སྐྱོ་བྲག་དགའ་དབང་།
སྔ་མོའི་འདྲེ་སྒྲུང་ཨ་ཕའི་ཞལ་རྒྱུན་ཞིག་དྲན་ཐལ། གནའ་སྔ་མོ་ཞིག་ལ་རི་ཁྲོད་སྐྱིད་པོ་ཞིག་ཏུ་ཉམས་ལེན་པ་གཉིས་ཤིག་སྐུ་མཚམས་སོ་སོར་བཞུགས་ཏེ་རྩེ་གཅིག་པའི་སྒྲུབ་པར་ཞུགས། རི་དེའི་གནས་བདག་ལ་བཙན་ཞིག་དང་རྒྱལ་པོ་ཞིག་སྟེ་གཉིས་ཡོད། རྒྱལ་པོ་ཁོག་གནག་པས་བཙན་ལ་མཚམས་པ་གཉིས་པོ་འདི་བཞིན་ཉམས་ལེན་ལ་གཞོལ་ན་མགྱོགས་པོ་ཐར་པ་འཐོབ་པའི་ཉེན་འདུག་པས་ང་ཚོས་ཁོ་གཉིས་ལ་བར་ཆད་བྱེད་དགོས་པ་འདུག ཅེས་ལབ་སྟེ། བཙན་རྒྱལ་གཉིས་པོས་མཚམས་པ་སོ་སོར་བར་ཆད་བྱ་བའི་ཁ་ཆད་བྱས། བཙན་གྱིས་རང་སྐལ་གྱི་མཚམས་པའི་སྲོག་མགྱོགས་པོར་བཅད་དེ་རྒྱལ་པོ་ལ་ལབ། རྒྱལ་པོས་དགེ་བ་སྒྲུབ་གདོང་ལ་བསད་ན་མཐོ་རིས་སུ་སྐྱེ་འགྲོ་བས་ཆེས་མ་ལེགས། ཞེས་བཤད། བཙན་གྱིས་འོ་ན་ཇི་ལྟར་བྱ་ཞེས་དྲིས་པའི་ལན་དུ་ལྟད་མོ་གཞུག་ཏུ་ལྟོས་ཞེས་ལབ་སྟེ། རྒྱལ་པོས་རང་སྐལ་གྱི་མཚམས་པས་གཏོར་མ་གཏོང་བའི་ཆུ་ནས་མཚམས་ཁང་གི་སྒེའུ་ཁུང་ནས་གཡུག་སར་སྙེ་མ་ཆེས་ལེགས་པ་སྐྱེ་བའི་ཆོ་འཕྲུལ་བསྟན། མཚམས་པས་སྟབས་བདེའི་འཚོ་ཐབས་ལ་བསམས་ཏེ་ནས་ཞིང་རིམ་པས་རྒྱ་བསྐྱེད་བཏང་བ་ལའང་ལེགས་པ་རང་སྐྱེས། ཞིང་ལས་བྱ་མཁན་གྱི་གཡོག་ཕོ་མོ་ཉར། ཕྱུག་པོ་ཆགས་ཏེ་ཆུང་མ་བླངས། ཕྲུག་གུ་སྐྱེས་རྗེས་ཞིང་ཁ་དང་འབྱོར་པ་རྡུག་ནས་རྡུག་ཏུ་སོང་། ཐ་མ་འུ་ཐུག་ཐབས་ཟད་ཀྱིས་མི་དགེ་བ་འདི་མ་སྒྲུབ་མེད་པ་ཚང་མ་བསྒྲུབས་ཏེ་ཉམ་ཐག་པ་ཞིག་གིས་ཤི་བ་དམྱལ་བར་སྐྱེས་པ་རེད། གདོན་འདྲེའི་ནང་ནས་སེམས་པ་གནག་ཤོས་ནི་རྒྱལ་པོ་ཡིན་རབས་ང་ལ་ཨ་ཕས་བཤད་མྱོང་ཡོད།
ཚིག་སྦྱོར་གོ་བདེ་པོ་འབྲི་རྒྱུར་འབད་བརྩོན་གནང་འོས།
གཉིས་ཤིག་ཟེར་ན་གོ་བ་ཇི་ལྟར་ལེན་དགོས། ཚིག་ནང་འགལ་མ་ཡིན་ནམ།
ཁྱེད་ལ་ཕ་རྒན་གྱིས་བཤད་པའི་ཡུལ་སྐད་ཡིན་པ་འདྲ། བོད་སྐད་བཤད་མཁན་དག་གིས་ནི་མི་གོ་ངོ་མ་རེད།
ཨོ་འོ། རྒྱལ་པོ་དེ་གནག་སེ་བྱུང་ང་།
གོ་རྒྱུ་ཆེར་མི་འདུག་གོ
རྒྱལ་བོ་སྡུག་ཅག་རེད་ཟེར་བ་དེར་ང་འཐད་པ་མེད་གདའ། ཧཧཧཧ
རྒྱལ་པོ་དེ་སྡུག་སེམས་གནག་པ་ལ།།
སྐྱོ་བྲག་དགའ་དབང་ཟེར་བ་འདི་ངའི་གྲོགས་པོ་རྩོམ་པ་པོ་ནང་ཆེན་སྐྱོ་དགའ་ཡིན་ནམ། གལ་ཏེ་ཡིན་ན་གྲོགས་ཁྱེད་ལ་ཇི་ཉེས་སམ། དེ་འདྲའི་ཚིག་རྙོག་གོ་དཀའ་བ་ཞིག་བྲིས་སོང་།
སྐྱོ་བྲག་དགའ་དབང་ཟེར་བ་འདི་ངའི་གྲོགས་པོ་རྩོམ་པ་པོ་གྲགས་ཅན་ནང་ཆེན་སྐྱོ་དགའ་ཡིན་ནམ། གལ་ཏེ་ཡིན་ན་གྲོགས་ཁྱེད་ལ་ཇི་ཉེས་སམ། དེ་འདྲའི་ཚིག་རྙོག་གོ་དཀའ་བ་ཞིག་བྲིས་སོང་།