་མཚན་བསྟོད་གནང་སྟངས་ཡོད་པའི་ཡོངས་གྲགས་ཀྱི་འགྲོ་སྟངས་དང་ཅུང་མི་མཐུན་པ་འདུག
དོན་ཚན་འདི་གསུམ་ལས་གང་ཡག་ག་འདུག གཞན་པ་བསམ་ཚུལ་ག་རེ་ཡོད།
ད་བཤད་ཡོང་ན་མིང་གི་གོ་རིམ་སྒྲིགས་སྟངས་ལའང་ཏག་ཏག་འགྲོ་སྟངས་ཤིག་དགོས་པ་རེད། མཚན་རྣམས་ཀ་མད་ཀྱི་གོ་རིམ་ལྟར་སྒྲིགས་པ། ཡང་ན་འོས་ཤོག་གི་མང་ཉུང་ལྟར་སྒྲིགས་པ། ཡང་ན་ལོ་རྒན་གཞོན་ལྟར་སྒྲིགས་པ་གང་དགེ
ད་རེས་སྦོ་སི་ཏོན་ལ་ཉམས་མྱོང་གིས་མ་འདང་བ་རེད། རྗེས་མ་ནེའུ་ཡོག་དང་ཁྲོ་རོན་ཁྲོ་གཉིས་ལ་དེའི་ཕྱོགས་གོ་རིམ་དང་ལྡན་པ། མགོ་རྔ་ཡོད་པ་ཞིག་ཡོང་བའི་རེ་བ་ཡོད། ངས་གོང་དུ་བསམ་ཚུལ་བརྗོད་པའི་སྙིང་པོ་ནི། མཁས་དབང་རྣམ་པ་ཚོས་དེའི་སྐོར་བགྲོ་གླེང་གནང་ནས་མཐའ་མཇུག་འབབ་ས་ཞིག་དང་སྡོམ་ཞིག་ཡོད་པའི་ཆེད་དུ་ཡིན།
ཨོ། གཅིག་ཆད་འདུག མཆན༡༦ དོན་ཚན་༡ མཚན་རྣམས་ཀྱི་རྗེས་སུ་ལགས་སྦྱར་རྒྱུ་བརྗེད་འདུག
བསྐུར་འོས་བདེ་སྐྱིད་ཆོས་དབྱངས་ཞུས་ན་ག་འདྲ་འདུག།།
གོམས་མ་གོམས་ཀྱི་ཁྱད་པར་རེད། ཨུ་ཚུགས་རྒྱོབས་། མིང་འབོད་སྟངས་ཐད་ནས་ཀྱང་འདྲ་མཉམ་དགོས་ངེས་རེད།
སྐུ་ངོ། ལྷ་ལྕམ།
སྲས་སྐུ་ཞབས། སྲས་མོ་སྐུ་ཞབས།
དེང་དུས་སྐུ་ཞབས་ལ་སྐུ་ཞོ་སྐུ་ཞོ་ཞེས་འབོད་གིན་འདུག
རིན་པོ་ཆེ། རིན་པོ་ཆེ།
མཁན་པོ། མཁན་མོ།
ལགས། ལགས།
་་་་་་་་་་་་་་་་་ གསང་ཡུམ། ་་་་་་་་་་་་་་་་་་་ མཁའ་འགྲོའམ་མཁའ་འགྲོ་མ།
བཙུན་པ། བཙུན་མ།
གྲྭ་པ། ཨ་ནེ།
ཅོ་ཅོ། ཨ་ལྕགས།
མཁས་པ། མཁས་པ།
ཨ་ཁུ། ཨ་ནེ།
རྩོམ་པ་པོ། རྩོམ་པ་པོ།
གཞས་པ། གཞས་མ།
མ་བྱན། མ་བྱན།
་་་་་་་་་་་་་་་ ཇ་མ།
་་་་་་་་་་་་་་་་ ཆང་མ།
སྐུ་ངོ་ཞེས་པའི་ཚིག་འདི་བེད་སྤྱོད་མ་གཏོང་རོགས་ཞུ།གང་ཡིན་ཟེར་ན་སྐུ་ངོ་ཞེས་པའི་ཚིག་འདི་སྤྱི་ཚོགས་རྙིང་བའི་སྐབས་སུ་བྲན་གཡོག་པ་དེ་ཚོས་སྐུ་དྲག་ཚོར་འབོད་སྟངས་ཤིག་རེད།སོང་ཙད་ད་ཆ་ང་ཚོ་དུས་རབས་གསར་བའི་སྐབས་སུ་འཁེལ་བའི་མི་རབས་གསར་བ་ཡིན་ཙང་ཚིག་དེ་འདྲ་རིགས་རྩ་བ་ནས་དོར་ན་མི་ལེགས་སམ།
སྐུ་ངོ་ཞེས་པའི་ཚིག་འདི་བེད་སྤྱོད་མ་གཏོང་རོགས་ཞུ།གང་ཡིན་ཟེར་ན་སྐུ་ངོ་ཞེས་པའི་ཚིག་འདི་སྤྱི་ཚོགས་རྙིང་བའི་སྐབས་སུ་བྲན་གཡོག་པ་དེ་ཚོས་སྐུ་དྲག་ཚོར་འབོད་སྟངས་ཤིག་རེད།སོང་ཙད་ད་ཆ་ང་ཚོ་དུས་རབས་གསར་བའི་སྐབས་སུ་འཁེལ་བའི་མི་རབས་གསར་བ་ཡིན་ཙང་ཚིག་དེ་འདྲ་རིགས་རྩ་བ་ནས་དོར་ན་མི་ལེགས་སམ།ལས་ཁུངས་ཀྱི་སྐུ་ངོ་ཞེས་མི་འབོད་པར་ལས་ཁུངས་ཀྱི་འགན་འཛིན་ཞེས་འབོད་རོགས་ཞུ།།
ཞོར་དུ་མེ་ཏོག་དཀར་པོ་ལགས་ཁྱེད་ཀྱིས་ངེས་པར་དུ་གཟབ་གནང་དགོས་ཤིག་ལ་་་་་་རྒྱ་ཚིག་མང་པོ་བེད་སྤྱོད་མ་གཏོང་རོགས་ཞུ།།
ཁྱེད་རྣམས་ཀྱིས་བོད་ནང་གི་བོད་མི་ཚོས་ཚིག་ག་རེ་བེད་སྤྱོད་གཏོང་གི་ཡོད་མེད་ཐད་བགྲོ་གླེང་མ་བྱེད་པ་གང་ཡིན་ནམ། བཙན་བྱོལ་དུ་སྔོན་མ་ནས་སྐད་ཡིག་འཐུས་ཤོར་བཏང་ཟིན་པས་གོང་གི་ནོར་འཁྲུལ་དེ་འདྲ་ངན་ལངས་ཤོར་སོང་བའི་རྟགས་རེད།
དབྱིན་སྐད་ནང་། Ladies and Gentleman ཞེས་པར་སྐུ་སྐྱེ་མ་རྣམ་པ་དང་སྐུ་ཞབས་རྣམ་པ་ཚོ་ཞེས་བེད་སྤྱོད་བྱེད་ཀྱི་ཡོད། ཡང་སྐབས་རེ་སྐུ་སྐྱེ་མའི་ཚབ་ཏུ་མཁྱེན་ལྡན་མ་ཞེས་པའང་བེད་སྤྱོད་གཏོང་སྲོལ་ཡོད། དེ་ལྟར་ན་སྐུ་ཞབས་ཞེས་པས་སྐྱེས་པ་ཕོ་ཡི་རིགས་ཚང་མ་མཚོན་པ་དང་སྐུ་སྐྱེ་མ་ཞེས་པས་བུད་མེད་ཚང་མའི་མཚན་དོད་མཚོན་ཐུབ།
ལྷ་ལྕམ་ཞེས་པ་ནི་སྐུ་དྲག་དང་མི་དྲག་གི་ཆུང་མའི་ཞེ་ཚིག་ཡིན། ལྷ་ཞེས་པ་ནི་རྒྱལ་པོ་དང་གཙོ་བོའི་མིང་ནས་འབོད་པའི་དོན་ཡིན་ལ་ལྕམ་ཞེས་པ་དེའི་ཆུང་མའི་ཞེ་ཚིག་ཡིན་པས་ལྷ་ལྕམ་ཞེས་འབོད་པ་ཡིན། སྐབས་ལ་ལར་ལྕམ་སྐུ་ཞབས་ཞེས་པའང་སྦྱོར་བར་བྱེད།
སྤྱིར་སྐུ་ངོ་ཞེས་པ་ནི་གཞུང་གི་གནས་རིམ་མཐོ་དམན་ཐོག་ནས་འབོད་པའི་ཚིག་ཅིག་ཡིན་ལ། རྒྱུས་ཡོད་མཁན་ཞིག་ཡིན་ན་ཟུང་དྲུང་གི་གནས་རིམ་ཡན་དུ་སྐུ་ངོ་ཞེས་འབོད་སྲོལ་ཡོད། དེ་ལ་ལོ་ཆེ་ཆུང་གི་རིམ་པ་མེད། ཤེས་ཚད་དང་ཉམས་མྱོང་གིས་གནས་རིམ་ཞིག་ལ་སླེབས་སྐབས་མཚན་དོད་དེ་ལྟར་ཐོག་གི་རེད། འོན་ཀྱང་དེང་སྐབས་ཚིག་དེ་ལབ་ཅོལ་དུ་བེད་སྤྱོད་བྱེད་མཁན་འདུག་ལ། རེ་འགས་རྩེད་ཆས་ཀྱང་བྱེད་ཀྱི་འདུག
དཔེར་ན་Sir ཞེས་པ་དེ་དབྱིན་ཇིའི་ལུགས་སྲོལ་ཡིན་ན་ཐོག་མར་ཚིག་དེ་གོ་གནས་སམ་རིམ་པ་ཞིག་གི་མཚན་དོད་རེད། འོན་ཀྱང་གནས་རིམ་ཐོག་ནས་འབོད་པ་དང་སྐྱེས་པའི་མིང་ཚབ་སྤྱི་ཡོངས་སུ་བེད་སྤྱོད་པའི་ལུགས་སྲོལ་ཡང་ཡོད་པ་རེད། Sir Charles ལྟ་བུ་ནི་གོ་གནས་ཤིག་གི་ཐོག་ནས་འབོད་པ་ལས་”སྐྱེས་པ་ཅར་ལེ་སེ་”ཞེས་པའི་དོན་མིན།
གོང་གི་སྐུ་ངོ་ཞེས་པའང་དེ་ལྟ་བུ་རེད།
ལྷག་པར་དུ་སྐུ་ཞབས་ལྟ་བུའི་ཚིག་དེ་དག་ཕལ་ཆེ་བ་མཚན་དོད་དུ་(མིང་ཚབ་Pronoun)བེད་སྤྱོད་རྒྱ་ཆེ་བ་བྱེད་པ་ལས་སྤྱི་ཡོངས་སུ་མིང་གི་རྗེས་སུ་ལགས་ཞེས་སྦྱར་ན་དེ་གས་འཐུས་པ་ཡིན། པ་ལགས། ཨ་མ་ལགས། རྒན་ལགས། བསྟན་འཛིན་ལགས། སྒྲོལ་མ་ལགས། ལྟ་བུས་འོས་སོ། །
ཡང་སྐུ་ཞབས་ཞེས་པ་ནི་གྲྭ པ་གཅིག་པུར་གོ་བའི་དོན་མིན་ཡང་། གྲྭ་པ་ཚོ་སྐྱབས་གནས་གསུམ་གྱི་ནང་ནས་གཅིག་ཡིན་པས། གོང་དུ་བཀུར་བའི་དོན་དུ་སྐུ་ཞབས་ཞེས་ཞེ་ཚིག་སྦྱར་བ་ཡིན། ཁོ་རེ་གྲྭ་པ། ཞེས་འབོད་ན་མ་འགྲིག་པ་མེད་ཀྱང་གོང་དུ་བཀུར་འོས་པ་ཞིག་ལ་ཞེ་ཚིག་སྦྱར་བ་ནི་རང་རིགས་ཀྱི་སྲོལ་ཡིན་ནོ།།
ཡང་སྐུ་ཕོ་དང་སྐུ་མོ་འབོད་དགོས་པར་འདོད་ཚུལ་བཏོན་མཁན་ཡང་འདུག དེ་འདྲ་རང་གསར་བཟོ་བྱ་དགོས་པ་ཨེ་ཡོད། ཐ་སྙད་ཡོད་པ་དེ་བེད་སྤྱོད་འོས་པ་ཞིག་ཏུ་གཏང་ན་མ་འཐུས་པ་མེད་སྙམ། ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ་བ་ཚྭའི་ཁྲོན་པ་འདྲུ་དགོས་དོན་མི་འདུག་སྙམ་མོ།།
ངའི་བསམ་ཚུལ་འདི་ཡིན།
དང་པོ།
མིང་འདོགས་སྟངས་འདི་གཅིག་གྱུར་ཅིག་ཡོང་ཁག་པོ་རེད། ཡིན་གཅིག་མིན་གཅིག་ཡོང་དགོས་བ་དེ་འདྲ་ཡང་མ་རེད་དྲན། སྐུ་ངོ་ལབ་ན་འདྲ། སྐུ་ཞབས་བཏགས་ན་འདྲ། བུ་མོ་ཞེས་བོས་ན་འདྲ། ཚང་མ་བོད་མིང་རྐྱང་རྐྱང་རེད། སུ་གང་ལ་ཡང་མཐོང་ཆུང་དེ་འདྲ་ནི་བཏང་མི་འདུག འདིའི་དབར་ན་ཕོ་མོའི་རྩོད་པ་དེ་ལས་ཀྱང་མི་འདུག དེ་གཅིག་ཡིན།
གཉིས་པ།
འདི་སྤྱི་བའི་འཐུས་མི་ཚོའི་བགྲོ་གླེང་ཡིན་ཙང་། སྤྱི་བའི་འཐུས་མི་བྱེད་གི་ཡིན་ན། མིང་ཆུང་ངེ་ཞིག་ལ་ཐོགས་ནས་སྡོད་ཉན་གི་མ་རེད། དེས་སྤྱི་བའི་འཐུས་མི་བྱེད་པ་ལ་བཀག་མ་གཏོགས་ཕན་ཐོགས་ཀྱི་མ་རེད་དྲན། ཆོས་དབྱངས་བདེ་སྐྱིད་ཡིན་ན་ཡང་འདྲ། སྒྲོལ་མ་ཚེ་རིང་ཡིན་ཡང་འདྲ། མིང་འབོད་སྟངས་ཀྱི་སྒང་ན་། འདྲ་མཉམ་མི་འདུག་ཟེར་ནས་རྩོད་བརྒྱབ་ན། ད་ཕལ་ཆེར་རྡ་ལམ་ས་ལའི་དཀྱིལ་འཁོར་ནས་བཞུགས་ཐུབ་གི་མ་རེད་དྲན།
གསུམ།
ཆོས་དབྱངས་བདེ་སྐྱིད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སོགས་བྐླགས་པ་ཡིན། བུ་མོ་ཤེས་འཇོན་ཅན་ཞིག་གི་བཟོ་ལྟ་འདུག སྒྲོལ་མ་ཚེ་རིང་ཞུ་མཁན་དེ་ཁྱེད་ཀྱི་གྲོགས་མོ་ཡིན་ན། རྩོད་ཆུང་ཆུང་འདི་འདྲ་བྲིས་ན། དེས་ཁྱོད་ལ་འོས་ཤོག་མང་ཏུ་འགྲོ་བའི་ཕན་ཐོགས་ཡོང་གི་མ་རེད་དྲན། དེ་ལས་རྩོད་ཆུང་ཆུང་འདི་ཚོ་ཕར་ལ་གཡུགས་དགོས་རེད། འདི་རྙོག་དྲའི་སྒམ་ཆུང་གི་བཟོ་འདྲ་ཞིག་འདུག
དེ་ཙམ་ཡིན།
སྐུ་ངོ་ཞེས་པའི་ཚིག་འདི་ལ་རྩ་བ་ནས་དགའ་པོ་མེད། འོན་ཀྱང་རྒྱ་གར་ལུང་པར་སླེབས་པ་ནས་བཟུང་ལས་ཁུངས་ག་གེ་མོ་དང་། ཚོགས་པ་ག་གེ་མོ་ཐམས་ཅད་ཀྱི་འགན་འཛིན་སོགས་ལ་སྐུ་ངོ་ཞེས་འབོད་ཀྱི་འདུག་པས། ད་ངོ་མ་ཨམ་ཅོག་ནང་དུ་གོམས་འདྲིས་ཐེབས་པ་འདྲ་ཞིག་ཆགས་འདུག དོན་ངོ་མའི་ལྷ་སའི་དབུས་སྐད་ནང་དུ་སྐུ་ངོ་ཞེས་པ་ཕོ་མོ་གཉིས་ཆར་སྦྱར་ཆོག་གི་ཡོད་མེད་མི་ཤེས་ཏེ། བཙན་བྱོལ་ནང་དུ་སྐུ་ངོ་རྒྱ་རི་སྒྲོལ་མ་ཞེས་པ་ལྟ་བུ་ཕོ་མོ་གཉིས་ལ་སྦྱར་སྲོལ་འདུག
སྐུ་ཞབས་ཞེས་པ་དེ་གྲྭ་པ་གཅིག་པུའི་ཞེ་ས་ཞིག་རྩ་བ་ནས་མ་རེད། དཔེར་ན། སྲས་སྐུ་ཞབས་དང་། སྲས་མོ་སྐུ་ཞབས་ཞེས་པ་ལྟ་བུ་རེད། ནམ་རྒྱུན་ང་ཚོས་གྲྭ་པ་ལ་འབོད་པའི་སྐུ་ཞབས་ཞེས་པ་དེ་ནི། སྐུ་ཞབས་རང་ཟེར་གྱི་མེད་པ་འདྲ། ཕལ་ཆེར་སྐུ་གཞོགས་ཟེར་གྱི་ཡོད་ས་རེད། བླ་མ་ཞིག་གི་སྐུའི་འགྲམ་དུ་སྡོད་མཁན་ལ་སྐུའི་གཞོགས་སུ་སྡོད་མཁན་སྐུ་གཞོགས་ཞེས་པ་མིན་འགྲོ་བསམ་གྱི་འདུག མ་གཞི་གྲྭ་པ་ཡིན་ཚད་ཐམས་ཅད་བླ་མའི་འགྲམ་དུ་སྡོད་པའི་ངེས་པ་ཡོད་མ་རེད་དེ། མིང་ཚིག་གི་འབྱུང་ཁུངས་དེ་འདྲ་ཞིག་མིན་འགྲོ་བསམ་པ་ཞིག་རེད། ཐ་སྙད་དེ་དག་ཞབས་དྲུང་དང་། ཉེ་གནས་ཞེས་པ་སོགས་དང་འབྲེལ་བ་ཞིག་མེད་འགྲོ་བསམ་གྱི་འདུག ཚང་མས་དཔྱད་རོགས།
ནམ་རྒྱུན་སྐུ་ངོ་དང་སྐུ་ཞབས་སོགས་ཀྱི་ཐ་སྙད་ཞེ་དྲག་བེད་སྤྱོད་མ་བྱས་ཀྱང་འགྲིག་གི་འདུག དཔེར་ན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སུ། རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཧུའུ་ཅིང་ཐོ་མཆོག་ཅེས་པའམ། ཧུའུ་ཅིང་ཐོ་ལགས། སྐུ་ཞབས་ཧུའུ་ཅིང་ཐོ། སྐུ་ངོ་ཧུའུ་ཅིང་ཐོ་ཞེས་པ་ལྟ་བུ་རྩ་བ་ནས་བེད་སྤྱོད་བྱེད་ཀྱི་མ་རེད། ཧུའུ་ཅིང་ཐོ་དེ་རིང་ས་ཆ་ཞིག་ལ་ཕེབས་པ་རེད། ཟེར་བ་ལྟ་བུ་ཞེ་ས་བབ་ཆགས་པོ་དང་གོ་བདེ་པོ། ཞེ་ས་རྒྱག་སྟངས་ཧ་ཅང་ཚད་ལྡན་རེད་འདུག བཙན་བྱོལ་ནང་དུ་ཞེ་ས་རྩ་མ་ཚང་བ་རྐྱང་རྐྱང་རེད། དཔེར་ན། ཕ་མས་ཕྲུ་གུ་ལ་ཞེ་ས་རྒྱག་པ་དང་། དགེ་རྒན་གྱིས་སློབ་ཕྲུག་ལ་ཞེ་ས་རྒྱག་པ། རང་གིས་རང་ལ་ཞེ་ས་རྒྱག་པ་སོགས་གད་མོ་ཤོར་བ་དེ་འདྲ་མང་པོ་མཐོང་རྒྱུ་ཡོད་པ་རེད།
བུད་མེད་ལ་ཞེ་ས་མེད་པ་དེ་བས་ཀྱང་མ་རེད། དཔེར་ན། ལྕམ་སྐུ་ཞེས་པ་དང། སྐུ་སྐྱེ་མ། མཁྱེན་ལྡན་མ། ཡུམ་ཆེན། སྲས་མོ། བདག་མོ། རིག་མ་ཞེས་པ་སོགས་མང་ངོ་།།
སྤྱིར་མིང་ཙམ་ལ་བརྩད་རྒྱག་མཁན་ཞིག་སྤྱི་མི་ཚད་ལྡན་ཞིག་ཆགས་མི་སྲིད་པ་རེད། ཆོས་དབྱངས་བདེ་སྐྱིད་ལ་ཞེ་ས་བརྒྱབ་ན་མ་བརྒྱབ་ན་ཆོས་དབྱངས་བདེ་སྐྱིད་ཆོས་དབྱངས་བདེ་སྐྱིད་རང་བྱས་ནས་སྡོད་ཀྱི་རེད་མ་གཏོགས་གཞན་གང་ཡང་ཆགས་ཀྱི་མ་རེད། སྒྲོལ་མ་ཚེ་རིང་ཟེར་བ་འདི་ཡང་དོན་མེད་རྙོག་དྲ་སློང་མཁན་ཞིག་ཡིན་པ་ཐག་གིས་ཆོད། སྤྱིར་བུད་མེད་རྣམས་ཀྱིས་སྐྱེ་བ་རྣམས་ཀྱིས་ཁོང་ཚོར་མཐོང་ཆུང་ཐུབ་ཚོད་བཏང་སོང་དང་གཏོང་གི་འདུག་ཟེར་ནས་སྐད་རྒྱག་གི་ཡོད་པ་རེད། མཐོང་ཆུང་དང་ཐུབ་ཚོད་གཏོང་མ་ཐུབ་པ་ཞིག་རང་ངོས་ནས་བྱེད་དགོས་པ་རེད་མ་གཏོགས་སྐད་བརྒྱབ་ནས་ཕན་ཐོགས་ཡོད་མ་རེད། ཁོང་མོ་ཚོར་ཐུབ་ཚོད་དང་མཐོང་ཆུང་བྱེད་པ་དེ་ཡང་སྐྱེ་བ་ཚོས་བཟོས་པ་རེད་ཟེར་གྱི་ཡིན་ནམ། མཐའ་ན་བུད་མེད་རྣམས་ལ་ཕྲུ་གུ་སྐྱེ་སྐབས་དཀའ་སྡུག་ཚད་མེད་ཡོད་པ་དེ་ཡང་སྐྱེ་བ་རྣམས་ཀྱིས་བཟོས་པ་ཡིན་པ་འདྲ་བོ་ཤོད་ཀྱི་ཡོད་ཚོད་རེད། ངས་དུས་རྟག་ཏུ་བུད་མེད་རྣམས་ཀྱིས་ཐོབ་ཐང་རྩོད་ཤེས་ཀྱི་མི་འདུག་ཟེར་འདོད་བྱུང་། ད་དུང་བུད་མེད་ཁ་ཤས་ཀྱིས་སྐད་རྒྱག་གིན་ཡོད་པ་མ་གཏོགས་བུད་མེད་ཀྱི་ཐོབ་ཐང་ཟེར་ཅི་ཞིག་ཡིན་པ་ཡང་ཧ་གོ་ཡི་མི་འདུག དཔེར་ན། སྐྱེ་བ་རྣམས་ཀྱིས་ཐ་མག་དང་ཨ་རག་འཐུང་གི་འདུག ང་ཚོས་ཀྱང་འཐུང་གི་ཡིན། མ་འཐུང་ན་འདྲ་མཉམ་མ་རེད་ཟེར་བ་ལྟ་བུ་བྱེད་ཀྱི་འདུག ཁྱེད་ཚོས་བསམ་བློ་ཞིག་ཐོངས་དང་། འདི་ནི་བླང་དོར་མ་ཤེས་པའི་རྟགས་ནས་ཐོབ་ཐང་འདྲ་མཉམ་རྩོད་སྟངས་ཤིག་རེད་དམ།
Ladies and Gentleman = སྐུ་ལྕམ་རྣམས་པ་དང་སྐུ་སྲས་རྣམས་པ་ཚོར།
Mr. Tashi Dhondrup = སྐུ་ཕོ་བཀྲ་ཤིས་དོན་གྲུབ།
Mrs. Drolma Lhazom = སྐུ་མོ་སྒྲོལ་མ་ལྷ་འཛོམས།
འཕགས་མ་བདེ་སྐྱིད་ཆོས་དབྱིངས་ཞེས་བཏགས་ན་ག་འདྲ་འདུག་གམ།
བླ་མ་ལ་སྐྱབས་སུ་འཆི་ནོར་འདུག
ཆོས་ལ་སྐྱབས་སུ་འཆི་བ་འགྲིག་འདུག
དགེ་འདུན་ལ་སྐྱབས་སུ་འཆི་བ་ནོར་འདུག
བླ་མའི་ཚབ་ལ་བུད་མེད་དམ་གཞན་ཞིག་འཇོག་དགོས། བླ་མ་དཀོན་ཅོག་གསུམ་གྱི་ནང་ནས་མར་འདོན་དགོས། དཀོར་དང་ཕོགས་བཟན་དེ་ཚོ།
དཔེར་ན། མཛངས་མ་སྒྲོལ་མ་ཚེ་རིང་ལགས།
མཁྱེན་ལྡན་དཀའ་རབ་འབྱམས་པ་ལགས།
མཁྱེན་ལྡན་ཟམ་གདོང་རིན་པོ་ཆེ་ལགས། མཁྱེན་ལྡན་བཀའ་བློན་ཁྲི་བ་ལགས།
མཛངས་མ་རྒྱ་རི་སྒྲོན་མ་ལགས། མཛངས་མ་སྤྱི་འཐུས་ཚོགས་གཞོན་ལགས།
མཛངས་མ་རྗེ་བཙུན་པད་མ་ལགས།
བཅས་བེད་སྤྱོད་བྱས་ནས་ལེགས། དབྱིན་ཡིག་ལས་ཀྱང་རྙོག་དྲྭ་ཆུང་དུ་འགྲོ་རྒྱུ་རེད།
རྒྱ་གར་གྱི་མཛངས་མ་ཨེ་ཤ་ཝ་རི་དང་། མཛངས་མ་ཀ་ལྗོལ་ཅེས་བྲིས་ན་ཁྱད་པར་ཆེན་པོ་ཡོད་རེད།
བོད་ཀྱི་མཛངས་མ་ཆེ་གེ་མོ་དང་ག་གེ་མོ། མཛངས་མ་སྒྲོལ་མ་ཚེ་རིང་ཟེར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོང་གི་རེད།
གཞི་མེད་སྐད་ཆ་ཆུང་ཆུང་ཞིག། ཆེ་ནས་ཆེན་པོ་བཟོ་སྟངས་དེས།། ལས་མེད་ཡིན་པ་གསལ་སྟོན་བྱས།། མཚར་རོ་ཕོར་བ་དཀྲུ་མཁན་ཚོ།།
ཆུང་ཆུང་ཆེན་པོ་བཟོས་པ་མ་རེད། ཆུང་ཆུང་ནི་ཆུང་ཆུང་རང་རེད། འདིར་ཆུང་ཆུང་ཞིག་བཤད་པ་རེད། དེ་བཤད་ཆོག་པ་རེད། ཆེན་པོ་མ་ཏོག་འདིར་བཤད་མ་ཆོག་པ་མ་རེད། འདིར་བཤད་པ་དེས་མི་མང་པོ་ཞིག་ལ་བོད་ཀྱི་ཐ་སྙད་ཐད་ཕན་ཐོགས་པ་རེད། དེས་མ་འགྲིག་པ་ག་རེ་འདུག
ཀརྡོ་རབ་འབྱམས་པ་ནི་རབ་འབྱམས་པ་དང་འདྲ་པོ་ཁྱོན་ནས་མི་འདུག བོད་སྐད་ལ་ཡོངས་གྲགས་མེད་པའི་ཐ་སྙད་དེ་འདྲ་ག་འདྲ་དྲན་སོང་། ཆོ་མེད་པ་རང་རེད། དེ་ལས་ཀུན་ལ་ཕན་ཐོགས་ཡོད་པའི་གནས་ལུགས་འདྲ་གསུང་རྒྱུ་མེད་དམ།
འདི་བོད་སྐད་ཀྱི་དངོས་པོའི་གནས་ཚོད་མཐུན་པ་དང་། དེང་དུས་དང་ཡང་མཐུན་དགོས་ན་འདི་འདྲ་དགོས་འདུག འོན་ཀྱང་མ་གོམས་ན་ཁག་མེད། གོམས་ན་ངའི་ཚིག་འདི་ཚོས་ཞག་རྩི་ཅིག་ཐོན་ཡོང་།
འདི་ཚོར།
ང་རང་ཚོས་ཤུགས་བརྒྱབ་ནས་བླ་དཔོན་ཚོའི་གནས་བབས་དང་གོ་གནས་མཇུག་བསྡུ་དགོས་པ་རེད། ཤུགས་བརྒྱབ་རྒྱུ་དེ་ཡང་ཤེས་ཡོན་ད་འབྱོན་ཐང་གི་སྒོ་ནས་བླ་དཔོན་རྣམས་གོ་གནས་ལས་ཕབ་ཏེ། དེ་རྐང་ཚབ་བྱེད་དགོས་པ་ལས་བླ་མ་རྣམས་ལ་སྐྱོན་བརྗོད་དང་མཚང་འབོད་ཁོ་ན་བྱས་པས་ཕན་ཐོགས་གང་ན་ཡོད། དོན་ལ་བསམ་བློ་ཞིབ་ཏུ་བཏང་ན་བླ་རྒན་ཚོས་ཕན་ཡང་ཐོགས་མྱོང་ལ་གནོད་ཀྱང་བསྐྱལ་མྱོང་། འོན་ཀྱང་ཕན་ཐོགས་དང་གནོད་པ་གཉིས་ཡང་ལྗི་གཞལ་ན་ཕན་ཐོགས་བརྒྱ་ཆ་བརྒྱད་ཅུ་ཟིན་ངེས་འདུག ད་ལྟའི་དུས་སུ་བོད་མའི་ཆོས་དང་རིག་གཞུང་ཡོངས་སུ་རྫོགས་པ་འཛམ་གླིང་གོ་ལའི་ཁྱོན་དུ་ཁྱབ་བཞིན་པ་དེ་ལ་ཡང་བླ་རྒན་ཚོའི་ནུས་པ་ཆེ་ཤོས་ཐོན་ཡོད། འོན་ཀྱང་ང་ཚོའི་གནས་ཚུལ་ལེགས་ཆ་ཚང་མ་བླ་རྒན་ཚོ་གཅིག་པུས་བཟོས་པ་མིན་ལ་༧སྐྱབས་མགོན་རིན་པོ་གཅིག་པུའི་སྐུ་ཤུགས་ཡང་མ་རེད། བོད་མི་ཡོངས་རྫོགས་རྨོངས་དད་ཀྱི་ཕྱོགས་ལ་གཅིག་འགྱུར་མི་དམན་ཙམ་ཡོད་པ་དེས་བླ་རྒན་ཚོ་ལ་ནུས་ཤུགས་ངེས་ཅན་ཞིག་རྙེད་པ་རེད། གལ་སྲིད་བླ་རྒན་ཚོའི་གནས་བབས་མཇུག་སྒྲིལ་དགོས་ན་ཐོག་མར་བོད་མིའི་རྨོངས་དད་ཡོངས་རྫོགས་དུས་རབས་གསར་པའི་ཀློང་དུ་ཡལ་དགོས། དེ་ནས་གོམ་པ་གཉིས་པ་དེ་གཞི་ནས་སྤོ་ཆོག
བླ་མ་ལ་སྐྱབས་སུ་འཆི་ཞེས་པ་དེ་རྒྱུར་དགོས་དོན་མི་འདུག སྐྱབས་སུ་འགྲོ་ཡུལ་གྱི་བླ་མ་དེ། སྲིད་དོན་པ་དང་། ཐོབ་དང་གོ་ས་རྩོད་མཁན་དེ་ཚོ་མིན་ལ། ཆོས་རྣམ་དག་སྒྲུབ་མཁན་ཚོ་ཡིན་པས་དེ་འདྲ་ཞིག་གང་དུ་ཡོད་ཀྱང་སྐྱབས་སུ་འགྲོ་འོས། འོན་ཀྱང་བོད་མི་རྣམས་ནི་གྲགས་པ་ཙམ་གྱི་རྗེས་སུ་འབྲངས་ཏེ། ཆོས་ཀྱི་ལེགས་ཆ་ཡོངས་རྫོགས་རྨོངས་དད་ཀྱིས་བསྒྲིབ་ཅིང་། ཁ་ཙམ་ཚིག་ཙམ་གྱི་བཤད་ཡམ་རེ་བས་རང་མགོ་རང་གིས་སྐོར་ཏེ་ཡོད་པ་རང་གིས་ཚོར་མི་སྲིད་ལ། མི་གཞན་གྱིས་བརྡ་སྤྲད་ཀྱང་ཉན་མི་ཤེས་པའི་ཚད་དུ་བསླེབས་ཡོད། རྨོངས་དད་འདི་གཟུགས་སུ་གྲུབ་པ་བྱུང་ན་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོངས་རྫོགས་ཀྱི་ནང་ནས་ཆེ་ཤོས་དེ་ཆགས་སྲིད།
རྨོངས་དད་གཟུགས་སུ་ཡོད་དང་ཡོད། མགོའི་ནང་ཀླད་པའི་སྦུགས་ལ་ཡོད་པ་རེད། བླ་མ་དང་དཀོན་མཆོག་ལ་དད་པ་ནི་མེད་པར་བཟོ་ཐབས་མེད་པ་འདྲ། ཨ་རི་མི་རི་ཁ་སོགས་སུ་ཚན་རིག་ཡར་རྒྱས་ཇི་ཙམ་ཆེ་རུ་འགྲོ་བ་དེ་ཙམ་གྱིས་དཀོན་མཆོག་དང་བླ་ཆེན་སྤོབ་སོགས་ལ་དད་པ་ཆེ་རུ་འགྲོ་གི་འདུག
དད་ལྡན་དད་མེད་དད་ལོག་གསུམ། །
མི་སྤུན་ཡིན་པ་གཅིག་པ་རེད། །
དད་ལྡན་དད་པ་བྱེད་དུ་ཆུགས། །
དད་མེད་རང་ས་རང་དུ་སྡོད། །
འདིར་ངས་གླེང་བཞིན་པའི་བླ་མ་ཟེར་བ་གཙོ་སྤྲུལ་སྐུ་ཡིན་ན་གྲངས་ཀ་མང་པོ་ཅན་དེ་ཚོ་ཡིན། སྐུ་ཚེ་ཧྲིལ་བོར་ཐོས་བསམ་སྒོམ་གསུམ་དང་མ་བྲལ་བར་གནས་པའི་བླ་མ་ཚད་ལྡན་དེ་ཚོར་སུས་ཀྱང་ཁ་གཏོང་ཕོད་ཀི་མ་རེད་ལ། ཁ་གཏོང་དགོས་དོན་ཡོད་མ་རེད། འདིར་གཙོ་བོ་སྐུ་ཕྲེང་ག་ཚོད་ཡིན་ན་ཅིག་ཡིན་ཟེར་ནས་སྐྱེས་ནས་རྐུབ་ཡག་པོ་འཕྱི་མི་ཐུབ་དུས་ནས་མཐོ་ཤོས་སྒང་ལ་འདུག་གི་ཡིན་ཟེར་ནས་ཧམ་པ་བྱེད་མཁན་དེ་ཚོ་ལབ་ཀི་ཡོད། ག་དུས་ཚོགས་འདུ་ཞིག་ཚོགས་ན་འདུག་ས་མཐོ་ཤོས་སྒང་ལ་འདུག་གི་ཡིན་ཟེར་མཁན་དེ་ཚོ་ཉེན་ཁ་རེད། འགྲན་སེམས་དང་ཕྲག་དོག་གིས་ཁེངས་པའི་སྐུ་ཕྲེང་མང་པོ་ཅན་དེ་ཚོ་འབར་རྫས་ནང་བཞིན་ཉེན་ཁ་ཆེན་པོ་རེད། ཉིན་ཞིག་ང་མཐོ་ཤོས་སྒང་ལ་བསྡད་བཅུག་མ་སོང་ཟེར་ནས་དཀྲུགས་ཤིང་ལུང་བ་གང་བཟོ་གི་རེད། མཐའ་མ་མཐོ་ཤོས་སྒང་ལ་སྡོད་དུ་འཇུག་མཁན་ཞིག་བྱུང་ན་དགྲ་གཉེན་སུ་ཡིན་ལའང་ལྟ་གི་མ་རེད། ཁོ་ཚོ་མཐོ་ཤོས་སྒང་ལ་བསྡད་ཡ་རག་ན་དེས་འགྲིག་གི་རེད། དེའི་ཕྱིར་འདིར་གླེང་བཞིན་པ་འདོད་རྔམ་དང་འགྲན་སེམས་ཀྱི་རྔམ་ཐུག་པའི་སྤྲུལ་སྐུ་གྲངས་ཀ་མང་པོ་ཅན་དེ་རིགས་ལ་ཞེད་སྣང་ཡོང་གི་འདུག དེའི་རིགས་མིག་གིས་འཚོ་དགོས་ཀྱིའདུག ག་དུས་འགོ་འགོ་དང་དབུས་དབུས་འདུག་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག
སོ་སོས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་ཚད་ལོངས་པ་ཞིག་ཡོད་པ་དེ་ལ་བླ་མ་ཟེར་གྱི་ཡོད། སྤྲུལ་སྐུ་ནི་དེ་འདྲའི་སློབ་སྦྱོང་གི་ཚད་ལོངས་པ་ཞིག་མེད་ཀྱང་བླ་མ་གོང་མ་ཚོའི་མིང་གི་ཐོག་ནས་སྤྱི་ཚོགས་ནང་གྲལ་རིམ་གྱི་ཐོབ་ཐང་ཡོད་སྟབས། རང་ཉིད་ལ་བླ་མའི་ཡོན་ཏན་གང་ཡང་མ་ཚང་བར་ཞབས་འདྲེན་ཞུ་མཁན་མང་པོ་ཡོང་གི་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་ལོ་བཞི་བཅུ་ཙམ་གྱི་གོང་ནས་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་ཏོག་ཙམ་ཚོད་འཛིན་བྱ་དགོས་པ་དང་། ཚད་ལོངས་པ་དེ་འདྲ་མ་གཏོགས་གཞན་ཚད་ལྡན་མིན་པ་དེ་འདྲ་མང་དྲགས་ན་ཡག་པོ་མི་འདུག་ཅེས་བརྗོད་མྱོང་། མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་དགོས་དང་མི་དགོས་དང་། གལ་སྲིད་དགོས་ན་བྱེད་ཕྱོགས་གང་འདྲ་བྱ་དགོས་མིན་སོགས་སྔ་ལམ་རྐྱང་རྐྱང་ལ་བསམ་བློ་མ་བཏང་བར་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་ཆོག་གི་རེད། དེ་ནི་སངས་རྒྱས་ཀྱི་དགོངས་པ་དང་ཡོངས་སུ་མཐུན་པ་ལས་དགོངས་པ་དང་མི་མཐུན་པ་མེད། ངོས་ནས་སྤྱིར་བླ་མའི་ཡང་སྲིད་དང་། ཡང་སྒོས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཡོང་སྲིད་པ་དེ་འདྲའི་འགྲེལ་བཤད་བྱེད་སྐབས་ཕལ་ཆེར་ཆོས་ལུགས་དང་འགལ་གྱི་ཡོད་པ་ལྟ་བུ་བོད་ནང་ཡོད་པའི་བོད་མི་འགའ་རེས་ཤོད་ཀྱི་འདུག ཉེ་ཆར་རྒྱ་རིགས་གྲོགས་པོ་འགའ་ཐུག་སྐབས་ཁོང་ཚོས་ཀྱང་འདིའི་སྐོར་དྲིས་བྱུང་། ནང་ཆོས་སྐོར་ཁྱོད་ཚོ་ལས་ངས་ཡག་པ་ཤེས་ཀྱི་ཡོད་ཅེས་བཤད་ཡོད།
༧ གོང་ས་མཆོག་གིས་རྒྱ་རིགས་གྲོགས་པོ་ཚོར་གསུངས།
ཚང་མས་བསམ་ཚུལ་ལྷུག་པར་བརྗོད་འདུག ཐུགས་རྗེ་ཆེ།
རེ་ཟུང་གིས་གོ་བ་ལོན་མི་འདུག་པས་གསལ་བཤད་ཐུང་ངུ་ཞིག་བྱེད་འདོད་བྱུང་། ངའི་བསམ་ཚུལ་འདི་སྒྲོལ་མ་ཚེ་རིང་གི་ཡི་གེ་དང་འབྲེལ་ནས་བྱུང་པ་རེད། སྒྲོལ་མ་ཚེ་རིང་ནི་སྦོ་སི་ཏོན་གྱི་བགྲོ་གླེང་སྐབས་ཟུར་ཞུགས་པ་ཞིག་ཡིན་ས་རེད། མོས་བུད་མེད་ལ་དམའ་འབེབས་བྱས་སོང་། བུད་མེད་ལ་ཐོབ་ཐང་དགོས་དེ་འདྲ་གང་ཡང་བཤད་མི་འདུག དེ་གཅིག་གྱིས།
དེ་ནས་སྤྱི་འཐུས་འོས་ཁོངས་ཀྱི་་བགྲོ་གླེང་བ་སུ་ཞིག་ནས་ཀྱང་ང་ལ་སྐུ་ཞབས་སྤྲད་པ་འགྲིགས་མ་སོང་། བུད་མེད་སྤྲད་པ་འགྲིགས་མ་སོང་ཟེར་ནས་རྩོད་པ་དང་ཐོབ་ཐང་རྩོད་མཁན་སུ་གང་ཡང་བྱུང་ཡོད་མ་རེད། སྒྲོལ་མ་ཚེ་རིང་གིས་གོང་གསལ་གྱི་མིང་འབོད་བྱེད་སྟངས་དེ་རན་པོ་ཞིག་ཏུ་མ་མཐོང་ནས་བཤད་པ་རེད། བཀྲ་ཤིས་རྣམ་རྒྱལ་གྱིས་ཀྱང་སྒྲོལ་མ་ཚེ་རིང་གི་ཡི་གེ་དེར་རྒྱབ་ཡོད་གསུངས་འདུག་ཟེར། ཆོས་དབྱངས་བདེ་སྐྱིད་ཀྱིས་ཀྱང་དང་པོ་ནས་དེ་ལ་དོ་སྣང་བྱུང་འདུག དེ་ཁྱད་མཚར་ཞིག་ཏུ་མཐོང་འདུག ཡིན་ན་ཡང་། དེ་ནི་རྒྱུན་ལྡན་གྱི་དོན་དག་ཅིག་དང་། བོད་ཀྱི་རིག་གཞུང་དང་ཐ་སྙད་ལ་འབྲེལ་བའི་དོན་དག་ཅིག་ཡིན་པར་ངོས་བཟུང་འདུག་པ་ལས་མོ་ལ་མཐོང་མ་སྤྲད་པ་ཞིག་ཏུ་བསམས་མི་འདུག ངས་དོན་དག་འདི་གལ་ཆེན་པོ་དཔྱད་རིན་གླེང་རིན་ཡོད་པ་ཞིག་ཏུ་མཐོང་བ་རེད། མ་འགྲིགས་པ་ཞིག་ཡོད་ན་ང་མ་འགྲིགས་པ་རེད།
གཞི་ཆུང་ཆུང་ཆེན་པོར་བཟོས་པ་ཡང་མ་རེད། རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལྟ་བུར་མིང་འབོད་ག་རེ་གནང་ནའང་ཁྱད་པར་མེད་ན་ཐང་། དེ་ཡག་པོ་རེད། འགའ་རེ་ལ་ཁྱད་པར་ཡོད་པ་རེད། གདན་གྲལ་གཅིག་ལ་དབྱེ་འབྱེད་མང་པོ་ཞིག་ཕྱེས་ཡོང་ན་ཉན་མཁན་ཞིག་གིས་ཉན་མ་སྤྲོ་བ་དང་ལྟ་མཁན་ཞིག་ནས་ལྟ་མ་བདེ་བ་ཡོང་གི་ཡོད་པ་ཆོས་ཉིད་རེད། བགྲོ་གླེང་གནང་མཁན་ལ་ཁྱད་མེད་ནའང་བཀོད་སྒྲིག་བྱེད་མཁན་གྱི་ངོས་ནས་ཞེ་དྲག་ལན་པོ་ཞིག་ཡོང་མེད་པ་གནས་ཚུལ་འདིས་ཀྱང་ར་སྤྲོད་བྱས་པ་རེད། ལན་པོ་མེད་པ་དེ་ཡང་ཚོགས་པ་གཅིག་གི་གནད་དོན་མིན་པར་བོད་སྤྱི་ཚོགས་ཧྲིལ་བོའི་གནད་དོན་ཞིག་དང་། བོད་ཀྱི་རིག་གཞུང་དང་འབྲེལ་བ། ཐ་སྙད་ཀྱིས་འདང་མ་འདང་དང་འབྲེལ་བ་ཞིག་ཏུ་ཁོ་བོས་མཐོང་ནས་ཁ་བདག་མ་ཐུབ་པར་ལས་ཀ་དང་སློབ་སྦྱོང་། དཔེ་ཀློག་གི་བར་ནས་མདའ་མོ་སྟོང་ནས་ཤོར་བ་རེད།
ཆོས་དབྱིངས་སྒྲོལ་མ་ལགས། ངས་རྒྱ་ཚིག་བེད་སྤྱོད་གང་འདྲ་བྱས་འདུག རྐང་རྡོག་གཅིག་སྟོན་དང་།
སྐུ་ངོ་ཞེས་པའི་ཚིག་འདི་མི་འདོད་པའི་རྒྱུ་མཚན་སྤྱི་ཚོགས་རྙིང་པའི་སྐབས་བྲན་གཡོག་པ་ཚོས་སྐུ་དྲག་ལ་འབོད་སྟངས་ཞིག་ཡིན་པའི་རྒྱུ་མཚན་རེད། དེ་ལྟར་ན་སྐུ་མདུན། བཀའ་བློན། བཀའ་ཤག་སོགས་དང་ཁྱོད་རང་གིས་བཤད་བཞིན་པའི་ལས་ཁུངས་ཞེས་པ་དག་ཀྱང་གཅིག་མཚུངས་མ་རེད་དམ།
སྤྱིར་སྤྱི་ཚོགས་རྙིང་པ་ཞེས་པའི་མིང་ཐ་སྙད་འདི་ཨ་ཞང་ཚང་གི་བཟོས་གཞག་པའི་ཅ་ལག་ཅིག་རེད། དེ་ངོ་ཤེས་པར་གྱིས། ཡང་སྤྱིར་བྲན་དང་གཡོག་སོ་སོ་ནས་བོད་སྐད་འཁྲུལ་མེད་རེད་མོད། བྲན་གཡོག་ཅེས་གཅིག་བསྡོམས་པའི་མིང་འདི་ ༥༩ སྔོན་གྱི་བོད་འབངས་ལ་རྒྱ་མིས་བཏགས་པ་རེད། བྱས་ན་འདི་ཡང་རྒྱ་ཚིག་རེད་པས་ཁྱེད་ཀྱིས་བེད་སྤྱོད་མ་གནང་དགོས།
དྲ་གྲོགས་ཚོ་ངས་བྱས་ན། སྐུ་ངོ་ནི་སྡོན་གྱི་མི་ཚོས་དག་ཆ་ནོར་བ་རྒྱུན་འཇགས་སུ་བྲིས་པ་ཞིག་རེད། འོན་ཀྱང་ཁ་ནས་འབོད་དུས་ནོར་མེད།
གང་ལགས་ཞུ་ན། བརྐུ་ངོ་ནི་བོད་བདེ་བ་གཞུང་གི་སྐུ་རྒྱུ་དངོས་ཤུགས་ནས་བརྐུ་རྐྱང་བྱེད་མཁན་དེ་ཚོ་ལ་བརྐུ་མ་ངོ་མ་ཟེར། ཕྱིས་སུ་དག་ནོར་བྱུང་ནས་ར་བརྐུའི་ཚབ་ཏུ་ས་སྐུ་བྲིས་པ་ཞིག་ཡིན། ད་དུང་ཡོད་པ་རེད། བརྐུ་མ་ལས་དྲག་ཙམ་དེ་ཚོར་བརྐུ་དྲག་ཟེར་བ་རེད།
དེང་སང་རྡ་རམ་ས་ལར་ཡོད་པའི་བརྐུ་ངོ་དང་བརྐུ་དྲག་དེ་ཚོ་གོང་ས་མཆོག་དང་བོད་གཞུང་ནས་ཕྱག་རིང་བརྐྱངས་གནང་གི་ཡོད་པ་རེད། ད་དུང་བརྐུ་མའི་རྒྱུད་པ་འཁོར་དང་བཅས་པ་ལ་བརྐུ་འཁོར་ཟེར།
སྐུ་ངོ་། བརྐུ་མ་ངོ་མ།
སྐུ་དྲག བརྐུ་མ་ངོ་མ་ལས་དྲག་ཙམ།
སྐུ་འཁོར། བརྐུ་མ་ཚོའི་འཁོར་ལ་ཟེར།
མའོ་ཙེ་ཏུང་ལ་མི་དགའ་མདོག་བྱེད་ཀྱང་ཁོ་དགོངས་པ་གཅིག་དང་དབྱངས་གཅིག་རེད་འདུག
ད་གཡུག་ཞོག
ཆོས་དབྱིངས་སྒྲོལ་མ་་ལགས་ སྐུ་ངོ་ཞེས་པ་དེ་བོད་སྐད་རང་རེད་ སྤྱི་ཚོགས་རྙིང་པའི་སྐབས་ང་ཚོ་བོད་པ་རེད་ སྤྱི་ཚོགས་གསར་པའི་སྐབས་ང་ཚོ་བོད་པ་རེད་ མི་རབས་་གསར་པ་ཡིན་ནའི་བོད་པ་རེད་ དེར་རྟེན་ང་ཚོས་ད་ལྟ་བོད་པ་རང་གི་ཁེ་ཕན་ལ་བསམ་པ་དང་མདོ་དབུས་ཁམས་གསུམ་ཚང་མས་གོ་ཐུབ་པའི་བོད་སྐད་ཞིག་བཟོ་རྒྱུའི་བསམ་བློ་སྟངས་དགོས་པ་ལས་ བོད་སྐད་ཀྱི་ཚིག་གཅིག་འགྱུར་བཟོ་བྱེད་པར་
རྒྱ་མིས་བཟོས་པའི་སྤྱི་ཚོགས་གསར་རྙིང་གི་ཚིག་དང་ ལྷག་པར་དུ་མོའོ་ཙེ་ཏུང་གི་ལྟ་བའི་གཙོ་བོ་གྲལ་རིམ་འཐབས་རྩོད་བེད་སྤྱོད་བྱས་ནས་བོད་སྐད་ལ་འགྱུར
་བཅོས་བྱས་ན་ཕན་ཐོགས་མེད་པ་ཚང་མས་ཞེས་གསལ་རེད་ ད་དུང་ཁྱེད་རངབོད་པའི་་མི་རབས་གསར་པ་
ཞིག་བྱེད་འདོད་ན་ལོ་ངོ་ལྔ་བཅུའི་གོང་གིརྒྱ་མིའི་་དམར་པོའི་ལྟ་བ་དེ་བཞག་ན་དགའ།
མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཐར་བའི་ལམ་འདྲེན་གྱི་འོད་སྟོང་ལྡན་པའི་ཉི་མ་ཆོས་གསུང་མཁན་གྱི་བདག་པོ་སྐྱབས་སྟོན་པ་པོ་ཡིན་པའི་ཆ་ནས་དང་པོར། སངས་རྒྱས་ལ་སྐྱབས་སུ་མཆིའོ། འདྲེན།
གཉིས་པ། སྐྱབས་དངོས་ཆོས་ཡིན་པས། ཆོས་ལ་སྐྱབས་སུ་མཆིའོ་འདྲེན།
གསུམ་པ། སྔོན་མ་ཞིག་ལ་སུ་ཞིག་གསུངས་པ་ལྟར། ཆོས་ཉམས་ལེན་བྱེད་མཁན་དང་སངས་རྒྱས་མཁན་རང་ཉིད་ཡིན་པ། རང་ཉིད་ཀྱི་རྒྱུད་ལ་སངས་རྒྱས་ས་བོན་ཡོད་པ། རང་གིས་རང་ལ་གདེང་ཚོད་དང་ཡིད་ཆེས་རྙེད་པ་བཅས་ཀྱི་ཆེད། རང་ཉིད་ལ་སྐྱབས་སུ་མཆིའོ་འདྲེན།
བཞི་པ།སྟག་སྨྱོན་གྱིས་གསུངས་པ་ལྟར། བུད་མེད་ལ་སྐྱབས་སུ་མཆིའོ་འདྲེན། སེམས་ཅན་ཐམས་ཅད་སྐྱེད་པའི་མར་གྱུར་པ། སངས་རྒྱས་དང་ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཡུམ་སྟེ་བུད་མེད་ཀྱིས་བསྐྱེད་པ། རང་ཉིད་ཀྱང་མ་དྲིན་མོ་ཆེས་བསྐྱེད་པ་བཅས་ཀྱིས་དེ་ཡང་གལ་ཆེན་དུ་འདུག བླ་མ་དགོས་པ་མི་འདུག བླ་མ་མེད་ནའང་སངས་རྒྱས་ཀྱི་ཆོས་ལ་རང་གིས་ལྟ་ཀློག་དང་ཉམས་ལེན་བྱེད་ཆོག དགེ་འདུན་ཡང་དགོས་པ་མི་འདུག དགེ་འདུན་གྱི་ཚབ་རང་ཉིད་ཀྱིས་བྱེད་ཆོག
ད་སྐྱབས་འགྲོ་གསར་པ་འདི་ལྟར་ཡིན་ད།
སངས་རྒྱས་ལ་སྐྱབས་སུ་མཆིའོ།
ཆོས་ལ་སྐྱབས་སུ་མཆིའོ།
རང་ཉིད་ལ་སྐྱབས་སུ་མཆིའོ།
བུད་མེད་ལ་སྐྱབས་སུ་མཆིའོ།
ག་འདྲའི་འདོམ་བདེ་བོ་འདུག མ་དགོས་པ་ཚོ་དོར། དགོས་པ་ཚོ་བླངས། ཐུགས་རྗེ་ཆེ་གནང་། སྟག་སྨྱོན། དགོངས་ཚུལ་ཡག་པོ་གནང་ཤག
བུད་མེད་སྟོང་གིས་གྲུབ་པ་ཡི།།
སྨད་འཚོང་ཁང་ཞིག་ལྡི་ལེར་ཡོད།།
དགེ་འདུན་སྟོང་གིས་མ་ཚིམས་པའི།།
སྟག་སྨྱོན་རྒད་པོའི་སྐྱབས་གནས་བྱོས།།
ཤ་ཟ་དམར་པོའང་དེ་རུ་རྒྱུགས།།
སྨད་འཚོང་མ་ལ་ཐོད་པ་གཏུག།།
དགེ་འདུན་མ་དང་དགེ་འདུན་ཕས།།
དགེ་འདུན་སྟོང་གི་ཡབ་ཡུམ་མཛོད།།
ཤ་ཟན་དམར་པོས། ༼བླ་མ་དགོས་པ་མི་འདུག བླ་མ་མེད་ནའང་སངས་རྒྱས་ཀྱི་ཆོས་ལ་རང་གིས་ལྟ་ཀློག་དང་ཉམས་ལེན་བྱེད་ཆོག ༽ཟེར་བ་མི་ཐད་དེ། བླ་མ་མེད་ན་གསུམ་ལྡན་རིག་པ་འཛིན་ཡོང་མི་ཤེས་པའི་ཕྱིར་རོ། །
རིག་པ་འཛིན་”པ་”
སྐུ་ངོ་། བརྐུ་མ་ངོ་མ།
སྐུ་དྲག བརྐུ་མ་ངོ་མ་ལས་དྲག་ཙམ།
སྐུ་འཁོར། བརྐུ་མ་ཚོའི་འཁོར་ལ་ཟེར
རྒྱ་དང་ཕྱི་གླིང་བུ་མོ་བླ་མ་གྲྭ་པར་དགའ
དེ་ཡི་ནད་ཡམས་ཚབས་ཆེན་བོད་པའི་བུ་མོར་བགོས།
གྲྭ་སའི་དགེ་འདུན་རྣམས་ལ་ཞུ་དགོས་མི་འདུག་ཀྱང་།
ཐང་གྲྭ་ཆོས་སྲིད་གཉིས་གནོད་རྣམས་ལ་ཤིན་ཏུ་མཁོ།
བླ་མ་ཞེས་པ་དེ་ལམ་ཟུར་ལ་ཁ་ཏོག་དག་མ་དག་ཅིག་འདོན་ཞིང་། བདེན་བཞིའི་མིང་ཙམ་ཡང་མི་ཤེས་མཁན་ལ་བཤད་ན་བླ་མ་ལ་སྐྱབས་སུ་མཆི་མི་དགོས།
གཞན་མདོ་སྔགས་སོགས་ཐེག་པ་རིམ་པ་དགུ་པོ་སོ་སོའི་ལྟ་སྒོམ་སྤྱོད་གསུམ་མ་ནོར་བར་རང་ཉིད་ལ་སྟོན་མཁན་ནི་རང་ཉིད་ལ་མཚོན་ན། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །ཞེས་དང་། དེ་ལའང་། སྤྱིའི་བླ་མ། འདྲེན་པའི་བླ་མ། རྩ་བའི་བླ་མ། བརྒྱུད་པའི་བླ་མ། ཞེས་སོགས་མང་བས་བླ་མ་མཁྱེན་ཞེས་པའི་བླ་མ་དེ་སོ་སོ་ལ་ལྟོས་པའི་བཀའ་དྲིན་ཅན་དེ་ལ་ངོས་བཟུང་ནས་སྐྱབས་སུ་འགྲོ་ན་ལེགས།
དགེ་འདུན་ཞེས་པ་དེ་དེང་སྤྱིར་བཏངབ་ཞིག་ལ་གྲྭ་པ་དང་ཨ་ནེ་ལ་གོ་ན་དེ་ལ་ཅིའི་ཕྱིར་སྐྦས་སུ་འགྲོ་སྟེ། རང་ཡང་འཁོར་བའི་གཙོནརར་བཅིངས་པ་ཡིས། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་པ་དང་མཚུགས། དེ་ནི། གང་དག་ལ་ང་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲྲ་ཤེས་པ། །ལོག་པའི་ལམ་དུ་བཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །གསུངས་པ་ལྟར་རེད། དགེ་འདུན་ནི་ལམ་བདེན་རྒྱུད་ལྡན་གྱི་གང་ཟག་བཞི་ཡན་ཆད་དང་ལམ་བདེན་ཁོ་རང་ལ་དགེ་འདུན་ཞེས་ཟེར་བས་དེ་ལ་སྐྱབས་སུ་འགྲོ་ན་ཉེས་པ་མེད།
གཞན་རང་དང་། བུ་མེད། ཨ་སྒོར་སོགས་ལ་སྐྱབས་སུ་འགྲོ་ནའང་སུས་འགོག་ནུས། ལོག་པའི་ལམ་ལ་ནི་མཐའ་མེད་པའི་ཕྱིར་དང་། རང་དབང་ཡང་ཡིན་པའི་ཕྱིར་རོ།།
སྤྱི་འཐུས་བགྲོ་གླེང་གལ་ཆེན་ལོས་ཡིན་ཏེ།།
ཐ་སྙད་གཅིག་གྱུར་འདིའང་གལ་ཆེན་ཡིན།།
འདྲ་མཉམ་ཟེར་ནས་ག་ཚོད་ལབ་ནའང་།།
འབོད་སྟངས་འདྲ་མཉམ་མེད་ན་འདྲ་མཉམ་མིན།།
ཆེན་པོ་ཆེན་པོ་གླེང་སྟེ་སྡོད་པ་ལས།།
ཆུང་ངུ་ཆུང་ངུའི་སྐྱོན་རྣམས་སེལ་བ་ལེགས།།
རགས་པའི་དངོས་པོ་ཐམས་ཅད་མ་ལུས་པ།།
ཕྲ་བས་གྲུབ་པ་ཤེས་ན་མཁས་པ་ཡིན།།
ཆེན་པོ་ཆེན་པོ་མི་མཐོང་སུ་ཞིག་ཡོད།།
ཕྲ་ཞིང་ཕྲ་བ་མཐོང་ན་མཁས་པ་ཡིན།།
མཁས་བླུན་གཉིས་ཀྱི་ཁྱད་པར་ཤེས་གྱིས་ལ།།
གནད་དོན་ཆུང་ངུ་རྣམས་ནས་གླེང་བར་བྱ།།
ཆུང་ངུའི་སྐྱོན་ལའང་མཛུབ་མོ་བཙུགས་པ་ན།།
ཆེན་པོའི་གནད་དོན་ལྷགས་སའི་གོ་ཡུལ་མེད།།
ཆེན་པོའི་གནད་དོན་མེད་པའི་སྤྱི་ཚོགས་ནང་།།
ཆུང་བའི་དོན་རེའང་ཆེན་པོ་ཉིད་དུ་མཐོང་།།
ཆུང་བའི་གནད་དོན་ཆེན་པོར་མཐོང་བའི་དུས།།
འཛམ་གླིང་མི་ཡི་གདན་གྲལ་ནོན་པ་ཡིན།།
མཐོ་དམའ་མེད་པའི་བཞུགས་གྲལ་སྙོམས་པོའི་སྟེང་།།
རང་དབང་གཞས་ཤིག་བཏང་ན་སྐྱིད་པ་ཡིན།།
ཡར་ལ་བལྟས་ཏེ་སྐྲག་ས་འཚེར་ས་མེད།།
མར་ལ་བལྟས་ཏེ་ཁྲོ་གཉེར་བསྡུ་ས་མེད།།
བུད་མེད་རེད་ཅེས་དབྱེ་འབྱེད་བྱེད་ས་མེད།།
ཀུན་སྙོམས་སེམས་མཐུན་བྱུང་ན་སྐྱིད་པ་ལ།།
སྐུ་ངོ་རེད་ཅེས་ཡར་ལ་བཀུར་དགོས་མེད།།
མེད་པོ་རེད་ཅེས་མར་ལ་བརྙས་དགོས་མེད།།
འདྲ་འདྲ་རེད་ཅེས་ཕྲག་དོག་ཟ་དགོས་མེད།།
ཀུན་སྙོམས་ཀུན་ལ་ཡོད་ན་དགའ་བ་ལ།།
རྒྱལ་བ་རེད་ཅེས་ཐལ་མོ་སྦྱར་དགོས་མེད།།
དགྲ་བོ་རེད་ཅེས་མཚོན་ཆ་འཕྱར་དགོས་མེད།།
རང་རིགས་རེད་ཅེས་ཆགས་ཞེན་བྱེད་དགོས་མེད།།
མེད་པ་འདི་ཚོ་མེད་ན་སྤྲོ་བ་ལ།།
ཁྱོད་ཀྱི་རྒྱལ་ཁབ་རེད་ཅེས་གླེང་དགོས་མེད།།
ང་ཡི་མི་རིགས་རེད་ཅེས་ངོམ་དགོས་མེད།།
ང་ཁྱོད་དབྱེ་བ་མང་པོ་བྱེད་དགོས་མེད།།
མེད་པ་འདི་ཚོ་མེད་ན་འདོད་པ་ལ།།
གསར་པ་རེད་ཅེས་རྣམ་རྟོག་ཟ་དགོས་མེད།།
རྙིང་པ་རེད་ཅེས་མཆིལ་ཞགས་འཕེན་དགོས་མེད།།
གསར་རྙིང་ལེགས་ཆ་ལྟ་བའི་མིག་གཉིས་པོ།།
ནམ་ཡང་གསལ་འགྲིབ་མེད་པར་གསལ་གྱུར་ཅིག།
དད་པ་ཅན་གྱི་དད་མོས་བསྒྱུར་དགོས་མེད།།
དད་པ་མེད་ལ་ལྟ་ལོག་ཟེར་དགོས་མེད།།
རང་རང་སོ་སོའི་བློ་འདོད་ཅི་བཞིན་དུ།།
རང་དབང་འཚོ་བ་རོལ་ན་བསོ་བ་ལ།།
རང་གི་ལྟ་བ་གཞན་ལ་འགེབས་དགོས་མེད།།
གཞན་གྱི་ལྟ་བའི་ཁྱི་རྗེས་འབྲང་དགོས་མེད།།
རང་རང་སོ་སོ་རིགས་མཐུན་འཁོར་ནང་དུ།།
རང་ལུགས་བསྐྱང་ན་རྩོད་གཞི་ཉུང་བ་ལ།།
ཨ་ནེ་རྣམས་ཀྱི་མཛུ་གུ་བཙོག་ན་བཙོག།
གྲྭ་པ་རྣམས་ཀྱིས་ལག་བྱིལ་བྱས་ན་བྱས།།
བླ་མ་རྣམས་ཀྱིས་ཁ་རོག་རྒྱོ་ན་རྒྱོ།།
གཞན་ལ་གནོད་པ་མེད་ན་འགྲིགས་པ་ལ།།
སྐད་ཆ་བཤད་གི་བཤད་གི་འཆའ་འགྲོ་གི།
སྐུད་པ་རིང་གི་རིང་གི་ཆད་འགྲོ་གི།
འདོ་རིགས་རྟ་ཁ་འདི་རུ་འཐེན་རྒྱུ་ཡིན།།
མང་མང་བཤད་ན་ཀུན་ལ་གནོད་འགྲོ་མོད།།
ཤ་ཟན་དམར་པོའི་སྙན་ངག་དམར་བ་ལ། ཟབ་པ་ལ། བདེན་པ་ལ། ནུབ་ཕྱོགས་ཀྱི་དམངས་གཙོ། འདྲ་མཉམ། རང་དབང་སོགས་ཀྱི་ལག་ལེན་དང་ལྟ་གྲུབ་སྐོར་ལོ་མང་སློབ་གླིང་གང་གྲགས་སུ་སྦྱངས་མོད། གདམས་ངག་འདི་ལས་ལྷག་པ་མང་པོ་ཐོས་མ་སོང་།
མགོན་པོ་སྐྱབས་ཀྱི་འགྲེལ་བཤད་དེ་ཡག་པོ་རེད། ཡིན་ན་ཡང་། གཅིག་ནོར་ཤག
སྐུ་དྲག རྐུ་མ་ངོ་མ་ལས་དྲག་ཙམ་ཟེར་བ་དེ་ནོར་རེད། དེ་ལ་འདི་ལྟར་འགྲེལ། རྐུ་མའི་ནང་གི་དྲག་ཤོས།
བྷོ་སི་ཊོན་དུ། བྱང་ཨ་རིའི་སྤྱི་འཐུས་འོས་མི་རྣམས་ཀྱིས་བགྲོ་གླེང་གནང་བཞིན་འདུག ངས་དེར་ཉན་བཞིན་པའི་སྒང་ཡིན། ཁྱེད་ཚོས་ཉན་ན་གཤམ་གསལ་གྱི་དྲ་ཐོག་ཕྱིན། ད་རུང་མཇུག་རྫོགས་མུ་འདུགདྲི་བ་དྲི་ལན་གནང་བཞིན་པའི་སྒང་རེད། http://www.bostontibet.org/index.html
ཨ་རོ། མདའ་ཚན་པ། བགྲོ་གླེང་དེར་འཁྱུག་ཙམ་བལྟས་པ་ཡིན། མི་རེ་རེའི་མིང་གི་སྔ་རྗེས་སུ་སྐུ་ངོ་དང་སྐུ་ཞབས་ལ་སོགས་པའི་ཛ་ར་ཛོ་རའི་ལྷན་པ་མ་བརྒྱབ་པར་ལགས་དང་ལགས་ཟེར་གྱི་ཡོད་པ་དེ་ལ་དགའ་ཡོད།
རེད། ངས་ཀྱང་དོ་སྣང་བྱུང་། གཅིག་བྱས་ན། ང་ཚོས་བགྲོ་གླེང་གིས་ཀྱང་ཕན་ཅུང་ཐོགས་ཡོད་ན་ཐང་། ཁོང་ཚོས་གཟབ་གཟབ་བྱས་ནས་ཚང་མར་འདྲ་མཉམ་གྱིས་ལགས་ལགས་ཟེར་ནས་ངོ་སྤྲོད་གནང་སོང་།
བདེན་པ་རེད། མཚན་གྱི་རྗེས་སུ་ལགས་སྦྱར་ན་དེས་མ་ཆོག་པ་གང་ཡང་མི་འདུག ཡག་པོ་ཡང་འདུག སྟབས་བདེ་བོ་ཡང་འདུག ཞེ་ཚིག་ཡང་སླེབས་འདུག
སྐུ་ངོ་ཞེས་པའི་ཚིག་འདི་བེུད་ལ་མི་ཐོབ་པ་གང་ཡིན་ནམ། སྐུ་ངོ་ཞེས་པའི་ཐ་སྙད་འདི་ནི་སྐུ་ངོ་མ་ཞེས་པའི་དོན་ཡིན་པས་སྐུ་ངོ་མ་དེ་བུ་དང་བོུ་ལ་ཁྱད་པར་མེད།