ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
༡༽
ཀ་དག་གཞི་དབྱིངས་གཙང་མའི་དར་དཀར་རུ།།
ལྷུན་གྲུབ་འོད་གསལ་ཉི་མའི་དཀྱིལ་འཁོར་བཀྲ།།
ཐབས་ཤེས་ཟུང་འཇུག་དཀར་དམར་དར་བཟང་ལ།།
མདོ་སྔགས་ཐུན་མིན་བརྡ་རྟགས་ཐིག་དཀར་དྲུག།
༢༽
ནང་རྒྱུད་ཡོ་ག་སྡེ་གསུམ་ཐིག་ཤར་དམར།།
ཐེག་དགུའི་རིམ་དང་སོར་བྱང་སྔགས་ཀྱི་བརྡར།།
ཉི་མའི་དཀྱིལ་འཁོར་ཕྱི་ནང་གསང་གསུམ་མཚོན།།
དམ་ཆོས་རྒྱལ་མཚན་ལེགས་ཚོགས་འཛུགས་པར་ལགས།།
༣༽
ཉི་དཀྱིལ་རྡོ་རྗེས་གསུམ་ལྡན་རིག་པ་འཛིན།།
པདྨ་དཀར་པོའི་ཐབས་མཆོག་སྙིང་རྗེ་དང་།།
འདོད་ཡོན་སྐྱོན་གྱིས་མ་གོས་པདྨ་འབྱུང་།།
མཚོ་སྐྱེས་རྒྱལ་བའི་བརྒྱུད་གསུམ་བླ་མ་རྒྱལ།།
ཞེས་པ་འདི་ཡང་ནུབ་ཕྱོགས་ཨ་མེ་རི་ཁའི་རྒྱལ་ཁབ་མ་རས་ལན་ཌའི་མངའ་སྡེའི་ནང་བཞུགས་ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པའི་གཙུག་ལག་ཁང་ནས་ཕྱི་ལོ་༢༠༡༤ཟླ་ ༥ཚེས་༡༤་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ལ་རྟེན་འབྲེལ་ཤིན་ཏུ་ལེགས་པའི་དགེ་མཚན་ཆེ་བའི་བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་གསང་སྔགས་རིག་འཛིན་པ་ཡོངས་ཀྱི་ཆོས་དར་ཅིག་འགྲེམ་སྤེལ་ཞུས་པར་མཇལ་མ་ཐག་ཏུ་རིག་འཛིན་ཨེ་མ་ཧོས་ཡི་རང་བཅས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་སྨྲས་པར་དགེའོ། དགེའོ། དགེའོ།། །།
སྔགས་པ་ཚོས་དར་ཆ་མ་བཟོ། རྒྱ་གར་དང་བོད་གཉིས་གཙོས་པའི་ཡུལ་ལུང་མང་པོར་སྔགས་པ་མང་པོ་བྱོན་འདུག་མོད་དར་ཆ་འདྲ་འཕྱར་རྒྱུ་ཡོད་ཚུལ་མི་འདུག དམག་འདྲ་རྒྱག་ཏུ་འགྲོ་དགོས་ན་དར་ཆ་མ་འཕྱར་ན་དགྲ་ཕྱོགས་དང་རང་ཕྱོགས་སུ་ཡིན་ནོར་བའི་ཉེན་ཁ་ཡོད་སྟབས་དར་ཆ་བཟོས་པ་རེད། མ་གཞི་སྔོན་དུས་སུ་སྔགས་པ་ཚོ་དམག་ལ་འགྲོ་སྲོལ་ཡོད་པས་ད་ཡང་དམག་གི་གྲབས་བཤོམ་ཆེན་པོ་ཞིག་འདྲ་བྱེད་ཀྱིན་ཡོད་ན་ནི་དར་ཆ་མི་བཟོ་རང་བཟོ་རེད། བཀའ་ཐང་སྡེ་ལྔར་ཡང་། མུ་ཏིག་བཙན་པོས་བྱང་ལ་དམག་དྲངས་ཚུལ་བཤད་པའི་སྐབས་སུ། མདུན་གྱི་བཤུལ་སེལ་གྱད་མི་རྟ་ཞོན་བརྒྱ།།གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ།།གཡོན་གྱི་རུ་འདྲེན་སྔགས་མཁན་ཕུར་ཐོགས་བརྒྱ།།སླད་ཀྱི་རྗེས་ཉུལ་ཞུབ་ཆེན་མདུང་ཐོགས་བརྒྱ།།སོགས་གསུངས་པ་ལས་ཀྱང་སྔགས་པ་དམག་ལ་འགྲོ་སྲོལ་ཡོད་པ་འདྲ་བས་དེ་དུས་ཀྱི་སྔགས་པའི་དམག་དར་དེ་འདི་འདྲ་ཞིག་ཡིན་ནམ།
སྤོབས་མཐའ་འདི་མཐོང་རྒྱ་ཆེ།
༄།། སྔགས་པ་ཡག་པོ་རེད། ས྄་སྐྱ་གོང་མ་དང། བསོད་རྒྱལ་སོགས་སྔགས་པ་མང། ཡིན་ན་ཡང་སྔགས་ལ་རྙེད་བཏག་ཏེ་གཞོན་ནུ་མར་ཅི་འདོད་སྤྱོད་པ་དང། བོད་རྒྱུད་ནང་བསྟན་ཆགས་སྤྱོད་ལྟ་བུར་བསྟན་ན་། རྒྱལ་བའི་དགོང་པ་དྲི་མ་ཅན་དང་ སངས་རྒྱས་ཀྱི་བསྟན་་ཉམས་པའི་སྔ་བལྟས་སོ། ངན་རྟོག་རྣམས་ཀྱིས་བསྟན་དཀྲུག་པར་འགྱུར་བའོ། འོ་སྔགས་པ་དམག་ལ་ཕྱིན་ནས་རྒྱ་རོ་བོད་ནས་མཐའ་སྐྲོལ་གཏང་ན་། དངོས་གནས་སྔགས་པ་མཐུ་ལྡན་པའོ།
གནའ་སྔ་མོའི་ནང་པ་སངས་རྒྱས་པའི་སྔགས་པ་གོང་མ་ཚོའི་གསུང་ལས། ཆགས་པས་སྦྱོར་བ་སྦྱོར་བ་མིན།།ཆགས་པ་མེད་ན་སྦྱོར་བ་ཆེ།།ཁྲོ་བས་བསྒྲལ་བ་བ་སྒྲོལ་བ་མིན།།ཁྲོ་བ་སྤངས་ན་སྒྲོལ་བ་ཆེ།།ཟེར་སྲོལ་འདུག དེང་དུས་སུ་རེབ་ཀོང་གི་ཆང་སྔགས་དང་མགོ་ལོག་གི་རྒྱོ་སྔགས་དེ་ཚོ་འདྲ་ཞིག་ག་ལ་ཡིན།
གཞན་དང་མ་འདྲ་བ་འདི་སྔགས་པའི་ཁྱད་ཆོས་ཡིན་ལ་སྔགས་པའི་གསོན་ཤུགས་ཀྱང་ཡིན། སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་འདི་ལ་ཚད་ཞིག་མེད། མ་འོངས་རྡུལ་ཕྲན་དམག་གི་སྐབས་སུའང་ཕུར་ཐོགས་རྐང་གདུང་ཐོགས་ནས་འགྲོ་རྐྱང་རེད།
བོད་ལ་སྔགས་པ་ཟེར་བའི་སྡེ་འདིའདི་དོད་ཐུབ་ལྟ་བུ་དེ་ནང་ཆོས་བོད་དུ་མ་དར་གོང་ལ་ཨ་མྱེ་ཞེས་འབོད་པའི་མི་དེ་ཚོ་ཡིན་པ་འདྲ། ཨ་མྱེ་ཞེས་པ་དེ་ཚོ་ནི་སྲོལ་རྒྱུན་གྱི་བཅའ་བ་རིམ་གྲོ་བྱེད་མཁན་གྱི་མི་སྣ་དེ་རིགས་ཡིན་པར་ངེས། མི་དེ་ཚོས་བོད་སྤྱི་ཚོགས་ནང་དུ་གསོན་པོའི་རིམ་གྲོ། གཤིན་པོའི་འདས་ཆོག ཆར་བ་འབེབས་གཅོད། སེར་བ་འགོག་པ། སྐར་རྩིས་ལྟས་བརྟགས། གཉེན་སྟོན་ཆོ་ག་སོགས་ཆེ་ས་ནས་སྲིད་གཞུང་གི་བྱེད་སྒོ་དང་ཆུང་ས་ནས་ཁྱིམ་ཚང་གི་འདུག་ཆུས་ཚུད་པའི་ལས་ཀ་གལ་ཆེན་མང་པོ་བྱེད་ཀྱིན་ཡོད་འདུག བཙན་པོའི་སྐབས་སུ་དམག་འདྲེན་དུས་སུ་རུ་འདྲེན་སྡེ་བཞི་བྱ་བའི་ནང་གི་རུ་འདྲེན་མཁན་སྡེ་གཅིག་དེ་སྔགས་མཁན་དེ་ཚོ་ཡིན་འདུག རྗེས་སུ་སངས་རྒྱས་ཆོས་ལུགས་དར་རྗེས་སུ་མན་ཏྲ་ཞེས་པའི་རྒྱ་གར་སྐད་དོད་ལས་དོན་བསྒྱུར་གྱིས་སྔགས་པ་ཞེས་སུ་མིང་འགྱུར་འདུག དེ་ནས་ཁོང་ཚོའི་ལས་ཀ་དང་འཚོ་ཐབས་ཀྱང་ཁ་ཕྱོགས་གཞན་ཞིག་ལ་འགྱུར་མགོ་ཚུགས་འདུག དཔེར་ན། ནང་པ་སངས་རྒྱས་པའི་འཚེ་བའི་མེད་པའི་ཉམས་ལེན་ལ་བརྟེན་ནས་སྔགས་མཁན་དམག་ལ་འགྲོ་སྲོལ་རིམ་གྱིས་ནུབ་པ་ལྟ་བུ་རེད།
་་་་་ མི་དེ་ཚོས་བོད་སྤྱི་ཚོགས་ནང་དུ་གསོན་པོའི་རིམ་གྲོ། གཤིན་པོའི་འདས་ཆོག ཆར་བ་འབེབས་གཅོད། སེར་བ་འགོག་པ། སྐར་རྩིས་ལྟས་བརྟགས། གཉེན་སྟོན་ཆོ་ག་སོགས་ཆེ་ས་ནས་སྲིད་གཞུང་གི་བྱེད་སྒོ་དང་ཆུང་ས་ནས་ཁྱིམ་ཚང་གི་འདུག་ཆུས་ཚུད་པའི་ལས་ཀ་གལ་ཆེན་མང་པོ་བྱེད་ཀྱིན་ཡོད་འདུག བཙན་པོའི་སྐབས་སུ་དམག་འདྲེན་དུས་སུ་རུ་འདྲེན་སྡེ་བཞི་བྱ་བའི་ནང་གི་རུ་འདྲེན་མཁན་སྡེ་གཅིག་དེ་སྔགས་མཁན་དེ་ཚོ་ཡིན་འདུག ་་་་་་་
་་་་་ རྗེས་སུ་སངས་རྒྱས་ཆོས་ལུགས་དར་རྗེས་སུ་མན་ཏྲ་ཞེས་པའི་རྒྱ་གར་སྐད་དོད་ལས་དོན་བསྒྱུར་གྱིས་སྔགས་པ་ཞེས་སུ་མིང་འགྱུར་འདུག ་་་་་་
རྒྱ་གར་ནང་པའི་གསང་རིག་སྔསག་འཆང་བ་དེ་ཚོ་ནི། ཧིན་རྡུའི་ས་དྷུ་བྷ་བྷ་དང་ཆས་གོས་འདྲ་ཆེ་ལ། བོད་ཀྱི་ནང་པའི་སྔགས་འཆང་རྣམས། བོན་གྱི་གཤེན་པོ་དང་ཆས་འདྲ་བར་གྱུར་པ་ཙམ་ནས། དོན་ལ་དད་པ་བྱ་ཡུལ་ས་དང་གནམ་གྱི་ཁྱད་པར་ཡོད་དགོས་པ་དེ་ཡང་ཤེས་སོ།།
ཀ་རྡོ་ལགས། རྒྱ་གར་གྱི་ས་དྷུ་དེ་ཚོ་སྔགས་པ་རེད། ས་དྷུ་བྷ་བྱ་དེ་ཚོའི་ནང་ན་ཡང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་པས་རིགས་གཅིག་དེ་ནང་པ་སངས་རྒྱས་པའི་སྔགས་འཆངས་དེ་ཚོ་རེད། སྔགས་འཆངས་ཟེར་བ་དེ་ཆ་ལུགས་མ་ངེས་པ་དང་སྤྱོད་ལམ་མ་ངེས་པ་ཡིན་སྟབས་དར་ཆ་གཅིག་གི་འོག་ཏུ་འཇུག་དགོས་ཟེར་བ་དེ་ཡག་རྟགས་ཤིག་མ་རེད། སྔགས་ཀྱི་ཁྱད་ཆོས་ཡོད་ན་མེད་ན་གཅིག་དེ་ཐབས་མང་བ་དང་། མང་བ་ཙམ་དུ་མ་ཟད་ཐབས་ཀྱི་རྣམ་གྲངས་ལ་ཚད་བཟུང་མེད་པ་དེ་རེད། ཁོ་རང་ཚོའི་ལྟ་གྲུབ་ལྟར་ན། སེམས་ཅན་གྱི་ཁམས་དང་དབང་པོའི་ཁྱད་པར་ལ་ཚད་བཟུང་མེད་པས་ལྷ་དང་སྔགས་ཀྱི་རྣམ་གྲངས་ལ་ཚད་བཟུང་མེད་ཚུལ་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་གསང་སྙིང་འགྲེལ་པ་ཕྱོགས་བཅུའི་མུན་སེལ་ན་གསུངས་འདུག ལྷ་དང་སྔགས་ཀྱི་རྣམ་གྲངས་ལ་ཚད་བཟུང་མེད་སྟབས་དེ་ཉམས་སུ་ལེན་མཁན་གྱི་སྔགས་པའི་སྤྱོད་ལམ་ལ་ཡང་ཚད་བཟུང་མེད་པ་ཞིག་ཡིན་པར་འདོད། ཚད་བཀག་མེད་པའི་ཆ་ནས་ཐབས་མང་བ་དང་ཐབས་མང་བ་དེས་གྲུབ་འབྲས་ཐོབ་པ་ལ་དཀའ་ངལ་ཉུང་དུ་འགྲོ་བ་ཡིན་པར་འདོད། མདོར་ན་ངའི་རེ་བ་ལ་སྔགས་པའི་དར་ཆ་ཟེར་བ་འདི་འགྲེམ་སྤེལ་མ་བྱེད་རོགས་ཞེས་ཞུ་བ་དེ་ཡིན།
ཆོས་དར་དེ་ལ་ཡི་རང་དང་བསྔགས་བརྗོད་ཡོད། དར་ཐང་རིན་པོ་ཆེ་འདི་ངོ་མ་བསྟན་པ་ལ་མཛད་རྒྱས་ཅན་རེད། ད་ཐེངས་དར་ཆ་དེ་ཧ་ལས་པ་རེད་བཞག ས་གོང་དང་བསོ་རྒྱལ་ནམ་ནོར་སོགས་རྒྱོ་རྒྱག་པ་སོ་སོའི་དཀོར་ཁུག་ལས་སྔགས་པ་དང་སྤྱི་ལ་རྒྱལ་དར་ཙམ་ཡང་སེམས་ཁུར་མེད་པ་ཐ་ཅད་རེད། དེང་དུས་རབས་གསར་བ་ལ་ངེས་པར་ཆོས་དར་དགོས་ས་རེད། འབྲེལ་བཤད་དགོས་ས་རེད། དགེ་སློང་སེར་པོ་ཚོ་ལ་དཔེ་བཤུས་དག་དག་བྱས་པས་རང་ཆོས་ཉམས་པའི་རྟགས་ཤིག་རེད་དྲན་ནོ། སྤོབས་པ་མཐའ་ཡས་ཀྱིས་ཚིག་སྔ་ཕྱི་འགལ་བ་ཆེན་པོ་བྱུང་སོང་། སྔོན་ཞིག་ལ་མཆོག་གིས་གོས་དཀར་ལྕང་ལོ་ཅན་ནས་འབྱུང་འགྱུར་དེའི་བསྟན་པར་འགྱུར་གསུངས་པའི་སྔ་རྩོམ་ལ་ཐལ་བ་འདེབས་པ་མ་ཡིན་ནམ།
གང་ལྟར་སྔགས་པ་བཟང་པོ་རྣམས་བཟང་པོ་རེད་ལ། སྡུག་པོ་རྣམས་སྡུག་པོ་རེད། དགེ་སློང་ཡང་དེ་བཞིན་རེད། དེ་མིན་སྔགས་པ་ཡིན་ན་སྡུག་པོ་དང་། དགེ་སློང་ཡིན་ན་བཟང་པོ་ཡིན་པར་བཤད་མཁན་དག་ནི་བློ་གཟུ་བོར་མི་གནས་པ་དག་རེད།
ཨེ་མ་ཧོ་ཟེར་བའི་རྒྱོ་རྒན་འདིས་དུས་ཚོད་འཁྱོལ་གྱི་མེད་པ་འདྲ ། ཁ་བརྡ་དྲ་བར་ག་དུས་ཡིན་ཡང་འདི་འདྲའི་སྨྱོ་བཤད་ལྟ་བའི་སྐད་ཆ་འདི་དག་བླུགས་ཡོང་། ཁ་བརྡ་འདི་གད་སྙིག་སྣོད་མ་ཡིན་པ་ཤེས་པར་བྱོས།
༄༅། །སྔགས་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལ་བསྔགས་པའི་གཏམ་སྤྲིན་གྱི་རོལ་མོ།
གསེར་ཆོས་ནས།
ཨོཾ་བདེ་ལེགས་སུ་གྱུར་ཅིག
༡༽ རྒྱལ་ཀུན་གསུང་གི་རྣམ་པར་སྤྲུལ་པ་འོད་མཐའ་ཡས་པའི་ཐུགས་ཀ་ནས། །
ཧྲཱི་ཡིག་དམར་པོ་དྭངས་མའི་མཚོ་ལ་འཕོས་པའི་མཚན་དཔེའི་ལང་ཚོ་ཅན། །
མཐུ་སྟོབས་ནུས་པས་འཇིགས་རྟེན་འདི་རུ་ཐུབ་པའི་བསྟན་པ་གསལ་བར་བྱས། །
ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་གཅིག་མཚོ་སྐྱེས་རྡོ་རྗེས་རྟག་སྐྱོངས་ཤིག །
༢༽ དེ་རིང་ངས་ནི་ཕ་མེས་བཟང་པོའི་ཆོས་ལུགས་ཤིག་གི་འཕེལ་འགྲིབ་བསམ། །
དེ་རིང་འདི་ན་གངས་ཅན་བོད་པའི་མི་རིགས་ཤིག་གི་ལས་དབང་བསམ། །
དེ་རིང་འདི་ཕྱི་གཉིས་གར་ཕན་པའི་དམ་པའི་ལྷ་ཆོས་སྐྱོབ་ཐབས་བསམ། །
དེ་རིང་ཉེན་ཁ་ཤིན་ཏུ་ཆེ་བའི་བོད་ཀྱི་མི་རིགས་སྤེལ་ཐབས་བསམ། །
༣༽ དེ་ཕྱིར་སྔོན་བྱོན་དམ་པའི་གསུང་དང་འགལ་བ་མེད་པའི་ལམ་ལུགས་གཅིག །
གངས་ཅན་བོད་པའི་མི་རིགས་ཆེན་མོ་གྲངས་མེད་འཕེལ་བའི་ཐབས་ལམ་གཉིས། །
འཛམ་གླིང་ཤར་ནུབ་མི་ཡི་སེམས་ལ་ཤིན་ཏུ་འགྲིག་པའི་ཆོས་ལུགས་གསུམ། །
དུས་དང་མཐུན་པའི་ཆོས་ལུགས་འདི་ནི་གོས་དཀར་ལྕང་ལོ་ཅན་ལ་ཡོད། །
༤༽ སྟོན་པ་ཤཱཀྱའི་འཁོར་གྱི་ནང་ན་རབ་བྱུང་ལས་ཀྱང་ཁྱིམ་པ་མང་། །
སོ་སོར་ཐར་པའི་སྡོམ་པའི་རྟེན་ལ་གླིང་གསུམ་སྐྱེས་པ་བུད་མེད་དགོས། །
སྟོན་པའི་འཁོར་ན་ལྷ་དང་ལྷ་མིན་མི་མ་ཡིན་པ་ཤིན་ཏུ་མང་། །
སྤྱན་གཟིགས་ཕྱག་རྡོར་འཇམ་པའི་དབྱངས་སོགས་ལྕང་ལོ་རལ་བས་སྐུ་རྒྱབ་ཁེབ། །
༥༽ སྔོན་དུས་རྒྱ་གར་འཕགས་པའི་ཡུལ་ན་གྲུབ་ཆེན་བརྒྱད་ཅུ་ལ་སོགས་དང་། །
བོད་འདིར་རྙིང་མའི་རྗེང་འབངས་ཕལ་ཆེར་གཏེར་ཆེན་བརྒྱད་རྩའི་མང་ཆེ་བ། །
གཞང་ཡང་སོ་ཟུར་གནུགས་གསུམ་བརྒྱུད་འཛིན་སྔགས་རིག་འཛིན་པའི་གྲུབ་ཆེན་མང་། །
ད་ལྟའི་བར་དུ་སྲོལ་བཟང་འདི་ཉིད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། །
༦༽ འཁོན་རིགས་ས་སྐྱའི་དཀར་པོ་རྣམ་གསུམ་མར་པ་མི་ལ་འབྲོམ་སྟོན་གཙོས། །
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་དག་གི་མེས་པོའི་ཆོས་ལུགས་འདི་ཉིད་ཡིན། །
ཁྱིམ་ན་གནས་ཀྱང་ཐར་པ་ཡོད་པ་བདེ་བར་གཤེགས་པས་ཡང་ཡང་གསུངས། །
ཁྱིམ་པའི་རྟེན་ལ་སངས་རྒྱས་ཐོབ་པ་འཛམ་གླིང་མི་ཡི་རྟེན་ལ་མང་། །
༧༽ ཐེག་ཆེན་ལུགས་ཀྱིས་ཚུལ་ཁྲིགས་སྲུང་ལ་བུད་མེད་སྤོང་དགོས་ངེས་པ་མེད། །
མདོ་སྡེ་ས་བཅུ་པ་ལས་བཤད་པའི་ས་གསུམ་ལ་གནས་བྱང་སེམས་ལ། །
རང་གི་ཆུང་མས་ཆོག་ཤེས་ཡོད་ཚུལ་གསུང་པའི་ལུང་འདིས་ཚུལ་ཁྲིམས་ཀྱི། །
ཕར་ཕྱིན་ལྷག་པའི་བྱང་སེམས་ལ་ཡང་བུད་མེད་ཡོད་ན་གཞན་ལྟ་ཅི། །
༨༽ དེ་ཕྱིར་སྟོན་པས་བུད་མེད་བསྔགས་པ་ཡང་ཡང་གསུངས་ཏེ་མདོ་སྡེ་ལས། །
བྱང་ཆེན་རྣམས་ནི་རང་གི་ལུས་པོ་བུད་མེད་ཉིད་དུ་སྤྲུལ་བྱས་ནས། །
ཕྱོགས་བཅུའི་རྒྱལ་ལ་མཆོད་པ་འབུལ་ཞེས་ལུང་ལས་གསལ་བས་སངས་རྒྱས་ཀྱང་། །
མཆོད་པ་བྱེད་ལ་བུད་མེད་དགོས་ན་བུད་མེད་སྐྱོན་དུ་ཅིའི་ཕྱིར་བལྟ། །
༩༽ རབ་བྱུང་གཙང་མ་ཚུལ་མཐུན་བྱུང་ན་བསྟན་པ་མཛེས་པའི་རྒྱན་ཡིན་མོད། །
འདུལ་བ་ལུང་ལས་བཤད་པའི་རབ་བྱུང་དེང་སང་ཡོད་མེད་ཐེ་ཚོམ་ཡིན། །
རང་གི་རྩ་བཞིའི་སྲུང་མཚམས་ཙམ་ཡང་མི་ཤེས་བཞིན་དུ་གཞན་དག་ལ། །
བུད་མེད་ཡོད་ཅེས་སྐྱོན་བརྗོད་བྱེད་པའི་གྲྭ་བཙུན་དེ་ལས་སྔགས་པ་བཟང་། །
༡༠༽ བོད་ཀྱི་བུད་མེད་མཁས་གྲུབ་གཉིས་ལྡན་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས། །
པད་མའི་ཟབ་ཆོས་མཐའ་དག་བསྡུས་ཤིང་མི་བརྗེད་བཟུངས་ཀྱིས་ཡིག་གེར་བཀོད། །
རི་བྲག་མཚོ་ལ་གཏེར་དུ་སྦས་པའི་ལོ་རྒྱུས་རི་མོ་འབུར་དོད་ཡིན། །
རང་རེའི་བསྟན་པར་བཀའ་དྲིན་ཆེ་ཞིང་བསྟན་པའི་བདག་པོ་བུད་མེད་ཡིན། །
༡༡༽ བུད་མེད་ཅན་ལ་སྐྱོན་དུ་བལྟ་བ་ཐོས་པ་ཆུང་བའི་རང་རྟགས་ཡིན། །
ཤེས་རབ་རང་བཞིན་བུད་མེད་ལ་སྨོད་རྡོ་རྗེ་ཐེག་པའི་རྩ་ལྟུང་ཡིན། །
གསང་བ་སྔགས་ཀྱི་ལམ་ལ་ཞུགས་ན་བུད་མེད་ཐབས་ཀྱི་གྲོགས་མཆོག་ཡིན། །
བོད་ཀྱི་འདུལ་འཛིན་ཙོང་ཁ་པས་ཀྱང་བར་དོའི་སྐབས་སུ་ཕྱག་རྒྱ་བསྟེན། །
༡༢༽ དེ་ཕྱིར་སྔགས་པ་བུད་མེེད་ཅན་ལ་སྨོད་པར་མ་བྱེད་ལམ་ལུགས་འདིས། །
བོད་ཀྱི་ཆོས་དང་རིག་གཞུང་འཛིན་ཅིང་མི་ཡི་རིགས་བརྒྱུད་སྤེལ་བར་བྱེད། །
དམ་ཆོས་ཚུལ་བཞིན་ཉམས་སུ་བླང་ནས་སྔགས་པ་ཕལ་ཆེར་གྲུབ་པ་ཐོབ། །
ཆོས་དང་མི་མཐུན་རབ་བྱུང་གཟུགས་ཅན་ངན་སོང་དག་དུ་སྐྱེས་པ་མང་། །
༡༣༽ ལུགས་གཉིས་ཀུན་ལ་མཁྱེན་རྒྱ་ཡངས་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིས། །
རབ་བྱུང་ཕོ་མོ་ཤིན་ཏུ་མང་ན་མི་རིགས་འཕེལ་ལ་གནོད་ཚུལ་དང་། །
བོད་ནི་གྲངས་ཉུང་མི་རིགས་ཡིན་པས་ཉེན་ཁ་ཆེ་བའི་བཀའ་སློབ་ཕེབས། །
དེས་ན་མི་རིགས་ཆོས་ལུགས་གཉིས་ཀ་འཛིན་པའི་ཐབས་ལ་སྔགས་པ་བཟང་། །
༡༤༽ སྟོན་པ་ཐམས་ཅད་མཁྱེན་པ་ཡིན་པས་བུད་མེད་ཡོད་བཞིན་སངས་རྒྱས་པའི། །
ཐབས་ལམ་འདི་ནི་ཅིའི་ཕྱིར་མི་མཁྱེན་ཆོས་ལུགས་གཞན་པ་དག་གིས་ཀྱང་། །
ཆོས་བརྒྱུད་རིགས་བརྒྱུད་གཉིས་ཀ་སྤེལ་ནས་འཛམ་གླིང་ཁ་ལོ་བསྒྱུར་ལ་ལྟོས། །
རང་རེའི་རིགས་ཆོས་འཛིན་འདོད་ཡོད་ན་ཁོས་བོའི་གཏམ་འདིར་རིན་ཐང་ཡོད། །
༡༥༽ ངས་ནི་རབ་བྱུང་མི་དགོས་པ་དང་མི་དགར་བལྟ་བ་མ་ཡིན་མོད། །
དེང་སང་དུས་ཀྱི་བོད་བཙུན་རྣམས་ལ་མོ་སྡོམ་སྲུང་བའི་དཀའ་ངལ་འཕྲད། །
ད་ལྟའི་མི་རབས་གཉིས་ཀྱི་རྗེས་ལ་གྲྭ་བཙུན་ཕལ་ཆེར་རྫོགས་པའི་ཚུལ། །
རྒྱལ་བས་གཟིགས་རྒྱང་རིང་བའི་བཀའ་སློབ་ཀརྨ་པ་ལ་གསུངས་པར་ཐོས། །
༡༦༽ སྔ་རབས་མེས་པོའི་སྲོལ་རྒྱུན་བཟང་པོ་སྔགས་པ་གོས་དཀར་ལྕང་ལོ་ཅན། །
ཕོ་མོ་གཉིས་ཀ་དབྱེ་འབྱེད་མེད་པར་ལུགས་གཉིས་སྐྱོང་བའི་ཐབས་ཤེས་ཅན། །
དེང་སང་དུས་ཀྱི་འཛམ་གླིང་ཤར་ནུབ་ཀུན་ལ་མཐུན་པའི་གུ་ཡངས་ཅན། །
འོས་པའི་ལས་ལ་བཀག་རྒྱ་མེད་པ་འགྲོ་བ་མི་ཡི་ལུགས་སྲོལ་ཅན། །
༡༧༽ བཙན་པོ་དར་མས་བསྟན་བ་སྣུབ་དུས་གནུབས་ཆེན་སྔགས་པའི་ནུས་མཐུ་ལ། །
རྒྱལ་པོས་བསྔགས་ཏེ་དཀོན་མཆོག་སྔགས་པར་མནོད་མི་བྱེད་པའི་དམ་བཅའ་ཕུལ། །
རྒྱུ་མཚན་དེ་ལས་བོད་འདིར་བཀའ་བསྟན་ཁྲིད་ལུང་བརྒྱུད་པ་མ་ཉམས་ཚུལ། །
མཁས་པ་ཕུལ་བྱུང་འགོས་ལོ་གཞོན་ནུའི་དེབ་ཐེར་སྔོན་པོར་གསལ་བ་ཡིན། །
༡༨༽ ཁ་ཆེ་དམག་གིས་རྒྱ་གར་ནང་པའི་བསྟན་པ་ཉམས་ཉེས་བཏང་མོད་ཀྱང་། །
ཧིན་དྷུའི་སྔགས་པས་རང་གི་ཆོས་ལུགས་བརྒྱུད་པ་ད་དུང་འཛིན་ལ་ལྟོས། །
རྒྱ་དམར་དམག་གིས་བོད་ཁམས་འཇོམས་ཚེ་སྔགས་པ་ཆོས་ཀྱི་བློས་གྲོས་ཀྱི། །
ལུང་བསྟན་ཇི་བཞིན་སྒྲུབ་མ་ཐུབ་ཅེས་རྒྱལ་བས་ཐུགས་ཕམ་ཡང་ཡང་གནང། །
༡༩༽ གཏེར་སྟོན་འགའ་ཞིག་ཚང་སྤྱོད་བྱས་པས་རྟེན་འབྲེལ་གཞན་དབང་གྱུར་བ་དང་། །
ཟབ་གཏེར་མ་ཐོན་བོད་ཁམས་སྤྱི་ལ་ཕན་ཐབས་ཕྱི་གཤོལ་ཤོར་བ་སོགས། །
ལོ་རྒྱུས་ཁུངས་ལྡན་དུ་མར་གསལ་ཞིང་གོང་ས་ལྔ་པ་ཆེན་པོ་ཡིས། །
སྔགས་པས་བོད་ཁམས་བསྐྱབས་པའི་དྲིན་ལ་བསྔགས་པའི་མེ་ཏོག་ཡང་ཡང་གཏོར། །
༢༠༽ ལུགས་བཟང་འདི་ཀོ་རྒྱུན་སྐྱོང་བྱེད་པར་བོད་པའི་མི་ལ་འོས་འགན་ཡོད། །
གཞོན་སྐྱེས་དག་གིས་སྔགས་རྒན་ཡིན་ཞེས་བརྙས་བཅོས་ཚིག་མདའ་མ་འཕེན་རོགས། །
བོད་མོ་རྣམས་ཀྱིས་སྔགས་པ་མཐོང་ཚེ་དགའ་བའི་འཛུམ་གྱིས་ཞལ་བཟང་སྟོན།།
གྲྭ་བཙུན་རྣམ་པས་སྔགས་པ་མཐོང་ཚེ་སྟོན་པ་གཅིག་གི་རྗེས་འཇུག་སོམས། །
༢༡༽ དེ་ལྟར་དཔྱོད་ལྡན་མགུ་བའི་གཏམ་འདི་དྲྭ་གྲོགས་རྣམ་པར་ལེགས་སྐྱེས་ཡིན། །
ལུགས་ཟུང་མདུན་ལམ་འདི་ལ་ཡོད་མེད་བློ་གསལ་ཚོགས་ལ་དཔྱད་གཞི་ཡིན། །
མཁས་གྲུབ་དུ་མས་གསུང་གིས་བསྐྱངས་བའི་སྤྲང་པོ་བདག་གི་ཚོར་སྣང་ཡིན། །
སྒང་དྲུག་རི་བོའི་གཞུང་ནས་འཁྱམས་ཤིང་རྒྱལ་ཁམས་བསྐོར་བའི་བལྟ་ཚུལ་ཡིན། །
ཞེས་པ་འདི་བཞིན་སྤྱི་ནོར་༸ གོང་ས་༸ སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ལ་དྭགས་སུ་བསྩལ་བའི་བཀའ་སློབ་འདི་མཐོང་རྐྱེན་བྱས་ཏེ་བྲིས་པ་དགེའོ། ། གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ་ལས།
༼སྔར་མཁན་སློབ་ཆོས་གསུམ་གདན་འཛོམ་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ནས་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད། ༽ ཅེས་གསུངས། བཀའ་སློབ་འདི་དུས་བབ་དྲྭ་རྒྱ་ལས་བཤུས། རབ་བྱུང་རྣམས་ལ་དམག་ལ་འགྲོ་མི་དགོས་ན་ཆོས་དར་ཡོད་ཆོག་ན་སྔགས་པ་ལ་ཆོས་དར་ཡོད་ན་དམག་འཐབ་དགོས་པར་རྒྱུ་མཚན་ཅི་ཡང་མེད་དོ། དགེ་ལུགས་ས་སྐྱ་འབྲི་གུང་གི་སྐབས་སུ་གྲྭ་དམག་གི་དམག་འཁྲུག་ལ་དམག་དར་ཟེར་དེ་བས་མེད་དོ། དེས་ན་སྤོབས་པས་དུས་འཁོར་སོགས་གསང་སྔགས་མེད་པར་འདོད་མཁན་ཞིག་གིས་སྔགས་དར་ལ་དགོས་མི་དགོས་ཀྱི་ཐོབ་ཐང་གང་ཡང་མེད་དོ།།ཞེས་ཞུ་ཡ་དེ་ཡིན་ནོ།
# 10 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
May 20th, 2014 at 2:18 AM
ཀ་རྡོ་ལགས། རྒྱ་གར་གྱི་ས་དྷུ་དེ་ཚོ་སྔགས་པ་རེད། ས་དྷུ་བྷ་བྱ་དེ་ཚོའི་ནང་ན་ཡང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་པས་རིགས་གཅིག་དེ་ནང་པ་སངས་རྒྱས་པའི་སྔགས་འཆངས་དེ་ཚོ་རེད། ་་་་་་་ ཟེར་བ།
དེ་འདྲ་རང་ཡིན་བཟོ་མིན་འདུག རྒྱ་གར་ནང་ཕྱི་ནང་མཐུན་མོང་ལྷ་གཅིག་ཡོད་པ་དེ་ནི། ནང་པའི་ཞལ་གཅིག་ཕྱག་གཉིས་ཅན་གྱི་ལྷ་མོ་དབྱངས་ཅན་མ་དང་། ཕྱི་རོལ་པས་ས་ར་ཝྭ་ཏིའམ་དབྱངས་ཅན་ལྷ་མོ་ཕྱག་བཞི་པ་འདི་ལས་གཞན་གང་ཡང་མཐོང་དུ་མི་འདུག སྤོབས་མཐའ་ཁྱོད་མཐོང་རྒྱ་ཆེ་བ་གཅིག་ལ་ནང་པའི་གསང་སྔགས་དང་ཕྱི་རོལ་པའི་གསང་སྔགས་དང་། ལྷའི་ཁྱད་པར་ཙམ་མི་ཤེས་འདི་ཅི་བྱས་པ་ཡིན་ནམ། ལགས།
སྔོན་མ་ཉིས་སྟོང་བརྒྱད་ལོར་སྤོབས་མཐའ་ཁྱོད་ཀྱིས་བྲིས་པ་ཞིག་འདིར་འགོད་ན་་་
བོད་དུ་དར་བའི་ཐོག་མ་དང་ཐ་མའི་ཆོས་རྒྱུད།
སྤོབས་པ་མཐའ་ཡས།
༡ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཕྲེང་བ།
བོད་དུ་དར་བའི་སངས་རྒྱས་པའི་ཆོས་རྒྱུད་ཀྱི་ཕྱི་མོའམ་སྔ་ཤོས་ལ་སྔ་འགྱུར་རྙིང་མ་པ་ཞེས་འབོད་ཅིང་དེ་ནི་སྤྱི་ལོ་དུས་རབས་བདུན་པ་ཙམ་ནས་བོད་དུ་ཐོག་མར་སྤེལ་མགོ་ཚུགས། རྙིང་མ་པའི་དགེ་འདུན་གྱི་སྡེ་ཐོག་མར་དར་སྐབས་ནས་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་རབ་བྱུང་ངུར་སྨྲིག་གི་སྡེ་དང་སྔགས་པ་གོས་དཀར་ཅན་གྱི་སྡེ་ཞེས་དགེ་འདུན་སྡེ་གཉིས་ཡོད་ཅིང༌། དེའི་རབ་བྱུང་ངུར་སྨྲིག་གི་སྡེ་ནི་ཕྱི་ནང་གི་རྐྱེན་ཀྱིས་དར་རྒུད་མང་དུ་བྱུང་མྱོང་ཡོད་ཀྱང་སྔགས་པ་གོས་དཀར་ཅན་ཀྱི་སྡེ་ནི་ཐོག་མ་ནས་ད་ལྟའི་བར་དུ་རྒྱུན་ཆད་མ་མྱོང་བ་ཞིག་ཡིན། ལྷ་སྲས་དར་མས་དུས་རབས་དགུ་པའི་ནང་དུ་རབ་བྱུང་གི་སྡེ་ཉམས་རྒུད་དུ་བཏང་བ་ནས་བཟུང་རྙིང་མ་པས་རང་གི་ཆོས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་སྲིད་དབང་ལ་སྟངས་འཛིན་གྱིས་ཆོས་སྤེལ་བའི་གོ་སྐབས་མ་ཐོབ་པ་དང༌། དེར་མ་ཟད་བསྟན་པ་ཕྱི་དར་གྱི་རྗེས་ནས་གསར་དུ་དར་བའི་ཆོས་རྒྱུད་ཚོའི་ཞི་དྲག་གི་གནོད་ཤུགས་མང་པོས་ཉམས་རྒུད་དུ་གཏོང་བར་འབད་བརྩོན་བྱེད་མྱོང་ཡོད། ཆོས་རྒྱུད་གསར་པ་ཚོ་བཞིན་ཆབ་སྲིད་དང་འབྲེལ་བའི་སྟོབས་ཤུགས་དང༌། ཕྱི་རྒྱལ་གྱི་རྒྱལ་པོའི་དབུ་བླའམ་ཆབ་སྲིད་ཀྱི་རྒྱུག་ཁྱི་བྱས་པ་ལས་བྱུང་བའི་དཔལ་འབྱོར་དང་དམག་ཤུགས་ཀྱི་རྒྱབ་སྐྱོར་ཡང་ཐོབ་མྱོང་མེད་ལ། ཆོས་རྒྱུད་གསར་པ་ཚོ་ལྟར་གཅིག་གྱུར་གྱི་སྒྲིག་འཛུགས་མ་ལག་གི་དབང་བསྒྱུར་དང་སྒྲོམ་གཞི་ཡང་འཛུགས་ཐུབ་མེད། ཡིན་ན་ཡང་རྙིང་མའི་སྔགས་སྡེ་ནི་ད་ལྟའི་དུས་སུ་ཡང་ཆོས་རྒྱུད་གསར་པ་ཚོ་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱི་ཚུལ་དུ་གནས་ཡོད།
༢ ཕ་ཆོས་གནས་དབྱུངས། ལེགས་པར་བསམ་ན་བོད་ཀྱི་ཆོས་རྒྱུད་གསར་པ་ཚོ་ཡང་ཐོག་མར་འཛུགས་མཁན་མར་པ་དང་དང་མི་ལ། ས་སྐྱ་པ། རྭ་ལོ་ཙཱ་བ། འབྲོམ་སྟོན་པ་སོགས་ཕལ་མོ་ཆེ་ཁྱིམ་སྔགས་པ་ཡིན་ཡང༌། རྗེས་སུ་ཆོས་སྲིད་ཟུང་འབྲེལ་གྱི་ལས་ལམ་ལ་ཞུགས་རིམ་བཞིན་དབང་བསྒྱུར་གྲལ་རིམ་པ་ཚོས་གྲྭ་ཁྲལ་བསྡུ་བ་དང༌། ཆོས་རྒྱུད་བཙན་སྒྱུར། ལྷག་པར་ཡང་འགོག་སྡོམ་རིང་ལུགས་ཀྱིས་སེར་དམག་རྩ་འཛུགས་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྲུང་བའི་ལྕགས་རི་ཡིན་པའི་ལྟ་ཚུལ་ལག་ལེན་དུ་བཏབ་པའི་ཉེར་ལེན་ལ་བརྟེན་པ་ཞིག་ཀྱང་ཡིན། དེ་ཡང་དཔེར་ན། ཡུ་རོབ་ཏུ་རོ་མན་རྒྱལ་པོ་ཁི་ལོ་ཌའོ་ས་གཉིས་པའི་སྐབས་སུ་ཆང་ས་བརྒྱབ་ཚར་བའི་མིས་དམག་འཁྲུགས་རྒྱག་མི་ཐུབ་པར་བསྙད་ནས་དམག་གི་སྟོབས་ཤུགས་སྤེལ་བའི་ཆེད་དུ་སྐྱེས་པ་ལོ་གཞོན་ཚང་མས་ཆང་ས་རྒྱག་མི་ཆོག་པའི་ཁྲིམས་བཟོས། ཡེ་ཤིའི་ཆོས་དཔོན་ཞིག་གིས་ལྐོག་ཏུ་སྐྱེས་པ་ན་གཞོན་ཞིག་ལ་གཉེན་སྒྲིག་གི་རྟེན་འབྲེལ་དབང་བསྐུར་བྱས་པར་བརྟེན་རྒྱལ་པོའི་ཁྲིམས་ལ་ཐོགས་ཏེ་སྲོག་ཐོག་གི་ཉེས་ཆད་ཕོག་པ་དང༌། ཁོང་སྲོག་ཐོག་ཏུ་མ་བཏང་བའི་སྔ་ཉིན་དེར་ཁྲིམས་དཔོན་གྱི་བུ་མོར་ཝ་ལིན་ཊིན་ཞེས་པའི་བརྩེ་འཕྲིན་ཐོག་མ་དེ་བྲིས་ནས་བཏང་བར་བརྟེན་དེང་དུས་སུ་ཝ་ལིན་ཊིན་ཞེས་པའི་དགའ་རོགས་གི་དུས་ཆེན་འདི་གཏོང་སྲོལ་བྱུང་བ་ཡིན་ཞེས་པའི་གཏམ་རྒྱུད་ཡོད་པ་ལྟ་བུ་ཡིན། ངེས་འབྱུང་གིས་ཀུན་ནས་བསླངས་མིན་དང་སོར་བྱང་སྔགས་ཀྱི་བསླབ་སྡོམ་དག་མིན་ལ་མ་ལྟོས་པར་ངུར་སྨྲིག་འཆངས་བ་དང་བུད་མེད་མ་བླངས་བར་དགོན་སྡེའི་རྩ་འཛུགས་ཀྱི་ཁོངས་སུ་བཅུགས་པ་ཙམ་གྱིས་བཙུན་པ་རྣམ་དག་ཡིན་པའི་བག་ཆགས་འཇགས། ཁྱིམ་སྔགས་པའི་སྡེ་ནི་ལྷ་གསོལ་གཡང་འགུགས་དང༌། དགྲ་བསྒྲལ་བགེགས་བསྐྲད། ཨ་མཆོད་རིམ་གྲོ་བྱེད་མཁན་ཙམ་ལས་དགེ་འདུན་པའི་གྲལ་དུ་མི་བགྲང་ཁུལ་བྱེད་པའི་གོམས་གཤིས་འདི་ནི་ཚུལ་འཆོས་རིང་ལུགས་དང༌། འགོག་སྡོམ་རིང་ལུགས། བཙན་བསྒྱུར་རིང་ལུགས་བཅས་ཡང་དག་པའི་མི་ཆོས་རིང་ལུགས་ལས་ལོགས་སུ་གྱུར་པའི་ནོར་འཁྲུལ་ཅན་གྱི་གོམས་གཤིས་ཤིག་ཡིན།
༣ དྭངས་གཙང་ཤེལ་གྱི་མེ་ལོང༌། སྔགས་པའི་སྡེ་རིང་དུ་གནས་ཐུབ་པའི་རྒྱུ་རྐྱེན་ནི་ཁྱིམ་མི་སྤངས་བ་དང་མངོན་ལྐོག་མེད་པའི་སྤྱོད་པ་གཉིས་ལ་རགས་ལས་ཡོད། དེ་ལ་ཁྱིམ་མ་སྤངས་བ་ལ་བརྟེན་ནས་རང་གི་མི་རྒྱུད་ལ་ཆོས་ཀྱི་སློབ་གསོ་དང་བག་ཆགས་རྒྱུན་བསྲིངས་ཐུབ་པ་དང༌། བསོད་སྙོམ་དང་ཞལ་འདེབས་ཁོ་ནའི་འཚོ་བ་གཞན་བརྟེན་མ་ཡིན་པས་མང་ཚོགས་ལ་བཤུ་གཞོག་གི་ཁུར་པོ་འགེལ་མི་དགོས་པ་དང༌། ཁྱིམ་པ་རྒྱ་ཆེའི་མང་ཚོགས་དང་འགྲོགས་འདྲིས་བདེ་བ་དང༌། ཁྱིམ་པའི་ཉེར་མཁོའི་ཆོས་ཀྱི་རིམ་གྲོ་སོགས་མང་ཚོགས་ཀྱི་དགོས་མཁོ་བཞིན་ཞབས་འདེགས་སྒྲུབ་པ་ཡིན། གལ་ཆེ་བ་ཞིག་ལ་སྔགས་བཙུན་གྱི་སྡེ་ནི་ཐོག་མ་ནས་ཁྱིམ་ན་གནས་པར་ཞལ་གྱིས་བཞེས་པར་བརྟེན་མངོན་ལྐོག་ཀྱི་འགལ་བ་ཆེར་མེད་པས། འོས་པའི་ལས་རྣམས་དངོས་སུ་བཀག་ནས་མི་འོས་ལས་རྣམས་ལྐོག་ནས་བྱེད་པ་དང༌། གྲོང་པའི་ཆོས་ཀྱི་ས་ལ་མི་འབབ་པར་དམ་བཅས་པའི་རྫུན་སྐུབ་རྡོལ་བ། ཚུལ་འཆོས་ཀྱི་སྤམ་མདོག་ཤོར་བ་སོགས་ཀྱིས་ཁྱིམ་པ་སུན་འབྱིན་ཀྱི་ལས་བསག་ཏུ་མེད་པར་བརྟེན་མང་ཚོགས་ཀྱི་ངོས་ནས་ཀྱང་སྐུར་འདེབས་དང་ལྷག་པར་ཡང་དད་པ་ལོག་པའི་རྒྱུ་རྐྱེན་ཉུང་བ་ཡིན།
༤ སེམས་གཏིང་ནས་འབུས་པའི་མེ་ཏོག དེ་བཞིན་སྔགས་པས་རང་རང་གི་ཆོས་ལ་སློབ་གཉེར་ཉམས་ལེན་བྱེད་སྟངས་ནི་ཕལ་ཆེར་རང་རང་གི་ཕ་མ་ནས་མི་རྒྱུད་ལ་ལྷན་སྐྱེས་ཀྱི་ཚུལ་དུ་འགོས་ནས་ཡོད་པར་བརྟེན་ཕྲུ་གུའི་གནས་སྐབས་ཡོལ་རྗེས་སུ་གསར་དུ་འབྲེལ་བ་བཙུགས་པའི་མཁན་སློབ་གྱིས་བཙན་འཇུག་བྱས་པའི་ཀུན་བཏགས་ཀྱི་བག་ཆགས་ཙམ་དང་བསྡུར་ཐབས་མེད། དཔེར་ན་ཁྱིམ་ཚང་ཞིག་ལ་དགེ་སློང་ཞིག་ཡོད་པ་དང་ཁྱིམ་ཚང་གཞན་ཞིག་ལ་སྔགས་རྒན་ཞིག་ཡོད་པ་དེ་གཉིས་ཀྱིས་རང་རང་གི་ནང་མི་ལ་ཆོས་ཀྱི་བག་ཆགས་དང་སློབ་གསོ་འཇོག་པའི་སྟོབས་ཤུགས་ལ་ཁྱད་པར་ཧ་ཅང་ཆེ། དེ་ཡང་དགེ་སློང་ནི་དགོན་པའམ་རི་ཁྲོད་དུ་གནས་པ་ལས་ཁྱིམ་དུ་སྡོད་པ་ཆེས་ཉུང་བ་དང་གལ་སྲིད་ཁྱིམ་དུ་སླེབས་ན་ཡང་སྐྱ་སེར་ཀྱི་ལམ་སོ་སོར་གནས་པར་བརྟེན་འགྲོགས་འདྲིས་གཏིང་ཟབ་པོ་དེ་ཙམ་ཞིག་འོང་དཀའ། སྔགས་རྒན་ནི་བསྙེན་སྒྲུབ་ཀྱི་སྐབས་རེ་ཟུང་མ་གཏོགས་ཕལ་མོ་ཆེར་ནང་མི་དང་མཉམ་དུ་འཚོ་བ་སྐྱེལ་ཞིང༌། ཕོ་མོ་སུ་ཡིན་ཡང་འགྲོགས་འདྲིས་བདེ་བར་བརྟེན་ཆོས་ཀྱི་བྱ་བ་ཆེ་ཕྲ་ཚང་མ་ཡང་ལག་ལེན་མཐོང་བ་བརྒྱུད་པའི་སློབ་གསོ་གཏིང་ཟབ་མོ་འཇོག་ཐུབ།
ལྷག་པར་ཡང་གསང་བ་སྔགས་ནི་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དང་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཡིན་པ་ལ་གསར་རྙིང་ཐམས་ཅད་ཞལ་མཐུན་ཡང༌། དེའི་འཆད་ཉན་ནི་བོད་ཀྱི་རབ་བྱུང་གི་དགོན་སྡེ་ཕལ་མོ་ཆེར་མཚོན་ན་མདོའི་སློབ་གཉེར་ལས་ཆེས་ཉུང་བ་དང་དེ་ཡང་ཆེས་མཐའ་མཇུག་ཏུ་ལོ་ཉུང་ཤས་བྱེད་གྱིན་ཡོད་སྟབས་དེའི་ལྟ་བ་དང་གྲུབ་མཐའ་ཟབ་མོ་དག་ལ་དེ་ཙམ་གྱི་གོ་མྱོང་གཏིང་ཟབ་མོ་ཞིག་ཚུགས་ཐུབ་ཀྱིན་མེད་ཅིང༌། ཐ་ན་དེའི་ཐ་སྙད་དང་གསང་ཚིག་མང་པོ་ཡང་མདོ་ལུགས་ཀྱི་རྒྱས་འགེབས་བྱེད་པ་ལས་སྔགས་རང་ལུགས་ཀྱི་ཆོས་སྐད་ལ་བག་ཆགས་དང་མྱོང་བ་ཆུང་ཡང༌། སྔགས་པ་ཚོས་ཐོག་མ་ནས་བྱིན་རླབས་ཆེ་ཞིང་གཏིང་ཟབ་པའི་དེ་ཉིད་གཙོ་བོར་བཟུང་ནས་སློབ་གཉེར་བྱེད་པར་བརྟེན་སངས་རྒྱས་ཀྱི་ཆོས་ལ་གོ་བ་རྒྱ་ཆེ་ཞིང་ཉམས་ལེན་གྱི་གནད་ལ་མཁས་པས་ཆོས་ཀྱི་དཀའ་གནད་ཕལ་མོ་ཆེ་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་འགྱུར་ཐུབ།
༥ དུས་བཞིར་མི་འགྱུར་བའི་ལྷ་ཤིང་ཤུག་པའི་སྡོང་པོ། དེ་བཞིན་རབ་བྱུང་གི་སྡེ་ནི་རྒྱ་ཆེའི་མང་ཚོགས་ལས་ལོགས་སུ་ཐོན་ནས་དགོན་སྡེ་དང་ཆོས་གྲྭའི་ནང་དུ་གཏན་སྡོད་ཀྱི་ཚོགས་སྡེ་ཡིན་པར་བརྟེན་ཕྱི་ནང་གི་བསྟན་པའི་དགྲ་བོས་གཏོར་བཤིག་བྱེད་པར་དཀའ་བ་དེ་ཙམ་མེད་པ་དང༌། གལ་སྲིད་དགོན་པ་དང་ཆོས་གྲྭའི་ནང་དུ་སྡོད་པའི་གོ་སྐབས་ཙམ་འཕྲོག་ཀྱང་རབ་བྱུང་བའི་ཆོས་སྤྱོད་ཀྱི་རྣམ་གྲངས་ཕལ་མོ་ཆེར་ཆག་འཇིག་ཐེབས་ཚར། རབ་བྱུང་བ་ནི་ཕྱིའི་དགོན་སྡེ་ལ་གཏོར་བཤིག་ཐེབས་ཀྱང་དེའི་སྒྲིག་འཛུགས་ལ་ཕོག་ཐུག་ཐེབས་འགྲོ་ལ་ངུར་སྨྲིག་གི་རྟགས་ཙམ་དང་བྲལ་ཡང་དེའི་རང་ཚུགས་འཇིག་འགྲོ་བས་དེང་དུས་སུ་རང་ཁ་རང་གསོ་བྱེད་མཁན་གྱི་གྲྭ་བ་རེ་ཟུང་དགོན་པར་མི་སྡོད་པ་ལ་མང་ཚོགས་ཀྱིས་ལོག་ལྟ་སྐུར་འདེབས་ཚད་མེད་བྱེད་བཞིན་པ་ལྟ་བུ་ཡིན་ཡང༌། གྲོང་སྔགས་པའི་སྡེ་ནི་མང་ཚོགས་དང་དབྱེར་མི་ཕྱེད་པའི་ཚུལ་དུ་ཡོད་སྟབས་ཕྱི་ནང་གི་དགྲ་བོའི་ཕུང་དཀྲུག་གི་འབར་རྫས་གཡུག་ཡུལ་རྙེད་དཀའ་བས་གླང་དར་མས་ཀྱང་གཞིག་མ་ནུས་པའི་རྒྱུ་རྐྱེན་དེ་ཡིན། དཔེར་ན་རྒྱ་གར་དབུས་རྒྱུད་དུ་ཨི་ས་ལམ་གྱི་དམག་སླེབས་སྐབས་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་གནོན་ཤུགས་ཁོ་ན་ལ་བསམ་ཚེ་བྲམ་ཟེ་ཧིན་དྷུའི་ལུགས་འཛིན་པ་དང་ནང་བསྟན་པ་གཉིས་ལ་རྒོལ་རྡུང་གཅིག་མཚུངས་ཕོག་ཡོད། འོན་ཀྱང་ཧིན་དྷུ་བའི་སྟོབས་ཤུགས་ལ་དེ་ཙམ་གྱི་གཏོར་བཤིག་གཏོང་མི་ཐུབ་པའི་དོན་ནི་ཁོང་ཚོའི་བསྟན་པ་དེ་གཙོ་བོ་གྲོང་སྔགས་པའམ་ཁྱིམ་ན་གནས་པ་ཚོས་བཟུང་ཡོད་པའི་རྐྱེན་གྱིས་ཡིན།
སྔགས་པ་ནི་ཕྱིའི་རྟགས་ལ་དེ་ཙམ་ལྟོས་པ་ཞིག་མ་ཡིན་སྟབས་ནང་གི་ལྟ་བ་དང་རྟོགས་པ་ནི་སུས་ཀྱང་མཐོང་མི་ཐུབ་པས་གཞན་རྐྱེན་གྱིས་འཇིག་དཀའ་བ་ཡིན། དེ་བཞིན་བསྟན་པ་ལ་དགྲ་བྱུང་དགོས་དོན་གཙོ་བོ་ནི་ཆོས་ལུགས་མི་སྣ་སྒེར་དང་ཚོགས་སྡེ་དག་གིས་ཆོས་ལུགས་ཀྱི་དར་ཆ་འཕྱར་ནས་མང་ཚོགས་ཀྱི་དཔལ་འབྱོར་བཤུ་གཞོག བསམ་བློའི་རང་དབང་སྒེར་གཅོད། ཆབ་སྲིད་ཀྱི་གནས་བབ་དབང་བསྒྱུར་གྱིས་མཐུན་སྦྲེལ་ལ་གཏོར་བཤིག་བྱེད་པ་བཅས་ལ་བརྟེན་ནས་ཆོས་ལུགས་པ་ནང་འཁྲུགས་དང་ཕྱིའི་ངོ་རྒོལ་གྱི་གནོན་ཤུགས་འཕྲད་པ་ཡིན་ཡང༌། སྔགས་པ་ནི་རང་རང་གི་ཁྱིམ་ཚང་སྐྱོང་བ་དང༌། མང་ཚོགས་ཀྱི་དགོས་མཁོའི་རིམ་གྲོ་བསྒྲུབ་པ། ཁ་འཐོར་གྱི་ཚུལ་དུ་ཆོས་ཉམས་ལེན་གྱིས་གནས་པས་སྲིད་དོན་ཆིག་སྒྲིལ་གྱི་སྟོབས་ཤུགས་མེད་པས་གཞན་ལ་རྒོལ་རྡུང་མི་ཕོག་པ་སོགས་ལ་བརྟེན་ཕྱི་ནང་གི་ཆོས་ལུགས་ཚོགས་པ་དང་ཆབ་སྲིད་ཀྱི་དབང་བསྒྱུར་བ་སུས་ཀྱང་དེ་ཙམ་གྱི་འཁོན་འཛིན་བཅངས་དོན་མེད་པ་འདི་ཡང་ཁོང་ཚོའི་སྟོབས་ཤུགས་རྒྱུན་གནས་ཐུབ་པའི་མཐུན་རྐྱེན་ཞིག་ཏུ་གྱུར་ཡོད།
སྟོན་པ་སངས་རྒྱས་ཀྱིས་འདུལ་བའི་བསྟན་པ་ལ་བསྟན་པའི་གནས་ཚད་གསུངས་ཡོད་ཀྱང༌། སྔགས་ཀྱི་སྡེ་ནི་དེ་ལྟ་མ་ཡིན་པར་དར་ཞིང་རྒྱས་ལ་ཡུན་དུ་གནས་ངེས་ཡིན་པའི་རྒྱུ་མཚན་འགའ་ཞིག་གཤམ་གསལ།
· ཁྱིམ་དུ་གནས་ཆོག་པ།
· ལུས་ངག་གི་སྲུང་སྡོམ་ཉུང་བ།
· འདོད་ཡོན་མ་སྤངས་ལམ་དུ་འཁྱེར་བ།
· བསྟན་པའི་སྙིང་པོ་ཉེ་ལམ་རྡོ་རྗེའི་ཐེག་པ་ལ་མཁས་པ།
གོང་གསལ་རྒྱུ་མཚན་དག་ནི་དེང་དུས་དང་མ་འོངས་པའི་དུས་སུ་གྲོང་སྔགས་པའི་པའི་སྡེ་ལ་ཞུགས་མཁན་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་སྟབས། རྙིང་མའི་སྔགས་སྡེ་ནི་བོད་དུ་ཐོག་མར་དར་བའི་ཆོས་རྒྱུད་ཀྱང་ཡིན་ལ་ཐ་མར་ཡང་རྒྱ་མཚོ་ལ་ཆུ་བོ་ཐིམས་པ་པ་ལྟར་རང་གི་ལུས་ལ་སླར་ཡང་ཐིམས་པ་སྟེ་ཆོས་རྒྱུད་གསར་པ་ཐམས་ཅད་ཀྱང་དེ་རང་དུ་འགྱུར་རྒྱུ་ཡིན་པར་འདོད་དོ། །
རྒྱལ་པོ་གླང་དར་གྱིས་སངས་རྒྱས་པའི་དགེ་སློང་མེད་པར་བཏང་བ་ན། སངས་རྒྱས་པའི་དགེ་སློང་མིག་སྣང་དུ་མེད་པར་མ་ཟད། སྟོན་པ་གཡུང་དྲུང་གི་རྗེས་འབྲང་དགེ་སློང་གི་ཆས་ཅན་ཡང་མེད་པ་འདྲ། གང་ལགས་ཞེ་ན། སངས་རྒྱས་ཀྱི་བསྟན་པ་མདོ་སྨད་ནས་སླར་གསོས་ཏེ་ཡུལ་དབུས་སུ་དགེ་སློང་སླེབས་པ་ན། རྨོ་རྒན་མོ་ཞིག་གིས་ང་ལོ་ཆུང་ཕྲུག་གུའི་སྐབས་སུ་དགེ་སློང་མཐོང་མྱོང་བ་སླར་ཡང་མཐོང་ཞེས་པ་ན། ད་ལྟ་ལོ་ཅི་ཙམ་ཡིན་ཞེས་དྲིས་པ་ན། དོན་ལྔ་ཡིན་ཞེས་པ་ལས་དཔགས་ན། ལོ་བདུན་ཅུ་རིང་། སོ་ཐར་མདོ་ལུགས་བསྟན་པའི་དགེ་སློང་མེད་ཀྱང་། སྔགས་ཀྱི་བསྟན་པ་ནི་ཁྱིམ་པའི་རྟེན་ལ་ཡང་ཡོད་པས། གླང་དར་གྱིས་སྣུབ་མ་ཐུབ་པར་བཤད། དེ་དུས་སྔགས་ཀྱི་བསྟན་པ་འཛིན་པའི་སྔགས་འཆང་རྣམས་དིང་དུས་ཀྱི་སྔགས་འཆང་བཞིན་ཁྱིམ་པའི་ཚུལ་དུ་བཞུགས་སོ་སྙམ། སླར་བུ་སྟོན་ཆོས་འབྱུང་མཇལ་དགོས་པར་སེམས་སོ།
ཡུལ་ལ་སྔ་བ་ཡར་ཀླུང་སོ་ཁ་བཏབས། མཁར་ལ་སྔ་བ་ཕྱིངས་བ་སྟག་རྩེ་བརྩིགས། རྒྱལ་ལ་སྔ་བ་རྗེ་ཡི་གཉའ་ཁྲི་བཙུན། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་དར། གཤེན་ལ་སྔ་བ་སྣང་བའི་མདོག་ཅན་ཕེབས། །
འདི་འདྲ་ཞིག་ཀྱང་ལབ་སྲོལ་ཡོད་རེད།
གཤེན་གྱི་དྲང་སྲོང་། ཤཀྱཱའི་དགེ་སློང་།
རབ་བྱུང་ཞེས་སུ་གྲགས་ལ་བོན་གཞུང་རྣམས་སུ་་་གཙང་གཙུག་་་ལབ་སྲོལ་འདུག གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞེས་སུ་བརྗོད། །
དགེ་སློང་ཟེས་སུ་གྲོགས་པ་ལ་བོན་གཞུང་རྣམས་སུ་་་དྲང་སྲོང་་་ལབ་སྲོལ་འདུག དག་པ་དྲང་སྲོང་གི་སྡོམ་པ་ཞེས་སུ་བརྗོད། །
དཔྱད་གཞིར་བསམ་ནས་ཕུལ་བ་ཡིན། །
ཆོས་དར་གཞི་རས་དཀར་པོ་ཡིན་པ་དེ་ཡང་བོན་ཞྭ་དཀར་བསྟན་པའི་མཚོན་བྱེད་འདྲ་བོ་འདུག་གདའ། བོན་པོ་ཚང་གིས་ཡི་རང་གནང་ན་མི་བཟང་ངམ། ངོ་མ་བཤད་ན་གནའ་སྔ་མོ་ཞིག་ལ་བོན་པོ་ཚོས་སེམས་ཅན་དམར་མཆོད་བྱས་རྐྱེན་བན་དེ་དང་རྩོད་པ་ཤོར་བ་རེད་ཟེར། དེང་སང་བན་དེ་བས་བོད་མི་གསོན་བསྲེག་འཁན་ལ་དཔའ་བོ་དང་དཔའ་མོ་ཟེར་ནས་རྗེས་དྲན་དང་གླུ་དབྱངས་ཟློས་གར་གྱིས་ཁྱབ་བསྒྲག་བྱེད་ལུགས་ལ་བལྟས་ན་བོན་པོ་ཚོ་འཇམ་ལྷང་ངེར་བཞུགས་འདུག་པས་ད་ཡིན་ན་བོན་པོ་བསྟན་པ་འཚེ་བ་མེད་པ་དར་བའི་ལས་འབྲས་འཁོར་བ་མིན་ནམ་དྲན་སོང་ངོ་།།
ཧཧཧ སྤོབས་པ་མཐའ་ཡས་ལགས་ཀྱིས་ལོ་མང་བོའི་ཡར་སྔོན་ནས་སྔགས་པ་ཚོ་ལ་མཐོང་ཆེན་བྱས་འདུག་མོད། དོན་གྱིས་ཁོང་ཡང་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལ་འཛུལ་ཞུགས་བྱེད་འདོད་པ་ཡིན་གཤིས་ཆེ། ཨ་ལ ཀུ་རེ་ཡིན་ཀོ
འོ་ ད་རུང་ སྔགས་པ་ཚོ་དགེ་འདུན་པའི་གྲས་ལ་ཡང་བཞག་འདུག ད་སྔ་ཚུན་ཆད་སྔགས་པ་དགེ་འདུན་རེད་ཟེར་མཁན་ཞིག་བྱུང་མྱོང་མེད།
ནམ་ནམ་ཞར་ཞར་ལ་ཁ་བརྡའི་དྲ་བར་མ་སྲིང་མཁའ་འགྲོ་དྲན་བྱུང་ཟེར་ནས་མགུར་གླུ་རྒྱོ་གླུ་རྐྱང་ལེན་གྱི་འདུག
ད་བྱེད་དུས་འདི་འདྲ་ཡིན་པ་འདྲ།
སྔགས་པའི་ལས་རྟགས་དར་ཆ་དེའི་མཚོན་རྟགས་ཡག་པོ་ཞིག་འདུག
ཟླ་མཚན་དམར་པོའི་སྟེང་དུ།
པདྨའི་མེ་ཏོག་བཞད་སོང།
པདྨའི་མེ་ཏོག་སྟེང་དུ།
སྲ་མཁྲེག་རྡོར་རྗེ་བཙུགས་འདུག
མ་སྲིང་མཁའ་འགྲོ་མཆེད་ལྕམ།
ཉིན་མཚན་ཀུན་ཏུ་དྲན་བྱུང།
བུ་ངའི་འཇམ་སྟེང་པང་དུ།
ལན་གཅིག་བཞེངས་པར་མཛོད་དང།
མགུར་གླུ་འདི་ཞལ་འདེབས་སུ་རྒྱ་མཚོའི་ཆུ་ཐིག་ཚུལ་དུ་་་་་དཔལ་དགྱེས་སམ་་་ཨེ་མ་ཧོ་འམ་་་་་སྔགས་འཆང་པདྨ་ལ་ཕུལ།།
ངས་དུས་འཁོར་སོགས་སྔགས་རྒྱུད་རྣམས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པར་ཡིད་ཆེས་མི་བྱེད་པ་བདེན། ད་དུང་སྔགས་རྒྱུད་འདི་རིགས་ཉམས་ལེན་བྱེད་སྐབས་སུ་སྟོན་པ་ཤཱཀྱ་ཐུབ་པའི་གསུངས་དང་རྒྱབ་འགལ་དུ་ཡང་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད་པར་འདོད། དུས་འཁོར་སོགས་སུ་ཡོད་པའི་ཆགས་སྡང་གི་ཉམས་ཤུགས་ཆེན་པོ་ཡོད་པའི་འདྲ་གཟུགས་དང་རི་མོ་སོགས་ཁྲོམ་སྟོན་བྱེད་པ་ལ་ཉེས་པ་མང་པོ་ཡོད་པར་འདོད། ཡིན་ན་ཡང་། སྔགས་ལ་ཞིབ་འཇུག་བྱེད་འདོད་ཆེན་པོ་ཡོད། སྔགས་པའི་སྡེ་ཞེས་བརྗོད་སྐབས་དེ་ནི་སྤྱི་ཚོགས་ཤིག་ཡིན་སྟབས་བཟང་ངན་སྣ་ཚོགས་པ་ཡོད།
དཔྱོད་ལྡན་སྤོབས་པ་མཐའ་ཡས་ལ་སྡང་ཞུགས་ནི་གང་ཡང་མེད་མོད། ཡིན་ན་ཡང་གྲོགས་པོ་ཁྱོད་ལ་བསྡུས་གྲྭའི་རིགས་ལམ་ཙམ་དང་སུམ་རྟགས་ཤེས་པ་ཙམ་ལས་ལྟ་གྲུབ་ཀྱི་འཛིན་མཚམས་གང་ཡང་མེད་པར་གཞན་ལ་ཁ་གཏོང་བའི་ཆོས་སྤོངས་ཚབ་ཆེན་བསགས་འཁན་ཞིག་རེད། དཔེར་ན། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སྐོར་དང་མ་ཎི་འབྲི་དྲུག་དགག་པ། དུས་འཁོར་དང་རྙིང་མའི་ནང་རྒྱུད་ཡོ་ག་དང་བོན་གྱི་བཀའ་གཏེར་རྫོགས་ཆེན་སྐོར་ལ་མཐོང་རྒྱ་ཁབ་མིག་ལས་དྭོགས་པ་རེད་བཞག དེས་ན་དགེ་ལུགས་པའི་ཕ་བླ་བཙོང་འཁན་ཞིག་ཡིན་པར་གཞི་ནས་གོ་སོང་། རྩེད་མོ་ནང་གི་དོན་དམ་ཡིན་ནོ།
དྲ་གྲོགས་བན་དེ་བ་ཕེབས་པར་བཟང་མོད། ནམ་རྒྱུན་ཨོ་ཉི་དང་དགྱེས་རྡོར་ལས་མི་ངོ་མི་ཤེས་པའི་ཞེ་འཁོན་དོར་མ་ཐུབ་པའི་སྒེར་འཁོན་འཛིན་ནས་་སྦྲུལ་ནག་ཕོ་མོ་འཁྲིག་སྤྱོད་ཀྱི་གོ་རྟགས་ཅན་གྱིས་གཙང་གཙུག་དྲང་སྲོང་ངན་པས་ཀུན་སློང་ལས་བློ་བསྐྱེད་སྟེར་འཁན་དུ་མ་མཐོང་བས་གཡུང་དྲུང་བོན་གཤེན་གྱི་ཕ་མའི་གཤིན་བླ་མ་རྡུང་ན་བཟང་བར་སྣང་ངོ་།།
རྫོགས་ཆེན་པདྨས་ཐེའུ་པེ་ནས་བྲིས།།
་་་་་་གཙང་གཙུག་དྲང་སྲོང་་་་་་ གི་སྐོར་ལ་མང་ཙམ་གསུང་དང་།