གསལ་ལེ་རྒྱལ།
སྒྲོལ་མ་ཉེར་གཉིས་མ།
དྭངས་གཙང་ཆབ་ཀྱིས་སྐུ་ལུས་འཁྲུས་མ།།
དྲི་ཞིམ་ཆུ་ཡིས་གང་སར་བྱུགས་མ།།
རང་བྱུང་ལུས་ཀྱི་མཛེས་སྡུག་ངོམས་མ།།
དཀར་དམར་རྩི་ཡིས་མངལ་སྒོ་རྒྱན་མ།།
སྒྲོལ་མ་ཉེར་གསུམ་མ།
གླིང་རྫི་དོར་མའི་ཁ་ཐུག་ལྷོད་མ།།
རྟག་ཏུ་ལམ་གྱི་བཞི་མདོ་སྲུང་མ།།
དགྲ་གྲོགས་གཉིས་ལ་དབྱེ་བ་མེད་མ།།
སུ་ཡིས་འཐེན་ན་དེ་ལ་འགྲོགས་མ།།
སྒྲོལ་མ་ཉེར་བཞི་མ།
བརྩེ་བ་མེད་ཀྱང་རྩིབ་མ་གླན་མ།།
བརླ་ཡི་སྒོ་མོ་རྟག་ཏུ་ཕྱེས་མ།།
ཚོར་བ་མེད་ཀྱང་ཡར་རྒྱག་བྱེད་མ།།
སྒོར་མོ་མཐོང་ན་དགེ་བ་འཐོབ་མ།།
སྒྲོལ་མ་ཉེར་ལྔ་མ།
འདོད་པའི་སྒྱུ་རྩལ་ཀུན་ལ་མཁས་མ།།
ནོར་བུ་ཏོག་ལྡན་ཞལ་གྱིས་འཇིབ་མ།།
ཕྱག་ཟུང་དྲོན་མོས་རླུག་པ་སྐྱོར་མ།།
ཆགས་ལྡན་དག་པའི་ཞིང་དུ་འདྲེན་མ།།
སྒྲོལ་མ་ཉེར་དྲུག་མ།
སོག་པ་ལེབ་མོ་གདན་ལ་སྦྱར་མ།།
སྔས་འབོག་མཐོན་པོས་རྐུབ་གདན་བཅས་མ།།
པུས་མོ་གཉིས་ཀ་བྲང་ལ་སྦྱར་མ།།
པདྨའི་ཁ་སྒོ་གནམ་ལ་བསྐོར་མ།།
སྒྲོལ་མ་ཉེར་བདུན་མ།
པུས་མོའི་ལྷ་ང་ས་ལ་བཙུགས་མ།།
སྐེད་པ་ཕྲ་མོ་ནང་དུ་གུག་མ།།
འཕོངས་ཚོས་མཐོན་པོ་ཕྱི་ལ་གཏད་མ།།
ཁུ་བའི་དྭངས་མ་ཤུགས་ཀྱིས་འདྲེན་མ།།
སྒྲོལ་མ་ཉེར་བརྒྱད་མ།
ཤ་རྩ་དཀར་ལ་ཤ་ཚུགས་མཛེས་མ།།
ཤུགས་ཀྱིས་བརྒྱབས་ན་ཡུན་གྱིས་ངུ་མ།།
ཡུན་གྱིས་སྤྱད་ན་ཧུན་སྒྲ་སྒྲོག་མ།།
ཚེ་རིང་ལོ་བརྒྱའི་ཁ་གཡང་འབོད་མ།།
སྒྲོལ་མ་ཉེར་དགུ་མ།
སྤྱན་ཟུང་བཙུམ་མ་ཕྱེས་ཀྱིས་ལྟ་མ།།
མ་ཁ་སོ་ཡིས་བཏབ་ནས་འགུལ་མ།།
མངལ་གྱི་ཁ་ནས་བཙིར་ཞིང་ལྷོད་མ།།
འཕོངས་ཤ་སྤར་མོས་འཐེན་ཞིང་གཏད་མ།།
ཁོག་ཏུ་གང་དྲན་ཁ་ནས་བརྗོད་མ།།
འགོ་འཇུག་མེད་པའི་སྙན་ངག་བྲི་མ།།
ཆགས་པས་གདུང་དུས་སྨྱོ་བཤད་བྱེད་མ།།
ས་ལེ་རྒྱ་ལ་ས་ཁ་མེད་མ།།
ཆགས་ཐོགས་མེད་པར་ཆགས་ཚིག་བརྗོད་མ། ངོ་ཚ་མེད་པར་རང་གཤེས་བསྟན་མ། གསལ་ལེ་རྒྱལ་གྱི་གསར་འགྲོ་མཚལ་མ། ལ་རྒྱ་མེད་པར་གཞན་ལ་བཤད་མ། ཨོཾ་གྲི་གྲི་ཡེ་སྭོ་ཧཱོ།
ས་ལེ་རྒྱལ་དེ་སྨྱང་ལེ་རྒྱལ་མ།
ལྷ་ཡིས་བསྟོད་པར་ངན་བཤད་བྱེད་མ།
སེམས་ནང་གང་དྲན་ལག་པས་བྲི་མ།
འཇིག་རྟེན་མི་ཡི་སྤྱོད་པ་མེད་མ།
བྱམས་པའི་ཞལ་དཀྱིལ་དེ་གསལ་ལེ་མ།
ཆགས་སྨྱོས་ཀྱི་དྲན་པ་དེ་རྒྱལ་མ།
བསྟོད་ཡུལ་མ་ཤེས་བསྟོད་སེམས་རྨུགས་མ།
གསལ་ལེར་རློམས་ཀྱང་ང་རྒྱལ་རྨོངས་མ།
སངས་རྒྱས་བཀའ་ལ་བྱིས་པས་རྕེད་མོ།།
སྙིགས་དུས་མི་ལ་བསོད་ནམས་མེད་མོ།།
སུས་ཀྱང་བཟློག་པའི་ཐབས་ཤེས་མེད་མོ།།
ད་དུང་ལྷོད་ལ་བབ་ནས་བྲིས་མོ།།
ཉི་མ་མ་འཁྱོལ་འདི་འདྲ་འབྲི་མ།།
ལས་མེད་ཀླད་སྟོང་རང་གཤིས་ཤར་མ།།
བོད་ཀྱི་ཡི་གེ་འཕྲོ་བརླག་གཏོང་མ།།
གང་ནས་ལྟོས་ཀྱང་ངོ་ཚ་བཤམས་མ།།
དྲང་མོའི་གཤིས་ལ་རྒྱུན་དུ་རྒོལ་མ།
དྲང་བརྗོད་གཏམ་ལ་འགག་རྒྱག་མང་མ།
མགོ་བདེ་ཁྲམ་པར་བསྟོད་བསྔགས་འབུལ་མ།
ཤེས་མེད་དྲྭ་འབུའི་རང་གཤིས་ཡིན་མ།
འཁྲེང་སེམས་ཀྱི་མགུར་གླུ།
སྟེང་ཕྱོགས་ལྷ་ཡི་གྲོང་ནས་ལྷགས་པ་བཞིན།།
ལྷན་སྐྱེས་འཇོ་སྒེག་ཡིད་དུ་འོང་བའི་ཉམས།།
ཁོ་བོའི་འདྲེན་བྱེད་ཟུང་ལ་སྣང་ཙམ་གྱིས།།
བདག་ཡིད་གདུང་བའི་མུན་པ་དྲུངས་ནས་ཕྱུང་།།
ཚང་ཚིང་ལོ་འདབ་སྟུག་པོའི་གྲིབ་བསིལ་དུ།།
རང་གཟུགས་མཚུངས་མེད་སྙམ་པའི་ང་རྒྱལ་གྱིས།།
ཁོང་ན་འཛུམ་པའི་མ་སྨད་མཛེས་སྡུག་ལ།།
འཆི་མེད་བུ་མོ་སྟོང་གིས་བསྒྲུན་ཐབས་བྲལ།།
ལྷག་བསམ་གངས་ལས་བཞུར་བའི་སྙིང་གཏམ་དང་།།
མཛེས་སྡུག་ལྷ་ལས་བབས་པའི་ལང་ཚོ་ལ།།
འདྲེན་བྱེད་གཡོ་འགུལ་མེད་པར་ཅེར་བའི་ཉམས།།
ཤེས་མེད་ལྡེར་སྐུ་ཞིག་དང་ཀུན་ནས་མཚུངས།།
འཇིག་རྟེན་འཁོར་བ་སྡུག་གི་རྒྱ་མཚོ་ཞེས།།
མཁས་དབང་བྱེ་བའི་ལྗགས་རྩེ་འཁྱུགས་ན་ཡང་།།
ཁྱེད་ཉིད་མཐོང་བའི་བདེ་དགའ་འདི་འདྲ་ན།།
དམ་པའི་གསུང་ཡང་རློམ་མེད་རྫུན་དུ་གསལ།།
རིན་ཆེན་གསེར་དང་གཡུ་བྱུར་མ་བརྒྱན་ཅིང་།།
འཇམ་མཉེན་གོས་དང་གོན་པས་མ་སྤུད་པར།།
ཟླ་མེད་སྐྱེས་གཟུགས་ཁྱེད་ལ་ལྡན་དྲགས་པས།།
འདོད་པའི་ཟུར་མིག་གྲངས་མེད་ཁྱེད་ལ་འཕངས།།
ཕྱི་གླིང་བུ་མོའི་ལྷུན་ཆགས་རང་གཤིས་དང་།།
རྒྱ་ནག་མཆོར་མའི་དངོས་མིན་སྤམ་བཟོ་སོགས།།
སྣ་ཚོགས་ལྟར་སྣང་གཅིག་ལས་གཅིག་མཛེས་ཀྱང་།།
དབྱངས་སྒྲོལ་ཁྱེད་ལས་མཛེས་པ་ངས་མ་མཐོང་།།
གང་མཛེས་ཆགས་ལ་གོམས་པའི་ཨ་གསར་ཅན།།
སྐལ་དམན་བདག་ལ་ངེས་པར་འཐོབ་མིན་ཡང་།།
འདོད་སྲེད་བདུད་ཀྱི་རྒྱལ་མོ་ཤུགས་དྲགས་པས།།
ཡིད་སེམས་དབང་མེད་ཁྱེད་ཉིད་ཕྱོགས་སུ་འཁྲེང་།།
དགུན་གསུམ་སྐྱ་མདོག་སེམས་ཀྱི་འཇིག་རྟེན་ལ།།
སྔོན་མེད་ལང་ཚོའི་དཔྱིད་དཔལ་རྒྱས་པ་ན།།
བདག་བློའི་གཞན་གསོས་བུ་མོ་དབང་མེད་དུ།།
མགུ་བའི་མགུར་གླུ་སྙན་མོ་འདི་བླངས་སོ།
རོང་བོ། གཅན་རྟོགས་གྲོལ།
ལྐོག་ལས་སད་སུས་བྱེད་ལ་མཁས་པ། །བོད་མོ་མ་ཐོབ་དབྱིན་མོ་ཞོན་པ། །རྡོ་རྗེ་གླིང་ནས་རྡོ་ལ་ཐུག་པ། །དྲན་ཚད་བཤད་ནས་གྲགས་པ་སྒྲུབ་པ། །ཕྱི་གྲོགས་ཡི་གེས་བརྡུང་ན་སུན་པ། །ད་དུང་མ་ཚིམ་སྒོ་རྩ་དེད་པ། །ཐེབ་རྩ་མགོ་བྲེགམཇུག་དུམ་མིན་པ། །ཕོ་སྒོ་ཁུར་ནས་མཁས་པར་རློམ་པ། །ས་རྒྱལ་སྔོན་ལས་ཡར་རྒྱས་འདུག་པ། །ཨུ་ཚུགས་བརྩོན་པ་ཡག་པོ་ཡོད་པ། །ཆོས་པ་ཀུན་ལ་ཁ་རེ་གཏོང་བ། །ཤེས་བྱ་ཟད་པའི་བླུན་རྟགས་ཡིན་པ། །
ཟུར་མཆན་བདུན་ཙམ་འོག་ལ་གཡུག་མ།།
གཡུག་སྣ་རྟེན་མཁན་གཅིག་ཀྱང་མེད་མ།།
ཁྱི་རྗེས་གངས་ལ་ཕབ་པ་འདྲ་མ།།
ཁྱི་ཁ་བཙུམ་ནས་བསྡད་ན་བཟང་མ།།
གསལ་ལེ་རྒྱལ་ལ་གསལ་རྒྱུ་མེད་མ། ད་རུང་རྗེས་ལུས་ཡིན་པས་སྐྱོ་མ། སུ་ཡང་མི་མཁོ་ཁོ་ཐག་ཆད་མ། མོ་ཤ་མཐོང་ཚེ་ངུ་སྐད་ཤོར་མ། ཡ་རབས་སྤྱོད་བཟང་ལག་ནས་ཡུག་མ། ཐ་ཤལ་མཐོང་ཚད་ཁ་ནས་བརྗོད་མ། མི་རིགས་འདི་ལ་ཞེན་ཁོག་མེད་མ། མ་བུའི་བར་གྱི་ངོ་ཚ་བརླག་མ། འདི་ཙམ་མ་གཏོགས་ལག་ན་མེད་མ།
སྔོན་དུས་བོད་དུ་མཁས་རློམས་འགའ་རེས། །རྒྱལ་བའི་བཀའ་ལ་ལོག་བཤད་བྱས་ཏེ། །ད་ལྟ་ང་ཚོའི་འབྲས་བུ་མྱོང་བས། །ཀླད་མེད་བོད་མིའི་དྭོགས་ཟོན་གནོང་དང་།
ཐལ་དྲག་པས་ཐལ་རྩོམ་རང་ཤར་དུ་བྲིས་བར། །ཡུན་རིང་དུ་མི་དགོས་ངན་འབྲས་འཕྲལ་མར་རང་སྨིན་ངེས།
མཆན་གཏོགས་སྟངས་ལ་བལྟས་ན་ཐལ་དྲག་སྟངས་མི་ཤེས་པ་འདོད། ཤེས་ན་ཐལ་དྲག་སྟངས་ཤོད་དང་། དེ་ནས་ཡུན་གྱིས་གླེང་། བཤད་ཕྱོགས་ལ་བལྟས་ན་སྒྲོལ་མ་ཉེར་གཅིག་རྗེ་བཙུན་སྒྲོལ་མ་ཡིན་པ་དང་དེའི་འཕྲོ་མ་རྣམས་གད་སྙིག་ཡིན་པ་མ་ཤེས་བར་མགོ་འཁོར་ཡོད་པ་འདྲ།
ད་དུང་གསལ་བཤད་ཅིག་བྱས་ན། སྒྲོལ་མ་ཉེར་གཅིག་གི་འཕྲོ་མ་རྣམས་ནི། ཤེས་རབ་སྒྲོལ་མ། ཚུལ་ཁྲིམས་སྒྲོལ་མ། སྦྱིན་པ་སྒྲོལ་མ། བཟོད་པ་སྒྲོལ་མ། ཏིང་འཛིན་སྒྲོལ་མ། བསམ་གཏན་སྒྲོམ་སོགས་རེད། ཨོ། ཨོ། ཡང་མགོ་འཁོར་འགྲོ་པྭ།
གསལ་ལེ་རྒྱལ་ཁྱོད་ཇི་འདྲའི་མི་རྐྱལ་སྟོང་ཅིག་རེད། རྐྱལ་སྟོང་གི་ཁ་ནང་ལ་ཡོད་ནོ་ཚང་མ་འདི་མོ་རྐྱང་རྐྱང་ཡིན་ནི་ཨེ་རེད། ཁྱོད་ཀྱིས་བསམ་བཟོས་ནས་ཕར་ཕྱིན་དྲུག་གི་མིང་འདི་མོ་ལ་བེད་སྤྱོད་གཏོང་དགོས་ནི་རེད། ཙནྜ་གོ་མིས་ཏཱ་ར་ཡི་མིང་ཐོགས་ཚད་ལ་ཆང་ས་རྒྱག་གི་མིན་ཞེས་ཞལ་བཞེས་གནང་བ་བཟི་བརྗོད་ཆེ་གི་ཡ།
ལ་སྟོད་བུ།
ཁྱོད་ཀྱིས་བཤད་པ་མ་རེད་ཟེར་རྒྱུ་མི་འདུག རང་ཉིད་འཇིག་རྟེན་ཆོས་བརྒྱད་ལས་ཐར་ཡོད་པར་རྩ་ནས་འདོད་ཀྱི་མེད།
ཆོས་ལ་དབྱེ་འབྱེད་ཆེར་མི་བྱེད་མོད། ཆོས་པ་ལ་གྲུབ་མཐའ་ཁྱད་མེད་ཀྱིས་ཤིན་ཏུ་ནས་དོགས་ཟོན་བྱེད་མཁན་ཞིག་ཡིན།
དེ་བས་བོན་ལ་གདུང་སེམས་མཉམ་སྐྱེད་བྱས་པ་ཙམ་གྱིས། བོན་པོ་ཁ་ཤས་ཀྱིས་ཀི་སྒྲ་དང་ངར་སྒྲ་བསྒྲགས་ནས། བན་དེ་ཚོར་ཕར་བརྙས་བརྐོ་བྱེད་པའི་ཡ་ང་བའི་ཟློས་གར་གྱི་འཁོར་ལོ་གཡོན་སྐོར་བྱེད་པར་ཤིན་ཏུ་དོགས། ཨེ་སི་རལ་གྱི་འཇུའུ་ཚོ་ནི་དེ་འདྲ་རེད། Holocaust ཡི་སྡུག་བསྔལ་བགྲངས་བགྲངས་ཏེ། རྒྱལ་སྤྱིའི་མི་དམངས་ཀྱི་སྙིང་རྗེ་ཐོབ་པའི་མཐའ་མར། ད་ནི་པཱ་ལི་སི་ཐན་གྱི་མི་དམངས་སྡུག་ལ་སྦྱོར་བཞིན་པ་ལྟ་བུ་རེད། ཕྱི་ནང་གི་མི་མང་པོ་ཞིག་གཙེ་ཡུལ་ནས་གཙེ་མཁན་ (Victim ནས་ Victimiser) ལ་འཕོ་སླ་བའི་གནས་ཚུལ་ཧ་ཅང་མང་། གང་ལྟར་ང་ཚོ་རྨོངས་གཉིད་ལས་སད་དགོས་ན། བོན་དང་བོན་པོ་ལ་འདྲ་མཉམ་དང་རང་དབང་སྤྲོད་དགོས་པའི་དུས་ལ་སླེབས་ཡོད་པའང་ཤེས་དགོས་པ་མ་ཟད། བཤད་དགོས་པ་ཞིག་རེད།
སྐྱོན་མི་འདུག་འོ།སྒྲོལ་མས་མིང་སྨོས་ཚད་སྒྲོལ་མ་ཡིན་དགོས་མ་རེད་གང་ལྟར་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ན་དོན་དངོས་ཐོག་བྱ་སྤྱོད་དེ་ལས་སྩོགས་མེད་ན་དེ་འདྲ་རྡ་ས་གཅིག་བུ་ན་མང་ནི་རེད་འོ།
དེ་ཤོག་དངོས་ལ་བཀོད་མ་བཀོད་གི་ཁྱད་པར་ལས་མི་འདུག།ས་ལེ་རྒྱལ་རང་གིས་བྲིས་བ་འགྲིག་བཞག།།
གོང་གི་མདའ་དེ་འཕེན་ས་ནོར་འདུག་མོད། ཞིབ་ཏུ་བསམ་ན། དེ་ཡང་ནོར་བ་ཞིག་མིན་པར། ཨ་ཁུ་ནེ་ཙོ་སེར་རིལ་ཚོའི་ཁ་ནང་དུ་བརྡབ་རྒྱུའི་གཏོར་མ་ཞིག་ཡིན། སྒྲོལ་མ་ཉེར་གཅིག་གི་གྲངས་ཀ་དེ་ནས་བརྒལ་ན། ཆོས་དང་སྲོལ་རྒྱུན་ལ་བརྙས་པ་རེད་ཟེར་གྱི་རེད། ཐང་ག་འབྲི་མཁན་ཞིག་གིས་སྒྲོལ་སྐུའི་ཐང་གར་ཐིག་རིས་གཅིག་གཉིས་ཞིག་གམ་ཡང་ན་ཚོན་རྩི་མི་འདྲ་བ་ཁ་ཤས་བསྣན་ན། དེ་ལ་གཏོར་བཤིག་ཟེར་གྱི་རེད། སྔར་སྲོལ་རྒྱུན་འཛིན་མ་བྱས་པའི་ཉེས་པ་འགེལ་གྱི་རེད། དེ་ལྟར་བྱེད་མཁན་གཙོ་བོ་གྲྭ་བ་དང་གྲྭ་ལོག་ཚོ་རེད། ནེ་ཙོའི་འདོན་པ་འདོན་མཁན་ཚོ་རེད།
དྲྭ་གྲོགས་ལྷ་ལུང་དོན་འགྲུབ་ལགས་ནས་གསལ་འགྲེལ་གནང་བར་འོར་ཆེ།
ས་ལེ་རྒྱལ་འདི་ཡང་། མཚམས་མཚམས་ལ་ཚིག་གི་རྩེད་མོའི་བར་ནས་མགོ་འཁོར་རྒྱུ་མང་བས།
འདི་འདྲ་ཞིག་འབབ་སྟེ།
“ཉི་མ་མ་འཁྱོལ་འདི་འདྲ་འབྲི་མ།།
ལས་མེད་ཀླད་སྟོང་རང་གཤིས་ཤར་མ།།
བོད་ཀྱི་ཡི་གེ་འཕྲོ་བརླག་གཏོང་མ།།”
འདྲེ་མགོ་རྡོ་ནས།
སྒྲོལ་མའི་བསྟོད་པ་འདི་ལས་ཁོང་གི་སེམས་ལ་དྲན་རྒྱུ་རྒོད་པོ་སྟེ། Wild Imagination ཟེར་བའི་དྲན་རིག་རྒོད་པོ་དེ་མཐོང་ཐུབ་མོད། ཡིན་ནའང་ཁོས་བཀྲ་བཱའི་སྒྲོལ་མ་ཉེར་གཅིག་གི་སྒྲུང་དེབ་ཐུང་ངུ་དེ་མཐོང་མེད་པར་མི་འདོད་པས། གསར་གཏོད་ཀྱི་ཆ་ཤས་མེད་ན་ཨ་ཁུ་ནེ་ཙོའི་གྲས་སུ་འཇོག་རྒྱུ་ལས་ཅི།
གསལ་ལེ་རྒྱལ་འདི་ཡིས་དྲ་མཆན་པ་ཚོར་དབུ་འཁོར་བཏངས་པ་འདྲ།
སྒྲོལ་མ་ཉེར་གཅིག་ལས་ལྷག་པ་མེད་དམ།
རྗེ་བཙུན་སྒྲོལ་མས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འགྱེད་མི་སྲིད་དམ།
ས་དང་པོ་ཐོབ་པའི་འཕགས་པས་སྤྲུལ་པ་བརྒྱ་ཕྲག་འགྱེད་ནུས་དུས་རྗེ་བཙུན་སྒྲོལ་མས་དེ་ལྟར་མི་་ནུས་པའི་རྒྱུ་མཚན་མ་མཐོང།
ཨ་རོགས། ལ་སྟོད་པ། སྔར་དུས་རབས་བཅུ་བཞི་བར། མངའ་རིས་རྫོང་ཁ་རྒྱལ་བོ་ལྷ་དབང་རྒྱལ་མཚན་གྱི་སྲས་མོ་བསོད་ནམས་ཆོས་འདྲེན་ལ་སྟོད་དུ་ཚེ་དབང་དྲུང་པའི་མནའ་མར་ཡོང་སྟེ། བོན་ནག་ཚོ་ཞེས་དམའ་འབེབས་ཚད་མེད་བཏང་བའི་ལོ་རྒྱུས་ཀྱང་འདུག་ག
ཁྱོད་ཚོའི་ཕལ་སྐད་དུ། ཁོ་ཀུན་ཀ། འུ་ཀུན་ཀ་ཟེར་བ་ཞིག་འདུག དེ་ནི་ཁོ་ཚོ་དང་ང་ཚོ་ཟེར་བའི་དོན་རེད་དམ། གཞན་ཡང་གྲྭ་སྐོར་ལ་འགྲོ་ཟེར་བ་ཞིག་འདུག དེ་ག་རེ་རེད།
ཁ་སང་༧རྒྱལ་བ་ཀརྨ་པས་ཐང་གའི་ཚོགས་འདུ་ཞིག་གི་ཐོག་ཏུ་རི་མོ་འབྲི་མཁན་ཚོར་འདི་འདྲ་ཞིག་གསུངས་འདུག གསུང་བཤད་དེ་ས་ལེ་རྒྱལ་གྱི་སྒྲོལ་བསྟོད་འདི་ལྟ་བུར་འབྲེལ་ཆགས་ཡོད་མེད་ཀྱི་བགྲོ་གླེང་གི་ཆེད་དུ་འདིར་འདྲེན་བཀོད་ཞུས་ན།
དེང་སང་ཐང་ག་གང་བྱུང་མ་བྱུང་འབྲི་མཁན་དེ་འདྲ་ཡོང་གི་འདུག དཀྱིལ་འཁོར་ཡིན་པའི་ཟོལ་གྱིས་དེ་འདྲའི་སྟེང་བོད་ཡིག་འདྲ་མི་འདྲ་ཞིག་བྲིས། ཡིན་པ་སྔགས་ཡིན་མདོག་མདོག་རེད། ཡིན་ན་ཡང་ཕྱི་རྒྱལ་དེ་ཚོས་བོད་ཡིག་ཀློག་ཤེས་ཀྱི་མེད་སྟབས་སྣང་བ་གང་ཤར་འདྲ་པོ་ཞིག་བྲིས། རི་མོའི་སྟེང་བྲིས་བཞག་པ་དེ་ཚོ་ལྷ་ཡིན་པ་འདྲ་པོ། འདྲེ་ཡིན་པ་འདྲ་པོ། གང་ལྟར་ཚོང་གི་ཆེད་དུ་འདྲ་མི་འདྲ་བྲིས་ཏེ་བོད་ཀྱི་ཐང་ག་ཡིན་ཁུལ་གྱིས་བཙོང་གི་ཡོད་པ་དེ་དག་བློ་ཕམ་འབྱུང་ཡུལ་རང་རེད་འདུག དཔེར་ན་ང་འདྲ་པོ་ཞིག་ཐང་ག་དེ་དག་ཉོ་མཁན་ཞིག་ཡིན་པ་ཆ་བཞག་ན། ཐང་ག་དེ་ཚོ་ཡར་མཆོད་བཤམས་ནང་སྒྲིག་དགོས་ཡོད་དང་མར་གད་སྙིགས་ནང་གཡུགས་དགོས་ཡོད་ཁྱོན་ནས་ཧ་གོ་ཡ་མི་འདུག སྤྱིར་རི་མོ་མཁན་སོ་སོའི་རྣམ་དཔྱོད་དང་སྒྱུ་རྩལ་ལ་བརྟེན་ནས་རི་མོ་གསར་གཏོད་བྱ་རྒྱུ་དེ་གལ་ཆེན་པོ་རེད། བོད་ཀྱི་རི་མོ་ལབ་དུས་ཆོས་ཕྱོགས་དང་འབྲེལ་བའི་ལྷ་སྐུ་ཐང་ག་རྐྱང་ཡིན་དགོས་མ་རེད། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་ཏེ་བརྩམས་ཆོས་གསར་པ་གསར་གཏོད་བྱ་རྒྱུ་དེ་གལ་ཆེན་པོ་རེད་དྲན་བསྡད་ཡོད། ཡིན་ན་ཡང་། ཆོས་ལུགས་ཀྱི་བརྩམས་བྱ་ཞིག་འབྲི་སྐབས་ལུགས་དང་མཐུན་པ་ཞིག་འབྲི་དགོས་རེད་མ་གཏོགས་གང་བྱུང་མ་བྱུང་བྲིས་ན་འགྲིག་གི་ཡོད་པ་མ་རེད།
གནས་ཚུལ་ཞིབ་རྒྱས་འབྲེལ་ཐག་འདི་ནས་ཀློགས། http://www.tibettimes.net/news.php?showfooter=1&id=4581
ཁ་སྔོན་ཞིག་ལ། ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་རྩོམ་པ་པོ་ཞིག་ལ་ཐུག་བྱུང་། ཨ་རོགས། དེང་སང་ག་རེ་རྩོམ་བཞིན་ཡོད་ཅེས་དྲིས་པར། བོད་ནང་གི་ཅིག་ཅིག་མུག་མུག་ཅེས་བཤད་ཡོང་གི་འདུག བོད་ཡིག་རྩོམ་པ་པོ་དང་རི་མོ་བ་ཚོར་གངས་རི་དང་དགོན་པ། རྩྭ་ཐང་སོགས་ཀྱི་ཕན་ནས་བརྗོད་བྱའི་མུག་ཤི་ཐེབས་ཀྱི་ཡོད་པ་རེད་དམ། བོད་པ་ཚོ་ལས་ཧོར་སོག་དེ་ཚོ་ངར་བ་རེད་བསམ་བསམ་ཞིག་འདུག མིན་ན། གུང་མགོན་པོ་སྐྱབས་ཟེར་མཁན་དེར་ཅིག་བལྟོས་དང་། བོད་པ་ཚོའི་གྲས་ནས་ང་ཡིན་ཁྱོད་ཡིན་ཟེར་མཁན་མང་པོ་ཞིག་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་ལ་པེ་ཅིན་དུ་བསྡད་པ་རེད། རྒྱ་ནག་གི་སྤྱི་ཚོགས་བརྗོད་བྱར་བཟུང་བའི་རྩོམ་ཡིག་ཅིག་བྲིས་སོང་ངམ། ད་དུང་བོད་རང་བཙན་ཡིན་ན་ཅིག་མ་བརྩད་ན་༧རྒྱལ་བ་རིན་པོ་ཆེ་ཡང་འགྲིག་གི་མེད་པ་འདྲ་ཞིག་བཤད་སྡོད་ཀྱི་འདུག ང་ཚོར་བོད་ཡིག་ཏུ་རྒྱ་མིའི་སྐོར་ག་ཚད་ཅིག་ཀློག་རྒྱུ་ཡོད་པ་རེད།ད་དུང་སྙན་ངག་པ་སུ་ཡིན་མིན་གྱི་ཁ་འཛིང་འདྲ་ཞིག་བྱས་ནས་སྡོད་པ་འདི་ཅི་འདྲའི་མཚར་བ་ལའང་། ཁྱོད་ཚོ་ནི་ངོ་མ་ལྟད་མོ་བལྟ་སའི་སྒྱུ་རྩལ་གྱི་རི་མོ་ངོ་མཚར་ཅན་ཞིག་རེད་ཡ།
བྱ་འདི། དེ་འདྲ་ཞིག་འབྲི་སྲོལ་ཡོད་དམ། ནང་ཆོས་ལ་དགག་པ་བརྒྱབས་འདུག ད་དེའི་སྐོར་ནས་མཁས་པ་མང་བོས་གོང་ན་གསུངས་ཟིན་འདུག ངས་བལྟས་ན་བུད་མེད་ལ་ཡང་དམའ་འབེབས་བྱས་འདུག ཡ་ ད་དེའི་སྐོར་ནས་ཡང་དགག་ལན་ཞིག་གསུངས་དང༌། ངོ་མ་མཆན་འབྲི་མཁན་དག་ལ་རྩོམ་རིག་སྒྱུ་རྩལ་གྱི་ཆུ་ཚད་ཧ་ལས་ཀྱིན་འདུག ཕྱི་ཕྱོགས་ན་ད་མཁས་པ་མང་ཟེར་བ་དེ་ངོ་མ་རེད། ལྷག་པར་དུ་ལྷ་ལུང་དོན་འགྲུབ་བམ་ལྷ་ལུང་དོན་གྲུབ་ལགས་ཀྱིས་སྒྱུ་རྩལ་དང་ཆོས་ལུགས་གཉིས་ཀ་མཉམ་དུ་མྱིད་འགྲོ་གིན་འདུག་ག
ཟ་ལེ་རྒྱལ་ངས་ཁྱོད་ལ་རྒྱབ་སྐྱོར་ཡོད། དེང་སང་གི་བུ་མོ་དེ་ཚོའི་སྤྱོད་པ་དངོས་བྲིས་འདུག
ད་དུང་མུ་མཐུད་འབྲི་རོགས།
བོད་མོ་ཐམས་ཅད་འདི་དང་འདྲ་མ། །
ཆུང་ཆུང་དུས་སུ་མེ་ཏོག་འདྲ་མ། །
གཞོན་པའི་དུས་སུ་གཅུང་མོ་འདྲ་མ། །
དར་བའི་དུས་སུ་མཁའ་འགྲོ་འདྲ་མ། །
རྒས་པའི་དུས་སུ་ཨ་མ་འདྲ་མ། །
ཕྱག་འཚལ་དུད་སོགས་ཉི་ཤུ་རྩ་གཅིག །
སྔར་རྒྱ་མི་ཞིག་གིས་མ་ཎི་ལ་ལོག་འགྲེལ་བྱེད་དུས། བོད་ནང་གི་མཁས་དབང་ཚོ་དང་། ཆོས་དང་རིགས་གཞུང་ལ་ཤ་ཞེན་ཡོད་མཁན་ཚོ། སློབ་མ་ཚོ་ཚང་མས་ངོ་ལོ་བྱས་ནས་དེབ་ཚང་མ་མེ་བསྲེགས་གཏོང་དགོས་བཟོས་སོང་། དེ་བཞིན་དུ་རྩོམ་པ་པོ་ཁོང་ཡང་བཙོན་ལ་བཏགས་སོང་། ད་བོད་པས་ཁ་ན་ཡང་རྗེ་བཙུན་སྒྲོལ་མ་ལ་ལྡོག་ཟླའི་སྒོ་ནས་སྨོད་པ་བྱེད་མཁན་བྱུང་གི་ཡོད་པ་རེད། ཁ་ཐན་གཏེ།
ཨོ་ལྷ་ལུང་དོན་འགྲུབ་ལགས།
དེ་ག་རང་རེད་གཞི་མེད་སྒྲོས་འདོགས་བྱེད་མི་བོད་པ་ཀུན་ཀ་མ་རེད་རེ་ཟུང་ཞིག་རེད།
ཁོ་ཀུན་ཀ་ཞེས་པ་ནི་ཁོང་ཚོ་ཚང་མ་ཞེས་པ་དང་གཅིག་པ་རེད།
འུ་ཀུན་ཀ་ཟེར་བ་ནི་འུ་ཅག་ཚང་མའམ་ངེད་ཅག་ཚང་མ་ཞེས་པའི་དོན།
འུ་དང་འུ་རང་ཟེར་བ་ནི་ངེད་ཅག་གམ་ང་ཚོ་ཞེས་པའི་དོན་རེད།
གྲྭ་སྐོར་ཅེས་པ་ནི་རྩོད་གྲྭར་རྩོད་པ་ལ་འགྲོ་བའི་དོན་རེད།
ལས་འབྲས་མི་བརྩི་ལྷ་ལ་བཀུར་མ།
གསལ་ལེ་དམྱལ་བའི་གཏིང་གི་གཙུག་རྒྱན།
གསལ་ལེ་རྒྱ་མོའི་སྟུ་ལ་གཉེས་མ།
བུ་མོ་ཐམས་ཅད་རྒྱ་མོར་མཐོང་མ།
གསལ་ལེ་རྒྱ་མོའི་སྟུ་ཡི་བསྐོར་བའི།
མཇེ་མགོ་རྡོག་རྡོག་གཉེར་མས་གང་མ།
རྒྱ་མོ་ཚང་མས་འཁྲེལ་རྒོད་བྱེད་མ།
གསལ་ལེ་ཞལ་རས་རྔུལ་ཆུས་གང་མ།
ཚིག་རྩལ་ཁྱད་དུ་འཕགས་པ་དང་མཚོན་དོན་ཇི་བཞིན་འགུལ་རིས་སུ་ཕབ་ཡོད་པས། རེ་བ་གཅིག་ཞུ་འདུན་བྱུང་སོང་། རིགས་མང་པོར་དབྱེ་ནས་འབྲི་ཐུབ་པ་ཡིན་ན་དེ་ལས་རིན་ཐང་ཆེ་བ་དང་དངོས་དོན་མཚོན་པའི་བརྩམས་ཆོས་ཡན་གར་བ་ཞིག་ཏུ་འགྱུར་ངེས་རེད། དཔེར་ན། གཞང་ཁང་གི་རིམ་པ་ནས་ལས་རིགས་སྣ་ཚོགས་ཀྱི་རིམ་པ། དེ་ལ་ནང་གསེས་མང་པོ་བགར་ཆོག་གི་རེད་འདོད།
རྗེ་བཙུན་སྒྲོལ་མ་ལ་ཁ་མ་གཏོང་རོགས་ཞུ། རང་དབང་རྩོམ་རིག་གི་ལམ་ཀ་ལ་ཁ་ངན་གྱི་ར་བ་མ་སྐོར་རོགས་ཞུ། ཡང་ཁ་ཤས་ཀྱིས་བོད་ཡིག་འཕྲོ་བརླག་བཏང་བར་བརྗོད་པ་སོགས་ནི་མགོ་རྔ་མི་ཤེས་པའི་གཏམ་དུ་ཟད་དོ།།