ཧི་མ་ལ་ཡའི་འཕྲུལ་སྨྱུག
མདོར་ན་སྔགས་ཀྱི་ཆོས་འབྱུང་ནི་གནའ་བོའི་རིག་བྱེད་གཏམ་རྒྱུད་ལས་ཀྱང་དགོད་བྲོ་བའི་ལྷ་སྒྲུང་འབའ་ཞིག་སྟེ། རྗེ་རེད་མདའ་བས། གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ལ། །འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། །ཞེས་གསུངས་པ་དེ་ཉིད་འཕངས་པ་ནི་དུས་ཀྱི་འཁོར་ལོ་སྒེར་གྱི་ཐོག་ཏུ་འཕངས་པ་ཡིན་ཀྱང༌། ཕོག་པ་ནི་རྒྱུད་སྡེ་སྤྱི་ཡི་སྣ་ལ་ཕོག་འདུག་གོ ༼།ཞེས་པའི་ལན་ཡང་དུས་འཁོར་ལྟ་བུ་ལ་ཆ་མཚོན་ན་འདི་ལྟར་འདེབས་ཏེ། དང་པོ། གསུང་བ་པོ་ནི། མཉམ་མེད་ཤཱཀྱའི་རྒྱལ་ཡིན་པ་དང༌། གཉིས་པ། གསུང་བའི་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས། གསུམ་པ། གསུང་སའི་འཁོར་ནི། ཆོས་རྒྱལ་ཟླ་བ་བཟང་པོ་གཙོས་པའི་ལྷ་དང་མིའི་འཁོར། བཞི་པ། གསུང་བའི་དུས་ནི། སྟོན་པ་དགུང་གྲངས་རྒྱ་གཅིག་པ་ལྕགས་འབྲུག་ནག་པ་ཟླ་བའི་ཚེས་བཅོ་ལྔ་ཟླ་འཛིན་ཡོད་པའི་དུས། ལྔ་པ། གསུང་བའི་ཆོས་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཡིན་པའི་ཕྱིར་ན། དེ་ལས་ལྷག་པའི་ཁུངས་ཤིག་ནི། མདོ་སྡེའི་སྡེ་སྣོད་སོགས་ལའང་འཇོག་ཐབས་བྲལ་བའི་ཕྱིར་རོ།།༽
སངས་རྒྱས་ཀྱི་བསྟན་པ་མར་ནས་མར་ལ་ཇེ་འགྲིབ་དང༌། གདུལ་བྱའི་བློ་རིག་ཇེ་བརྟུལ་ཇེ་དིག་ཏུ་བུད་འགྲོ་བཞིན་ཡོད་སྐད་ཀྱི་བཤད་ཡམ་དེ་དང་བསྟུན་ན། ཆོས་ཀྱི་ཟབ་ཁྱད་ཀྱང་ཇེ་སྡུག་ཇེ་ཞན་དུ་འགྱུར་འགྲོ་འོས་པ་ལ། ༼དཔེར་ན་སྨན་པ་མཁས་པས་ནད་པའི་ནད་གཞི་དང་བསྟུན་ཏེ། ནད་པའི་ནད་གཞི་ཇི་ཙམ་སྙིང་པ་ཡིན་པ་དེ་ཙམ་གྱི་སྨན་ཡང་འགོང་ཇེ་ཆེ་དང་སྨན་གྱི་ནུས་པ་ཇེ་ཆེ་དང་ཇེ་ཆེར་བཏོང་བ་མ་ཟད། ཐ་མ་ཤིན་ཏུ་ནས་ཀྱང་ཉེན་ཁ་ཆེ་བ་སྲོག་ལའང་མ་འཛེམས་པར་ཤག་བཅོས་ཀྱང་བྱེད་པ་བཞིན།༽ དེ་ལྟར་མིན་པར་ཐེག་དམན་གྱི་རྗེས་སུ་ཐེག་ཆེན་དང༌། མཚན་ཉིད་ཀྱི་རྗེས་སུ་སྔགས། རྒྱུད་སྡེ་འོག་མའི་རྗེས་སུ་གོང་མ་བཅས་རིམ་གྱིས་དར་ཞིང༌། དེ་དག་སྔ་མ་སྔ་མ་རྣམས་ལས་ཕྱི་མ་ཕྱི་མ་རྣམས་ཇེ་མཐོ་ཇེ་རྫིག་ཏུ་བུད་སོང་བ་འདི་གཉིས་གབ་མི་པའི་ནང་འགལ་བླ་ན་མེད་པ་ཞིག་མ་ཡིན་ནམ།
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
རིགས་པས་དགག་ཐུབ་དང་མི་ཐུབ་གང་ཤེས་་་་དེ་ལྟར་གནད་ཆེ་བའི་རིགས་བཀོད་པར་ཐུགས་རྗེ་ཆེ།
དུས་འཁོར་རྩ་རྒྱུད་འདི་ཡུལ་བངྒ་ལ་རུ་བརྩམས་འདུག་ཅེས་བཤད་པར་མ་ཟད་གླེགས་བམ་དུའང་བྲིས། འདིའི་སྐོར་ལ་ཚོལ་སྒྲུབ་བྱེད་མཁན་གྱི་ཨ་རིའི་བུད་མེད་ཅིག་ཡོད་པ་དེ་ལ་ཇི་ལྟར་ཤེས་ཐུབ་ཅེས་དྲིས་པའི་ལན་དུ། སྐད་ཀྱི་མིང་ཚིག་མང་པོ་ཡོད་པ་ལས་བྱུང་ཞེས་སྨྲས་སོ། ཇི་ལྟར་ཡིན་རུང་། དོན་དམ་པར་སྣང་ལ་རང་བཞིན་མེད་ཀྱང་། ཐ་སྙད་དུ་སྐྱེ་བོ་རྣམས་ཀྱི་དད་པ་ལ་རག་ལས་པར་མཐོང་ངོ་། །
སྔོན་གྱི་དུས་བྱོན་པ་རྗེ་བཙུན་རེད་བ་དང༌། ད་ལྟའི་དུས་ཀྱི་མཁས་པ་ཚ་བ་མདའ་སྨྱུག་གཉིས་ཆར་ལ། ཧི་མ་ལ་ཡའི་འཕྲུལ་སྨྱུག་ནས་ལན་ཡིད་ཚིམ་པ་ཞིག་བྲིས་ཡོད་པ་ནི། རྩོམ་འདིའི་གསལ་བར་བྱས་འདུག
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི།
སྟོན་པ་གུང་གྲངས་སོ་དྲུག་པའི་ཚེས་བཅོ་ལྔར་གསུངས་ཤིང་། དེ་ཡང་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པ་རེད།
དེ་ཡང་དུས་འཁོར་རྩ་རྒྱུད་དུ།
སྟོན་པས་བྱ་རྒོད་ཕུང་པོ་རིར། །
ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །
ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །
དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་གསལ་པོར་གསུངས་ཡོད།
འཕྲུལ་མྱུག་མ་རེད་མྱོན་ཕྲུག་རེད་ ཐོག་མའི་རྩོམ་ལ་བྲོ་བ་ཡོད་པ་འདྲ་བོ་འདུག་ཀྱང་མར་རྙིང་དུ་འགྲོ་དུས་ཡར་རྒྱས་རྣམ་པ་མེད་པར་གཞན་ཟེར་ཅལ་འདྲོགས་ལྟ་བུས་ཀླད་སྐྱོན་ཤོར་བ་མངོན་
དུས་འཁོར་གྱི་རྒྱུད་ནི། སྟོན་པ་སྐུ་འཚོ་བཞུགས་སྐབས་ཤམ་བྷ་ལར་དར་བ་དང་། ཕྱིས་སུ་རྒྱ་གར་གྱི་མཁས་པ་དུས་ཞབས་པ་ཆེན་པོ་འཇམ་དཔལ་རྡོ་རྗེས་མཐར་ཤམ་བྷ་ལར་བྱོན་ནས་རིགས་ལྡན་དངོས་དང་མཇལ་བ་དེ་བླ་མར་བསྟེན་ནས། དུས་ཀྱི་འཁོར་ལོས་གཙོས་པའི་རྒྱུད་སྡེ་མང་པོ་གསན་པ་དང་། དེ་ཡང་འགའ་ཞིག་ཐུགས་ངོར་བཞེས། འགའ་ཞིག་གླེགས་བམ་དུ་བྲིས་ཏེ་རྒྱ་གར་དུ་གདན་དྲངས་པ་ནི་རྒྱ་གར་དུ་དུས་འཁོར་དར་བའི་མགོ་ཚུགས་པ་ཞིག་རེད།
བོད་དུ་ནི། ཁ་ཆེའི་པན་ཆེན་ཟླ་མགོན་གྱིས་དུས་འཁོར་བསྡུས་རྒྱུད་དང་། འགྲེལ་ཆེན་གཉིས་བསྣམས་ནས་ཐོག་མར་གཙང་ཁ་རག་དང་། དེ་ནས་འཕན་པོ་ཡུལ་དུ་བྱོན་པ་ན། འབྲོ་ལོ་ཙ་པ་ཤེས་རབ་ཀྱིས་ཞུས་ཤིང་། ཁོང་གིས་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུང་བ་སོགས་ལ་གསུངས་པ་སོགས་སོ། །
ནད་པའི་ནད་གཞི་ཇི་ཙམ་སྙིང་པ་ཡིན་པ་དེ་ཙམ་གྱི་སྨན་ཡང་འགོང་ཇེ་ཆེ་དང་སྨན་གྱི་ནུས་པ་ཇེ་ཆེ་དང་ཇེ་ཆེར་བཏོང་བ་མ་ཟད།
ཟེར་ན་།
འཕྲུལ་སྨྱུག་ལགས་དང་ཁ་བརྡའི་འཛིན་སྐྱོང་པ་ལགས།
འཕྲུལ་སྨྱུག་གིས་གཞན་གྱི་ཚིག་དེ་ལ་འདྲེན་རྟགས་མེད་པར། རང་གི་འགལ་ལན་ལ་འདྲེན་རྟགས་བཀོལ་བ་འདི་སུའི་ལུགས་སྲོལ་རེད། སྔོན་མ་ཁ་བརྡའི་ནང་ལ་འདིའི་སྐོར་ལ་རེ་བ་འདོན་མཁན་མི་ཉུང་བ་བྱུང་སོང་རུང་། འཕྲུལ་སྨྱུག་འདི་ལ་ཤོད་བྱེད་ཀྱི་ཁ་ལས་ཉན་བྱེད་ཀྱི་རྣ་མེད་པའི་ཚུལ་གྱིས་གཞན་ལ་མཐོང་ཆུང་ལྟ་བུས་བསམ་འཆར་རྩ་བ་ནས་ཉན་པར་མི་བྱེད།
ཁ་བརྡས་འདི་ལ་སྐད་ཆ་གཅིག་ཤོད་དགོས་ངེས། འདི་འདྲའི་ལུགས་སྲོལ་མེད་པ་དང་རྨོང་གཞི་ཅན་གྱི་རྩོམ་འདི་འདྲ་འབྲི་ཡོང་དུས། རྩོམ་སྒྲིག་པས་ཅི་ཡང་མི་ཤོད་པ་འདི་འགན་འཁུར་རེད་དམ།
ད་དུང་། ཤམ་བྷ་ལྷའི་ཡུལ་མི་བརྙེད་པར་དུས་འཁོར་ཇི་འདྲ་སྒྲུབ་ཀྱི་ཡིན། དུས་འཁོར་འདི་སངས་རྒྱས་ཀྱི་གསུང་ཡིན་ན། སྔོན་ལ་འདི་ཤོད་ཡུལ་གྱི་མི་འདི་དག་གི་ལུང་པ་འདི་མིག་ལ་སྟོན་ཤོག ཤམ་བྷ་ལྷའི་ལུང་པ་མིག་སྟོན་ཡས་མེད་པར་དེའི་རྒྱལ་པོ་ག་པར་ཡོད་དམ།
གསང་སྔགས་འདི་འཁོར་དག་པ་ལ་སྟོན་པ་ཡང་དཀྱིལ་འཁོར་གྱི་གཙོ་བ་ལ་སྐུར་བཞེང་ནས་གསུང་པ་ཞིག་དང། རྗེ་བཙུན་མི་ལ་རས་པ་སོགས་སྐུ་ཚེ་དེ་ལ་གྲུབ་རྟགས་མངོན་དུ་འགྱུར་བ་སོགས་མང་ལ་ སྡུལ་ཅིག་སྟེང་ལ་སྡུལ་རྙེད་སངས་རྒྱསཀྱི་་དག་ཞིང་སོགས་ཕལ་པ་ཧི་མ་ལ་ཡས་བསམ་ཡུལ་ལས་འདས་པ་སོགས་མང་ལ། ད་ལྟ་ཡང་ཉམ་ལེན་པ་འཆི་བའི་ཚེ་འཆི་བ་འོད་གསལ་ལ་མ་བུ་འཕྲད་ནས་ཐུགས་གདམ་བཞུགས་པ་སོགས་མཐོང་ཆོས་ཡིན། དཔྱད་གསུམ་དག་པའི་ལུང་ལ་རྟེན་ནས་ཡིད་ཆས་མེད་ན་སངས་རྒྱས་དངོས་སུ་ཕེབས་ཀྱང་འདུལ་མི་ནུས་སོ། གསང་སྔགས་གསང་ཞེས་བྱ་བ་ནི་། ཆོས་ལ་རྐྱོན་ཡོད་མ་ཡིན་དེ་། བློ་སྦྱོང་ཐེག་པ་དམན་ལ་གསང། ཞེས་པ་ཁྱོད་རང་ལྟ་བུ་ལོས་ཡིན།
ཤམ་བྷ་ལ་ནི་སེམས་ཀྱིས་བཟོས།།
འཛམ་བུའི་གླིང་ན་ག་ལ་ཡོད།།
གསང་སྔགས་ཞེས་པའང་དོན་མེད་རེད།།
སུ་ཡིས་བརྩམས་པའི་ཁུངས་ལུང་མེད།
ངས་མང་པོ་བཤད་ཡིན། འཕྲུལ་སྨྱུག་པས་ཡིག་ཀྱོག་འདི་དག་ཀློག་པ་པོའི་ཆེད་དུ་ཡིན་ན་གུས་ཞབས་དང་བཅས་ཁ་གསལ་འབྲི་དགོས་འདུག དེ་མིན་སྐྱག་པ་གཏོང་མཚམས་ཞོག་ཟེར་ཡིན། ཡིན་ནའང་ཁོས་ངེད་ཅག་གི་ཁ་ལ་ཉན་དགོས་ཅི་ཡོད།
༢༦༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ གི་ཆུ་ཚོད་ ༢ སྐར་མ་ ༤༠
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །
ཀརྡོའི་ལག་པས་ཀ་ཁ་མི་ཕྲིས་ན་ཚ་ཞིག།
ཀརྡོའི་ཁ་ལྕེས་ཀ་ཁ་མི་འཁྱོལ་ན་ཚ་ཞིག།
ཀརྡོའི་ཀླད་པས་ཀ་ཁ་མི་ཤེས་ན་ཚ་ཞིག།
ཀརྡོའི་ལྟ་བས་ཀ་ཁ་མི་སྐྱོབས་ན་ཚ་ཞིག།
ཀརྡོ་ན་ཚ་ཅན་ཀྱི་དམིགས་ཡུལ་འདི།
གངས་ཅན་པ་ལ་མི་ཕོག་འགོག་སྨན་ཞིག།
ད་ལྟ་མྱུར་དུ་དགོས་པའི་ཞུ་སྐུལ་འདི།
ལྷ་སྲུང་དཀར་ཁྱ་སེར་ཁྱས་མྱུར་མཛོད་ཅིག།
མི་ཡི་བདག་པོ་རིགས་ལྡན་པད་མ་དཀར་པོས་བསྡུས་རྒྱུད་ཀྱི་རྒྱས་འགྲེལ་འདི་ཐོག་མར་བྱང་ཕྱོགས་ཀ་ལཱ་པའི་སྐད་དུ་གསུངས་ནས་ཁ་ཆེའི་པཎ་ཊི་ཏ་ཆེན་པོ་སོ་མ་ནཱ་ཐའམ་ ཟླ་བ་མགོན་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་ཤེས་རབ་གྲགས་ཀྱིས་ཐོག་མར་བོད་ སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱིས་དོན་གྱི་ཆ་ལ་དཔྱད་ཅིང་། ལེགས་སྦྱར་གྱི་བརྡ་སྤྲོད་ལ་མཁས་པ་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ། སླར་ཡང་དཔལ་དུས་ཀྱི་འཁོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་ཏྲས་བཀས་བསྐུལ་ནས་པཎ་ཊི་ཏ་སྠི་ར་མ་ཏིའི་(བློ་གྲོས་བརྟན་པ)་ བཀའ་དྲིན་ལས་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་གྲོས་རྒྱལ་མཚན་དང་། བློ་གྲོས་དཔལ་བཟང་པོས་རྒྱ་དཔེ་མང་པོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་ བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་སྟེ་སྔ་ཕྱི་རིམ་པར་ཚར་གསུམ་ལ་བསྒྱུར་འདུག །
ཧ་ཧ། བོད་ཡིག་ ཀློག་དུས་ གཅོད་འཚམས་ ནོར་མཁན་ དེ་ཚོར་ ཕན་ སྲིད་པ་ རེད། གནམ་ལགས།
ཀ་རྡོ་སྐུ་ཞབས་ལགས། བྱས་ཙང་། ངས་ལྷ་སྲུང་དམར་ནག་ལ་འབོད་ཐུབ་མ་སོང་པར། ལྷ་སྲུང་དཀར་ཁྲ་སེར་ཁྲ་ཞིག་མེད་བཞིན་དུ་འབོད་དགོས་ཐུག་པ་རེད། ཡིན་ན་ཡང་།
ཡི་གེ་འབྲི་སྟངས་དེ་དཔེ་མི་སྲིད་པའི་མ་རབས་རེད། ལྐུག་པ་ཚོ་ལྐུག་པའི་ལམ་ལ་ཁྲིད་རྩིས་རང་རེད་འདུག། ང་ཚོས་ང་ཚོ་ལྐུག་པ་ཡིན་པའི་འདུ་ཤེས་དེ་མེད་པར་བཟོ་ཐུབ་ན། དེ་ནས་མྱི་ཡིག་གཉིས་ཀ་ལྷ་ཀླུ་གང་འདྲ་ཞིག་གི་གྲལ་ལ་འཚང་དགོས་ན་ཡང་སྤོབས་འདྲ་ཞིག་ཡོད་པ་རེད། དེ་མིན་བུ་གུ་ཆུང་ཆུང་ཚོས་ཀློག་མི་ཐུབ་ན། བུ་གུ་ཆུང་ཆུང་ལྐུག་པ་དེ་འདྲ་ལས་མཚམས་བཞག་ནས། སྤྱང་པོ་མང་ཞིག་བཏོན་རོགས་གནང་། གོ་སོང་ངམ།
བོད་ཚིག་བར་སྟོང་།
འདི་ སྤྱང་རྟགས་ ཡིན་དང་ ལྐུགས་རྟགས་ ཡིན། །
དེ་ མི་རབ་ རྗེས་མས་ ཞལ་ནས་ འོངས། །
རྗེ་ ཐོན་མི་ ད་ལྟ་ བཞུགས་ཡོད་ ན། །
བུ་ ང་ལ་ འགྲིགས་འདུག་ གསུང་ངེས་ ལགས། །
གནམ་ ཁྱེད་ཀྱི་ ཐུགས་ལ་ དེ་འཇགས་ འཚལ། །
བྱིས་བློ་ཁ་མིག་བཞིན་དུ་དོག་པའི་མིས།། ཟབ་རྒྱས་མདོ་སྔགས་ཆོས་ཚུལ་གཞལ་སྙམ་བྱེད།། ལྷ་མིའི་ཐེག་པའི་གོ་དོན་ཙམ་མ་རྟོགས།། ད་དུང་གསང་སྔགས་རིག་བྱེད་སྒྲུང་འདྲ་ཟེར།། བྱི་བློ་ཡང་བློ་བློ་མིག་ཇེ་དོག་རེད།།
ཚ་བ་མདའ་སྨྱུག་ཟེར་བ་དེ་སྙིང་རྗེའི་ཡུལ་གྱུར་ཞིག་རེད།
རྒྱུ་མཚན་ནི།
སྟོན་པ་བདེ་བར་གཤེགས་པའི་དམ་པའི་ཆོས་ལ་སློབ་སྦྱོང་བྱས་ཁུལ་བྱས། མཐར་དཔེ་ཆའི་ཚིག་ཁོ་ན་ལ་འཆལ་ནས་ནང་ཆོས་ཀྱི་ནང་དོན་ངོ་མ་དེ་སྤུ་ཙམ་ཡང་མ་གོ་ནས་ད་དུང་ཡང་ཚིག་ཁོ་ནའི་ཐོག་ནས་དགག་པ་འདྲ་འབྲི་ཁུལ་བྱས་འདུག་་་་་མཐར་རང་ཉིད་ཀྱི་མི་ཚེ་བཟང་པོ་དེ་ཡང་བརླགས་སོང་བ་ཞིག་རེད་འདུག །
ནང་ཆོས་ཀྱི་རྩ་དོན་ཡག་པོ་གོ་བ་ལོན་མེད་མཁན་དང་་་་་བསོད་ཟད་ཀྱི་མི་རེ་ཟུང་ནི་ཚ་མདས་བྲིས་པའི་བྱིས་པ་མགོ་བསྐོར་བྱེད་ཀྱི་གཏམ་དེ་ཚོ་ལ་བདེན་སྣང་དང་དགའ་སྣང་འདྲ་ཡོང་སྲིད་་་་་་རྒྱུ་མཚན་ནི་དེ་ཚོས་ནང་ཆོས་ལ་སློབ་སྦྱོང་ཚད་ལྡན་བྱས་ཐུབ་མེད་པ་དང་དེ་མེད་ན་སྟོན་པ་བདེ་བར་གཤེགས་པའི་ནང་ཆོས་ཀྱི་དགོས་སོགས་ཆོས་བཞི་དང་དྲང་ངེས་ཀྱི་གོ་དོན་ཡང་དག་གོ་རྟོགས་བྱུང་ཐུབ་མེད་པས་ཡིན།
རྣམ་དཔྱོད་ཡོད་ན་ཚིག་ཁོ་ནར་འཆེལ་མ་འདུག །ནང་ཆོས་ཀྱི་དངོས་དོན་ངོ་མ་དེ་རྗེན་ལ་བུད་ཐུབ་པ་གྱིས། དེ་ལྟར་བྱས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གསུང་དེ་གང་འདྲ་ཡིན་པ་གཞི་ནས་ཧ་གོ་ཐུབ། ཚིག་སྐམ་པོ་སྙན་སྙན་ལེགས་ལེགས་འདྲ་མཐོང་ཚེ་དེའི་རྗེས་ལ་གཡམ་རྒྱུགས་མ་བྱེད། མཐར་རང་ཉིད་ཚེ་འདི་དང་ཕྱི་མ་ཀུན་ཏུ་ཉམས་པའི་རྒྱུ་ལས་མེད།
དཔེར་ན་ཚ་མདའ་བཞིན།
ཆོས་དད་མེད་མཁན་ཅིག་གིས། ཆོས་ཀྱི་སྐོར་ལ་མ་བཤད་ན་མཛེས་སོ།།