ཨོ་རྒྱན་ཉི་མ།
གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་འགོ། དཔལ་གསང་ཆེན་སྔ་འགྱུར་བའི་རིས་མེད་ཆོས་སྡེ་ཆེན་པོ་རྣམས་གཙོར་བྱས་པའི་ཆེ་བ་སྐྱབས་རྗེ་ནས། ཆུང་བ་ད་ནང་ཆོས་སྒོར་ཞུགས་པའི་གྲྭ་བཙུན་ཡོངས་ཀྱིས་གསན་རོགས་གནོངས། སྔོན་བྱོན་མཁན་སློབ་ཆོས་གསུམ་ནས་ད་ལྟའི་རང་ཅག་གི་མཚུངས་མེད་ཐུགས་རྗེའི་གཏེར་འཆང་ཞི་བར་གཤེགས་པ་རྣམས་དང་། ད་ལྟ་བཞུགས་བཞིན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་སྐུ་བསྒྲེས་དག་ནི། ཕྱི་ནང་གསང་གསུམ་གང་ནས་བསམ་ན་སྤོབས་པ་སྐྱེ་འོས་པ་ཞིག་དང་། གཟི་བརྗིད་ཅན་ཤ་སྟག་རེད། དེ་ཕྱིར་ཁོང་ཅག་གི་རྗེས་སུ་འཇུག་པའི་སྐྱ་སེར་ཡོངས་རྫོགས་ཀྱིས་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ། ཡང་དགོས་སྔ་འགྱུར་བའི་བསྟན་པ་དྲི་མེད་འཇིག་རྟེན་འདིར་རྒྱས་པ་ལ། ཐུགས་བསམ་བླ་མེད་ཅིག་བཞེས་དགོས་པ་ནི་ཁ་ཚ་དགོས་གཏུག་རེད།
སྔར་འགྱུར་བའི་བསྟན་པ་ཟེར་འོངས་དུས། ལྟ་སྒོམ་སྤྱོད་གསུམ་ཡོངས་རྫོགས་ཆོས་བརྒྱུད་གཞན་པ་དག་དང་མི་འདྲ་བ་ཞིག་དང་། འབྲེལ་བ་རྩ་བ་ནས་མེད་པ་ཞིག་ཏུ་བཟུང་ན་ནོར་བ་རེད་དེ། རང་རང་གི་ཁྱད་ཆོས་གཙོར་འདོན་གྱིས་རང་ས་ནས་ལེགས་པར་འཛིན་དགོས་པ་དང་། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་རིམ་པ་དང་། བཀའ་གཏེར་དག་སྣང་གི་སྐོར་གང་ལ་བསམ་བློ་བཏང་བ་ཡིན་ན་སྔ་འགྱུར་བའི་ཆོས་སྐོར་ལས་ལྷག་པ་ཞིག་སུ་དང་གང་ལ་ཡང་མི་འདུག་ལ། དེ་ཙམ་དུ་མ་ཟད་བོད་ཀྱི་ཆོས་བརྒྱུད་ཡོད་ཚད་སྔ་འགྱུར་བ་ལ་བརྟེན་ནས་ཆོས་བརྒྱུད་བྱེ་བྲག་པ་ཆགས་སོང་བ་ཤ་སྟག་རེད། དེ་ལ་ཡང་འཕགས་ཡུལ་ནས་རྩ་བའི་བརྒྱུད་པ་ཐུན་མིན་ཡོད་མཁན་དང་། བོད་རང་ས་ནས་ཕུལ་དུ་བྱུང་བའི་རྣམ་དཔྱོད་དང་། བླ་ན་མེད་པའི་མཛད་རྗེས་ལ་བརྟེན་ནས་ཆོས་བརྒྱུད་སོ་སོར་གྱེས་པའང་དུ་མ་ཞིག་ཡོད་པ་དང་། དེ་དག་གིས་ཀྱང་རང་རང་གི་ཐུན་མོང་དང་ཐུན་གྱི་བརྒྱུད་པ་དང་། བླ་མའི་མན་ངག་གཙོར་གཟུང་གིས་བསྟན་པ་འཛིན་བཞིན་པ་དང་། རང་ས་ནས་ཐུན་མིན་གྱི་གཟུངས་དང་། སྤོབས་པ། བློ་གྲོས་གསུམ་ལ་བརྟེན་ནས། མ་འབད་ངང་གིས་སློབ་ཚོགས་ཀྱི་འདུ་བ་རྒྱས་པ་དང་། སློབ་བརྒྱུད་དེ་དག་ལ་བརྟེན་ནས་ཆོས་བརྒྱུད་གསར་པ་ཡང་འབྱུང་བཞིན་པ་རེད།
དེ་ཕྱིར་ཆོས་བརྒྱུད་གསར་མ་ཞེས་པ་དེ་ཡང་སྔ་མ་དག་ལ་རྩ་བ་ནས་མ་བརྟེན་པར་རང་བྱུང་གིས་གནམ་ནས་ཟག་ཡོང་བ་དང་། ས་ནས་སྐྱེས་བཞག་པ་ཞིག་ཀྱང་མ་རེད། འདི་དག་ཚང་མ་གཅིག་ལ་གཅིག་བརྟེན་གྱིས་སྔར་གྱི་གདམས་ངག་དང་། ལྟ་གྲུབ་དག་ཉམས་རྒུད་དུ་ཕྱིན་པ་དག་ལ་སླར་ཡང་གསལ་འདེབས་དང་། སྔར་བས་སྤུས་གཙང་བ་དང་། ཕུན་སུམ་ཇེ་ཚོགས་སུ་བཏང་བ་ལས་ཆོས་བརྒྱུད་བྱེ་བྲག་པ་དག་བྱུང་བ་རེད། ང་རང་གིས་འདོད་པ་ལྟར་ན་ཆོས་བརྒྱུད་ཅེས་པ་དེ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་། སློབ་མ་དམ་ཚིག་ལྡན་པ་དང་། རྣམ་དཔྱོད་ཅན་མང་པོ་ཞིག་ཚོགས་པ་ལ་བརྟེན་ནས། དབང་། ལུང་། ཁྲིད་གསུམ་གྱི་རྒྱུན་སྤེལ་བ་ལས་བྱུང་བ་ཞིག་ལས། ཆབ་སྲིད་ནང་བཞིན་རྩོད་ནས་འཐོབ་རྒྱུ་ཞིག་དང་། སྒོར་མོ་ནང་བཞིན་ངལ་རྩོལ་ཁོ་ན་ལ་བརྟེན་ནས་བསྒྲུབ་རྒྱུ་ཞིག་ཡིན་སྣང་ཤར་མ་མྱོང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའམ་ལྔ། གཡུང་དྲུང་བོན་དང་བཅས་པའི་བསྟན་པའི་སྙིང་པོ་གནས་པར་འབད་དགོས་པ་གཞིར་བཞག་ལ་སོང་། སྔ་འགྱུར་བ་དག་གིས་ནི་དེ་བས་ཀྱང་བསྟན་པའི་རྩ་བ་འདུལ་ཁྲིམས་དང་། བསྟན་པའི་སྙིང་པོ་གསང་སྔགས་རྒྱས་པའི་ཐབས་ལམ་བསྐྲུན་དགོས་པར་མ་ཟད། ཁྱད་པར་དུ་ཡང་ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་སྤྱོད་གསུམ་དང་། བརྡ་དང་། ཐ་སྙད། ཚིག་གི་སྦྱོར་བ་ནས་བཟུང་གཞན་ལ་མེད་པའི་ཁྱད་ཆོས་དག་འཛིན་དགོས་པར་འདོད། གང་ཡིན་ཞེ་ན་སྔ་འགྱུར་བ་ནི་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་འགོ་རེད། ཆུ་འགོ་ནས་སྐམ་སོང་ན་གཞུག་ནས་ཆད་འགྲོ་བ་ཆོས་ཉིད་རེད། སྐད་ཆ་འདི་ཕྱོགས་ཞེན་ཅན་གྱི་རྣ་བའི་བུ་གར་མ་སོང་རུང་གཟུར་གནས་དག་གིས་བདེན་ཁ་འབྱིན་ངེས་སོ། །
དེང་སང་བོད་ལ་མཚོན་ན་<<གསེར་ལྗོངས་བླ་མ་རུང་>><<ཆོས་ཁྱབ་སྒར>><<ཨ་ཁྱུག་ཆོས་སྒར>>སོགས་དང་། རྒྱ་གར་ལ་མཚོན་ན་<<ཐེག་མཆོག་རྣམ་གྲོལ་གླིང>>རྙིང་མའི་མ་དགོན་ཆེན་པོ་དྲུག་གཙོར་བྱས་པའི་ཆོས་བརྒྱུད་ཁག་གི་གདན་ས་ལྟ་བུ། དགེ་འདུན་སྟོང་ཕྲག་མང་པོ་འདུ་ཞིང་། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་སོགས་གཞན་དྲིང་མི་འཇོག་པའི་མཁྱེན་རབ་དང་། གདུལ་བྱ་རྫེས་འཛིན་གྱི་བརྩེ་བ། ཁམས་དབང་མོས་པ་དང་བསྟུན་པའི་ནུས་པ་གསུམ་གྱིས། སྔ་འགྱུར་བའི་བསྟན་པ་གཙོར་བྱས་པའི་བཀའ་རྙིང་གཉིས་ཀྱི་བསྟན་པ་ལ་བཀའ་དྲིན་ཆེན་པོ་རེད། འདི་དག་ཚང་མ་སྔ་འགྱུར་བ་ཡོངས་དང་། འགྲོ་མགོན་བཀའ་བརྒྱུད་པའི་རྗེས་འཇུག་རྣམས་ཀྱིས་དེ་ལས་ཀྱང་ཤེས་དགོས་པ་ཞིག་རེད། ད་དུང་བོད་གངས་ཅན་པའི་གསར་རྙིང་རིས་མེད་ཀྱི་སྐྱ་སེར་ཡོངས་རྫོགས་ཀྱིས་ཤེས་དགོས་པ་དང་། བསམ་དགོས་ས། ལག་ལེན་བཏབ་དགོས་རྒྱུ་དེ་ཨོ་རྒྱན་སངས་རྒྱས་གཉིས་པ་ལ་ཡིད་ཁྱེད་ཤེས་ཀྱིས་གུས་བཀུར་དང་། གསོལ་འདེབས་བྱ་དགོས་རྒྱུ་དེ་རེད། གོང་གི་བླ་ཆེན་དང་། དཔོན་ཆེན་དག་གུ་རུ་རིན་པོ་ཆེ་ལ་སྐྱབས་སུ་མ་སོང་ན་འགྲོ་དོན་མི་ཡོངས་པ་དེ་སྔོན་གྱི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་གང་ལ་བསམ་བློ་བཏང་ན་ཡང་མཐོང་རྒྱུ་མང་པོ་འདུག ཁོང་གི་སྨོན་ལམ་དང་། ཐུགས་རྗེ་ལས་བྱུང་བ་ཡིན་རྒྱུ་རེད། དེ་ཡང་<<ཐེག་མཆོག་རྣམ་གྲོལ་གླིང་>>དུ་<<མཁན་ཆེན་པདྨ་ཤེས་རབ་>>གཙོར་བྱས་པའི་མཁན་སྤྲུལ་དགེ་འདུན་གྱི་སྡེ་དང་། <<གསེར་ལྗོངས་བླ་མ་རུང་>>དུ་<<མཁན་ཆེན་ཚུལ་ཁྲིམས་བློ་གྲོས་>>ཀྱིས་དབུ་ཁྲིད་པའི་མཁན་སྤྲུལ་རྣམ་པ་དང་། བཙུན་པ་དང་། བཙུན་མ། དགེ་བསྙེན་གྱི་སྡེ་སྟེ། དགེ་འདུན་སྡེ་གཉིས་ཀྱི་ཆོས་སྡེ་ཆེན་པོ། ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱིས་གདེངས་ཐོབ་པའི་མཁས་མང་གནས་པའི་བསྟི་གནས་ཆེན་པོ་དག་རེད།
དེ་ལས་གཞན་དུ་གྱུར་བའི་སྔ་འགྱུར་བའི་གདན་ས་སྟོད་ན་རྡོ་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀ་དཔལ་གཉིས་ཞེས་སྔོན་གྱི་དུས་སུ་བསྟན་པ་དྲི་མ་མེད་པར་བསྐྱངས་ཤིང་། མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་དུ་མ་བསྐྱེད་བསྲིང་གནང་ཡོད་པ་ལ་བཀའ་དྲིན་ཆེ་ཞེས་ཞུ་འོས་པ་དང་། ད་བསྟན་པའི་རྩ་བ་འདུལ་ཁྲིམས་དང་། བསྟན་པའི་སྙིང་པོ་གསང་སྔགས་ཟེར་འོངས་དུས། ཁ་ནས་བཤད་པ་གཅིག་པུ་མ་ཡིན་པར། རབ་ཏུ་བྱུང་འདོད་མཁན་དང་། འདུལ་བའི་བསྟན་པ་ལ་དད་པ་དང་། དུང་བ། ཡིད་ཆེས་ཕུན་སུམ་ཚོགས་པ་ཡོད་ཞིག་དང་། གསང་བ་སྔགས་ལ་ཞུགས་འདོད་ཀྱི་འདུན་པ་ཆེན་པོ་ཡོད་མཁན་ཞིག་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་དང་དུ་ལེན་པའི་བསམ་བློ་ཡོད་པ་ཡིན་ན། མཚན་ཉིད་ཚང་བའི་དགེ་བའི་བཤེས་གཉེན་མདུན་ནས་དམ་སྡོམ་ཆོ་ག་ལ་བརྟེན་ནས་ཚུལ་བཞིན་བླངས། དེ་དག་ལས་འགའ་ཞིག་རྟེན་གསུམ་དྲུང་ནས་བླང་ནའང་ཆོག་ཀྱང་། ཁྲེལ་དང་ངོ་ཚའི་རྟེན་དུ་བཤེས་གཉེན་མདུན་ནས་ལེན་པ་མཆོག་ཡིན་པར་བཤད། ལེན་ཚར་དུས་སྲུང་བྱའི་གནས་ཕྲ་རག་ཡོངས་སུ་རྫོགས་པ་སྲུང་ཐུབ་ན་རབ་རེད། གལ་སྲིད་མ་ཐུབ་རུང་རྩ་བའི་དམ་ཚིག་དང་། སྡོམ་པ་ནི་མིག་འབྲས་བཞིན་དུ་སྲུང་དགོས་པ་དང་། མ་སྲུང་བཞིན་གྲྭ་བཙུན་གྲལ་དུ་འཚང་ཁ་རྒྱགས་ཏེ་བསྡད་པ་ནི་མི་ཚེ་སྟོང་ཟད་རེད། དེ་ཕྱིར་རྩ་བའི་དམ་སྡོམ་ཙམ་ཡང་སྲུང་མ་ནུས་ན་དགོངས་པ་ཞུས་ན་ལེགས་པར་སེམས། དེ་མིན་སྐྱ་མིན་སེར་མིན་གྱི་བྱ་བར་ཞུགས་བསྡད་ན། ཆོས་འཇིག་རྟེན་གཉིས་ག་འཆོར་བ་ཞིག་ལས། གནས་སྐབས་དང་། མཐར་ཐུག་གཉིས་ལ་ཕན་ཐོགས་ཡོད་པར་མི་སེམས།
དེང་སང་རྒྱ་བོད་གཉིས། ཤར་ནུབ་གཉིས་སུ་ནང་ཆོས་ཁ་ལ་འཁྱེར་ཏེ། ཁེ་ལྕེ་བསྒྱུར་བར་མཁས་པ་ཙམ་ལས། སྡོམ་པ་དང་། དམ་ཚིག་ཟེར་བ། ལས་རྒྱུ་འབྲས་ཟེར་བ་གཙོར་འདོན་གྱི་བྱ་བ་གཉེར་མཁན་དཀོན་པོ་རེད། དེང་སང་ཕྱི་རྒྱལ་ཁག་ཏུ་རྒྱུགས་བསྡད་མཁན་ཕལ་ཆེ་བ། མགོ་བདེ་དང་། དྲན་འཕྲུལ་ཅན། དཔལ་འབྱོར་ཁོ་ན་མ་གཏོགས། གཞན་ཕན་དང་། བསྟན་པ་ལ་བསམ་བློ་གཏོང་མཁན་སྲིད་མཐའ་མ་བཀག་ཙམ་རེད། གྲྭ་བཙུན་སུ་ཡིན་ཡང་དགོན་པར་ཞུགས་དུས་ནས། རྒྱུ་མཚན་ཅིའི་ཕྱིར་དུ་དགོན་པ་ནང་ཞུགས་ཀྱི་ཡོད་མེད་དང་། གྲྭ་བཙུན་ཞེས་པ་དེ་ལ་ཚང་དགོས་པ་གང་ཡོད་ལ་ཐུགས་བསམ་བཞེས། གྲྭ་བའི་ཁྱད་ཆོས་དག་ཚང་ན་དང་། སྒྲིག་ཁྲིམས་དག་སྲུང་ཐུབ་ན་དགོན་པའི་ཁུངས་སུ་ཞུགས། མ་ཐུབ་ན་ཁྱིམ་དུ་ལོག་ན་ལེགས་པར་སེམས། དེང་སང་རྒྱ་བོད་བལ་འབྲུག་ཀུན་ཏུ་ཤམ་ཐབས་མ་བོར་ཙམ་གྱི་བཙུན་གཟུགས་ཅན། ཆེ་ཆུང་བར་གསུམ་ཁྲོད་དུ་ཤིན་ཏུ་མོད་པ་དང་། འདི་དག་ལ་ངས་ཕུང་གསུམ་པ་ཞེས་འབོད་ཀྱིན་ཡོད། ཕུང་གསུམ་པའི་ཁྲོད་དུ་གོང་གསེར་ཁྲིའི་བདག་པོ་ནས། འོག་རུང་ཁང་ནང་གི་ཞལ་ཏ་བ་ཡན་ཆོད་ཡོད་པས། ཚང་མས་མ་གཟབ་ན། བསྟན་པ་ཁོང་ནས་རུལ་ཞེས་པ་དེ་འདི་འདྲ་ཞིག་ལ་བཤད་པ་རེད། དེ་དག་ལས་ཉེན་ཁ་ཆེ་ཤོས་དེ་ཆོས་བརྒྱུད་ཀྱི་བདག་པོ་ཡིན་ཟེར་མཁན་དེ་ཚོ་རེད། ཆོས་བརྒྱུད་ཀྱི་བདག་པོ་ཡིན་ན་རེད། དགོན་ཆུང་གི་ཞིག་གི་འགན་འཛིན་གང་ལྟར་ཡང་རང་ཉིད་ཀྱི་བྱ་བ་མཐའ་དག་དང་པོ་ཉིད་ནས་གཙང་མ་དགོས་པར་མ་ཟད། གཙང་མ་དེ་ཉིད་ཚེ་མཐར་འཁྱོལ་ཐུབ་པར་འབད་འབུངས་བྱ་དགོས་པ་དང་། གལ་སྲིད་བར་ཆད་བྱུང་ཡང་ལས་འབྲས་དཔང་དུ་བཙུགས་ཏེ་རང་ངོས་ནས་མངོན་གསལ་བྱ་རྒྱུ་དེ་ནི་དམ་པ་ཞིག་ཡིན་པའི་རྟགས་མཚན་དང་པོ་དེ་རེད། རང་ཉིད་ཀྱིས་སྦས་ཡོད་དྲན་ན་ཡང་། གཏམ་ངན་གྱིས་རྒྱལ་ཁམས་གང་ཞིང་བསྟན་པ་ལ་གནོད་ཆེན་པོ་སྐྱེལ་བཞིན་པ་ནི་དེང་སང་གི་ཕུང་གསུམ་པ་འདི་དག་གི་བྱ་སྤྱོད་དག་ལ་ལྟོས་དང་ཤེས་ངེས། སངས་རྒྱས་ཀྱིས་ཀྱང་ངའི་བསྟན་པ་འདི་ཕྱི་ནས་མི་འཇིག་པར། ང་དང་ང་འདྲ་བ་ཞིག་གིས་འཇིག་པར་འགྱུར་ཞེས་ལུང་དོན་ལྟར། ཕྱི་ནས་དམག་དང་། འབྱུང་བཞིའི་གནོད་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཙམ་ལས། རྩ་མེད་དུ་གཏོང་ཐུབ་པ་ཁག་པོ་རེད།
ནང་གི་དགེ་འདུན་པའི་ཁྲོད་དུ་ཁྲིམས་ལྡན་ལས་ཁྲིམས་འཆལ་མགོ་འཕང་མཐོ། དམ་ལྡན་ལས་དམ་ཉམ་གཟི་བརྗིད་ཆེན་པོ་ཆགས་སོང་ན། མི་རིང་བར་ནང་པ་སངས་རྒྱས་པའི་བསྟན་པ་མེ་ཤི་བའི་དུ་བ་ཙམ་ཞིག་ཏུ་འགྱུར་ངེས་རེད། དེཕྱིར་བསྟན་པ་འདི་གནས་ན་བསམ་པའི་བླ་ཆེན་དང་། དཔོན་ཆེན་རེ་ཡོད་སྲིད་ན་རྒྱལ་བསྟན་དག་ཐེར་གནང་བའི་དུས་ལ་བབ་མི་དགོས། ཕྱི་ཚར་བའི་རྣམ་པ་ཞིག་མངོན་དུ་འགྱུར་བཞིན་པ་དེ་དག་རེད། ཁྱད་པར་དུ་ཡང་དེང་སང་ཛ་དྲག་ཅིག་ནི་འཕགས་ཡུལ་དུ་བཞུགས་བཞིན་པའི་སྔ་འགྱུར་བའི་སྐོར་ཡིན། བོད་ཀྱི་སྔ་འགྱུར་བའི་སྐོར་ལ་སེམས་ཁྲལ་ཆེན་པོ་མེད། ད་ལྟ་ཕལ་ཆེར་སྐྱོན་ས་མ་རེད། ཕྱི་རོལ་དུ་ཡོད་པའི་ཁྲོད་ནས་མཚན་ཆེན་པོ་ཅན་དག་ལ་བཤད་རྒྱུ་མང་པོ་རེད། འགའ་ཞིག་དངོས་ཡོད་རེད། འགའ་ཞིག་སྒྲོ་བཏགས་རེད། གང་ལྟར་ཡང་འདི་ནི་གང་ཟག་སྒེར་གྱི་ལྟོ་གོས་ཀྱི་ཆེད་དུ་མ་ཡིན་པར། སྲིད་ན་དཀོན་པའི་ཆོས་བརྒྱུད་ཅིག་ལ་གོད་ཆག་ཆེན་པོ་འབྱུང་བའི་སྔ་ལྟས་ཡིན་པས། ཁྱེད་ཅག་རང་ངོས་ནས་དང་། ཆོས་བརྒྱུད་ཀྱི་ལས་བྱེད་རྒན་པ་དག་གིས་གཙང་སེལ་བྱ་དགོས་ངེས་ཤིག་ཡིན། ཁྱེད་ཚོའི་རྙོག་དྲ་དེ་ཤར་ནུབ་གཉིས་ཀྱི་མི་མང་ནང་ཁྱབ་པར་མ་ཟད། གོང་ས་མཆོག་མན་ཆོད་ཆོས་བརྒྱུད་ཆོས་ལུགས་དང་བཅས་པའི་ལས་བྱེད་ཁྲོད་དུ་ཡོངས་གྲགས་རེད། སྔ་འགྱུར་བ་ལ་མཚོན་ན་མཁན་སློབ་ཆོས་གསུམ་དུས་ནས་ད་བར་བསྟན་པ་དང་། བསྟན་འཛིན་གཉིས་སུ་དང་གང་གིས་འགྲན་མི་ནུས་པ་དང་། གང་ལ་ཡང་ལྟོས་མི་དགོས་པའི་ཕུལ་བྱུང་ཤ་སྟག་ཡིན། ད་ལྟ་ཁྱོད་ཚོའི་སྐུ་རིང་ལ་རབ་བྱུང་དང་ཁྱིམ་པ་གང་ཡང་མ་ཡིན་པ་ར་མ་ལུག་ནང་བཞིན་བསྒྱུར་བཞག་ན། གཞུག་ནས་མང་དུ་འགྲོ་ངེས་པས། རང་ཉིད་ཀྱི་ངོ་ཚ་གཅིག་པུ་ལ་བསམ་བློ་མ་གཏོང་བར་མགྱོགས་མྱུར་དུ་གཙང་མ་གནང་རོགས། གལ་སྲིད་དགེ་འདུན་སྡེ་གཉིས་གང་རུང་ཐག་ཆོད་པ་དང་། ཕུང་གསུམ་པའི་ཆ་ལུགས་དེ་འཆང་མ་བསྡད་ན་ང་རང་ཉིད་ཀྱིས་ཀྱང་གོང་དུ་བཀུར་ངེས་ཡིན། ཁྱེད་རྣམ་པས་དགེ་འདུན་སྡེ་གཉིས་གང་རུང་ངེས་པ་གནང་བཞག་ན་ཡིན་གཅིག་མིན་གཉིས་དགོན་པ་ནས་བཏོན་དགོས་པ་དང་། ཆུང་མ་བླང་དགོས་པ། དབུ་སྐྲ་རིང་པོ་བཞག་དགོས་པའི་བསམ་འཆར་རྩ་བ་ནས་མིན། ཆོས་བརྒྱུད་ཁག་གི་དབུ་འཛིན་ཕལ་ཆེ་བའི་མཛད་སྤྱོད་ལ་གཅིག་ལྟོས་དང་། ཕལ་ཆེ་བ་དགེ་འདུན་སྡེ་གཉིས་རྐྱང་རྐྱང་རེད། མ་གཞི་ནས་ཁྱོད་ཚོའི་གདོང་པ་ལ་ཁྲག་མེད་པ་དེ་རྒྱུ་མཚན་གང་ཡིན་ནམ། ངོ་ཚ་རྒྱུ་མེད་པ་ཅིའི་ཕྱིར་ན་ཆགས་སོང་བ་རེད། མགོ་མཇུག་བར་གསུམ་སྐྱོན་མེད་ཅིག་ཁག་པོ་རེད་དེ། དབུ་ཁྲིད་སྐུ་བསྒྲེས་དག་ལུགས་གཉིས་ཀྱིས་མཁྱེན་རབ་ཀྱིས་ཕྱུག་པ་ཤ་སྟག་རེད།
ངས་ལོ་གཉིས་ཀྱི་སྔོན་ནས་བསྒྱུར་བཅོས་གཏོང་རོགས་ཞེས་ཞུ་བ་མང་པོ་ཕུལ་ཡོད། ད་དུང་གཅིག་པ་རེད། འདི་དག་ཁྱེད་ཅག་སྒེར་ལ་ཞེ་འཁོན་མེད་ཀྱང་ཆོས་བརྒྱུད་ལ་མིག་ལྟོས་རྩོག་པ་ཞིག་ཆགས་བཞིན་པ་བཟོད་ཀྱི་མི་འདུག མི་རིང་བར་དྲ་ལམ་བརྒྱུད་ནས་རྒྱ་བོད་གཉིས་སུ་བཀྲམ་དྲན་ནས་བསྡད་ཡོད། འདི་ནི་བོད་མི་རིགས་ཀྱི་རིག་གཞུང་དང་། བརྒྱུད་ལུང་མན་ངག་གསུམ་དང་ལྡན་པའི་ཆེས་ཕུལ་དུ་བྱུང་བའི་ཆོས་བརྒྱུད་ཅིག་ཡུན་གནས་ཀྱི་ཆེད་དུ་ཡིན། གཞུག་ནས་མ་ཉན་ན་དབྱིན་རྒྱ་གཉིས་ཀྱི་ཡིག་ཐོག་ཏུ་འབྲི་ངེས་ཡིན། དམིགས་བསལ་ཞུ་དགོས་པ་ཞིག་ནི་སྔོན་གྱི་བསྟན་པའི་འབྱུང་ཁུངས་སྔ་འགྱུར་བའི་མ་དགོན་དག་གི་འགན་འཛིན་རྣམ་པ་ཚད་ལྡན་ཡིན། དེང་སང་གི་འགན་འཛིན་ཕལ་མོ་ཆེས་ང་རྒྱལ་རི་བོ་ཙམ་འཁུར་བསྡད་པ་ལས། བསྟན་པའི་བྱ་བ་དངོས་དེ་རྒྱང་རིང་དུ་སྤྲད་ཟིན་པའི་ཚོར་སྣང་བྱུང་། དེ་ཕྱིར་སྔོན་གྱི་དམ་པ་གོང་མའི་ཕྱག་བཞེས་ལ་གྱེན་དུ་ལྟ་བ་ལས། དེང་སང་གི་འཚོ་བ་གསར་བའི་བསླུ་བཀྲིད་ཀྱི་དབང་དུ་མི་གཏོང་བར་ཞུ། ཕུང་གསུམ་པའི་སྐོར་ཏེ་ངས་<<ཆོག་ཤེས>>ཞེས་པའི་དེབ་ཀྱི་ནང་དུ་མང་པོ་ཞིག་བྲིས་ཡོད། ཕུང་གསུམ་པའི་ངོས་འཛིན་དང་། གྲངས་ཀྱི་རྣམ་བཞག ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པར་གཤིབ་བསྡུར་གྱིས་བྲིས་ཡོད་པས། ཁྱེད་ཅག་གིས་གཟིགས་ཡོད་པའི་རེ་བ་ཡོད། ང་རང་ཉིད་ལ་ནུས་པ་ཡོད་ཚད་བཏོན་ཚར་བ་ཡིན། དེབ་དེ་ཆོས་བརྒྱུད་རིས་མེད་དང་། རྒྱ་དཀར་ནག་གཉིས། བལ་འབྲུག་སོགས་འཛམ་གླིང་ཤར་ནུབ་གཉིས་སུ་བཀྲམ་ཡོད། ད་ལག་ལེན་བསྟར་མི་བསྟར་ཁྱེད་ཅག་ཆོས་བརྒྱུད་ཁག་གི་དབུ་འཛིན་རྣམ་པ་དང་། ལས་བྱེད་རྣམ་པའི་ཕྱག་ལ་ཡོད་པ་ལས། ངས་བསྒྱུར་བཅོས་གཏོང་ཐུབ་པ་ཁག་པོ་རེད། ཡིན་ན་ཡང་ངས་ཡིག་ཐོག་ཏུ་འགོད་ཐུབ་ངེས་སོ། །དེ་ཕྱིར་མཐོ་དམན་བར་གསུམ་ཀུན་གྱིས་རང་གི་ལྟོ་གོས་འགྲིགས་བསྡད་ན། བསྟན་པ་ག་རུ་ཆགས་ན་ཆགས། བསྙམ་པའི་འདུ་ཤེས་དེ་ཡོངས་སུ་དོར་ཏེ། ཕན་བདེ་འབྱུང་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་ཡུན་དུ་གནས་པའི་མཐུན་འགྱུར་གནང་བར་ཞུ། ཞུ། ཞུ།
བསྟན་པ་ལ་ཐུགས་འཁུར་གནང་བར་བཀའ་དྲིན་ཆེ།
ཁར་སང་ངས་ཨ་ལགས་ཤིང་བཟའ་མཆོག་སྤྲུལ་གྱི་རྩོམ་དེབ་ཅིག་བཀླགས་པ་ཡིན། དོན་གྱི་ཆ་ནས་རིན་པོ་ཆེ་རྣམ་པ་གཉིས་ཀ་ཆུ་ལ་ཆུ་བཞིན་དུ་ལྷག་བསམ་དང་ཤ་ཚ་བས་གཏམ་མང་པོ་ཞིག་མཐུན་པར་འདུག །གནས་སྟངས་ཀྱི་ཆ་ནས་མ་འདྲ་བ་ཅང་ཟད་རེ་མཆིས་སྙམ། གང་ལྟར་རྣམ་དཔྱོད་ཡངས་ཤིང་དྲང་བདེན་གྱི་སྤོབས་པ་དང་ལྡན་ཞིང་ལྷག་བསམ་རྣམ་པར་དཀར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུར།
ངའི་ཆོས་རྒྱུད་འདིའི་རྙོག་ཁྲ་གཙོ་བོ་འདི་ནི་གོང་ནས་བསྟན་པའི་རྩ་བ་གཤིག་པ་འདི་རུད། བླ་མ་མང་ཆེ་བར་སྡོམ་པ་མེད། སློབ་མ་མང་ཆེ་བར་ཐོས་རྒྱ་མེད།
ངས་ཀརྨ་པ་མི་བསྐྱོད་རྡོ་རྗེའི་གསུང་ཞིག་བཀླགས་པ་ཡིན། དེས་འདི་ལྟར་བྲིས་འདུག དེང་སང་གི་རྙིང་མ་པར་གྲགས་པ་སངས་རྒྱས་ཤཀྱཱ་ཐུབ་པ་ལ་སྟོན་པར་མི་འཛིན་ཅིང་བྱང་ཕྱོགས་ཀྱི་ཆོས་རྣ་བས་ཀྱང་ཐོས་མ་མྱོང་བ་དག་ནི་སྤྱིར་ནང་སངས་རྒྱས་པའི་གྲལ་དུ་ཡང་མི་གཏོགས་སོ།།ཞེས་གསུངས་འདུག དེ་འདྲ་གསུངས་དགོས་དོན་གང་ལ་ཐུག་ཡོད་པ་རེད། རྙིང་མ་པས་བར་སྐབས་ཤིག་ལ་སངས་རྒྱས་ཤཀྱཱ་ཐུབ་པ་སྟོན་པར་མ་བཟུང་བ་རེད་དམ། དེང་སང་དེ་འདྲ་ཡོད་དམ། ཞེན་ཁོགས་མ་བྱེད་པར་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་བྱུང་ཚུལ་དོན་དངོས་ལ་འཇུས་ཏེ་ཅིག་གསུངས་དང་།
སྔ་འགྱུར་་་་་་་་སྔ་བསྒྱུར་་་་་་གཉིས་ཀྱི་ནང་ནས་གང་དག་པ་ཡིན་ནམ། དེ་གཉིས་ཀྱི་གོ་དོན་དང་བཅས་གསལ་པོ་ཞིག་གསུང་རོགས་གནོངས། །
རང་བྱུང་རྡོ་རྗེས་ཉམས་བཞེས་གནང་ས།།
མི་བསྐྱོད་རྡོ་རྗེས་བཀའ་སྐྱོན་གནང་ས།།
གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པ།།
བཀའ་དྲིན་ཆེ་འོ་བདག་ཅག་རྣམས་ལ།།
སྤྲུལ་སྐུ་ཡིན་ན་བལྟས་ངན་ ༨༡ ཡིན་པས་ཁྱབ།
དཔའ་ཀརྨ་པ་མི་སྐྱོད་རྡོ་རྗེས་་བླ་མ་དང་་་སྤྲུལ་རྫུན་གྱི་མིང་འཁུར་ནས་གཞན་ནོར་ཧམ་པས་ལེན་པའི་གོམས་སྲོལ་ངན་པ་འབྱར་བའི་རྙིང་མ་བ་འདི་ཚོར་དམིགས་ནས་གསུངས་པ་རེད་དོ།
ཀརྨ་པ་མི་བསྐྱོད་རྡོ་རྗེས་སྐྱོན་གཉིས་བརྗོད་འདུག སངས་རྒྱ་ཤཱཀྱ་ཐུབ་པ་ལ་སྟོན་པར་མི་འཛིན་པ་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣ་བས་ཀྱང་གོ་མ་མྱོང་། ཞེས་པ་དེ་གཉིས་རེད། ངས་ཁོང་གིས་དེ་ལྟར་སྐྱོན་རྗོད་མཛད་དགོས་པའི་རྒྱུ་མཚན་དེ་གཉིས་ཤེས་པར་འདོད།
དེ་འདྲ་ཞིག་ཡོད་ན་ནང་པ་ཡིན་སྟངས་ག་ལ་ཡོད། བདེན་པ་རེད་པ།
(ནང་གི་དགེ་འདུན་པའི་ཁྲོད་དུ་ཁྲིམས་ལྡན་ལས་ཁྲིམས་འཆལ་མགོ་འཕང་མཐོ། དམ་ལྡན་ལས་དམ་ཉམ་གཟི་བརྗིད་ཆེན་པོ་ཆགས་སོང་ན།) ཞེས་གསུགས་འདུག་པས། (སོང་ན་) གསུངས་པའི་འགྲིག་གི་ཡོད་དམ། ཕལ་ཆེར་སོང་ཚར་འདུག སྤྱིར་ཁྱེད་ཀྱིས་རྣམ་གྲོལ་གླིང་ལ་བསྟོད་བསྔགས་ཆེན་པོ་གནང་གི་འདུག་ཀྱང་། དགོན་ཆེན་དེའི་བཤད་གྲྭ་ནས་ཐོན་མཁན་ཕལ་ཆེ་བས་མཁན་པོའི་གོ་གནས་ལ་ཚང་ཀ་ཤུགས་ཆེན་པོ་རྒྱག་གི་ཡོད་པ་གསལ་པོ་འདུག ཁ་ཤས་ཀྱི་༸སྐྱབས་རྗེ་གྲོང་རིན་པོ་ཆེ་སྐུ་བཞུགས་སྐབས་སུ་མཁན་པོའི་གོ་གནས་གནང་རོགས་ཞེས་ངུས་པའི་ལོ་རྒྱུས་དེ་འདྲ་བཤད་གྲྭ་བ་རང་གི་སར་ནས་གོ་རྒྱུ་འདུག ལ་ལ་ནི་གཞུང་ཆེན་ཕར་བཞག་བརྡ་སྤྲོད་ལ་སྐྱོ་བ་ཙམ་དུ་མ་ཟད། དག་ཆ་སོགས་གང་ཅིར་ཧ་ཅང་སྐྱོ་བ་དེ་འདྲར་མཁན་པོའི་ཁྲིར་འཁོད་འདུག ཡང་བཤད་གྲྭ་ནས་ཐོན་རྗེས་མཁན་པོའི་གོ་གནས་མ་ཐོབ་པར་སློབ་དཔོན་གྱི་གོ་གནས་སུ་ཡོད་པ་ཕལ་ཆེ་བ་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་རྒྱུར་འདོད་མོས་གནང་གི་མི་འདུག རྒྱུ་མཚན་གང་ཡིན་ནམ་ཞེས་དྲིས་སྐབས། ལོ་དགུ་བཤད་གྲྭར་བསྡད་རྗེས་གྲྭ་པ་དཀྱུས་མའི་མཉམ་དུ་སུས་སྡོད་ཐུབ་ཀྱི་རེད་ཟེར། གལ་ཏེ་མཁན་པོའི་གོ་གནས་ཡོད་ན། སྨོན་ལམ་ཆེན་མོར་ངེས་པར་དུ་འགྲོ་དགོས། དེ་ལ་སྡོད་ས་དང་། ཚོགས་ནང་དུ་བཞུགས་ཁྲི། ཞལ་ལག་དམིགས་བསལ། སྐུ་འགྱེད་སོགས་གང་ཅིར་ཁེ་ཕན་ཡོད། གཞན་སློབ་དཔོན་མིང་ཐོག་ནས་ཁེ་ཕན་ཐོབ་རྒྱུ་གང་ཡང་མེད་ཟེར། གནས་ཚུལ་དེ་མཁན་པོ་པདྨ་ཤེས་རབ་ཀྱིས་མཁྱེན་གྱི་ཡོད་པ་དང་། དེའི་སྐོར་ཁོང་གིས་གསུང་དགོས་ཆགས་ཡོད་པའི་ལོ་རྒྱུས་ཐོས་རྒྱུ་འདུག མདོར་ན། སྔ་འགྱུར་ནང་དངོས་གནས་བསྔགས་པར་འོས་པའི་བླ་མ་གཅིག་ནི་བྱ་བྲལ་སངས་རྒྱས་རྡོ་རྗེ་ཙམ་ལས་གཞན་ཕལ་ཆེ་བ་རབ་འབྱུང་གི་གཟུགས་བརྙན་འོག་གི་གྲྭ་མིན་སྐྱ་མི་ཤ་སྟག་རེད། བླ་མ་དེས་དངོས་གནས་ཆོས་གཅིག་པུ་མ་གཏོགས་གཞན་གང་ལའང་བྱུས་གཏོགས་གནང་གི་མེད་པའི་ལོ་རྒྱུས་འདུག ཨོ་རྒྱན་ཉི་མ་ཁྱེད་རང་གི་སེམས་འཁུར་བྱེད་སྟངས་ལ་གཞིགས་ན་རང་ཉིད་ཆོས་ཉམས་སུ་བླང་ནས་མ་བཞུགས་པར་ཆོས་གནས་ཐབས་གཅིག་པུ་ལ་དོ་སྣང་སྤྲོད་ཀྱི་ཡོད་པ་ལྟ་བུ་འདུག དུས་ངན་འདི་འདྲ་ཞིག་ལ་ཆོས་ཀྱི་སྐོར་ལ་དོ་སྣང་སྤྲོད་པ་ཙམ་གྱི་ཡག་པོ་རེད་བསམ་གྱི་ཡོད། ཡིན་ནའང་རང་ཉིད་ལ་ཚུར་ཁར་ཕྱོགས་དགོས་པ་གལ་ཆེ། བཀྲིས་བདེ་ལེགས།
ཀརྨ་པས་ལབ་འདུག་ན། སྟོན་པ་སྟོན་པར་མི་འཛིན་མཁན་བཀའ་བརྒྱུད་པ་ཡིན་རྒྱུ་རེད། ང་ཚོ་རྙིང་མ་བ་ལ་དེ་འདྲ་མེད།
༼༧སྐྱབས་རྗེ་གྲོང་རིན་པོ་ཆེ་སྐུ་བཞུགས་སྐབས༽ འདི་སུ་རེད། ངོ་མ་ཤེས་མ་སོང་།
ཨོ་རྡོས་རྙིང་མའི་གདན་ས་དེ་ཡི་ཁ་ཆག་སྣ་རལ་ཁ་ཤས་ཀྱི་རྣམ་ཐར་བཤད་ནས་གདན་ས་དེར་མ་འགྲིག་པ་བཤད་འདུག་ག བྱས་ན་༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་གྲྭ་པའི་ནང་ལའང་དེ་འདྲ་མི་ཉུང་བ་འདུག་ག མེ་ཕར་བུས། ཨ་ར་ཚུར་འཚིག
ང་ཚོ་བོད་པའི་བླ་ཆེན་འགའ་ལ་ཨ་རིའི་ཁྲིམས་ཁང་ནས་ལོག་གཡེམ་གྱི་ཁྲིམས་ཆད་ཕོག་སྟེ་ཨ་སྒོར་འབུམ་མང་པོ་ཤོར་བ་དང་བླ་མ་ཁོ་རང་ཨ་རི་ནང་ལ་འགྲོ་ཆོག་གི་མེད་པའི་སྐད་ཆ་འདུག་། ང་ནི་དངོས་གནས་ཧང་སོང་། ཧོང་མཐུར་བྱུང་།
བླ་ཆེན་འགའ་ཟེར་དུས་གྲངས་གཅིག་ལས་མང་བ་ཡོད་པ་འདྲ། དེ་ཚོའི་མིང་བྲིས་དང་། བླ་ཆེན་རེད་དམ་བླ་ཆུང་རེད་ལྟ་ཆོག
ཕྱི་ལོ་ག་དུས། འབུམ་ག་ཚོད། ཨ་རིའི་ཁྲིམས་ཁང་གང་གི ལོག་གཡེམ་བྱ་ཡུལ། བླ་ཆེན་སུ། དེ་འདྲ་བཤད་རྒྱུ་མེད་ན་ཁྱོད་ཀྱི་གང་བཤད་ཆུ་ནང་གི་རྟུག་དྲི་རེད།
འདྲེ་ཟེར་མཁན་དེ་འདྲེ་ལ་སྐྱབས་བཅོལ་མཁན་བུ་ཆུང་ཚོའི་རྐུབ་ཆེད་བསད་རེས་གཏོང་མཁན་གྱི་རིགས་དེ་ཡིན་པ་འདྲ།
ད་ནི་བླ་ཆེན་དང་སྤྲུལ་སྐུའི་མིང་གི་རྗེས་སུ་མི་བརྙེགས་པར་དོན་གྱི་བཤེས་གཉེན་དང་། དོན་གྱི་ཆོས་པ་གང་དུ་ཡོད་པ་དེ་ལ་གུས་ཞབས་དང་མཐོང་ཆེན་བྱེད་རྒྱུའི་དུས་ཚོད་རེད། ལར་ཆོས་འཇིག་རྟེན་གྱི་ཡོན་ཏན་གང་ཡང་མེད་པར་ཆུང་བྱིས་པའི་དུས་ནས་སྤྲུལ་སྐུའི་མིང་བཏགས་ཏེ་མཆོག་དམན་ཀུན་གྱི་སྐྱབས་སུ་འཛིན་པ་འདི་ང་ཚོའི་ནོར་ས་ཐམས་ཅད་ཀྱི་རྩ་བ་རེད། ནོར་འཁྲུལ་གྱི་རྩ་བ་དེ་ཡར་རྒྱས་སོང་གཏོང་མཁན་རྒྱ་རིགས་ཚོ་རེད། སྐྱེ་བ་སྔ་མ་ཇི་ལྟར་ཡིན་སུས་ཤེས་གལ་སྲིད་ཤེས་པའི་དབང་དུ་བཏང་ཡང་། ཡུལ་རང་ངོས་ན་སྐྱབས་སུ་འགྲོ་བའི་ཡོན་ཏན་མེད་བཞིན་དུ་ཡོད་ཚད་ཀྱི་བསྙེན་བཀུར་བྱས་ན། དཀའ་སྡུག་ཡོད་དགུའི་སྒོ་ནས་ཤེས་ཡོན་འཚོལ་མཁན་ཚོའི་སེམས་སུ་སྡུག་སྐྱོང་གི་ཚོར་བ་ཞིག་རང་ཤུགས་ཀྱིས་སྐྱེས་ངེས་ལ། བརྒྱུད་རིམ་དེའི་ཁྲོད་དུ་སྤྱི་ཚོགས་ཤེས་ཡོན་པར་འགྱུར་རྒྱུའི་འགག་རྡོ་ཆེན་པོ་ཞིག་ཡོད་པར་ངེས།
བླ་མ་ཟེར་བ་དེ་འགྲིག་འདུག མི་དཀྱུས་མ་ཞིག་ཀྱང་དཀའ་སྤྱད་ཀྱིས་བླ་མ་ཆགས་ཐུབ། སྡུག་ཤོས་སྤྲུལ་སྐུ་ཟེར་བ་འདི་རེད། ངན་དགུའི་རྩ་བ། ཕུང་དགུའི་གཞི་མ། སྤྲུལ་གོག
ཧ་ཧ། མེ་ཏོག་དཀར་པོའི་དྲྭ་མིང་འཁྱེར་མཁན་གྱི་མི་དེ་ཧ་ཡང་གི་སྣོད་སྟོང་པ་མང་པོ་ཡོད་ས་ཞིག་ལ་སླེབས་ནས་ཡོད་པ་ལྟ་བུ། གཡོ་འགུལ་ཕྲན་བུ་རེ་ཕོག་པ་དང་། ངུ་སྐད་ཐོན་ཆོག་ཆོག་ཅིག་རེད་འདུག མི་ཚང་མ་ལ་ཁྱི་ཟུག་ཟུག་དང་། མི་དེས་གྲོང་རིན་པོ་ཆེ་ཞེས་པ་དེའང་མགོ་ཚོད་ཀྱི་མེད་པ་གང་ཞིག་ལ་དེའི་ཕྱོགས་ནས་ངར་ཐུབ་པ། རྙིང་མ་བ་རེད་ཅེ་ན་བྱ་བྲལ་རིན་པོ་ཆེ་ཕྱོགས་སུ་ཁ་གཏད་ཐོན་ཐུབ་པ། མདོར་ན། མི་འདི་ཚེ་ཐུང་ཐུང་ཞིག་ལས་མ་ལྷག་ན་ཏན་ཏན་རྣམ་གྲོལ་གླིང་གི་སྲུང་མ་སྤྱོད་པ་ངན་ཤོས་ཤིག་ལ་སྐྱེས་པ་འདུག སྐབས་རེ་ནོར་ནས་རང་གི་དགོན་པའི་བླ་མ་གྲྭ་པ་ལའང་གནོད་པ་བྱེད་དེ་མགོན་ཁང་བཏོན་དགོས་པའང་ཆགས་ཉེན་ཆེ། ཨ་ཧ། སྐུ་རྩེད་ཞུས་པ་ཡིན། ཕྲན་བུ་བློ་རྒྱ་ཆེ་ཙམ་གྱིས། ཁོང་ཁྲོ་སློང་མཁན་ཚང་མ་ལ་ཁ་གཏད་གཅོག་ཐབས་བྱེད་ན་ཐུབ་ཡག་ཡོད་མ་རེད། ཁྱེད་ཀྱི་མི་ཚེ་གཅིག་གི་འདང་གི་མ་རེད། རང་གི་སེམས་འཆོས། བཀྲིས་བདེ་ལེགས།
ཨོ་རྡོ་འདི་ཏན་ཏན་རྣམ་གྲོལ་གླིང་དང་འཁོན་འདུག ལས་ཀ་འདྲ་མ་ཐོབ་པའམ། རྣམ་གླིང་གི་ལས་བྱེད་བྱེ་བྲག་པ་ཞིག་ནང་འགྲིག་མ་འགྲིག་བྱུང་བའམ་གང་རུང་ཞིག་རེད་འདུག སྒེར་གྱི་ན་ཚ་སྤྱི་པར་མ་སྟོན་པར་གུ་ཡངས་ཙམ་གནང་ན་དགའ། གྲོང་རིན་པོ་ཆེ་ངོ་ཤེས་རྒྱུ་ཕར་བཞག་གོ་ཡང་མ་མྱོང་། ཀུ་རེ་དང་དངོས་གནས་འདྲེས་མ་ཡིན།
ཨོ་རྡོ་ཟེར་མཁན་ཁྱོད་སྐྱག་པ་བཟོ། བཤད་གྲྭ་བ་མཁན་པོ་ཐོན་འདོད་ཡོད་ན་ཡོན་ཏན་རེད་མ་གཏོགས་སྐྱོན་ག་ལ་ཡིན། ག་རེ་གྲོང་རིན་པོ་ཆེ། གྲུབ་དབང་རིན་པོ་ཆེ་རེད། དེ་ཙམ་གྱི་དག་ཆ་མ་ཤེས་པར་ད་དུང་རྙིང་མའི་གདན་ས་ཆེན་པོ་ཞིག་ལ་སྐྱོན་འཚལ་རྒྱུ་ངོ་མ་ཚ་བ་ཨོ་ཙམ་རེད། བླ་མ་བྱ་བྲལ་རིན་པོ་ཆེ་ཁོ་ན་བཟང་པོ་དང་གཞན་ཐམས་ཅད་ངན་པ་མཐོང་བ་ནི་ཁྲོན་པའི་སྦལ་པ་ཟེར་ན་དེ་འདྲ་རེད། གལ་སྲིད་བཤད་གྲྭ་ཐོན་ནས་གྲྭ་དམངས་མཉམ་དུ་བསྡད་འདོད་མེད་པ་དངོས་གནས་ཡིན་པའི་དབང་དུ་བཏང་ན་ཅི་སྐྱོན། མི་སུ་འདྲ་ཞིག་ཡིན་ནའང་ཡོན་ཏན་ཅན་དང་གོ་ས་ཅན་ཆགས་ན་མི་ཕལ་པ་ལས་ལྷག་པའི་ཐོབ་ཐང་མི་འདོད་མཁན་སུ་ཡོད་རེད།
གང་ལྟར་བསྟན་པ་དྲི་མེད་ཡུན་དུ་གནས་པའི་སྐྱོན་མཚང་བགྲང་ཤོག སྐྱོན་ལ་སྐྱོན་དུ་གོ་ནུས་ན་སུན་འབྱིན་ཡང་དག་ཡིན་པས། སུ་གཅིག་ལ་འཇིག་མི་དགོས། ཁྲམ་པ་ཕུང་གསུམ་པ་ཆེ་ཆུང་བར་གསུམ་གྱི་བསྟན་པ་རྨང་ནས་བཤིས་ངེས་སོ། །
སྤོབས་མཐའི་ལུང་དེ་ལ་གོ་རྒྱུ་ཆེན་པོ་འདུག་ག ད་ལམ་ཨོ་ཉི་དང་སྤོབས་མཐའ་ཟེར་བ་གཉིས་ཀྱི་སྐད་ཆ་ལ་ཅུང་སྣང་བ་འགྲོ་སོང། འོན་ཀྱང་མི་འདི་རིགས་ཀྱི་སྐད་ཆ་ལ་བརྒྱ་ཆ་བརྒྱ་ཐམ་པ་བློ་འཁེལ་མི་རུང།
བར་དོའི་སྐོར་དབྱིན་སྐད་དུ་བརྩམས་མཁན་བོད་བླ་ཞིག་གིས་ཨ་རིའི་བུད་མེད་ཅིག་ལ་བཙན་གཡེམ་བྱས་ཏེ་བོད་བླ་དེ་ཡིས་ཨ་རི་བུད་མེད་དེ་ལ་ཨ་སྒོར་འབུམ་མང་པོ་ཤོར་རབས་ཐོས་བདེན་མིན་མི་ཤེས།
སྤྲང་པོ་གཡང་འགུག་རང་རེད། བལྟས་ངན་སྤྲུལ་གོག་འདི་ཚོ་སྒེར་ནད་སྤྱི་པར་སྤུངས། འཇིག་དགོས་ཡ་མེད་པའི་ཁ་ཕོ་བསྒྲགས། སུ་ལ་ཕོག་གི་མགོ་འཕང་ཨ་སྔོན་མགུང་ལས་མཐོ། ཡོད་ཚད་ཀྱི་སེམས་དཀྲུག ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་རང་ཚུགས་ཤོར། ད་དུང་བསྟན་པ་འཛིན་ནོ་ལོ།
་་་་ གལ་སྲིད་མ་ཐུབ་རུང་རྩ་བའི་དམ་ཚིག་དང་། སྡོམ་པ་ནི་མིག་འབྲས་བཞིན་དུ་སྲུང་དགོས་པ་དང་། མ་སྲུང་བཞིན་གྲྭ་བཙུན་གྲལ་དུ་འཚང་ཁ་རྒྱགས་ཏེ་བསྡད་པ་ནི་མི་ཚེ་སྟོང་ཟད་རེད། ་་་་ཅེས་དང་།
་་་་་ དེང་སང་རྒྱ་བོད་བལ་འབྲུག་ཀུན་ཏུ་ཤམ་ཐབས་མ་བོར་ཙམ་གྱི་བཙུན་གཟུགས་ཅན། ཆེ་ཆུང་བར་གསུམ་ཁྲོད་དུ་ཤིན་ཏུ་མོད་པ་དང་། འདི་དག་ལ་ངས་ཕུང་གསུམ་པ་ཞེས་འབོད་ཀྱིན་ཡོད། ་་་་་ཟེར།
ཀརྨ་པ་མི་བསྐྱོད་རྡོ་རྗེས་རྙིང་མ་པ་ལ་དགག་པ་གནང་དགོས་པའི་རྒྱུ་མཚན་ནི་ཁོང་གིས་རྙིང་མ་པ་ལ་མི་དགའ་བའི་རྒྱུ་མཚན་གྱིས་རེད་ལབ་ན་སྒྲིག། ཁོང་ལ་ལན་བཏབ་མཁན་ཡང་རྙིང་མའི་ཁྲོད་དུ་མང་ཙམ་ཞིག་བྱུང་ཡོད་པ་འདྲ། ངས་དགག་པ་དེ་མཇལ་མ་སོང་ཡང་དགག་ལན་ལ་རྒྱལ་བ་བསྟན་འཛིན་གྲགས་པ་དང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། སོག་བཟློག་པ་བློ་གྲོས་རྒྱལ་མཚན་གསུམ་གྱིས་གནང་བའི་དགག་ལན་མཇལ་སོང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱི་དགག་ལན་ནང་དུ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དེ་ཀརྨ་པ་གོང་མ་དང་ཐུགས་རྒྱུད་གཅིག་པ་མིན་པ་འདྲ་སྟེ་གང་ཡིན་ཟེར་ན་ཀརྨ་པ་རང་བྱུང་རྡོ་རྗེ་དང་ཀརྨ་པ་ཆོས་གྲགས་རྒྱ་མཚོ་གཉིས་ཀྱིས་ནི་རྙིང་མའི་བླ་མ་དག་བསྟེན་ནས་རྙིང་མའི་བཀའ་ཆོས་གསན་བཞེས་མཛད་པ་མ་ཟད་ཉམས་ལེན་ཡང་གནང་ཡོད་ཅེས་གསུངས་འདུག། དེ་ལྟར་གསུངས་པ་ནང་བཞིན་ཐུགས་རྒྱུས་གཅིག་པ་མིན་ས་རེད་སྙམ་པའི་དོགས་པ་ཡང་སྐྱེ་འོས་པ་ཞིག་འདུག། གང་ཡིན་ཟེར་ན་ས་སྐྱའི་ནང་དུ་བླ་མ་བློ་གྲོས་རབ་ཡངས་སམ་ཕྲིན་ལས་རབ་ཡངས་ཞེས་པ་ཞིག་འདུག་སྟེ་ཁོང་ཀརྨ་པ་བདུན་པའི་སྐུ་སྐྱེ་ཡིན་ཚུལ་གསུངས་འདུག་པ་མ་ཟད། ཀརྨ་པ་ནི་སྐུ་ཕྲེང་བདུན་རེའི་བར་ལ་ཐུགས་རྒྱུད་བརྗེ་པོ་རྒྱབ་ནས་འགྲོ་ཚུལ་ཞིག་ཀྱང་གསུངས་འདུག།
ངས་གོང་དུ་ཞུས་པའི་ལུང་ནི་འདི་རེད། ༼ཀརྨ་པ་གཉིས་པ་ཆོས་ཀྱི་གྲགས་པ་སོགས། །ཀརྨ་པ་རབས་བདུན་གྱི་ཕལ་ཆེར་ནི། དཔལ་ལྡན་ཆོས་གྲགས་ཀྱི་སྤྲུལ་པ་ཡིན་པས། མཚན་ཡང་ཆོས་ཀྱི་གྲགས་པ་ཞེས་འབྱུང་ཏེ། ཕྱི་ཕྱག་ཆེན་པ་ལ། ནང་རྫོགས་ཆེན་པ་འབའ་ཞིག་ཡིན་ལ། ཀརྨཱ་པ་བརྒྱད་པ་མི་སྐྱོད་རྡོ་རྗེ་ནི། ཕྱག་ཆེན་རྫོགས་ཆེན་གང་དུ་འང་རིགས་མ་ངེས་པ། ཆོས་ལུགས་དགོངས་པ་གང་བདེ་མཛད་པའོ། །འདི་ཡན་ནི་སྐྱེ་བ་སྔ་མ་གང་དུ་བླངས་པའི་ཚུལ་ཅུང་ཟད་ཙམ་ཡིན་ནོ།། ༽
ཝེ། རྒྱལ་བ་བསྟན་འཛིན་གྲགས་པ་མ་རེད་ད། རྒྱལ་དབང་བསྟན་འཛིན་གྲགས་པ་རེད་ལོ
དྲིས་ལན་གནམ་ལྕགས་ཐོགས་མདའ་ལས་༼ཀརྨ་པ་རང་གི་ངོ་བོ་དམ་པ་སངས་རྒྱས་ཀྱིས་ཀྱང་། ཆོས་ལ་ཕྱོགས་རིས་བྱས་ན་ཉན་ཐོས་ཙམ་མོ་བུ། །ཞེས་སོགས་མང་ཡང་ཡི་གེས་ངལ་བར་གྱུར་མོད། འདི་རྣམས་ལ་དཔྱད་ན། ལོག་ཤེས་མཁན་གྱི་བློ་ལ། དོགས་པའི་གནས་འདི་རྣམས་འཆར་ཉེན་གདའ་སྟེ། རང་བྱུང་རྡོ་རྗེ་ལ་སོགས་པ་གོང་མ་རྣམས་ཀྱི། ཐོག་མར་ཆོས་དང་གང་ཟག་བརྟགས་པ་མ་དགོངས་ནས། མ་དག་པ་བླུན་དད་ཀྱི་ཞུས་ནས། གོང་མ་ཆོས་ལོག་འདི་རྣམས་དང་མཇལ་ལགས་སམ། དེ་ལྟར་ན་རྗེ་གོང་མ་རྣམས་ལ་ཐམས་ཅད་མཁྱེན་པ་ཞེས་དང་། དུས་གསུམ་མཁྱེན་པ་ཡང་ཅིར་འགྱུར། ཡང་ན་གོང་མ་རྣམས་ཀྱི། ཡང་དག་པའི་ཆོས་མ་ཡིན་པར་མཁྱེན་བཞིན་དུ། ཡང་དག་པའི་ཡིན་ནོ་ཞེས་སྒྲོ་བཏགས་ཏེ། གཞན་ལ་སྟོན་པ་སོགས་མཛད་པ་ཡིན་ན་ནི། འཕྱུགས་མེད་ལ་མཆོག་སྟོན་པའི་བཤེས་གཉེན་དུ་ཅི་ལ་འགྱུར་ལགས། ཡང་ན་གོང་ { 65v } མ་རྣམས་ཀྱི་ཡང་དག་པའི་ཆོས་སུ་བཞེད་ན་ཡང་། དགོངས་པ་བཞེད་ལུགས་མི་གཅིག་པའི་དོན་གྱིས། རྗེ་ཉིད་ཡང་དག་པའི་ཆོས་སུ་མི་མཛད་པ་ཡིན་ན་ནི། ཀརྨ་པ་མི་སྐྱོད་རྡོ་རྗེ་ཞེས་ཐུགས་གཅིག་པར་གྱུར་པ་འདི་ཡང་ཇི་ལྟར་འགྱུར་ལགས། ༽
དགོངས་དག རྒྱལ་རོང་བསྟན་འཛིན་གྲགས་པ། ཟ་རོ་ང་བལྟད་མོ་ཞིག་ལ་ཡེངས་ནས་ནོར་བ་ཐལ་སོང་
འོ་འོ་མེ་དཀར་གྱིས་གསུངས་པ་དེ་དེ་བཞིན་ནོ། །
ཨོ་ཨོ་དེ་ལྟར་ན་མེ་དཀར་གྱིས་གསུངས་པ་དང་ངས་ཟེར་བ་གཉིས་ཁག་ཁག་རེད་འདུག། ངས་ཟེར་བ་དེ་རྒྱལ་རོང་བསྟན་འཛིན་གྲགས་པ་དེ་མ་རེད། ངས་ཟེར་བའི་བསྟན་འཛིན་གྲགས་པ་ནི་འབྲུག་པ་པདྨ་གླིང་པའི་སྤྲུལ་པ་འབྲུག་པ་བསྟན་འཛིན་གྲགས་པ་རེད་ལགས།
རྙིང་མ་མེད་ན་གསར་མ་མེད། གསར་རྙིང་རྟེན་ཅིང་འབྲེལ་བ་འདི། ཉི་མ་ཟླ་བའི་ཚུལ་དུ་བཞུགས།
འདི་ཡང་བསྟན་པའི་མཆོད་པར་ཕུལ།
རྩོད་པ་མེད་ན་གསལ་ཆ་མེད། གསལ་ཆ་མེད་ན་གྲིབ་པ་འཕེལ། གྲིབ་པ་གསལ་བའི་དམ་ཆོས་འདི།
བསྟན་པ་འབར་བའི་མཆོད་པར་འབུལ།
གསར་མས་རྙིང་མར་རྒོལ་བ་འདིས། རྙིང་མའི་ཡོན་ཏན་འཕེལ་བར་བགྱིས། སྐྱོན་ཆ་ཀུན་གྱི་གཞི་རྫོགས་པ། བསྟན་པ་འབར་བའི་མཆོད་པར་འབུལ།
རྙིང་མས་གསར་མར་རྩོད་པ་འདིས། གསར་མའི་ཤོག་རླབས་རྒྱས་པར་བྱས། ཐབས་ཤེས་ཤོག་རྩལ་
ངོམས་པ་འདི། བསྟན་པ་འབར་བའི་མཆོད་པར་འབུལ།
གཏི་མུག་མེད་ན་དམ་ཆོས་མེད། དམ་ཆོས་འཕེལ་བ་རྒྱུ་གཅིག་པུ། འགྲོ་བ་ཐར་པར་འདྲེན་པའི་གཞི།
གཏི་མུག་ཆེ་ལ་མཆོད་པ་འབུལ།
ཐམས་ཅད་རྟེན་ཅིང་འབྲེལ་བ་འདི། འཁོར་བའི་ངོ་མཚར་བླ་ན་མེད། ངོ་མཚར་འདི་ཡང་ངོ་མཚར་ཆེ། བསྟན་པ་འབར་བའི་མཆོད་པར་འབུལ། ཅེས་སྟོན་པ་ཤཀྱ་ཐུབ་པའི་ཐུགས་དམ་གྱི་གཙོ་བོ་རྟེན་ཅིང་འབྲེལ་བའི་གདམ་པ་འདི། གཉིས་སྣང་གཏི་མུག་སེལ་བའི་གདམ་པར་མཆོག་ཏུ་གྱུར་བར་མཐོང་སྟེ། གསར་རྙིང་འཁོན་གྲས་གཞི་བའི་ཆེད་དུ་འཁོལ་བའོ། དེ་ཡང་ཁ་བ་ཅན་པའི་གསར་རྙིང་ཉི་ཟླ་ལྟ་བུའི་བསྟན་པ་རིན་པོ་ཆེ་འདི་རྒྱས་པར་སྨོན།
གསར་རྙིང་འཁོན་གྲས་གཞི་ཞེས་པ་འདི་གསར་རྙིང་འཁོན་འགྲས་ཞི་བར་བཅོས་རོགས།
སློབ་དཔོན་པདྨ་འདི་དོན་དངོས་གནས་གང་གི་རེད། སྐབས་རེར་རྒྱ་གར་ནས་ཡིན་པ་དང་། སྐབས་རེར་ཨོ་རྒྱན་ནས་ཡུན་པ། སྐབས་རེར་ཨ་རབ་ནས་ཡིན་པ། ཡང་ཤི་རི་གླིང་ག་གང་ཡིན་མ་ངེས་པའི་ཡིག་འཇོག་མང་བོ་མཐོང་ཡ་འདུག རྒྱལ་པོ་ལ་བློན་པོས་ཕྲ་མ་བཅུག་ནས་ཕྱིར་འབུད་ཀྱིས་བོད་ནས་ཟླ་དྲུག་ལས་མ་བཞུགས་ཚུལ་ཡང་གཤད་འདུག ཇོ་ནང་ཏ་ར་ན་ཐའི་ཡིད་ཆེས་གསུམ་ལྡན་དེ་ཡག་པོ་བྲིས་འདུག་སྙམ། གཞན་སློབ་དཔོན་གྱི་ལོ་རྒྱུས་ཚང་མ་འདྲེ་སྒྲུང་ཤ་སྟག་རེད་འདུག་བསམ། རྙིང་མ་བ་ཚོས་ཁོ་མཁན་སློབ་ཆོས་གསུམ་ཅེས་རྩ་ཆེན་པོར་རྩིས་དགོས་དོན་ཅི་ཡིན་ནམ། ད་དུང་འགའ་ཤས་ཀྱིས་ཁོ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་ཚུལ་ཡང་བཤད་ཀྱིན་འདུག དོན་ལ་ཁོའི་ལོ་རྒྱུས་ག་འདྲ་རེད་དམ།
ཁོ་ནི། ༧གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ།། ཞུ་ས་དེ་རེད། བོད་ཀྱི་དགོན་པ་ཐོག་མར་ཕྱག་བཏབ་མཁན་གྱི་གྲས་སུ་གཏོགས། དེ་ཡང་དགེ་ལུགས་པའི་སློབ་དཔོན་ཙོང་ཁ་པས། བསྟན་པ་སྔ་དར་ལ་པདྨ་སམྦྷ་བ་བཀའ་དྲིན་ཆེ་ཞུ་ས་དེའང་རེད།
རྡ་སའི་གཙུག་ལག་ཁང་ནང་ཁོའི་སྐུ་བཞེངས་འདུག་ག སེམས་ན་གི་འདུག་གེ
མེ་དཀར་ལགས། ཁྱེད་དགེ་ལུགས་པར་ཞེ་ཐག་ཆོད་འགྲོ་ཡི་འདུག
ཡིན་ངང་ཡིན། འདི་ཚོ་ནི་བོད་ལ་ཆོས་བརྒྱུད་གཅིག མ་གཏོགས མི་དགོས་ཟེར་མཁན་རེད་པ། དེའི་ཆེད་རྒྱལ་ཁབ་ཀྱི་ཕྱི་ལོག་ནས་དམག་འབོད་ནས་སྨིན་གླིང་ལོ་ཆེན། རྡོར་བྲག་པད་འཕྲིན་སོགས་དམར་གསོད་བཏང་བ་མ་རེད་དམ།
ཤྭཀྱ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
ཅོག་རོང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
༤༡༽ ཅོག་རོང་གི་མྱི་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༦ གི་ཆུ་ཚོད་ ༡ སྐར་མ་ ༡༦
ཤྭཀྱ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
ཧ་གོ་་མ་སོང་། གཤམ་དེ་་་་་་
ཅོག་རོང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག
རེད་པས། སྐབས་དེ་དུས་རྙིང་མའི་ཆོས་སྐྱོང་དེ་ཚོ་དང་། རྫུ་སྤྲལ་དེ་ཚོ་ག་རེ་བྱས་པ་རས།
གང་ཤེས། ག་རེ་བྱས་ཡིནན་ཧ་གོ་མ་སོང་། ཡིན་ནའང་ད་དེ་འདྲ་རྩ་བ་ནས་ཡོང་བཅུག་གི་མིན། བརྙས་བཅོས་ཁུར་གི་མིན།
ཏཱ་ར་ན་ཐས་ཡིད་ཆེས་གསུམ་ལྡན་དེ་ཡག་པོ་བྲིས་འདུག་ཟེར། ད་དུང་ཨོ་རྒྱན་གུ་རུའི་ལོ་རྒྱུས་ཇི་ལྟར་ཡིན་ཟེར། ཏཱ་ར་ན་ཐས་གསུངས་པའི་ཡིད་ཆེས་གསུམ་ལྡན་དེ་བཀླགས་ཡོད་ན་གུ་རུའི་ལོ་རྒྱུས་ཇི་ལྟར་ཡིན་ཟེར་དགོས་དོན་ག་རེ་འདུག། ཆོས་སྐྱོང་སྲུང་མ་ལ་སྐྱབས་བཅོལ་མཁན་རྙིང་མ་འབའ་ཞིག་ཡིན་ལྟར་ཡང་གསུངས་འདུག། ཆོས་སྐྱོང་སྲུང་མ་ནི་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་བོན་དང་བཅས་པ་ལ་ཡོད་ཡོད་པ་རེད། ཡིན་ན་ཡང་བསྟན་པའི་དགྲ་བོ་ཕོན་ཆེན་པོ་དེ་འདྲ་འབྱུང་དུས་སྐྱབས་དངོས་སུ་མཛད་ཐུབ་མེད་པ་གསལ་པོ་མ་རེད་པས། གལ་ཏེ་དེ་ལྟར་མཛད་ཐུབ་ཡོད་ན་བོད་ཀྱི་སྐྱེས་ཆེན་དམ་པས་དབུས་བོད་མི་ས་ཡ་མང་པོ་སྐྱབས་བཅོལ་དུ་ཡོང་དགོས་ཐུག་གི་མ་རེད་པ།
བོད་མི་ས་ཡ་མང་པོ་སྐྱབས་བཅོལ་ལ་ཡོང་མེད། འབུམ་གཅིག་ཁོ་ན་རེད། བོད་མི་ས་ཡ་དྲུག་ཡོད།
ངས་དྲན་ཚོད་ལ་ཨ་རབ་ལུང་བ་ནས་མི་ཞིག་བོད་ལ་ཆོས་སྤེལ་དུ་ཡོང་བ་སྟོད་མངའ་རུས་སོགས་སུ་འཁྱམས་པ་འདྲ། དུས་ལ་བརྟག་ན་སློབ་དཔོན་དང་ཐག་ཉེ་བ་འདུག དེ་མིན་བོད་ཀྱི་ལོ་རྒྱུས་ན་གསལ་བོ་མི་འདུག གཞན་བོད་པའི་བྲིས་པ་དག་ནི་ངག་རྒྱུན་བྲིས་པ་འདྲ་བོ་ཤ་སྟག་རེད། ཨོ་རྒྱན་ནི་ཁ་ཆེའི་ལུང་བ་ཞིག་རེད། དེ་ཡང་རྣམ་རྟོགས་ཟ་བ་ཞིག་མ་རེད་དམ། ཡང་པན་ཇབ་ནས་ཡིན་པ་དང་མཚོ་པད་མ་ལ་མཇལ་མཀན་ཡང་མང་བོ་འདུག མིང་ལ་མཚོ་སྐྱེས་ཟེར། ཟ་ཧོར་རྒྱལ་བོའི་བུ་མོ་དང་འདྲིས་པས་རྒྱལ་བོའི་ཆད་པར་དོགས་ནས་བོད་ལ་བྲོས་ཟེར། ཡང་རང་ཕེབས་ཀྱིས་བལ་ཡུལ་དུ་འབྱོར་བས་ལོ་ཙཱ་བས་བདེན་དྲངས་ཀྱང་ཟེར། མེ་ཏོག་དཀར་བོའི་བཤད་པ་ལྟར་བོད་ལ་ཁོས་བཏབ་པའི་དགོན་པ་ཞིག་ཡོད་པའི་ལོ་རྒྱུས་མེད། རྒྱལ་བོས་བསམ་ཡས་བཞེངས་པའི་སྐབས་དང་འཁེལ་བས་དམག་བསྡུས་པ་དང་རྒྱལ་བོ་ལ་གནམ་ནས་དངོས་གྲུབ་ཡོང་བ་ཡོད་ཅེས་དུག་བུམ་གཏད་རྩིས་བྱས་པ་བློན་པོས་ཤེས། དེ་ནས་ཕྱིར་འབུད་བཏང་བས་གང་དུ་སོང་བའི་ལོ་རྒྱུས་མེད། བདུད་འཇོམས་བླ་མས་བྲིས་པའི་རྙིང་མའི་ཆོས་འབྱུང་ན་ཁོ་ཤྲི་ལངྒ་ནས་ཡིན་བྲིས་འདུག ཏ་ར་ན་ཐས་རྒྱ་གར་མར་གྲགས་པ་བྲིས་པ་མཐུན་གྱི་མི་འདུག་པ་ག་རེ་རེད། གཡུ་འབྲུག་དཀར་བོས་ངས་དྲིས་པ་དེར་དེ་ཙམ་དོ་གནང་གནང་མི་འདུག ངས་བཤད་ན་གོང་གི་ལོ་རྒྱུས་སམ་བཤད་ཚུལ་མ་འདྲ་བ་དེ་དག་ལས་གང་བདེན་དཔྱད་པ་གནང་ནས་སྨྲས་ཐུབ་མཁན་ཅིག་བྱུང་ན་བསམ་སོང་། ཨོ་རྒྱན་ཉི་མས་ཅང་ཤེས་ཀྱི་མེད་པ་འདྲ། རང་གི་སློབ་དཔོན་གང་ནས་ཡིན་པའི་ཁོངས་ལུང་སྒྲུབ་བྱེད་ཅི་ཡང་མེད་པ་ཞིག་གིས་ད་དུང་གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་ཆུ་འགོ། དཔལ་གསང་ཆེན་སྔ་འགྱུར་བ་ཞེས་འུར་སྒྲོགས་ག་ཚད་བྱས་ཀྱང་ཉན་མཁན་མེད་པ་འདྲ། སངས་རྒྱས་ཀྱི་བསྟན་པའ་རྩ་བ་ནི་འདུལ་བ་རེད། སློབ་དཔོན་སོར་སྡོམ་ཡོད་པ་གང་ན་ཡང་བཤད་མི་འདུག ཁ་རུལ་བ་སྣ་ཡིས་མ་འཚོར་བ་རེད་འདུག་སྙམ
གང་ལྟར་ཁོ་ནི ནུས་མཐུ དཔེ་མེད་ཡོད་མཁན་ཞིག དོལ་འདྲེ་བསྟེན་མཁན་ཚོ་ལ་ཁོའི་གྲོ་བོ་ལོད་ཅེས་པའི་རྣམ་པ་དེ་གཉེན་པོའི་མཐར་ཐུག་པ་རེད། འདྲེ་བསྟེན་མཁན་ཚོ་ཁོའི་མིང་ཐོས་ནའང་གཅིན་པ་འཆོར་གི་ཡོད་རབས་ཐོས།
རྙིང་མའི་གཙུག་ལག་ཁང་དཔལ་བསམ་ཡས་ནི་བོད་ཀྱི་དགོན་པ་དང་མཐོ་རིམ་སློབ་གྲྭ་སྔ་ཤོས་དེ་རེད། དེ་བཞེངས་མཁན་གྲས་ལ་ཁོ་ཡང་ཡོད་རེད། དེས་ན། རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ།། ཟེར་བ་རེད། ཕྲུ་གུའི་རྐུབ་ཨི་ཁུངས་བརྟོལ་མཁན་གྱི་འདུལ་འཛིན་དག་གིས་སོར་སྡོམ་ཟེར་དུས་རབ་བྱུང་གི་སྡོམ་པ་ཡིན་ཤག་བྱས་དུས། སོ་ཐར་རིས་བདུན་ཟེར་བ་ཐོས་མྱོང་མེད་པའི་རྟགས་བླ་ན་མེད་པ་རེད་འདུག་པས། ཨ་བུ་དཔལ་སྤྲུལ་པས། སྡོམ་པ་ཡོད་དུས་འདུལ་བ་མེད། འདུལ་བ་ཡོད་དུས་སྡོམ་པ་མེད། གསུངས་པ་ལ་ཡིད་ཆེས་སྐྱེས།
མེ་ཏོག་དཀར་བོ་ལགས། སོ་ཐར་རིས་བདུན་ནམ་རིས་བརྒྱད་གང་ཡིན་ཡང་དེས་སློབ་དཔོན་ལ་སོ་ཐར་སྡོམ་ཡོད་པར་སྒྲུབ་ཐུབ་ཀྱི་རེད་དམ། སློབ་དཔོན་ཆོས་ཅན། ཁྱོད་ཀྱིས་རྒྱུད་ལ་སོ་ཐར་རིས་བདུན་པོ་གང་ཡང་ཡོད་པར་རྣམ་ཐར་སོགས་ལས་མ་བཤད་ཀྱང་སོར་སྡོམ་མེད་པར་མི་འགྱུར་དེ། སོ་ཐར་རིས་བདུན་པོ་གཞི་གྲུབ་པའི་ཕྱིར་ཟེར་རམ།
དེ་འདྲ་མ་རེད། འོ་ན་སློབ་དཔོན་ཆོས་ཅན། སོར་སྡོམ་རྒྱུད་ལྡན་མིན་པར་ཐལ། རྣམ་ཐར་ནང མ་བཤད་པའི་ཕྱིར་ཟེར་རམ།
ཨོ་རྒྱན་ཡུལ་དེང་སང་ཁ་ཆེ་ལུང་པའི་ནང་ཡོད་ན་དེ་དུས་ཡོད་པས་ག་ལ་ཁྱབ། བོད་ཀྱི་ཡིག་རྙིང་དག་ཏུ་ཁ་ཆེ་པཎ་ཆེན་དང་། ཁ་ཆེའི་བྱེ་བྲག་སྨྲ་བ་ཞེས་པའི་ཁ་ཆེ་ནི། དེང་སང་གི་ཁ་ཆེའི་ཆོས་ལུགས་ཞེས་པ་དེ་མིན་པར། ཀ་ཤིའི་མིར་ཞེས་པའི་མིང་ཟུར་ཆགས་པར་སེམས། ཡོངས་གྲགས་ལ་མུ་སུ་ལམ་ཞེས་པའི་ཆོས་ལུགས་ལ་བོད་པ་ཚོས་ཁ་ཆེ་ཞེས་འབོད་པར་རྒྱུ་མཚན་ཞིག་ཏན་ཏན་ཡོད་རྒྱུ་རེད།
༈ བསྟན་དོན་ལ་ལ་བསམ་གཞིག་ཅིག་བྱས་ན་དགའ་སྐྱོ་གཉིས་འགྲན་པ་ལྟ་བུ་ཞིག་བུ་ཞིག་རེད་། དགའ་བ་ནི། ད་ལྟའི་དུས་ཀྱི་འཆད་ཉན་སྤྱི་ལ་ཁྱབ་པས་མདོ་ཕྱོགས་ལ་མཁས་པའི་ཁྱུ་ཚོགས་རྡོལ་ཡོང་གི་ཡོད་པ་དང། བཀའ་རྙིང་གི་དགེ་འདུན་སྡེའི་སྤུས་ཚད་ཇེ་གཙང་དུ་འགྲོ་བ་དེ་རེད། མ་ཟད་སངས་རྒྱས་སྲས་བཅས་ཀྱི་ཐུགས་བསྐྱེད། གུ་རུའི་ལུང་བསྟན་སོགས་ལ་ཡིད་ཆེས་ཚེ་སྤྲུལ་བའི་བསྟན་འཛིན་སྐབས་དང་སྐབས་སུ་འབྱུང་བས་ཡིད་སྤྲོ་སང་ངེར་བསྡད་ན་སླེབས་ཡོང་ངེས་སོ། ། སྐྱོ་ས་ནས་བཤད་ན། དཔལ་སྤྲུལ་རིན་པོ་ཆེས། མཁས་ཀྱང་བསྟན་དོན་མི་འགྲུབ་རྩོད་པ་འཕེལ། །གྲུབ་ཀྱང་གཞན་དོན་མི་འབྱུང་སྒྲོ་སྐུར་མང་། །མཐོ་ཡངསྡེ་ཆུས་མི་འགྲུབ་ཁེངས་ལོག་ཆེ། །ད་ལྟའི་དུས་འདི་དགོངས་ལ་སྐྱོ་བར་མཛོད། །ཅེས་པ་ལྟར་ཐོས་པ་དངཚུལ་ཁྲིམས་གཙང་བ་ཙམ་གྱིས་བསྟན་དོན་འགྲུབ་དཀའ་བས། ཉེ་འབྲེལ་རྒྱབ་དཔུང་། སྟོབས་འབྱོར། འཇིག་རྟེན་མཐུན་འཇུག་གཡོ་རྒྱུ་སོགས་ཆ་རྐྱེན་མང་པོ་མེད་པར་དགོན་ཆེན་གྱི་དབུ་འཛིན་ཕར་ཞོག་གྲྭ་ཆུང་ཡི་གེ་སློབ་མཁན་ཞིག་ཀྱང་གཅར་རོགས་མི་བྱེད། དེ་ཕྱིར་དཔལ་སྤྲུལ་རིན་པོ་ཆེས། སུ་མཐོང་མི་མ་ལགས་ཏེ་བསླུ་བྱེད་མཁན། །སུས་བཤད་གཏམ་མ་ལགས་ཏེ་བསླུ་བྲིད་ཚིག །ད་ནི་སུ་ལ་བློ་གཏད་མི་འདུག་པས། །རང་ཉིད་གཅིག་པུར་རང་དགར་གནས་པར་མཛོད། །ཅེས་པ་ཐུགས་དམ་གྱི་སྙིང་པོར་བསྟེན་ན་བློ་བདེ་བག་ཕེབས་པར་འགྱུར་རོ། ། དགེ་འདུན་སྡེ་དང་བསྟན་པ་ཉམས་པ་སོགས་ཀྱང་མི་རྟག་པའི་ཆོས་ཉིད་དེ། སློབ་དཔོན་དགའ་བའི་དབང་པོས། གཟུགས་དང་ལོངས་སྤྱོད་ཐོས་པ་དང་། །ཚུལ་ཁྲིམས་ལ་སོགས་རྟག་མིན་ཏེ། །གང་ཡང་འདོད་ཆགས་བྲལ་བ་ཡང་། །ཀུན་ཏུ་གནས་པ་མ་མཐོང་ངོ། །ཞེས་པ་ལྟར་ལགས། སྐྱོ་དགོས་པའང་དེ་ཙམ་མེད་དེ། །མྱ་ངན་བསལ་བའི་སྤྲིང་ཡིག་ལས། །གང་ཚེ་ཀུན་གྱི་བསྒྲོད་བྱ་ཞིང། །དེ་དང་དེར་ནི་འགྲོ་བ་ཡི། །སྔ་ནས་དེ་དེར་སོང་པ་ལ། །ཅི་ཡི་ཕྱིར་ན་མྱ་ངན་བྱེད། །ཅེས་པ་ལྟར་སྙིགས་དུས་སུ་དེའི་རྟགས་མངོན་དུ་གྱུར་པ་དང་། །འདུས་བྱས་མི་རྟག་པའི་ཆོས་ཉིད་ཡོངས་སུ་གསལ་བ་ཉིད་དོ། །ཕྲན་ལྟ་བུ་ཆོས་ལ་མོས་པ་ཡོད་ཀྱང་ཐོས་བསམ་སོགས་སྒོ་ཀུན་ནས་ཁ་སྟབས་ཞན་པ་ཞིག་ཡིན་ན་ནི། དཔལ་སྤྲུལ་རིན་པོ་ཆེས། གླང་རྒན་སླས་ན་ཉལ་བའི་འདུན་ཕུག་ཨེ་གཟིགས། །ཟ་ཉལ་གཤང་ལྕི་འདོར་འདི་མི་བྱེད་ཀ་མེད། །བྱ་བྱེད་དེ་ལས་མ་མང་ཁྱོད་ཀྱི་ཡུལ་མིན། །རང་ཚོད་བྱ་བ་གྱིས་ལ་ཁ་རོགས་ཉོལ་སྡོད། །ཅེས་པ་འདི་རན་པར་འདུག །ཡང་ཁམས་དྭངས་པའི་ཚེ་ཐུགས་སྟོབས་ཆེ་ཞིང་རྣམ་རིགས་བཀྲ་བའི་སྟོན་པའི་རྗེས་འཇུག་རྣམས་ཀྱིས་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་སྐྱོང་བར་རྗེས་སུ་ཡི་རང་གི་བསྟོད་པ་རེ་ཡང་ཐུབ་ན་དོན་ཆེན་པོ་དང་ལྡན་པ་ལེགས་སོ། །ཞེས་དོན་དམ་དང་ཀུ་རེ་འབྲེལ་བ་འདིའང་དྲི་མེད་པས་རང་ལ་གྲོས་འདེབས་སོ། །
རྙིང་མ་པས་ཨོ་རྒྱན་རིན་པོ་ཆེ་ཐེག་པ་གོང་འཕར་བྱས་པ་རེད་ཟེར། སྔོན་མ་ང་ལ་རྙིང་མའི་གྲྭ་བ་ཞིག་ཐུག་བྱུང་ཁོས་དགེ་ལུགས་ཁོང་རང་ཚོ་སྡུག་རྒྱོང་རེད། ང་ཚོ་ཐེག་པ་གོང་འཕར་རེད། ཁེ་བཟང་རེད་ཅེས་ཟེར། དེ་ཡི་དོན་ནི་དང་པོ་སོར་སྡོམ་བླངས་རྗེས་སུ་སོར་སྡོམ་དོར་ནས་གསང་སྔགས་ཀྱི་སྔགས་སྡོམ་བླངས་པས་སོ་ཐར་ནི་ཐེག་པ་འོག་མ་དང་གསང་སྔགས་ནི་ཐེག་པ་གོང་མ་ཡིན་པས་རེད་ཟེར། ངས་འདི་གང་ཐོས་པ་དེ་ཞུས་པ་ལས་སྐུར་འདེབས་དང་སྒྲོས་འདོག་སོགས་གང་ཡང་མིན།
དགེ་འདུན་གཙང་དུ་འགྲོ་བཞིན་ཡོད་པར་ཡིད་ཆེས་མེད། སྔོན་ལས་གྱོན་གོས་གཙང་དུ་འགྲོ་བ་དང་། ཁ་བདེ་རུ་འགྲོ་བཞིན་པ་ལ་ཡིད་ཆེས་ཡོད། ལག་ལེན་མེད་པར་ཁ་ནས་བྱམས་དང་། སྙིང་རྗེ་བཤད་བསྡད་ན་དེ་ཙམ་རེད། རང་མཚང་སྟོན་པ་ལས་གཞན་གང་ཡོད། ངས་བལྟས་ན་ཕྱི་གཙང་བ་ལས་ནང་གཙང་བ་གལ་ཆེ་བར་སེམས།
སྔ་འགྱུར་ཆོས་ཅན། སྔ་རྒྱུར་ཡིན་པར་ཐལ། སྔ་བསྒྱུར་ཡིན་པའི་ཕྱིར། །
ལས་མེད་ཅིག་ཡོད་ན་bonpo རྟགས་སྦྱོར་འདིའི་རྟགས་ཆོས་དོན་གསུམ་ལ་བསམ་བློ་གཏོང་།
རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ། ཧཧཧཧ བོན་པོ་འདིས་དཔེ་བཤུས་ཤེས་མི་འདུག་ལགས་སོ། །ཧཧཧཧ
༼སྔ་འགྱུར་ཆོས་ཅན། སྔ་རྒྱུར་ཡིན་པར་ཐལ། སྔ་བསྒྱུར་ཡིན་པའི་ཕྱིར། །༽
ཨོ་ཉི་འདི་ལ་ཡོན་ཏན་ཅི་ཡོད་ནང་རྟགས་བསྟན་འདུག
རྟགས་སྔ་བསྒྱུར་དང་བོན་ཅན་སྔ་འགྱུར་གཉིས་ཐ་དད་མིན་ཟེར་འདུགཧཧཧཧཧཧཧཧཧ་འགྱུར་དང་བསྒྱུར་གཉིས་ཐ་དད་ཡིན་པར་་སྒྲ་མདང་ཡིག་གཟུགས་དག་ཆ་སོགས་གང་གིས་ཆ་ནས་ཐ་དད་ཡིན་པའི་ཕྱིར།
དེ་ཡིན་པར་ཐལ་མིང་ཐ་དད་ཡིན་པའི་ཕྱིར་དོན་དག་ཐ་དད་ཡིན་པའི་ཕྱིར་ཤ་ཚཧཧཧཧཧཧཧ
ཨ་ལགས་ཀུ་རེ་ཞུས་ཡིན་ད
དེང་སང་ཀུ་རེ་ཡིན་ཟེར་ནས་སྙིང་ལ་ཕོག་པའི་རྡོ་མང་པོ་དབྱུག་མཁན་འདུག་ག
རྙིང་མ་ཆོས་ཅན། ནང་པ་ཡིན་པ་ཐལ། དགའ་རབས་རྡོ་རྗེའི་རྗེས་འབྲངས་ཡིན་པའི་ཕྱིར། ཟེར་ན་ལན་ཇི་ལྟར་བརྒྱབ།
ཀུ་རེ་ཡིན་ད།
མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཆོས་ཅན། ནང་པ་ཡིན་པར་ཐལ། སྤྱིའི་མཆེད་ཡིན་པས་ཕྱིར། དེར་ཐལ། དེ་དག་གི་རྒྱུད་ལ་བདེ་གཤེགས་སྙིང་བོས་ཁྱབ་པས་ཕྱིར། ཁྱབ་སྟེ། རྒྱུད་ལས། ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་གསུངས་པས་ཕྱིར། དེས་ན་སྣོད་མིན་གྱི་འགྲོ་བ་ཞེས་པ་གཞི་མ་གྲུབ་པས་ངོ་མཚར་ཆེ། ཧ་ཧ། རྡོ་རྗེའི་གད་མོ་འདི་ལ་རོལ་ཞིག །
དགེ་འདུན་རྒྱ་མཚོ་ཟེར་མཁན་དེའི་སྐད་ཆ་བཤད་སྟངས་ལ་ལྟོས་དང་རྙིང་མ་དང་གུ་རུ་ལ་དགྲ་རུ་འཛིན་མཁན་གྱི་མི་ངན་ཁ་ཤས་ལྷག་ཡོད་པའི་ནང་གི་གཅིག་ཡིན་པ་གསལ་པོ་རེད་འདུག སློབ་དཔོན་ཆེན་པོ་ལུང་པ་གང་ནས་ཕེབས་ཀྱང་ཁྱད་པར་མི་འདུག་གང་ལྟར་མི་ཞིག་རེད། ང་ཚོས་འདྲེ་ལ་ནམ་ཡང་སྐྱབས་སུ་འཛིན་གྱི་མ་རེད། ཡིན་ནའང་ཁ་ཤས་ཤི་འདྲེ་སྐྱབས་སུ་འཛིན་པ་ནི་ངོ་མ་ཤ་ཚ་མོ་རེད།
དེང་སང་བོད་ན་ཡིན་ན་སློབ་དཔོན་ཆེན་པོའི་སྐུ་མཇལ་རྒྱུ་མེད་ན་དགོན་པ་ཡིན་ན་མཆོད་མཇལ་ཞུ་མཁན་མེད་པ། ཟ་ཁང་ཡིན་ན་ཁ་ལག་ཟ་མཁན་མེད་པ། ཚོང་ཁང་ཡིན་ན་ཅ་དངོས་ཉོ་མཁན་མི་འདུག་ཟེར།
ཀྱེ་ཧོ།
གྲུབ་མཐའི་རྙོག་འཛིང་ཆེ་བ་འདིས། །
བོད་ལ་མཐུན་སྒྲིལ་འབྱུང་བ་དཀའ། །
ཆོལ་ཁའི་བར་གྱི་ཕྱོགས་ཞེན་འདིས། །
རང་གིས་རང་ཕུང་བྱེད་པ་འདྲ། །
བོད་ཀྱི་མི་ཚོ་མགོ་བོ་མཁྲེགས། །
རྨོངས་དད་ཆེ་བས་རྗེས་སུ་ལུས། །
ཆོས་དང་ཆོས་མིན་དབྱེ་མི་ཤེས། །
ཤེས་རབ་ཅན་རྣམས་འཆལ་པོར་བརྩི། །
ཆོས་པ་རྣལ་མ་དམན་སར་གཡུགས། །
གོ་ས་ཆེ་རྣམས་བླ་མར་བཀུར། །
རྒྱུ་དང་ནོར་ལ་ཉིན་མཚན་སེམས། །
དྲང་བོ་སྨྲས་ཚེ་ལོག་པར་བཟུང་། །
སྔོན་ཚེ་རྗེ་བཙུན་མི་ལ་དང་། །
དངུལ་ཆུ་ཐོགས་མེད་བཟང་བོ་དང་། །
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཆེ། །
ཤར་གྱི་སྐལ་ལྡན་རྒྱ་མཚོ་སོགས། །
དམ་པ་མང་ཞིག་བྱོན་ན་འང་། །
ད་ལྟ་དེ་འདྲ་རྙེད་པ་དཀའ། །
རྒྱ་ནག་གཞུང་འདི་གཡོ་རྒྱུ་ཆེ། །
སྤྲུལ་སྐུའི་ལག་འཁྱེར་ཟེར་བ་ཞིག །
དེང་སང་བོད་ལ་བཀྲམས་ནས་འདུག །
སངས་རྒྱས་ཤཱཀྱ་ཐུབ་པ་ལ། །
སྤྲུལ་སྐུའི་ལག་འཁྱེར་མེད་ནའང་། །
ཆོས་ཀྱི་རྒྱལ་པོར་སོང་བ་འདིས། །
ལག་འཁྱེར་འདི་འདྲ་དགོས་དོན་མེད། །
ད་ནི་བླ་མ་བསྟེན་པའི་ཚེ། །
མིང་དང་ལོ་རྒྱུས་མི་བལྟ་བར། །
ནང་གི་ཉམས་ལེན་བརྟག་རྒྱུ་གལ། །
སྐྱབས་རྗེ་སྤྲུལ་སྐུ་ཞེས་སོགས་ཀྱི། །
ཆོ་ལོ་རྫིག་པོ་མང་བོ་ཡོད་པ་འདི། །
བྱིས་པའི་རྩེད་མོ་ཁོ་ནར་ཟད། །
ལབ་རྒྱུ་ཚང་མ་ལབ་ཚར་དུས་ཀུ་རེ་ཡིན་ཟེར་བ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དོན་མེད་རེད། ཧཧཧཧཧཧཧཧ
ཨོ་ཌི་ཡ་ནའི་རིང་ལུགས་རྨ་མེད་པའི། །
རྒྱན་གཅིག་སེམས་དཔའ་གང་དེའི་སྤོབས་པ་ཆེའི། །
ཉི་ཟླའི་གཟི་ཡིས་ཕུང་གསུམ་མུན་པའི་ཁྱུ། །
མ་ལུས་དབྱིངས་སུ་བསྐྲད་པའི་རྟེན་འབྲེལ་བཞད། །
༥༩ རྒད་པོ་འདིས་ཅི་ཟེར། རྙིང་མ་ཆོས་ཅན། ནང་པ་ཡིན་པར་ཐལ། ཟེར་ན་འདོད་ཟེར་གི་རེད་པ། ཁྱོད་ཀྱིས་སྙིང་ན་བའི་ཐལ་བ་ཞིག་ཡིན་དྲན་ཡོད་དྲག་ཏེ་འདོད་པ་ཐལ་བ་འཕེན་ཨེ་མིན་འདུག
༦༠ འོད་གསལ་གྱི་རྟགས་དེ་ལ་ཁྱབ་མེད་ཀྱི་ལན་ཕུལ་ལོ།། ཁྱོད་ཀྱི་ལྟར་ན་སྤྱི་ཡི་མཆེད་དང་ནང་གི་མཆེད་གཉིས་ལ་ཁྱད་པར་གང་ཡང་མེད་པར་ཐལ་ལོ།།
སྐུ་ཞབས་མེ་ཏོག་དཀར་པོ་ལགས། ཁྱེད་རང་མགོ་བོ་འགལ་མེའི་འཁོར་ལོ་ལྟར་དུ་འཁོར་འདུག །ཁྱེད་ཀྱི་དགོངས་ཚོད་ལ་ནང་པ་དང་ནང་གི་མཆེད་གཉིས་དོན་གཅིག་མིང་གི་རྣམ་གྲངས་རེད་དགོངས་འདུག །འོ་ན། མདུན་གྱི་དམ་བཅའ་བའི་ངོར་ཡུལ་དང་དུས་ཀྱི་བསྐལ་བའི་ཉན་རང་ཆོས་ཅན། ནང་པ་མ་ཡིན་པར་ཐལ། ནང་གི་མཆེད་་མ་ཡིན་པས་ཕྱིར། ཁྱབ་པ་དོན་གྱིས་ཁས། རྟགས་གྲུབ་སྟེ། དེ་དག་རིང་བའི་མཆེད་ཡིན་པས་ཕྱིར། འདོད་ན། ཤ་རིའི་བུའང་ནང་པ་མ་ཡིན་པར་ཐལ་ལོ། །འཁོར་གསུམ། གྲོགས་པོ་ལགས། མདོ་སྔགས་ཐེག་པའི་རྣམ་གྲངས་མང་བོར་དཀོན་མཆོག་གསུམ་གྱི་མཚན་ཉིད་འཇོག་སྟངས་མི་འདྲ་བ་མང་བོ་བཞུགས་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་འོས།
དུས་དང་ལས་ཀྱི་རླུང་གིས་ཤུགས་ཀྱིས་བདས་ནས།
ཁོ་བོ་བཀའ་གཏེར་ཀློང་ལ་མི་འདོད་བཞིན་དུ་ཉུལ་སོང་།
གདོད་མའི་སྐྱེ་བོའི་སེམས་ལ་བསླད་ཞུགས་ཉུང་བས།
བཀའ་དང་བབ་སོ་འདི་འདྲར་ཡིད་ཆེས་གཏིང་ནས་ལོས་བྱེད།
ཟི་ལིང་སྲང་མདོའི་ཁ་ཆེ་རྒྱ་སོག་རྣམས་ལ།
འདི་འདྲའི་རྣམ་ཐར་བཀའ་གཏེར་སྒྱུ་འཕྲུལ་ལོབས་དང་།
ཨ་པ་སྲིན་པོ་ཁྲོ་གཉེར་གཏུམ་པོ་དེ་ཚོས།
གསོད་ལ་ཁད་ཞིག་ཨེ་བསྐྱེལ་ཁྱེད་ཀྱིས་ལྟོས་ཆོག
དུས་ནི་མི་འགྱུར་མི་ནི་ཤིན་ཏུ་འགྱུར་བའི་དུས་འདིར།
སྙིགས་མ་བཅུད་དུ་འཛིན་ཅིང་སྒྱུ་མ་བདེན་པར་འཛིན་པས།
ཡིན་མིན་སྒྲོ་སྐུར་རྩོད་རྙོག་ས་ཁྱབ་རྡོ་ཁྱབ་བྱས་ན།
བོད་འབངས་སྤྱི་ཡི་དོན་ལ་གནོད་པ་ཡིད་ལ་རྣོགས་དང་།
དེ་ནས་མཁའ་འགྲོ་ཀློང་ནས་ཊ་ཀི་མ་དང་མཉམ་དུ།
གཅེར་བུར་དབྱིངས་སུ་བསྒྲོད་པ་གསལ་གདབ་བྱས་ཏེ།
ཨ་སྒོར་ཤོག་སེར་རིན་ཆེན་གཏེར་ཀྱི་འདོད་ཡོན།
རུམ་ལ་བཅུགས་ནས་དབུལ་ཞིང་ཕོངས་བའི་གླིང་འདིར་སླེབས་སོང་།
འོ་ན་ཤེས་བྱ་ཆོས་ཅན། ནང་པ་དང་ཕྱི་པ་གཉིས་མེད་པར་ཐལ། ནང་པ་ཁོ་ན་མ་གཏོགས་མེད་པའི་ཕྱིར། དེརཐལ། གང་ཟག་ཡིན་ན་གཤེགས་སྙིང་རྒྱུད་ལྡན་ཡིན་པས་ཁྱབ་པའི་ཕྱིར། ངེད་ཅག་དཀོན་མཆོག་གསུམ་པ་སྐྱབས་སུ་འགྲོ་མི་དགོས་པར་ཐལ། ནང་པ་ཡིན་ཡིན་ཁ་ཡིན་པའི་ཕྱིར།
འོད་གསལ་ལགས། ༼མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཆོས་ཅན། ནང་པ་ཡིན་པར་ཐལ། སྤྱིའི་མཆེད་ཡིན་པས་ཕྱིར།༽ རྟགེ་འདིའི་ཁྱབ་པ་ག་འདྲ་བྱས་ཏེ་སློག་ག་རེད། གཅིག་གསུངས་དང་།
བོད་ལ་ཞེན་ལགས། ལ་ཞེན་ནི་ཉོན་མོངས་བྱེ་བྲག་པ་ཞིག་གི་བསྡུས་མིང་རེད། མིན་པའི་དབང་དུ་བཏང་ཡང་གང་ལ་ལ་ཞེན་བྱེད་དགོས་པ་ཤེས་དགོས་ཀྱི་ཡོད་རེད། བོད་ལ་ལ་ཞེན་བྱེད་ན་སློབ་དཔོན་ནི་བོད་པ་མ་རེད། བོད་ནས་རྒྱལ་བོའི་བཙུན་མོ་གཡོ་ཐབས་ཀྱིས་བླངས་པས་ཕྱིར་འབུད་བཏང་བ་རེད་ཟེར། ཁྲི་སྲོང་དང་གཞན་མི་གཉིས་མ་ནོར་བ་བྱོས། ངས་བཤད་པ་ནི་ལོ་རྒྱུས་རེད། ཆོས་ལུགས་ཀྱི་སྐད་ཆ་བཤད་ཀྱི་ཡོད་མ་རེད། སློབ་དཔོན་ཨ་རབ་ནས་ཡིན་པ་བདེན་ན་ཁ་ཆེ་དང་ནང་བའི་ཡིན་པ་གྲུབ། རྫིས་སྐྱེས་ཡིན་པ་བདེན་ན་སྔགས་ཀྱི་ལམ་སྲོལ་དང་འགལ། པདྨ་ལས་སྐྱེས་ན་ཕ་མ་ལས་སྐྱེས་པའི་ཐ་སྙད་མ་གྲགས་པས་ཁས་ལེན་དཀའ། འཛམ་གླིང་མི་མངལ་སྐྱེས་ལ་ཁམས་དྲུག་ལྡན་ཞིག་དགོས་པས་འདི་ཡང་དཔྱད་གཞི་ཆེ་རེད། རྒྱ་གར་པ་དང་ཤྲི་ལངྒ་གཉིས་ཀྱི་པ་སི་རྫུན་མ་འཁྱེར་ནས་བོད་ལ་ཡོང་བ་ཡིན་རྒྱུ་མ་རེད། ལོ་རྒྱུས་ལ་རྙོག་གྲ་འདུག ཞེན་ཁོག་གིས་ས་རྒྱ་ཆོད་ཀྱི་མ་རེད། ལོ་རྒྱུས་ལ་བདེན་པ་བརྡར་རོགས
སྟོད་རྒྱ་གར་ཡུལ་ནས་སླེབས་ཀྱང་ཆོག །
སྨད་རྒྱ་ནག་གྲོང་ནས་ཡོང་ཡང་འགྲིག །
བོད་གངས་ཅན་ཡུལ་ལ་དྲིན་ཆེ་བའི། །
སྐྱབས་སློབ་དཔོན་ཁྱོད་ལ་ཕྱག་གསུམ་འཚལ། །
མཁྱེན་ལྡན་བན་དེ་བ་མཆོག་གིས་ལན་དོན་མཐུན་གནང་བར་བཀའ་དྲིན་ཆེ། དེ་འདྲ་རང་ཡིན་ནོ།། ཡིན་ཐག་ཆོད་ཡིན། །
མེ་ཏོག་དཀར་པོ་ལགས་ཀྱིས་བདེན་པ་འདྲ་པོ་ཞིག་གསུངས་འདུག། འོན་ཀྱང་དོན་ལ་གནས་མིན་མི་ཤེས། །
བོད་པ་མིན་ཡང་བོད་ལ་བཀའ་དྲིན་ཅན།།
གུ་རུ་རིན་པོ་ཆེ་ལ་གུས་པས་འདུད།།
བོད་པ་ཡིན་ཡང་ཕུང་ཁྲོལ་ཀུན་གྱི་གཞི།།
དོལ་འདྲེར་སྐྱབས་སུ་འཛིན་མཁན་འདི་ཚོ་ཨ།།
པདྨ་འབྱུང་གནས་དེ་ངོ་མ་མངལ་སྐྱེས་ཡིན་ནམ་སྙམ། བཀའ་མའི་ལོ་རྒྱུས་ནང་དུ་ཡང་མངལ་སྐྱེས་ཡིན་པ་གསུངས་ཡོད་ཟེར། ཇོ་བོ་རྗེས་ཀྱང་མངལ་སྐྱེས་ཡིན་པར་གསུངས་འདུག། འོན་ཀྱང་རྫུས་སྐྱེས་ཡིན་ཟེར་བ་ལ་ཡང་དགག་བྱ་དགོས་པ་སོགས་ཡོད་ལས་ཆེ། བདུད་འཇོམས་ཆོས་བྱུང་ནས་ཁོང་ཤྲཱི་ལངྐ་ནས་ཡིན་པར་གསུངས་པ་ཞིག་ངལ་མཇལ་མ་སོང་། ང་ལ་ཡོད་པའི་བདུད་འཇོམས་ཆོས་བྱུང་དུ་ནི་དེ་ལྟར་གསུངས་མི་འདུག་ན་དེ་ལྟར་གསུངས་པའི་བདུད་འཇོམས་ཆོས་འབྱུང་འདི་ག་ན་ཡོད་ཅིག་དགེ་འདུན་རྒྱ་མཚོས་གསུངས་མཛོད། མ་ཟད་རྫུས་སྐྱེས་ཡིན་ན་གསང་སྔགས་དང་འགལ་དུ་དོགས་པའི་རྒྱུ་མཚན་གང་ཡིན། གལ་ཏེ་རྫུས་སྐྱེས་ཡིན་པས་དངོས་ནས་བྱུང་མ་བྱུང་ལ་དོགས་པ་ཟོས་ན་འཛམ་གླིང་མཛེས་པའི་རྒྱན་དྲུག་དང་རྨད་བྱུང་གི་སློབ་དཔོན་རྣམས་གཉིས་སོགས་ཀྱི་གྲལ་དུ་ཡང་རྫུས་སྐྱེས་ཡིན་པར་འདོད་པ་འགའ་ཞིག་སྣང་བས་དེ་རྣམས་ཀྱང་དངོས་སུ་བྱུང་མིན་ལ་དོགས་པ་ཟ་དགོས་པར་འགྱུར། དེ་ལྟར་ན་སྔ་འགྱུར་རྙིང་མ་འབའ་ཞིག་མིན་པར་ཕྱི་འགྱུར་གསར་མ་རྣམས་ཀྱང་ཐེ་ཚོམ་གྱི་གཞི་རུ་འགྱུར་དུ་དོགས་སོ། །
ཡང་བོད་ཡུལ་དུ་གྲགས་པའི་ཨོ་རྒྱན་གྱི་རྣམ་ཐར་རྣམས་འདྲེ་སྒྲུང་ལྟ་བུ་ཞིག་ཏུ་མཐོང་ཟེར་མཁན་ཡང་སྣང་། འདྲེ་སྒྲུང་ལྟ་བུ་ཞིག་ཏུ་སྣང་དགོས་པའི་རྒྱུ་མཚན་ཡང་ཕལ་ཆེར་ཁོང་ལ་རྫུ་འཕྲུལ་དང་ལྡན་པའི་ལོ་རྒྱུས་རྣམས་ལ་བརྟེན་ནས་ཡིན་ལས་ཆེ། དེ་ལྟར་ན་བདག་ཅག་གི་སྟོན་པ་ཤཱཀ་ཐུབ་ཀྱི་རྣམ་ཐར་ཡང་འདྲེ་སྒྲུང་ལྟ་བུར་འདོད་དམ། ཁོང་ལ་ཡང་རྫུ་འཕྲུལ་མངའ་བའི་ལོ་རྒྱུས་ཡོད་པ་མ་ཟད། ཁོང་གི་ཡུམ་གཤེགས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་སྐྱེས་ཏེ་ཡོད་པ་ལ་ཆོས་གསུངས་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ཕེབས་པར་བཤད་པ་དང་། དེ་ནས་སླར་མི་ཡུལ་དུ་བབས་པའི་ཉིན་མོ་ལ་ལྷ་བབས་དུས་ཆེན་ཞེས་དུས་དེང་སང་གི་བར་དུ་བརྩི་སྲོལ་ཡོད་པ་མིན་ནམ། དགེ་འདུན་རྒྱ་མཚོས་ཕལ་ཆེར་དེ་ཚོ་གཟིགས་མེད་པ་འདྲ།
ཡང་པད་བྱུང་བོད་མི་མིན་པས་དེ་ལ་བརྩི་མཐོང་སོགས་བྱེད་མི་དགོས་ཟེར། འོ་ན་སྟོན་པ་ཤཱཀ་ཐུབ་དང་གཤེན་རབ་ལ་ཡང་དད་གུས་བྱེད་མི་དགོས་པར་འགྱུར་དུ་དོགས་ཏེ་བོད་མི་མིན་པར་མཚུངས་པས་སོ། །
སྐུ་ཞབས་མེ་ཏོག་དཀར་བོ།
སྤྱིར་ཐེག་པ་ཐུན་མོང་གི་ལྟ་བ་ལྟར་ན། ཕྱི་ནང་གི་ས་མཚམས་འཇོག་གི་ཡོད་པ་བདེན་མོད། དག་གཟིགས་ཚད་མ་ཆོས་ཉིད་དག་མཉམ་ཆེན་པོའི་དབང་དུ་བྱས་ཚེ། ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔ། རང་ལུས་གདན་གསུམ་ཚང་བའི་ངོ་བོར་རྫོགས་ཤིང་། སྣོད་ཀྱི་འཇིག་རྟེན་མཆིས་སོ་ཅོག་དཀྱིལ་འཁོར་དང་། བཅུད་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་ཡིན་པས། འགྲོ་བ་མ་ལུས་པ་ནང་པ་རེད་ཅེས་སྨྲ་ན་མི་འགལ། དོན་གྱི་དབང་འདི་གཟིགས་ནས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་གསུངས། ཁྱོད་ལྟར་ན་ལུང་འདི་ལ་ནང་འགལ་བྱུང་འདུག་སྟེ། སྣོད་མིན་གྱི་སེམས་ཅན་ཡོད་དེ་ཕྱི་པ་ཡོད་པས་ཕྱིར། དེས་ན། ཐེག་པ་སྤྱིའི་ཁས་ལེན་ལ། ནང་པ་དང་ཕྱི་པ། སྣོད་ལྡན་དང་སྣོད་མིན། དག་དང་མ་དག་སོགས་གཉིས་སྣང་གི་ཆོས་ཐམས་ཅད་གྲུབ་ལ། འོད་གསལ་གསང་ཆེན་རྒྱུད་སྡེའི་རྒྱལ་པོ་རྣམས་ཀྱི་ལུགས་ལ། ནང་པ་ལས་ཕྱི་པ་མ་གྲུབ། སྣོད་ལྡན་ལས་སྣོད་མིན་མ་གྲུབ། དག་པ་ལས་མ་དག་པ་མ་གྲུབ་པར། རྒྱུད་ལས། བླ་མེད་ཐེག་པའི་ལུགས་ལས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་དུ་ནི་ཐམས་ཅད་ལ། །དག་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །ཐམས་ཅད་དུ་ནི་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པས་སོ། །
ཨ་མྱེ་འོད་གསལ་གྱི་སྐྱག་པ་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་གཟིགས་སོ། །ཞེས་རྙིང་རྒྱུད་ལས་གསུངས་པའི་ཕྱིར། འདོད་ན་ཧ་ཅང་ཐལ་ལོ། །མངོན་སུམ་ལ་བསྙོན་གདིང་ངོ་།།
སྐུ་ཞབས་མེ་ཏོག་དཀར་པོ་ལགས།
ཀུན་རྫོབ་དག་གཟིགས་ཚད་མ་ལྟར་ན་འདོད། ཡོངས་གྲགས་ཐ་སྙད་ཚད་མ་ལྟར་ན་མི་འདོད་ཅེས་སྨྲའོ། །
མཉམ་བཞག་ཆོས་ཉིད་ཆེན་པོའི་གཟིགས་ངོ་རུ། །
དྲི་མ་ཞིམ་པའི་མེ་ཏོག་དཀར་པོ་དང་། །
དྲི་ངན་འོད་གསལ་བདག་གི་སྐྱག་པ་གཉིས། །
དག་པའི་རང་བཞིན་ཡིན་ལ་ཁྱད་མ་མཆིས། །
སློབ་དཔོན་པདྨ་འབྱུང་གནས་ནི་མཚོ་གླིང་དུ་པདྨ་ལས་འཁྲུངས་པདང་། སློབ་དཔོན་ཨརྱ་དེ་ཝ་ནི་རྒྱལ་པོའི་སྐྱེད་མོའི་ཚལ་དུ་འཁྲུངས་པ་དེ་གཉིས་རྫུས་སྐྱེས་ཡིན་པ་ཡོངས་གྲགས་རེད་དོ། །
སློབ་དཔོན་ཆེན་པོ་མེད་ན་བོད་ལ་ནང་བསྟན་མེད། སློབ་དཔོན་ཆེན་པོ་མེད་ན་བོད་ནི་འཛམ་གླིང་ནང་དམར་མཆོད་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཡིན། སློབ་དཔོན་མེད་ན་བོད་པའི་སྐྱབས་གནས་ལྷ་འདྲེ་གཞི་བདག་ཡིན། སློབ་དཔོན་མེད་ན་ས་སྐྱ་མེད། ས་སྐྱ་མེད་ན་དགེ་ལྡན་མེད། སློབ་དཔོན་མེད་ན་བཀའ་བརྒྱུད་མེད། བཀའ་བརྒྱུད་མེད་ན་ཆེ་བཞི་ཆུང་བརྒྱད་ག་ལ་སྲིད།
༨༡༽ བོད་ལ་ཞེན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༧ གི་ཆུ་ཚོད་ ༤ སྐར་མ་ ༠༣
སློབ་དཔོན་ཆེན་པོ་མེད་ན་བོད་ལ་ནང་བསྟན་མེད། སློབ་དཔོན་ཆེན་པོ་མེད་ན་བོད་ནི་འཛམ་གླིང་ནང་དམར་མཆོད་གཏོང་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཡིན། སློབ་དཔོན་མེད་ན་བོད་པའི་སྐྱབས་གནས་ལྷ་འདྲེ་གཞི་བདག་ཡིན། སློབ་དཔོན་མེད་ན་ས་སྐྱ་མེད། ས་སྐྱ་མེད་ན་དགེ་ལྡན་མེད། སློབ་དཔོན་མེད་ན་བཀའ་བརྒྱུད་མེད། བཀའ་བརྒྱུད་མེད་ན་ཆེ་བཞི་ཆུང་བརྒྱད་ག་ལ་སྲིད།
ཤིན་དུ་ནས་མད་དོ།།
བོད་ལ་ཞེན་པའི་ཐ་སྙད་ལ་བལྟས་ཏེ་མིང་དོན་མཚུངས་པ་མི་འདུག་ཅེས་བཤད་པ་ལ་གཡུ་འབྲུག་དཀར་བོ་ནས་དོན་མེད་ལ་ལན་བརྒྱབ་འདུག གཡུ་འབྲུག་དང་ཨོ་རྒྱན་ཉི་མ། བོད་ལ་ཞེན་དང་མེ་ཏོག་དཀར་པོ་སོགས་ཀྱིས་དྲིས་པ་ལ་ལན་མི་འདེབས་པར་དེ་ལས་གཡོལ་འདུག རྙིང་མ་ཞེས་པའི་ཤུགས་ལ་གསར་མ་ཡོད་པ་དོན་གྱིས་བསྟན་པ་རེད། གསར་རྙིང་གི་ཡིན་པ་འཇོག་ཐུབ་ན་ཕ་མ་གཉིས་ཀྱི་ཡིན་པ་ཡང་འཇོག་སླ། དེ་ན་ཁྱོད་ཚོའི་ཕ་མ་དེ་ཕོ་ལོ་མོ་ལོ་ཡིན་རྒྱུ་རེད། བོད་པའི་ནང་ཆོས་ཀྱི་འབྱུང་ཁུང་རྒྱ་གར་དང་སྟོན་པ་ཤཀ་ཐུབ་ཡིན་ཟེར་ན་གོ་རྒྱུ་ཡོད་རེད། གསར་མའི་ཁུང་རྙིང་མ་ལ་གཏུགས་དགོས་ན་རྙིང་མ་རུལ་ནས་དྲི་མ་ཁ་ངེས་རེད། ངས་བལྟས་ན་དེ་འདྲ་མིན་པར་འདོད། གསར་རྙིང་གང་ཡིན་ཡང་རང་རང་གི་ཆོས་རྒྱུད་ཀྱི་ཁུང་རྒྱ་གར་ལ་གཏུགས་ནས་རྒྱུད་འཛིན་བྱེད་ཀྱི་ཡོད་རེད། ཚང་མ་སྟོན་པ་གཅིག་གི་སློབ་མ་རེད་ཟེར་ན་བདེན་ལས་ཆེས། གཅིག་གཅིག་གི་ཁུངས་སུ་འདུས་པ་དང་གཅིག་གཅིག་ནས་མཆེད་པ་ལྟ་བུར་སྨྲ་བ་ནི་སྲིད་དོན་ཡིན་ན་མ་གཏོགས་དོན་ལ་ཡོང་ཐབས་ཡོད་མ་རེད། དགོས་པ་ལས་དགག་བྱ་ཆེས་པའི་ཚོད་རེད། གསང་སྔགས་མཉམ་ལེན་ལ་འཛམ་གླིང་གི་མི་མངལ་སྐྱེས་ཁམས་དྲུག་ལྡན་དགོས་མི་དགོས། རྒྱུ་མཚན་འཁྱེར་ནས་ཤོག ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བོད་ལ་སངས་རྒྱས་ཀྱི་བསྟན་པའི་དབུ་བསྙེས་པ་དང་སྲོང་བཙན་སྒམ་པོ་སྐབས་སུ་དར་རྒྱས་སུ་བཏང་། ཁྲི་སྲོང་གི་སྐབས་སུ་ས་ཁྱབས་རྡོ་ཁྱབ་དུ་སོང་བའི་བཤད་སྲོལ་བཟུང་ན་ཨོ་ཙི་ཡོད་རེད། སློབ་དཔོན་མ་བྱོན་པའི་ཡར་སྔོན་དུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་མེད་ཟེར་རམ། གོང་དུ་ངས་བཤད་པ་ཡིན། བསྟན་པའི་རྩ་བ་ནི་འདུལ་བ་རེད། སློབ་དཔོན་གྱིས་འདུལ་བ་ཅི་ལྟར་སྤེལ་བའི་ཁུང་མི་འདུག ཡོད་ན་ཁུར་ཤོག སྐབས་དེར་བསྟན་པ་ལ་ལག་རྗེས་འཇོག་མཁན་ནི་ཞི་བ་འཚོ་རེད། དེ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་ཚུལ་དགུན་གྱི་ཁུ་ཡུག་རེད། སློབ་དཔོན་གྱིས་སྒྱུ་མ་ཕྲན་པུ་བསྟན་ཤེས་ཀྱི་ཡོད་པ་འདྲ། སྒྱུ་མ་མཁན་གྱི་མིག་འཁྲུལ་ནི་ཆོས་ཀྱང་ཨེ་ཡིན་ནམ། རྨོངས་པ་དག་ལ་མགོ་སྐོར་བའི་འཕྲུལ་དུ་འགྱུར་སྲིད། དེ་ཙམ་གྱིས་བོད་ལ་བཀའ་དྲིན་ཆེན་པོ་ཡིན་ན་བཀའ་དྲིན་མི་ཆེ་བ་སུ་རེད་དམ། སྲོང་བཙན་སྒམ་པོ་དང་ཁོའི་མ་ནི་བཀའ་འབུམ་སོགས་བོན་པོ་ཆོས་ཡིན་རྒྱུ་རེད། བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མེད་པར་འདོད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ད་དུང་རྩ་བ་དང་ལྷག་མའི་ཁྱད་པར་ཡང་ཤེས་ཀྱི་མི་འདུག བུད་མེད་ཀྱི་རྐུབ་རལ་ན་རྩ་ལྟུང་འབྱུང་གི་རེད། ཆབ་བཅས་དང་ཆབ་མེད་གཉིས་ལས་ཁྱེད་ཅག་གང་ཡིན། དང་པོ་ནི་དམྱལ་བ་མ་གཏོགས་འགྲོ་ས་མེད་ལ། གཉིས་པས་ཀྱང་སྡོམ་པ་ཕྱིར་གསོ་རུང་ཙམ་ལས་དགེ་འདུན་གྱི་གྲལ་ལ་ཞུགས་མི་ཆོག ཁྱོད་ཚོའི་སྡོམ་བརྒྱུད་དེ་སློབ་དཔོན་ནས་རེད་དམ། བོན་པོའི་འབྱུང་ཁུངས་ཀྱང་རྙིང་མ་ཡིན་མི་ལབ་པའི་ངེས་པ་མི་འདུག ཡང་ན་བོན་ཅན་རྒྱལ་བསྟན་མིན་ལབ་ཞོག སྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ནས་སྟོན་པ་ཤཀ་ཐུབ་པའི་སྔགས་ཀྱི་བསྟན་པ་འདི་ཁོ་ན་ནང་ཆོས་ཡིན་ལབ་རོགས། བོད་ལ་ཞེན་ཅན་ལ་སྨྲ་ཡ་ཅིག་ལ་བོད་ཀྱི་ཆོས་ས་སྐྱེས་རྡོ་སྐྱེས་དེ་བོན་ཆོས་འདི་ཡིན་པ་མ་བརྗེད་པ་གནང་རོགས། བོད་ལ་ལ་ཞེན་ཡོད་མེད་བལྟས་ཆོག
དགེ་འདུན་རྒྱ་མཚོ་དང་མི་བསྐྱོད་རྡོར་རྗེའི་གསུང་ལ་མངོན་པར་བསྟོད་དོ་རྗེས་སུ་ཡི་རངས་སོ། བོད་ལ་ཞེན་གྱིས་བོད་ལ་སྐྱོན་བརྗོད་བྱེད་པ་བོད་ལ་ཞེན་ཡིན་རྒྱུ་རེད། བོད་ལ་མེད་རབས་མ་བྱུང་རབས་བཤད་མཁན་ཞིག་གིས་བོད་ལ་ཞེན་ཞེས་མིང་ཁུར་བ་འདི་ཧཧཧ་རེད། མི་ངན་མིང་ཆེ་ན། འབོད་མཁན་ངོ་ཚ་ཡོང་གི་འདུག་ད།
ད་ལྟ་མི་ཡུལ་འདིར་གསར་མ་ས་སྐྱ་བཀའ་རྒྱུད་མེད་པར་ཐལ། སློབ་དཔོན་པདྨ་མེད་པའི་ཕྱིར།
བན་དེའི་རྟགས་ཤི་རོ་འདི་བསྐལ་པའི་བར་མ་གྲུབ།
མེ་ཏོག་ལགས་ད་ལྟ་མི་ཡུལ་འདིར་སློབ་དཔོན་པདྨ་ཡོད་པར་ཐལ་རྟགས་མ་གྲུབ་པ་དེ་ཡི་ཕྱིར།
འོ་ན་བོད་ཀྱི་བཙན་པོ་བཞི་བཅུ་ཞེ་གཉིས་ལས་སོགས་ཐམས་ཅད་ད་ལྟ་མི་ཡུལ་འདིར་ཡོད་པར་ཐལ། ཁྱབ་པ་འགྲིག་པའི་ཕྱིར། འོ་ན་མེ་དཀར་གྱིས་ཡང་མྱེས་ད་ལྟ་མི་ཡུལ་དུ་ཡོད་པར་ཐལ། འདི་ལ་དགོངས་པ་བཞེས་རོགས་དེ་ནས་རྟགས་བསྐལ་པའི་བར་དུ་མ་གྲུབ་ཟེར་ན་ཆོག། དེ་ལྟར་ན་མི་ཤི་ཚད་ཐམས་ཅད་ད་ལྟ་མི་ཡུལ་དུ་ཡོད་པར་ཐལ། ཧཧཧཧཧ ད་རོ་ལངས་ཡིན་གྱི་རེད།
ཨ་ལགས་ཐུགས་རྒྱལ་མ་གནང་ཐུགས་ལྷོད་པོ་གནང་དང། ནང་པ་བ་ཡིན་ཟེར་ནས་གཞན་ལ་ངོམ་པ་དེ་རང་སེམས་ཅུང་ཙམ་ཀྱང་མ་དུལ་བར་སེམས་པ་རྭ་སྐྱོག་བཟོ་འདྲ་ཞིག་ཏུ་གྱུར་བཞིན་པ་འདི་ལ་ལྟས་ན་ཕྱི་རོལ་པ་འགའ་ཞིག་སངས་རྒྱས་དངོས་གནས་རེད་ཞག
མི་ཁྱོད་ཚོ་ནི། གཙོང་དང་གཅིག་པ་རེད་ཞག་ཕྱི་ཀོགས་བཤུས་ནས་རྫོགས་རྒྱུ་མེད་པ་ནང་བཞིན་ཆགས་སྡང་གི་བློ་དེ་ཡང་དེ་བཞིན་ནོ
བསྟན་པ་གནས་པའི་ཐབས་ལམ་ཇི་ལྟར་འདིང་དགོས་མིན་གསུང་མཁན་མེད་པར། དང་པོ་ཉིད་ནས་ཁྱོད་ཀྱི་ཁ་དང་། ངའི་སྣ་ཞེས་རྩོད་འདུག་ན་ཡག་པོ་རང་མི་འདུག་ ་་་་་་་་་་་་་་་་་་་་་་་དེ་ཕྱིར་ཚང་མས་འདས་པའི་དགེ་སྐྱོན་ལས་ཀྱང་། ད་ལྟ་དང་། འབྱུང་འགྱུར་ལ་ཐུགས་བསམ་བཞེས་ཏེ་གསུང་དགོས་པར་སེམས།
ཨོ་ཉི་ལགས་ཁྱེད་རང་གིས་དྲངས་ཤིང་རྒྱབ་སྐྱོར་བྱས་པའི་མཆན་ཨང་་་༨༢ པ་དེ་ལ་ལྟོས་ལ་ཤོད་རོགས། གཞན་ལ་མ་བཤད་རང་གིས་དེ་ལྟར་བཤད་ན་གང་བསམ་པ་འདུག གཏམ་སྔ་ཕྱི་འབྲེལ་བ་ཡོད་པ་བྱེད་རོགས།
འོ་ཡ་ད་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཁྱོད་ལྷག་བསམ་དང་སེམས་ཤུག་དེ་ཙམ་ཡོད་ན། དབྱུག་པས་ལེབ་བརྡུང་བྱེད་མ་སྡོད་ནས་མིང་བཏོན་ཤོག དེ་ནས་ང་ཚོས་དངོས་ཡོད་ཡིན་མིན་དང་དཔྱད་གཞིབ་མཐིལ་ཕྱིན་ཐོག་ང་ཚོས་ཁྱེད་ལ་རྒྱབ་སྐྱོར་དང་ངོས་ལེན་ལ་ཐའ་གཅིག་ཏུ་ཞུ་ཆོག དེ་མིན་ཁ་གསལ་མེད་པའི་སྐད་ཆ་དེ་དག་ནི་ཆོས་ལུགས་དང་ཆོས་སྡེ་ག་གེ་མོ་ལ་མཚན་སྨད་ཞུ་རྒྱུའི་རྒྱུ་ལས་མི་འདུག་པས་མཚམས་འཇོག་རོགས་གནང་།
ཨོ་རྒྱན་ཉི་མ་འདི་ཁ་བདེ་བ་མ་ཟད་འགྱུར་ཡང་མཁས་པ་ཞིག་ཏུ་ཆགས་འགྲོ་གིན་འདུག ཚང་མས་ལྟོས་དང་དང་པོར་རྙིང་མ་སྤྱི་ལ་སེམས་འཁུར་ཡོད་ཁུལ་དང་རྙིང་མའི་ནང་འཁྲུག་འདུམ་སྒྲིག་ལ་དགོངས་པ་ཡངས་པའི་རྣམ་འགྱུར་བསྟན། ཞོར་ལ་ཆོས་རྒྱུད་གཞན་དག་རྙིང་མའི་བུ་དང་ཚ་བོ་ཡིན་པར་སྨྲས་ནས་རྙིང་ཕྲུག་ཚོར་མགོ་སྐོར་དང་ཀླད་མེད་ཚོར་སེམས་གསོ་གཏོང་ཁུལ་གྱིས་རང་གི་ངོ་སོ་ཡར་ལ་གཏད། དོན་ལ་གསར་རྙིང་གི་བར་ལ་འགལ་རྐྱེན་བླངས་ཏེ་དབྱེན་སྦྱོར་གྱི་མགོ་བཙུགས། གསར་བ་ཚོར་བསླབ་བྱ་ཡིན་ཁུལ་གྱིས་རང་གི་མཁས་ཉམས་དང་རྫི་བག་ཏེ་གྲོལ། དགེ་འདུན་རྒྱ་མཚོས་རྙིང་མའི་ཆོས་འབྱུང་གི་སྐོར་ནས་དྲིས་པ་འགའ་དྲིས་ཀྱང་ཁོས་ལན་ཕོག་པའི་ཚིག་གཅིག་ཀྱང་བཤད་མ་ཐུབ། སྙིང་རྗེ་གཡུ་འབྲུག་ཟེར་བ་དང་མེ་ཏོག་ཟེར་བ། བོད་ལ་ཞེན་པ་ཀླད་མེད་འགའ་མདུན་ལ་གཡུགས། དེ་ནས་ཁོའི་ཁ་ལ་ཟ་རྒྱུ་དང་རུམ་ལ་འཇུག་རྒྱུ་ཅི་ཡང་མ་རྙེད། དེ་ནས་སྙན་ངག་གསར་རྙིང་གི་སྐད་ཆ་བཤད་ནས་དཀྲུགས་ཤིང་གཞན་ཞིག་འཕེན་གང་ཐུབ་བྱས་མོད། པད་བཀྲ་ཟེར་བ་ཞིག་གིས་ཁོའི་ཁ་ལ་རྡོ་རྗེ་རྒྱ་གྲམ་གྱིས་བཅད། དེར་ཡང་དམིགས་ཡུལ་མ་འགྲུབ། ད་གཟོད་རང་གི་གསར་རྙིང་གི་ཆོས་མི་ཤེས་པ་དང་སྙན་ངག་གསར་རྙིང་ཤེས་ཀྱི་མེད་པ་དེ་ཡང་གཞི་ནས་རྟོགས་པར་གྱུར། འདས་པའི་དགེ་སྐྱོན་ལས་ཀྱང་། ད་ལྟ་དང་། འབྱུང་འགྱུར་ལ་ཐུགས་བསམ་བཞེས་ཏེ་གསུང་དགོས་པར་སེམས་ཟེར། ཞི་ལ་ལས་འཇམ་པ་དང་བྱི་བ་ལས་ཆུང་བ་ཞིག་ཏུ་གྱུར་སོང་། ཕྱིས་དྲག་པ་རེད། ད་རྙིང་ཕྱོགས་ནས་ཀ་བཞིན་ལངས་ཏེ་ལྟ་གྲུབ་དང་ཆོས་འབྱུང་གི་སྐོར་ཤོད། རང་གི་རྐུབ་ལ་ཉི་མ་ཤར་དུ་བཅུག་ནས་ཅི་བྱེད། རྣམ་དཔྱོད་ཀྱི་རྩལ་མེད་ན་དང་པོ་ནས་མ་ཡིན་ཡིན་འདོག་བྱས་ཏེ་བསྡད་ན་བཟང་གི་མ་རེད་དམ། མཁས་པ་མཁས་པའི་ནང་ན་མཛེས།། བླུན་པོ་དེ་ལྟ་ག་ལ་ཡིན།། ཧ་ཧ་ཀུ་རེ་ཡིན། རྩོམ་པ་པོ་ལ་གུས་པས་དག་སྣང་དང་།། བརྩམ་བྱའི་གཞུང་ལ་བསྲེགས་བཅད་བརྡར་གསུམ་བྱེད། ཡང་གཅིག་བཤད་ན། འདི་ལ་དོགས་པ་གཅིག་ཟས་པས་།། སྲིད་པ་ཐམས་ཅད་ཧྲིལ་པོར་བྱེད།། ཆོས་ཟེར་བ་དེ་ཀུན་སློང་བཅོས་དགོས་པ་དེ་ཡིན་པར་སྙམ།
ལོ་གཅིག་སོང་ནའང་མི་རྒྱུ་ཡིན་ཟེར་ནས་ནས་སྡིག་ར། ལོ་གཉིས་སོང་ནའང་མིང་བཏོན་རྒྱུ་ཡིན་ཟེར་ནས་སྡིག་ར། ཆོ་གང་ཡང་མི་འདུག་་་་་་་་་
གང་ཟག་འདི་དང་འདི་ཟེར་ནས་མིང་བཏོན་ཤོག དེ་མེད་ན་ཁ་ཏརྐ་འདྲ་པོ་བྱས་ནས་བཙུམས། རྒྱོ་ཞིམ་པོ་བརྒྱབས་ནས་འདུག་ཨེ་ཐུབ་ལྟོས།
ཕྲན་གྱིས་དཔྱད་ན། ཨོ་རྒྱན་ཉི་མ་ཁོང་བསྟན་པ་ལ་ལྷག་བསམ་དང་སྙིང་སྤོབས་ཆེན་པོ་འདུག །ཕུང་གསུམ་པ་འདི་ཚོས་བསྟན་པ་ལ་གནོད་པ་བསྐྱལ་ངེས་རེད། གོང་ས་མཆོག་གིས་རབ་བྱུང་བ་མ་ཡིན་པའི་བླ་མ་ཆོས་པ་རྣམས་ཀྱིས་གཟན་དཀར་གསོལ་རོགས་ཞེས་ཐེངས་མང་པོ་གསུངས་ཡོད། ཨོ་རྒྱན་ཉི་མ་དང་གོང་ས་གཉིས་ཀྱི་དགོངས་གནད་གཅིག་ལ་བབས་ཡོད། དེང་སང་རབ་བྱུང་དང་སྔགས་པ་སུ་ཡིན་ཧ་གོ་གི་མི་འདུག །རྒྱ་དང་དབྱིན་ཇི་མང་པོ་མགོ་འཁོར་ནས་དད་ལོག་སྐྱེ་བཞིན་ཡོད། སུ་ལ་དད་པ་བཞག་ན་མང་ཚོགས་ཀྱི་རང་དབང་རེད། ང་ཚོ་བོད་ལ་ཡོད་པའི་མདོ་སྔགས་གཉིས་ཀྱི་ཆོས་ནི་ཧ་ཅང་གཏིང་ཟབ་ལ་འགྲན་ཟླ་བྲལ། དེས་ན་བོད་པ་ཚོ་བསོད་ནམས་ཆེ། གྲྭ་པ་མ་ཡིན་བཞིན་དུ་གྲྭ་ཆས་གྱོན་ན་དགེ་འདུན་པ་ཡོངས་ལ་བརྙས་བཅོས་བྱེད་པ་ཆགས་འགྲོ །བོད་པའི་བླ་མ་རིག་མ་དང་གསང་ཡུམ་ཡོད་མཁན་འགའ་ཁས་ཀྱིས་གྲྭ་ཆས་དམར་པོ་བནབས་པས། མི་རིགས་གཞན་ཚོས་བོད་ཀྱི་གྲྭ་པ་ཚོར་བུད་མེད་ཡོད་རེད་ལབ་སྲིད། བུད་མེད་བསྟེན་ནས་བླ་མ་བྱེད་ན་མི་འགྲིག་པ་མེད། བུད་མེད་ཀྱིས་ཐར་པའི་ལམ་ལ་ག་ལ་གནོད། རང་ལ་བཀའ་དྲིན་ཆེ་བའི་ཨ་མ་དེ་བུད་མེད་ཡིན་པ་མ་བརྗེད། མ་ཅིག་ལབ་སྒྲོན་བུད་མེད་ཡིན་པ་ཐུགས་ལ་ཟུངས། སྔོན་གྱི་གོང་མ་མང་པོས་རིག་མ་བསྟེན་ཡོད། བུད་མེད་བསྟེན་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ཚུལ་མཐུན་གྱི་སྤྱོད་པ་ཡིན། གཞན་ཡང་རང་གི་སློབ་མ་མ་ཡིན་པའི་ཁྲིམས་མཐུན་གྱི་བུད་མེད་བསྟེན་ན་དགེ་མཚན་མང་བོ་ཡོད། འདི་རང་གིས་བསམ་བཞིན་དུ་སྨྲས། ཐུགས་ལ་འགལ་ན་མཐོལ་ལོ་བཤགས། ང་རང་གཏི་མུག་གི་དབང་དུ་གྱུར་པའི་སྐྱེ་བོ་ཐ་མལ་པ་ཞིག་ཡིན། ཚང་མ་སྐུ་ཚེ་རིང་།
ཕྲན་གྱིས་དཔྱད་ན། ཨོ་རྒྱན་ཉི་མ་ཁོང་བསྟན་པ་ལ་ལྷག་བསམ་དང་སྙིང་སྤོབས་ཆེན་པོ་འདུག །ཕུང་གསུམ་པ་འདི་ཚོས་བསྟན་པ་ལ་གནོད་པ་བསྐྱལ་ངེས་རེད། གོང་ས་མཆོག་གིས་རབ་བྱུང་བ་མ་ཡིན་པའི་བླ་མ་ཆོས་པ་རྣམས་ཀྱིས་གཟན་དཀར་གསོལ་རོགས་ཞེས་ཐེངས་མང་པོ་གསུངས་ཡོད། ཨོ་རྒྱན་ཉི་མ་དང་གོང་ས་གཉིས་ཀྱི་དགོངས་གནད་གཅིག་ལ་བབས་ཡོད། དེང་སང་རབ་བྱུང་དང་སྔགས་པ་སུ་ཡིན་ཧ་གོ་གི་མི་འདུག །རྒྱ་དང་དབྱིན་ཇི་མང་པོ་མགོ་འཁོར་ནས་དད་ལོག་སྐྱེ་བཞིན་ཡོད། སུ་ལ་དད་པ་བཞག་ན་མང་ཚོགས་ཀྱི་རང་དབང་རེད། ང་ཚོ་བོད་ལ་ཡོད་པའི་མདོ་སྔགས་གཉིས་ཀྱི་ཆོས་ནི་ཧ་ཅང་གཏིང་ཟབ་ལ་འགྲན་ཟླ་བྲལ། དེས་ན་བོད་པ་ཚོ་བསོད་ནམས་ཆེ། གྲྭ་པ་མ་ཡིན་བཞིན་དུ་གྲྭ་ཆས་གྱོན་ན་དགེ་འདུན་པ་ཡོངས་ལ་བརྙས་བཅོས་བྱེད་པ་ཆགས་འགྲོ །བོད་པའི་བླ་མ་རིག་མ་དང་གསང་ཡུམ་ཡོད་མཁན་འགའ་ཁས་ཀྱིས་གྲྭ་ཆས་དམར་པོ་བནབས་པས། མི་རིགས་གཞན་ཚོས་བོད་ཀྱི་གྲྭ་པ་ཚོར་བུད་མེད་ཡོད་རེད་ལབ་སྲིད། བུད་མེད་བསྟེན་ནས་བླ་མ་བྱེད་ན་མི་འགྲིག་པ་མེད། བུད་མེད་ཀྱིས་ཐར་པའི་ལམ་ལ་ག་ལ་གནོད། རང་ལ་བཀའ་དྲིན་ཆེ་བའི་ཨ་མ་དེ་བུད་མེད་ཡིན་པ་མ་བརྗེད། མ་ཅིག་ལབ་སྒྲོན་བུད་མེད་ཡིན་པ་ཐུགས་ལ་ཟུངས། སྔོན་གྱི་གོང་མ་མང་པོས་རིག་མ་བསྟེན་ཡོད། བུད་མེད་བསྟེན་རྒྱུ་དེ་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ཚུལ་མཐུན་གྱི་སྤྱོད་པ་ཡིན། གཞན་ཡང་རང་གི་བུད་མེད་གང་མང་ལ་མི་སྤྱོད་པ་དང་སློབ་མ་མ་ཡིན་པའི་ཁྲིམས་མཐུན་གྱི་བུད་མེད་བསྟེན་ན་དགེ་མཚན་མང་བོ་ཡོད། འདི་རང་གིས་བསམ་བཞིན་དུ་སྨྲས། ཐུགས་ལ་འགལ་ན་མཐོལ་ལོ་བཤགས། ང་རང་གཏི་མུག་གི་དབང་དུ་གྱུར་པའི་སྐྱེ་བོ་ཐ་མལ་པ་ཞིག་ཡིན། ཚང་མ་སྐུ་ཚེ་རིང་། བདེ་མོར་བཞུགས།
འོད་གསལ་འདིས་དེ་རིང་ང་དགའ་བཅུགས་སོང་། ངས་ད་སྔོན་བྲིས་ཚད་བསྟན་པ་རིན་པོ་ཡུན་དུ་གནས་ན་བསམ། བསྟན་འཛིན་སྐྱེས་བུ་ཚད་ལྡན་ཞིག་བྱུང་ན་བསམ། དེ་གཉིས་ངའི་ཚེ་སྲོག་དང་གཅིག་པ་ཡིན། གཉིས་པ་དེ་བོད་པ་དང་། བོད་ཡུལ་གཉིས་བོད་ཆོས་ལྡན་གྱི་ཞིང་ཁམས་དང་། བོད་པ་བྱང་ཆུབ་སེམས་དཔའ་ཞེས་འབོད་པ་ནང་བཞིན་དོན་མཐུན་ཞིག་འབྱུང་ན་བསམ། དེ་མིན་ཆོས་ལུགས་ཀྱི་ཐད་ནས་མཁས་གྲུབ་གཉིས་ལྡན་གྱི་སྟོན་པ་ཚད་མ་ཚང་མ་ལ་གུས་པ་ཡོད། དད་པ་ཡོད། ས་དགེ་བཀའ་རྙིང་བོན་པོ་སོགས་འགྲོ་བ་མིའི་རིགས་གཙོ་བོར་བྱས་པའི་སེམས་ཅན་ཡོངས་ལ་བྱམས་བརྩེ་ཡོད་མཁན་ཞིག་དང་། ཆོས་པ་རྣམ་དག་ཅིག་ཡིན་ན་དད་པ་ཡང་ཡོད། ཡིན་ན་སྐྱོན་སུའི་ཕྱོགས་ཀྱིས་བྱས་ན་ཐེར་འདོན་བྱེད་ན་འདོད། ཁྱད་པར་དུའང་དེང་སང་གི་བོན་པོ་འདི་ཚོས་མ་འོངས་པར་བོད་ཀྱི་རིག་གཞུང་དང་། ལོ་རྒྱུས་ཡོད་ཚད་ལ་གཏད་སོ་མེད་པ་ཞིག་དང་། རྩོད་པ་ཆེན་པོ་ཞིག་ཏུ་བསྒྱུར་ངེས་པས། འདིའི་བན་བོན་གཉིས་ཀས་གཟབ་དགོས་པར་འདོད། བོན་པོའི་གཞུང་ལུགས་ལ་ཞིབ་འཇུག་ཚོགས་པ་ཞིག་ཀྱང་འཛུགས་དགོས་ངེས་རེད། དེ་ཕྱིར་ཚང་མས་ཐུགས་ལ་ཟུངས།
འོད་གསལ་འདིས་དེ་རིང་ང་དགའ་བཅུགས་སོང་། ངས་ད་སྔོན་བྲིས་ཚད་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་ན་བསམ། བསྟན་འཛིན་སྐྱེས་བུ་ཚད་ལྡན་ཞིག་བྱུང་ན་བསམ། དེ་གཉིས་ངའི་ཚེ་སྲོག་དང་གཅིག་མཚུངས་ཡིན། གཉིས་པ་དེ་བོད་པ་དང་། བོད་ཡུལ་གཉིས་བོད་ཆོས་ལྡན་གྱི་ཞིང་ཁམས་དང་། བོད་པ་བྱང་ཆུབ་སེམས་དཔའ་ཞེས་འབོད་པ་ནང་བཞིན་དོན་མཐུན་ཞིག་འབྱུང་ན་བསམ། དེ་མིན་ཆོས་ལུགས་ཀྱི་ཐད་ནས་མཁས་གྲུབ་གཉིས་ལྡན་གྱི་སྟོན་པ་ཚད་མ་ཚང་མ་ལ་གུས་པ་ཡོད། དད་པ་ཡོད། ས་དགེ་བཀའ་རྙིང་བོན་པོ་སོགས་འགྲོ་བ་མིའི་རིགས་གཙོ་བོར་བྱས་པའི་སེམས་ཅན་ཡོངས་ལ་བྱམས་བརྩེ་ཡོད་མཁན་ཞིག་དང་། ཆོས་པ་རྣམ་དག་ཅིག་ཡིན་ན་དད་པ་ཡང་ཡོད། ཡིན་ན་སྐྱོན་སུའི་ཕྱོགས་ཀྱིས་བྱས་ན་ཐེར་འདོན་བྱེད་ན་འདོད། ཁྱད་པར་དུའང་དེང་སང་གི་བོན་པོ་འདི་ཚོས་མ་འོངས་པར་བོད་ཀྱི་རིག་གཞུང་དང་། ལོ་རྒྱུས་ཡོད་ཚད་ལ་གཏད་སོ་མེད་པ་ཞིག་དང་། རྩོད་པ་ཆེན་པོ་ཞིག་ཏུ་བསྒྱུར་ངེས་པས། འདིའི་བན་བོན་གཉིས་ཀས་གཟབ་དགོས་པར་འདོད། བོན་པོའི་གཞུང་ལུགས་ལ་ཞིབ་འཇུག་ཚོགས་པ་ཞིག་ཀྱང་འཛུགས་དགོས་ངེས་རེད། དེ་ཕྱིར་ཚང་མས་ཐུགས་ལ་ཟུངས།
མེ་དཀར། ངའི་འདྲི་བ་འདི་ཡིན། དགའ་རབ་རྡོ་རྗེ་སྟོན་པ་ཤཀྱ་ཐུབ་པའི་གོང་རོལ་ན་ཕེབས་པ་མ་ཡིན་ནམ། ང་ཚོ་རྙིང་མ་བ་རྣམས་ཀྱིས་དགའ་རབ་རྡོ་རྗེར་རྫོགས་ཆེན་ཁུངས་གཏུགས་ཡོང་དུས། རྫོགས་ཆེན་འདི་ཤ་ཀྱ་ཐུབ་པས་གསུངས་པ་མིན་པ་ལྟ་བུ་རེད། དེ་ལྟར་ཡིན་ན། ང་ཚོ་རྙིང་མ་བ་རྣམས་ནང་པ་ཨེ་ཡིན་ཞེས་འདྲི་བཞིན་ཡོད།
ལན་ཞིག་མ་སྟེར་ན་ལྟས་མོ་ལྟོས་ཤིག
སྐུ་ཞབས་ཨོ་རྒྱན་ཉི་མ་ལགས།
མུ་མཐུད་དུ་ཕུང་གསུམ་པའི་སྐོར་ལ་གསུང་རྩོམ་གནང་རོགས། ངས་ཁྱེད་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་ཡོད། བསྟན་པ་ལ་ཕན་པ་ཆེན་པོ་འབྱུང་ངེས། ཁྱེད་དང་གོང་ས་མཆོག་གི་ཐུགས་དགོངས་གཅིག་ལ་བབས་ཡོད་པས་འཁྲུལ་པ་ག་ལ་ཡོད། འདི་ངས་ཅལ་འདྲོག་དང་ཐོལ་བྱུང་ཙམ་མ་ཡིན་པར་དུས་ཡུན་རིང་པོར་བསམ་བློ་བཏང་ནས་སྨྲས་པ་ལགས། ཐོག་དང་པོར་ཁྱེད་ཀྱི་ཕུང་གསུམ་པའི་སྐོར་གྱི་བཞེད་སྟངས་ལ་འཐད་མོས་མ་བྱུང་། རྗེས་སུ་བསམ་བློ་མང་པོ་བཏང་རྗེས་སུ་ཁྱེད་ཀྱི་བཞེད་སྟངས་ལ་རྒྱུ་མཚན་རྣམ་དག་མཐོང་ནས་ཡིད་ཆེས་དང་ངེས་ཤེས་ཆེན་པོ་སྐྱེས།
སྐུ་ཚེ་རིང་།
རྒད་པོ་ལགས། གསར་མ་བ་དང་རྙིང་མ་བ་སུ་ཡིན་ཀྱང་རུང་རྒྱུད་འཆད་པ་པོ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་སོགས་ལ་ངོས་འཛིན་གྱི་རེད། དེ་ལྟར་ན་བོད་ཀྱི་གསར་རྙིང་གི་བསྟན་པ་ཐམས་ཅད་ནང་པ་མ་ཡིན་པར་ཐལ་འགྲོ་གི་རེད། དེས་ན་རྒྱུད་འཆད་པ་པོ་རྙིང་མས་བཤད་པ་ནང་བཞིན་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་པ་ཡིན་ཀྱང་རུང་། གསར་མས་བཤད་པ་བཞིན་རྡོ་རྗེ་འཆང་ཡིན་ཀྱུང་རུང་སྟོན་པ་བཅོམ་ལྡན་འདས་ལས་གཉིས་སུ་མེད་པ་ཧ་གོ་དགོས། དེས་ན་རྙིང་མ་ལ་ཀུན་ཏུ་བཟང་པོ་ཟེར་བ་ཞིག་ཡོད་པ་ཤེས་ནས་རང་ལ་རྡོ་རྗེ་འཆང་ཟེར་བ་ཞིག་ཡོད་པ་མ་བརྗེད་ཞིག
དགེ་འདུན་རྒྱ་མཚོ་ལ་། གསར་མའི་ཕུགས་རྙིང་མ་ལ་ཐུག་པ་ལོ་རྒྱུས་ལས་ཤེས་ཀྱི་རེད། ས་སྐྱ་བའི་འཁོན་རིགས་ལ་བསམ་ན་འཁོན་ཀླུ་ཡི་དབང་པོ་སློབ་དཔོན་པདྨའི་དངོས་སློབ་ཡིན་པ་དང་། ད་ལྟའི་ས་སྐྱའི་གདུང་བརྒྱུད་དེ་ལས་འཆེད་པ་རེད། དེ་བཞིན་ཡིད་དམ་དམ་རྒྱུད་ལ་བསམ་ན་ས་སྐྱ་བས་ཉམས་བཞེས་ནང་བཞིན་པའི་ཕུར་པ་ནི་རྙིང་མ་བའི་རེད། དགེ་ལྡན་ནི་ས་སྐྱའི་དགེ་ཕྲུག་རེད། འཇམ་མགོན་ཙོང་ཁ་བའི་དགེ་རྒན་རེད་འདའ་བ་རེད། དེས་ན་ཆོས་བརྒྱུད་གཅིག་ལས་གཅིག་བྱུང་སྟངས་དེ་ལས་གཞན་པ་ཨ་མས་པུ་གུ་སྐྱེ་བ་ནང་བཞིན་ཡོད་མ་རེད།
ཨོ་རྒྱན་ཉི་མ་ཁྱེད་ལ་སེམས་ཤུག་དང་དངོས་གནས་བསྟན་པ་རང་ལ་དགོངས་པ་བཞེས་ཀྱི་ཡོད་ན་བླ་ཆེན་གྱི་མིང་དང་དགོན་ཆེན་གྱི་དབུ་འཛིན་མིང་ཁུར་མཁན་ཕུང་གསུམ་པ་སུ་འདུག་ན་མིང་བཏོན་ཤོག དེ་མིན་ཉ་དང་ཉུང་མ་གཅིག་ཏུ་བསྲེ་མ་འདུག་མ་གཏོགས། དགོན་པ་དང་རབ་བྱུང་སྤྱི་ལ་གནོད་ཀྱི་འདུག གལ་ཏེ་མིང་འདོན་མ་ཐུབ་ཚེ་ཁ་བཙུམས་ནས་འདུག་རོགས།
ཨོ་རྒྱན་རིན་པོ་ཆེ་དྲིན་མི་ཆེ་བའི་རྒྱུ་མཚན་ནི་ཨོ་རྒྱན་གྱི་སྔོན་དུ་ཆོས་ཡོད་པས་ཡིན་ན་ཁྱེད་རང་གིས་འདོད་པའི་ཞི་འཚོ་ཡང་བཀའ་དྲིན་མི་ཆེ་འམ། དེའི་སྔོན་དུ་ཆོས་ཡོད་པའི་ཕྱིར་རོ། །བསྟན་པའི་རྩ་བ་འདུལ་བ་ཡིན་པས་འདུལ་བའི་བསྟན་པ་སྤེལ་མཁན་འབའ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་ཅན་དུ་བརྩི་བ་ལས་གཞན་རྣམས་བཀའ་དྲིན་ཅན་དུ་བརྩི་མི་འོས་ན་སངས་རྒྱས་ཀྱི་བསྟན་པ་ཡང་འདུལ་བའི་བསྟན་པ་འབའ་ཞིག་ལས་གཞན་མི་འདོད་དམ། མི་འདོད་ན་ཁྱེད་ཀྱི་ལུགས་ལ་སྡེ་སྣོད་གསུམ་མི་འདོད་དམ། གལ་ཏེ་འདུལ་བའི་བསྟན་པ་ལས་གཞན་དུ་གྱུར་པའི་བསྟན་པ་ཡང་སངས་རྒྱས་ཀྱི་བསྟན་པ་ཡིན་ན་དེ་ལ་བྱ་བ་བྱེད་མཁན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཅིའི་ཕྱིར་བཀའ་དྲིན་མི་ཆེ། མ་ཟད་སློབ་དཔོན་པདྨས་འདུལ་བའི་བསྟན་པ་སྤེལ་མེད་པ་ཡང་མ་ཡིན་ཏེ་གསང་བ་སྔགས་ཀྱི་འདུལ་བའི་བསྟན་པ་སྤེལ་བས་སོ། འདུལ་བ་ཡིན་ན་སོར་སྡོམ་དང་འབྲེལ་བའི་འདུལ་བ་འབའ་ཞིག་ཡིན་དགོས་བསམ་པ་ནི་ཁྱེད་རང་ཐོས་རྒྱ་ཆུང་བའི་རྟགས་ཁོ་ནའོ། །
༼བསྟན་པ་ལ་ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མེད་པར་འདོད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།།༽ལུང་འདིའི་བསྒྲུབ་བྱ་གང་ཡིན། རྙིང་མ་པས་ལུང་རྟོགས་ཀྱི་བསྟན་པ་ལ་གཞན་དུ་གྱུར་པའི་བསྟན་པ་ཞིག་ཡོད་པར་འདོད་འདུག་གམ། དེ་ལྟར་མིན་ན་ལུང་འདི་དྲངས་དགོས་པའི་རྒྱུ་མཚན་གང་། ངས་ལྟས་ན་ཁྱེད་ཀྱིས་ལུང་དེས་དོན་ཅི་ཞིག་བསྟན་པ་ཡང་ཤེས་ཀྱི་མེད་པ་འདྲ། ཡིན་དང་ཡིན། དེའི་དོན་ཤེས་ན་པད་འབྱུང་བསྟན་འཛིན་གྱི་སྐྱེས་བུ་ཡིན་པ་ལ་དོགས་པ་སྐྱེས་དོན་འབྱུང་གི་མ་རེད་པ།
བོན་པོའི་གཞུང་ལུགས་ལ་ཞིབ་འཇུག་ཚོགས་པ་ཞིག་ཀྱང་འཛུགས་དགོས་ངེས་ཡིན་ན། རྙིང་མའི་གཞུང་ལུགས་ལའང་ཞིབ་འཇུག་ཚོགས་པ་ཞིག་ཀྱང་འཛུགས་དགོས་ངེས་ཡིན་འགྲོ། དེ་ནས་ག་ལེར་བོད་བརྒྱུད་ནང་བསྟན་ལའང་ཞིབ་འཇུག་ཚོགས་པ་ཞིག་བཙུག་ཤོག་དང་ལྟད་མོ་ཡོད་རེད། གསང་སྔགས་ཀྱི་བསྟན་པ་འདི་ལའང་ཞིབ་འཇུག་ཚོགས་པ་ཞིག་ཀྱང་བཙུག་ཤོག་དང་ཕ་བཟང་གི་བུ་ཡིན། དེ་ནས་ཐེག་ཆེན་གཞུང་ལུགས་འདི་ལའང་ཞིབ་འཇུག་ཚོགས་པ་ཞིག་བཙུག་དང་ངུ་དགོད་མི་ཤེས་པ་བཟོས་ཡོང་། དེ་ནས་རྫོགས་ཆེན་གཞུང་ལུགས་ལའང་ཞིབ་འཇུག་ཚོགས་པ་ཞིག་བཙུག་ཤོག་དང་ཕྱི་ས་མི་འཚོག་པར་འགྱུར་ཡོང་། དེ་ནས་ཁྱེད་ཚོའི་ལྷ་མཆོད་ཀླུ་མཆོད་འདྲ་མཆོད་དེ་མཚོ་ག་བ་ནས་བྱུང་ཞིབ་འཇུག་ཚོགས་པ་ཞིག་བཙུག་ཤོག་དང་དྲི་ཆུ་མི་འཚོག་པར་ཐ་ར་ར་ཤོར་དགོས་པ་ཆགས་ཡོང་། །
༩༨ ལོོན་པའི་རྒད་པོ་ལགས། མི་ཡུལ་གྱི་རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ་སྟོན་པ་བཀའ་དྲིན་འདས་རྗེས་ཀྱི་ལོ་ བརྒྱ་ཕྲག་ཙམ་ནས་བྱོན་ཡོད་དེ་ལོ་དུས་ཁ་གསལ་མ་དྲན་ཏེ་དགོས་རང་དགོས་ན་དེབ་ལ་བལྟ་ནས་འབྲི་རྒྱུ་ཡིན། ཁྱོད་རང་རྙིང་མ་པ་ཡིན་ན་ནང་ལ་ཡིན་མིན་ལ་ཐེ་ཚོམ་ཟ་མི་དགོས། ཡིན་ཡིན་པ་རེད།
མི་ཡ་གྱི་རྫོགས་ཆེན་སྟོན་པ་དང་སྤྱིར་རྫོགས་ཆེན་སྟོན་པ་གཉིས་ནོར་མི་ཉན་ཨ།
༼མི་ཡུལ་༽
ད་སྐད་ཆ་འགན་ཁུར་མེད་པར་གང་དྲན་བཤད་མ་སྡོད་དྲ་གྲོགས་མཆན་བུ་བ་ཚོ། དེ་ལས་སྐབས་དུས་འཚམས་པའི་སྐད་ཆ་ཨོ་རྒྱན་ཉི་མ་ལ་གྲྭ་བཙུན་ཡོངས་དབྱུག་པས་ལེབ་བརྡུང་བྱེད་མ་བསྡད་ནས་དངོས་མིང་ཁ་གསལ་གཏིང་གསལ་བཏོན་ཤོག་ལབ་རྒྱུ་དེ་རེད། དེ་ལས་གཞན་ཆོས་ལུགས་ཕན་ཚུན་ང་ཆེ་ང་འཇིགས་དང་ང་དག་ཁྱོད་རྫུན་གྱི་ཞུ་དག་གཏོང་དགོས་ཡ་ཡོད་མ་རེད་ལ། གཏོང་ཐུབ་ཡ་ཡང་ཡོད་མ་རེད། སོ་སོས་ཆོས་གང་བྱེད་འདོད་ན་སོ་སོའི་འདོད་པ་རེད། ལོ་བརྒྱ་ཕྲག་སྟོང་ཕྲག་མང་པོ་དེའི་ཐོག་ཆོས་ལུགས་ཚོ་ནང་ཕན་ཚུན་རྩོན་གླེང་དང་ཐ་ན་འཁྲུགས་འཛིན་ཚུན་ཆད་ནས་བྱས་ཡོད་རེད་དེ་རྒྱལ་ཕམ་བྱུང་ཡོད་མ་རེད། ད་དུང་ཡང་འབྱུང་མི་སྲིད་པ་རེད།
ཁྱི་རྒན་ནི་ཁྱི་རྒན་མིན་པར་མི་རྒན་ཞིག་རེད་འདུག
ཁྱི་རྒན་དང་མིན་རྒན་ཁྱོད་བྲེལ་བ་མ་ལང་། གཏམ་ཁ་ཐོག་བཤད་པ་དོན་ཐོག་ལ་འཁེལ་བ་དང་། རྐང་རྡོ་ཐོག་བཅགས་ལྕེ་ཐོག་ཏུ་སྨིན་ངེས་བྱ་འོངས། ཡིན་ན་ཡང་ད་ལྟ་རེ་ཟུང་གི་གནས་སྟངས་གཤིས་ཕྱིན་པ་ཞིག་རྟོགས་མ་སོང་། ན་ནིང་དྲ་ཐོག་ཏུ་བཀོད་པ་དག་ནི་ངེས་པའོ། །ད་དུང་གསར་པ་མང་པོ་ཡོད། དེ་ཚོ་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན།
སྡོམ་པ་ཞུས་མ་མྱོང་བ་དང་། རྐྱེན་འགའ་ཞིག་བརྟེན་ནས་སྡོམ་པ་ཤོར་སོང་བ་ཚོས་གྲྭ་ཆས་རྩ་བ་ནས་མ་གོན་ན་མཆོག་གྱུར་རེད། གལ་སྲིད་དགོས་དབང་གིས་གྱོན་པའི་དབང་དུ་བཏང་ན་ཤམ་ཐབ་མེ་ལོང་མ་ཞིག་དང་། སྟོད་གོས་སེར་རྐྱང་ཙམ། དེའི་སྟེང་གཟན་ཞིག་མནབ་ནས་ཕེབས་ན་ཉེས་ཆེར་མེད་པར་མངོན། དེ་འདྲའི་ཆ་ལུགས་ཅན་ལ་རབ་བྱུང་མ་ཡིན་པའི་བླ་མ་ཚད་ལྡན་ཡང་མང་པོ་འདུག ཁོ་ཚོས་རབ་བྱུང་ཡིན་པའི་ཟོལ་སྟོན་དགོས་ཀྱིན་མི་འདུག་ལ། དབུ་རེག་ཞབས་རྗེན་གྱི་རྣམ་པ་སྟོན་དགོས་ཀྱིན་མི་འདུག རང་ལ་ལྟ་སྒོམ་ཕུལ་བྱུང་ཡོད་ན་སློབ་མ་ཚོས་གོང་དུ་བཀུར་བར་མ་ཟད། ད་དུང་འགྲོ་དོན་ཆེན་པོ་རེད། དེ་ཕྱིར་སྡོམ་པ་མེད་པའི་ཕུང་གསུམ་པ་ཚོས་ཆོས་གོས་དང་། སྟོད་འགག་སེར་པོ། ཤམ་ཐབས་གླེགས་བུ་མ་རྣམས་ནི་ངེས་པར་དུ་སྤང་དགོས་པར་འདོད།
སྡོམ་པ་མེད་བཞིན་གྲྭ་ཆས་གོན་མཁན་ཆོས་རྒྱུད་གང་གི་ནང་དུ་འདུག་ལེགས་པར་ཞིབ་འཇུག་དགོས་པ་འདུག
བན་མིན་བོན་མིན་བན་དེ་བ་ཁྱོད་རང་དེ་འདྲ་ཞིག་ཡིན་ས་རེད། ཕྱི་རྒྱལ་བསླེབ་དུས་བན་དེའི་ཚུལ། །རྒྱ་བལ་བསླེབ་དུས་བོན་པོའི་གཟུགས། །ཆོས་དང་ཆ་ལུགས་སྤྱོད་པ་སོགས། །ཡོད་ཚད་བསྒྱུར་མཁས་བོན་པོ་དག །ཧཧཧཧ
གྲྭ་པ་མ་ཡིན་པར་གྲྭ་ཆས་གྱོན་མཁན་ལ་ཕུང་གསུམ་པ་ཟེར་ན། ང་ཡང་དེ་འདྲའི་ཕུང་གསུམ་པ་ལ་མི་དད་དོ། །
གལ་ཏེ་སྲིད་པ་ཨོ་རྒྱན་ཉི་མ་ཟེར་བ་ཁྱོད་བསྟན་དོན་དུ་སུ་ལའང་མི་སྐྲག་པ་དང་མི་འཛེམས་པ་གདོང་ལེན་བྱེད་འདོད། ཞོགས་དུང་ལགས་ཀྱིས་གསུངས་པ་བཞིན་ཁ་ཡི་ཆེད་དུ་མགོ་ཤོར་ན་མི་འགྱོད་པ་ཞིག་ཡིན་པར་བདེན་ན་ཐོག་དང་ཚབ་ཆེ་ཤོས་འགའ་ཤས་ཀྱིས་མི་དང་རྒྱུ་མཚན་ཤོས་ཤོགས། ང་ཚོ་ཡིན་ནའང་རྒྱབ་སྐྱོར་ཅི་ཆེ་བྱེད་ཆོག དེ་མིན་སྐད་ཆ་གསལ་ཁ་མེད་པ་དེ་འདྲ་སྤྱི་ཚོགས་ནང་མང་པོ་བཤད་བསྡད་ན་གྲྭ་བཙུན་ཚང་མའི་ཐོང་བརླགས་ཉེན་འདུག ད་དུང་ཁྱོད་ཀྱིས་སྐད་ཆ་ནག་ཁུང་དེ་འདྲ་བཤད་བསྡད་ན་ང་ཚོས་ཟབ་མདོ་ཚར་རེ་བཏོན་ནས་བཟློག་པ་རེ་ཡང་ཁྱོད་ཕྱོགས་ལ་བཏོན་འདོད་ཀྱི་འདུག
སྙིང་མའི་བླ་བརྒྱུད་ནང་ལ།
ཀུན་བཟང་རྡོར་སེམས་དགའ་རབ་ཤྲྰི་སིང་། །
པདྨ་ཀྰ་ར་རྗེ་འབངས་ཉི་ཤུ་ལྔ། །
སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས། །
བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་པ་དང་།
གསར་མར།
རྡོ་རྗེ་འཆང་དང་ཏི་ལོ་ན་རོ་དང་། །
མར་པ་མི་ལའི་ཞབས་ལ་གསོལ་བ་འདེབས། །ཞེས་སྦྱར་ན་དོན་གཅིག་ཏུ་སོང་བ་མི་འདུག་གམ།
ཨོ་ཉི་ཁྱོད་རང་རྙིང་མའི་སྨོན་ལམ་ལ་སོང་ནས་དཔྱད་པ་གྱིས་ཐག་རིང་ལ་འགྲོ་དགོས་ཀྱི་མ་རེད། ཐེ་ཝན་སིང་ག་པུར་སོགས་ལ་ལུང་པ་གང་ཡོད་པ་དེ་ཚོ་བོན་པོ་ཡིན་རྒྱུ་རེད། མི་བྱེད་དགུ་བྱེད་མཁན་དེ་ཚོ་རེད། བསྒྱུར་མཁས་དེ་ཚོ་རེད། ས་དེ་ཚོར་གྲྭ་ཆས་ཟེར་བ་སྣུམ་ཞག་འཁྱིལ་བ་གོན་ནས་ཆོས་འཆད་དབང་བསྐུར། རྒྱ་གར་བལ་ཡུལ་འབྲུག་ཡུལ་ལ་སླེབས་དུས་སྐྱ་ཆས་སྐྱ་ཤ་རེ་བ་གོན་ནས་ཁང་བརྩེགས་མཐོན་པོའི་ནང་དུ་ནག་མོ་ཕྲུག་གུའི་མཉམ་དུ་སྐྱིད་ཉལ་རྒྱབ། དཀོར་ཟས་དཀོར་ཆུ་ཚང་མ་དུག་གསུམ་འཁོར་བའི་ཁ་ལ་བཏབ། དེ་ཚོ་བོན་པོ་ཡིན་རྒྱུ་རེད། ཧཧཧཧཧ་ཨོ་ཉི་ཁྱོད་དཔའ་བློ་ཁོག་ཡོད་ན་དགུན་དུས་སུ་རྡོར་གདན་དུ་སྨོན་ལམ་ཚོགས་སར་སོང་ལ་གཏམ་བཤད་གྱིས་དང་བསྟན་པ་ལ་དག་ཐེར་བྱེད་ན་དེ་དུས་དང་དེ་གར་གྱིས། དབྱིན་ལཌ་དུ་བསྡད་ན་གཅིག་གཅིག་མག་མག་བཤད་ན་ལྐོག་ལབ་རང་རེད། ཁ་ནང་གི་རྨ་དེ་ཁ་ཡིས་གསོ་རོགས། ཾཁ་ནང་གི་རྨ་དེ་ཡི་ཡ་ལ་མིག་ལ་མ་འགེལ་རོགས།
སློབ་དཔོན་དགའ་རབ་རྡོ་རྗེའི་རྣམ་ཐར་ལ་མཐའ་མེད་ཀྱང་། འདིར་མཁོ་བ་བདུད་འཇོམས་ཆོས་འབྱུང་ལས།
་་་་ མི་བྱིན་པའི་གནས་བཞི་རྣམས་གསུངས། དུ་བའི་གནས་ཀྱི་དུར་ཁྲོད་ཆེན་པོར་སློབ་དཔོན་དགའ་རབ་རྡོ་རྗེ་དང་ཡང་མཇལ་ནས་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན་བརྒྱུད་ཐོབ་ཅིང་དེ་ཉིད་དུ་རྟོགས་གྲོལ་དུས་མཉམ་ཀྱི་དངོས་གྲུབ་ཆེན་པོ་མངོན་དུ་བརྙེས་སོ། །དེ་ནས་བེེ་རོས་རྐང་མགྱོགས་གྲུབ་པ་ལ་བརྟེན་ནས་བོད་དུ་དུ་བྱོན། ་་་་ཞེས་གསུངས་འདུག
གྲྭ་པ་མ་ཡིན་པར་གྲྭ་ཆས་གྱོན་མཁན་ལ་ཕུང་གསུམ་པ་ཟེར་ན། ང་ཡང་དེ་འདྲའི་ཕུང་གསུམ་པ་ལ་མི་དད་དོ། །ཡིན་ན་ཡང་། དིལ་གོ་མཁྱེན་བརྩེ་རིན་པོ་ཆེ་དང་། སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་སོགས་དབུ་སྐྲ་རིང་པོ་ཅན་རྣམས་ནི། རྩོད་མེད་ཀྱི་སྔགས་འཆང་རྡོ་རྗེ་འཆང་ཡིན་པས་དད་འདུན་དང་མོས་གུས་རྩེ་གཅིག་ཏུ་ཡོད་ལགས།
གྲོགས་པོ་ཚོས་ལྟོས་དང་། བན་དེ་བ་ཞེས་པ་དེ་བོན་པོ་རེད་འདུག ཁྱེད་ཚོས་ཤེས་སོང་བས། དེང་སང་གི་བོན་པོ་ཚོས་ཡོད་ཚད་རྫུན་མ་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧ དགོངས་པ་མ་ཚོམས།
ཕྱི་རྒྱལ་གནམ་ཐང་ཐོན་དུས་སྟོད་འགག་སེར་པོ་གོན། རྒྱ་བལ་གནམ་ཐང་ཐོན་དུས་སྟོད་འགག་སྔོན་པོ་གྱོན་མཁན་དག་ངོས་འཛིན་ཡོད་དམ། ཧཧཧཧཧ
ཕྱི་རྒྱལ་གནམ་ཐང་ཐོན་དུས། གོས་ཐུང་སྐྱ་ཆས་གྱོན། ཕྱི་རྒྱལ་ཆོས་ཚོགས་ལྷ་ཁང་ནང་དུ་སྐབས་རེར་མཐོན་པོའི་ཁྲི་ལ་འགྱིང་ཏེ་གོས་ཆེན་སྣུམ་ཞག་འཁྱིལ་བ་གོན་ཏེ་ཆོས་འཆད་དབང་བསྐུར་བྱེད། ཕྱི་རྒྱལ་ཆོས་ཚོགས་ལྷ་ཁང་ནང་དུ་སྐབས་རེར་འཁོར་བའི་ཆུ་མགོ་བུད་མེད་དང་ལྷན་དུ་ཆང་སའི་རྟེན་འབྲེལ་གྱི་བག་སྟོན་བཤམས། འཁོར་འདས་གཉིས་མེད་ཟེར་བ་ཡིན་རྒྱུ་རེད། དེ་རེད་ཟེར་ན་ཆོས་ལུགས་ཆོས་རྒྱུད་དབར་ལ་ཆགས་སྡང་གི་མེ་འབར་ཆུ་འབྲུགས་གཡོས་པ་ནང་བཞིན་བྱེད་མཁན་ཞིག་ལ་འཁོར་འདས་གཉིས་མེད་ཧ་ཧ་ཧུཾ་ཧུཾ་ཕཌ་ཕཌ་རེད། སྤྲུལ་གོག་སྤྲུལ་རྫུས་སྤྲུལ་སྨྱོན་འདི་རིགས་ནམ་ཡང་ཐར་པར་གཏོང་མི་རུང། ད་དུང་རྫོགས་ཆེན་ག་རེ་རྫོགས་ཆེན་སེམས་རྒྱུད་ལ་ཆགས་སྡང་རྨོངས་གསུམ་རྫོགས་པས་ན་རྫོགས་ཆེན་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་རྒྱུད་ལ་རྫོགས་པས་ན་རྫོགས་ཆེན། བུད་མེད་བཟའ་ཉོག་རྫོགས་པས་ན་རྫོགས་ཆེན་ཡིན་ན་ལ་གཏོགས་གཞན་གང་ཡང་མི་འདུག་གོ
གང་ཡང་མེད་ན་ཡང་རྫུན་མ་བྱེད་འདོད་མེད། ཧཧཧ དགོངས་པ་མ་ཚོམས་ཨ། ཁྲོ་ལང་ན་རྡུགས་གྱོང་རེད།
ད་ཡང་བོན་པོ་དང་རྙིང་མ་འཁྲུགས་ཀྱི་འདུག ཨ་ཙིའི་བོད་པ་བསོད་སྐམ་པ་དེ་ཚོ། ཕ་རོལ་འདིར་རྒྱ་འདྲེ་སྟོབས་ཆེན་ཞིག་བཞག དེའི་ཁའི་ནང་ལ་བོད་མི་རྣམས་བཞག ཚུར་འདིར་བོད་ལུགས་ཀྱི་ལྟ་བ་དང་སྤྱོད་པ་ཡ་རེ་བ་གཅིག་ལ་མཐུན་པར་རྩོད་པ་འདིར་ལྟར་བྱེད་པ་ཨ་ཡ་མཚན།