ཁང་གསར་རྡོ་རྗེ།
(བློ་རྒྱ་ཆེ་བའི་དཔྱད་ཞིབ་དང་བསམ་རྒྱ་ཡངས་པའི་འཆར་སྣང་མེད་ན། རང་དབང་ཆེ་བའི་དམངས་གཙོ་མེད།)
༡༽ གོ་རྟོགས།
ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཐད། བལ་འབྲུག་གཉིས་ཀྱིས་འགལ་རྐྱེན་བརྩམས་ཡོད་ཀྱང་། དེ་ནི་རང་ཅག་གི་ལག་ཏུ་མེད་པས་བཞག རང་ཅག་གིས་འཐུས་ཤོར་བ་ནི། མང་ཚོགས་ཀྱི་ངོས་ནས་དེབ་སྐྱེལ་བྱས་ཀྱང་འོས་བསྡུའི་ཆ་ཤས་ནང་ཞུགས་མ་ཐུབ་པ་ད་དུང་ཁྲི་གསུམ་སྐོར་ཡོད་པ་དེ་རེད། མང་ཚོགས་དཀྱུས་མ་ཙམ་མ་ཟད། གཞུང་གི་གནད་ཡོད་ལས་བྱེད་དང་ཐ་ན་འོས་བསྡུའི་འགན་འཛིན་བཅས་པར་ཡང་ཞན་ཆ་མི་ཉུང་བ་ཞིག་སྔར་བཞིན་འདུག་པ་དཔེར་ན། འོས་བསྡུའི་འགན་འཛིན་རྣམ་པས་སྒྲིག་གཞི་དང་མཐུན་པའི་ལམ་སྟོན་གསལ་པོ་དང་ཡང་དག་པ་གནང་ཐུབ་མེད་པ་དང་གཅིག འབྲུག་ཡུལ་དུ་འོས་བསྡུའི་སྐོར་ལ་འབྲེལ་བ་བྱེད་སྐབས་ས་གནས་ཀྱི་ཆབ་སྲིད་གནས་སྟངས་ལ་དགོངས་བཞེས་མ་ཐུབ་པ་དང་གཉིས། འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་དང་ལམ་སྟོན་ཁག་བོད་དབྱིན་གཉིས་ནང་བྲིས་ཏེ་དྲྭ་ལམ་ཁག་ཏུ་འཇོག་མ་ཐུབ་པ་ཙམ་མ་ཟད། འཇོག་རྩིས་ཙམ་ཡང་མེད་པ་དང་གསུམ་ལྟ་བུ་ཡིན། ད་དུང་སྔོན་འགྲོའི་འོས་མིའི་ཐོ་གཞུང་གསལ་བསྒྲགས་བྱས་པ་དེའི་ནང་། མི་དང་ས་ཆའི་མིང་འབྲི་ནོར་ཤོར་བ་དང་ཡིག་ནོར་ཧ་ཅང་མང་བ་ནི། བོད་ནང་བོད་ཡིག་གི་ཆེད་དུ་སྲོག་བཏང་སྟེ་སྐད་འབོད་བྱེད་བཞིན་པའི་སྐབས་འདི་ལྟ་བུར་ལྷག་པར་དུ་མིག་ལ་མི་མཛའ་བའི་ལས་ཀ་རེད།
གཞུང་གི་གནད་ཡོད་ལས་བྱེད་ལ་མཚོན་ན། ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་ཀྱི་འོས་གྲངས་སྐོར་གསར་ལམ་དུ་བསྒྲགས་པ་དང་། ཨ་རི་སྐུ་ཚབ་དོན་གཅོད་ཀྱིས་ས་གནས་འོས་བསྡུའི་མི་སྣར། འོས་དངོས་སུ་བསྡུ་བའི་སྐབས་སུ་གཞན་གྱིས་བཀྲམས་པའི་འོས་གཞིའི་ཐོ་གཞུང་བེད་སྤྱོད་ཆོག་པའི་ལམ་སྟོན་ལོག་པ་བྱས་པ། ས་གནས་འོས་བསྡུ་ཚོགས་ཆུང་ཁག་གིས་འོས་བསྡུའི་ཉིན་ལྟ་རྟོག་སྟངས་འཛིན་སྒྲིག་གཞི་དང་མ་མཐུན་པ་མང་དུ་བྱུང་བ་ལྟ་བུ་ཡིན། བདག་གིས་བལྟས་ན། སྐྱོན་ཆ་འདི་དག་གི་རྩ་བ་གཅིག་ནི། དབུས་འོས་བསྡུ་ལས་ཁང་ནས་བྱུང་བ་རེད། དབུས་འོས་བསྡུ་ལས་ཁང་ཞེས་པ་ཞིག་གཏན་འཛུགས་ཡོད་ཀྱང་། འོས་བསྡུའི་ལས་ཀ་མེད་པའི་སྐབས་སུ་གྲ་སྒྲིག་དང་ལས་ཀ་མེད་པར་སྡོད་ཅིང་། འོས་བསྡུའི་ལས་དོན་བྱུང་བ་དང་འོས་བསྡུའི་འགན་འཛིན་ངོ་མ་དང་ལས་འཕར་ཞེས་དེ་སྔོན་འོས་བསྡུའི་ཉམས་མྱོང་ཡོད་མེད་དང་། མང་ཚོགས་ལ་སྐད་བརྡ་འཕྲོད་མིན་སོགས་ལ་མ་བལྟས་པར་བསྐོས། དེ་ཚོས་ཉིན་ཤས་ནང་ཟང་ངེ་ཟིང་ངེ་བྱས་ཏེ་སྒྲིག་གཞིར་སློབ་སྦྱོང་བྱེད་ཁུལ་བྱེད་ཀྱང་དོན་གྱི་གོ་རྟོགས་གཏིང་རྩ་ཆོད་པ་མེད། འདི་ལྟར་སྔོན་གྱི་འོས་བསྡུ་རིམ་པའི་སྐབས་བྱུང་བའི་ཉམས་མྱོང་རྣམས། འོས་བསྡུའི་སྐབས་རྗེས་མར་བརྒྱུད་སྤྲོད་ཐུབ་པའི་ལམ་ལུགས་ཡག་པོ་ཆགས་མེད།
༢༽ མིང་ཤས།
ད་རེས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ནང་། ཆེད་དུ་མིང་ཤས་བཟོ་བའི་གནས་ཚུལ་ཤུགས་ཆེན་པོ་བྱུང་ཡོད། དཔེར་ན། རྒྱ་རི་སྒྲོལ་མ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་རྒྱབ་སྐྱོར་དང་བློ་བཟང་སེང་གེར་གནོད་སྐྱེལ་རྩིས་རེད་ཟེར་བ་དང་། བཀྲས་མཐོང་བསྟན་རྣམ་གྱིས་གཞུང་དངུལ་ཕོན་ཆེ་སྒེར་ཟོས་བྱས་པ་རེད་ཟེར་བ། ཁྱིམ་ཚང་ཆེན་པོ་གསུམ་གྱིས་ད་བར་བཙན་བྱོལ་གྱི་དབང་ཆ་བཟུང་བ་རེད་ཟེར་བ་ལྟ་བུ་རེད། འོན་ཀྱང་བཀྲ་ཤིས་དབང་འདུད་དང་བློ་བཟང་སྦྱིན་པ་བཀའ་ཁྲིར་ལངས་པ་དེ་བཀྲས་མཐོང་ལ་གནོད་སྐྱེལ་ཆེད་ཡིན་མིན་ཐད་རྩོམ་ཡིག་སྤེལ་མཁན་སུ་ཡང་མེད། དེའི་ཐོག་ནས་ཆེད་དུ་མིང་ཤས་བཟོ་བའི་སྦྱོར་བ་ངན་པ་དེ་ཚོའི་འབྱུང་ཁུངས་གང་ཡིན་ཕྱོགས་ཙམ་མཚོན་ནུས་པ་ཡིན།
༣༽ ཉམས་མྱོང་རྒས་པོས་འཆུག་པ།
བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད། ད་ཆ་ཁོང་གི་མདུན་དུ་ཐོབ་རེ་མེད་པའི་བཀའ་ཁྲིའི་གོ་གནས་དེའི་ཆེད་དུ་སྐུ་ཚབ་དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་དགོས་མིན་གྱི་དྲི་བ་སླེབས་ཡོད། ལན་ནི་ཧ་ཅང་གསལ་པོ་རེད། དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་གི་མ་རེད། བཞག་ན་དངོས་གནས། གཞོན་པའི་ཤེད་ལས་རྒད་པོའི་ཇུས་ཆ་བཟང་།། ཞེས་པའི་ལེགས་བཤད་དེར་སྒྱུར་བཅོས་བྱེད་དགོས།
༤༽ བར་ཁྱད།
བཀྲ་ཤིས་དབང་འདུད་ལ་སླེབས་པའི་དྲི་བ་དེ་སྤྱི་འཐུས་སྤེན་པ་ཚེ་རིང་དང་། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གཉིས་ལའང་སླེབས་ཡོད། སྤེན་པ་ཚེ་རིང་གིས་བློ་ཐག་ཆོད་པོས་སྤྱི་འཐུས་སུ་འགྲོ་རྒྱུ་བདམས་ཟིན་པ་རེད་ལ། འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལ་མཚོན་ནའང་། བཀའ་བློན་ཁྲི་པའི་རྒྱལ་ཁ་ཐོབ་པའི་རེ་བ་མེད་པས་བཀའ་ཁྲིའི་འོས་གཞི་ནས་འཐེན་ཏེ་མུ་མཐུད་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་གནང་ངེས་རེད། ད་ང་ཚོའི་མདུན་ལ་ཡོད་པ་ནི། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་རྣམ། རྒྱ་རི་སྒྲོལ་མ། བློ་བཟང་སྦྱིན་པ་བཅས་རེད།
འོས་གྲངས་ཀྱི་ཐད་ནས་བཤད་ན་བློ་བཟང་སེང་གེ་དང་བཀྲས་མཐོང་གི་བར་དུ་འོས་ཤོག་༡༠༡༧༠ ཡི་བར་ཁྱད་ཤོར་ཡོད། རྒྱ་རི་སྒྲོལ་མའི་འོས་ཤོག་ ༢༧༣༣ དང་བཀྲ་ཤིས་དབང་འདུད་ཀྱི་འོས་ཤོག་ ༢༡༠༡ བློ་བཟང་སྦྱིན་པའི་ ༡༥༤༥ འཁོར་ལ་ཚང་བསོད་སྟོབས་ཀྱི་ ༦༠༥ བཅས་ཡོངས་རྫོགས་དངོས་གཞིའི་འོས་བསྡུའི་སྐབས་བཀྲས་མཐོང་བསྟན་རྣམ་ལ་ཐོབ་པའི་དབང་དུ་བཏང་རུང་འོས་ཤོག་ ༦༩༨༤ ལས་ལོངས་ཀྱིན་མེད་པས། མཐའ་མའི་འོས་བསྡུའི་སྔོན་དུ་བཀྲས་མཐོང་གིས་ད་ལྟ་བཞིན་གྲགས་འགུལ་ཅི་ཡང་མེད་པར་བསྡད་ཚེ། རྒྱལ་ཁ་ཐོབ་པའི་རེ་བ་མེད་པ་གསལ་པོ་རེད། འོན་ཀྱང་བཀྲས་མཐོང་བསྟན་རྣམ་ལ་ད་ལྟ་ཐོབ་པའི་འོས་ཤོག་གྲངས་ ༡༢༣༡༩ དེ་དྲིལ་བསྒྲགས་དང་དཀའ་ལས་ཧ་ལམ་མ་བརྒྱབ་པར་རག་པ་ཞིག་ཡིན་པས། བློ་བཟང་སེང་གེ་ལྟར་དཀའ་ལས་བརྒྱབ་ན་རེ་བ་མེད་པ་དེ་འདྲ་མ་རེད།
རྒྱ་རི་སྒྲོལ་མ་དང་བློ་བཟང་སྦྱིན་པ་གཉིས་ལ་བཀའ་ཁྲི་ཐོབ་པའི་རེ་བ་ཕྲ།
རྒྱ་རི་སྒྲོལ་མའི་གཤིས་ཀ་གྱོང་བའི་ཆ་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་ཀས་དགོས་པ་དམིགས་བསལ་མ་བྱུང་ན་བཀའ་བློན་དུའང་བསྐོ་དཀའ་བ་རེད། འོན་ཀྱང་རྒྱ་རི་སྒྲོལ་མའི་ལུས་ཐོག་ནས་ང་ཚོས་བོད་ཀྱི་བུད་མེད་གཞན་ལ་མེད་པའི་བློ་སྟོབས་མཐོང་ཐུབ་ཅིང་། དེས་ཁོང་སུས་ཀྱང་སྣང་ཆུང་དུ་འཇོག་མི་ཐུབ་པ་ཞིག་བཟོས་ཡོད། དེ་ནི་གྲུབ་འབྲས་རེད།
༥༽ ཆོས་ཆོལ་འཕོ་འགྱུར།
སྤྱི་འཐུས་ཀྱི་འོས་བསྡུའི་ཐད་ནས་བཤད་ན། མངོན་གསལ་ཆེ་བའི་འགྱུར་བ་ཆེ་ཤོས་ནི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་རེད། ད་ལྟའི་འོས་བསྡུའི་གནས་སྟངས་ལ་བལྟས་ན། དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་དང་བེ་རི་འཇིགས་མེད་དབང་རྒྱལ། ས་སྐྱའི་པདྨ་འབྱུང་གནས་དང་ཚེ་རིང་པོ། བོན་གྱི་་གཡུང་དྲུང་རྒྱལ་མཚན། བཀའ་རྒྱུད་ཀྱི་བསོད་ནམས་དགྲ་འདུལ་དང་ཀརྨ་ཤེས་རབ་མཐར་ཕྱིན་བཅས་ཚང་མ་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སླེབས་ཐུབ་ཀྱི་མེད། དེས་ཆོས་རྒྱུད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༧༠ ཟིན་ཡོད། འགྱུར་བ་གཏན་ནས་མེད་པ་ནི་རྙིང་མའི་སྤྱི་འཐུས་གཉིས་རེད།
དེ་དག་གི་ཁོངས་ནས་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་དབུས་གཙང་གི་སྤྱི་འཐུས་སུ་འོས་གྲངས་མཐོ་ཤོས་ཨང་གཉིས་པར་སླེབས་ཡོད་ཅིང་། གཡུང་དྲུང་རྒྱལ་མཚན་མདོ་སྟོད་སྤྱི་འཐུས་ཀྱི་ཨང་དྲུག་པར་སླེབས་ཡོད། ཡང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀརྨ་ཆོས་འཕེལ་བཀའ་རྒྱུད་སྤྱི་འཐུས་འོས་ཁོངས་ཨང་གཉིས་པར་སླེབས་ཡོད།
དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ནི་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཞེས་པའི་གསུང་བཤད་ཀྱི་ཇུས་འགོད་པ་དང་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་གནས་ཚུལ་ནང་ཐེ་ཇུས་ཡོད་པའི་མིང་ཤས་གཉིས་ཀྱི་འོག་ནས་ད་རེས་ཕམ་ཉེས་བྱུང་ཡོད། བེ་རི་འཇིགས་མེད་དབང་རྒྱལ་ཡང་། དགེ་ལུགས་པའི་སྤྱི་འཐུས་ཀྱི་ལམ་ཕྱོགས་སུ་མ་བསྡད་པར་སྔོན་གྱི་ལོ་རྒྱུས་རྙིང་པ་བེ་རི་རྒྱལ་པོ་སོག་པོས་བཅོམ་པའི་ནད་རྙིང་ཞེ་ལ་བཞག་སྟེ། དགེ་ལུགས་པའི་སྦྱིན་བདག་ཆེན་པོ་ཧོར་ཡུལ་གྱི་གྲྭ་རྒྱུན་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་། གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་གནས་ཚུལ་དང་འབྲེལ་བ་ཡོད་པ། ཡིག་ནོར་དང་དོན་ནོར་མང་བའི་ཆོས་འབྱུང་ཆ་ལེ་ཆོ་ལེ་ཞིག་བྲིས་པ་སོགས་ཀྱི་ཆ་ནས་ད་རེས་འོས་ཤོག་ཕམ་ཉེས་འབྱུང་བཞིན་ཡོད་པ་རེད། ཕམ་ཉེས་བྱུང་བའི་ཆོས་རྒྱུད་ཀྱི་སྤྱི་འཐུས་གཞན་མང་ཆེ་བ་ཡང་གྲོས་ཚོགས་མཇུག་བསྡོམས་མ་ཐུབ་པའི་བྱས་ཉེས་དང་འབྲེལ་ནས་བུད་འགྲོ་བཞིན་ཡོད།
ས་སྐྱའི་པདྨ་འབྱུང་གནས་དང་བོན་གྱི་གཡུང་དྲུང་རྒྱལ་མཚན་གཉིས་ནི། ཆོས་རྒྱུད་ཀྱི་སྤྱི་འཐུས་ཐོབ་རེ་མེད་པའི་དབང་གིས་ཆོལ་ཁའི་ཁོངས་སུ་ལངས་པ་ཡིན་དང་། ཆོལ་ཁའི་རེ་སྐུལ་ལྟར་ཆོས་རྒྱུད་ཀྱི་སྤྱི་འཐུས་བསྐྱུར་བ་ཡིན་གསལ་པོ་མེད། འོན་ཀྱང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཆོལ་ཁའི་སྤྱི་འཐུས་ཆགས་ཡོང་བ་འདི་སྲིད་དོན་འཁྲབ་ཀྱི་ཡོད་པའི་རྟགས་རེད་མ་གཏོགས་ཡག་རྟགས་ཅང་མ་རེད།
༦༽ བཀའ་རྒྱུད་ཀྱི་ཀརྨ།
དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ནི། ཆོལ་ཁས་བསྐྱུར་བའི་སྡུག་ནད་མ་ཐེག་པར་ཆོས་རྒྱུད་ཀྱི་སྤྱི་འཐུས་སུ་སླེབས་པ་རེད། སྡུག་ནད་མ་ཐེག་མཁན་དེ་ཀརྨ་ཆོས་འཕེལ་ཙམ་མ་ཡིན་པར། ད་དུང་ཁོང་གི་རྒྱབ་ལོགས་སུ་ཤོག་ཁ་ཆེན་པོ་ཞིག་ཡོད་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་ལ་ཆ་བཞག་ན། ཤེས་ཡོན་དང་ཉམས་མྱོང་གཉིས་ཀ་ཡོད་རེད། འོན་ཀྱང་རང་ཚུགས་བརྟན་པོ་མ་རེད། དེ་སྔོན་བོད་གཞུང་སློབ་གྲྭ་དང་བཀའ་འགྱུར་རིན་པོ་ཆེའི་སྒེར་སློབ། གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། སྤྱི་འཐུས། སྤྱི་འཐུས་ཚོགས་གཙོ་བཅས་ལས་གནས་གང་འདྲ་ཞིག་ཏུ་འགན་ཅི་འདྲ་ཞིག་འཁྱེར་ནའང་རྙོག་དྲ་མ་བཟོས་པ་ཞིག་རྩ་བ་ནས་བྱུང་མེད། དཔལ་འབྱོར་གྱི་རྙོག་དྲ་མིན་ན། ཆབ་སྲིད་ཀྱི་རྙོག་དྲ་བཟོ་བ་དང་། དེ་མིན་ན། ཆང་རག་བཏུང་སྟེ་ལས་དོན་འཐུས་ཤོར་བཏང་བའི་རྙོག་དྲ་བཟོ་གི་ཡོད།
ང་རང་ཆབ་སྲིད་པ་ཚོས་སྲིད་དོན་འཁྲབ་བཞིན་པ་དེར་ཧ་ལས་མ་བྱུང་། ཧ་ལས་ཧང་སངས་བྱུང་ས་ནི། དགེ་ལུགས་པ་དང་བཀའ་རྒྱུད་ཀྱི་དགེ་འདུན་པ་ཚོས་ཀརྨ་ཆོས་འཕེལ་རང་རང་གི་ཆོས་རྒྱུད་སྤྱི་འཐུས་འོས་གཞིར་བདམས་པ་དེ་རེད། (གོ་ཐོས་ལ་དགེ་ལུགས་ཀྱི་སྤྱི་འཐུས་འོས་གཞིའི་ནང་དང་པོ་ཟམ་གདོང་རིན་པོ་ཆེ་དང་། གཉིས་པ། རོང་བོ་བློ་བཟང་སྙན་གྲགས་དང་ཨ་ཀྲུག་ཚེ་བརྟན། གསུམ་པ་བེ་རི་འཇིགས་མེད། བཞི་པར་ཀརྨ་ཆོས་འཕེལ་སླེབས་ཡོད་སྐད་) དེ་ལ་རྒྱབ་ལོགས་ནས་བརྒྱུད་སྐུལ་བྱེད་མཁན་ཡོད་པ་དེ་ཡང་གསལ་པོ་རེད། འོན་ཀྱང་བཀའ་རྒྱུད་དང་དགེ་ལུགས་ཀྱི་ཆོས་བྱེད་མི་སྣ་ཚོས་དེ་འདྲའི་མགོ་སླ་པོ་བྱས་པ་དེ་ནི་ཧོན་འཐོར་དགོས་པ་ཞིག་རེད། ཀརྨ་ཆོས་འཕེལ་གྱིས་ད་ཆ་དགེ་ལུགས་སྤྱི་འཐུས་འོས་ཁོངས་ནས་དགོངས་པ་ཞུས་ཏེ་བཀའ་རྒྱུད་ཀྱི་སྤྱི་འཐུས་སུ་ལངས་བཞིན་ཡོད།
ལོ་རྒྱུས་ཐོག་དགའ་ལྡན་ཕོ་བྲང་དང་བཀའ་རྒྱུད་པའི་བར་དུ་འབྲེལ་བ་ཡག་པོ་རང་བྱུང་མེད། འོན་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་སྐབས་སུ་ཀརྨ་པ་སྐུ་གོང་མ་དང་འབྲེལ་ལམ་ཧ་ཅང་ཡག་པོ་བྱུང་བར་མ་ཟད། ད་ལྟའི་ཀརྨ་པ་མཆོག་དང་དམིགས་བསལ་གྱིས་འབྲེལ་བ་ཡག་པོ་ཆགས་ཡོད། གནས་བབས་དེའི་ཐོག་ནས་བལྟས་ན། ད་ལྟའི་རྒྱལ་བ་ཀརྨ་པ་འདིས་མ་འོངས་པའི་ལོ་ ༥༠ ནང་ཆོས་སྲིད་གཉིས་ཐད་ནས་བོད་མི་དམངས་ལ་ལེགས་སྐྱེས་ཆེན་པོ་ཞིག་སྩོལ་ཐུབ་པའི་རྨང་གཞི་ཚང་མ་རེད་ཡོད་ལ། དེས་རྒྱ་ནག་གཞུང་ལའང་སེམས་ངལ་བཟོ་བཞིན་ཡོད། འོན་ཀྱང་ད་ལྟ་བཀའ་རྒྱུད་པའི་ཆོས་བྱེད་མི་སྣ་ཚོས། རྒྱབ་ལྗོངས་ཀྱི་གནས་ཚུལ་ཁྱད་མཚར་ཞིག་ལ་བརྟེན་ཏེ། གཞན་གྱིས་སེམས་གཏིང་ནས་གཡུག་ཟིན་པའི་ཅ་ལག་ཅིག་ལ་བདག་པོ་རྒྱག་བཞིན་ཡོད། དོན་དམ་དུ་མིང་ལ་ཀརྨ་ཐོགས་པ་ཙམ་གྱིས་བཀའ་རྒྱུད་པ་ཡིན་པའི་ངེས་པ་མེད་ལ། གཡུལ་སར་ལྷུང་བའི་རལ་གྲི་སོ་གཉིས་མ་ཞིག་ཡར་སྒྲུག་པ་དེས། ཆོལ་ཁ་དང་ཆོལ་ཁའི་བར་དང་། ཆོལ་ཁ་དང་ཆོས་ལུགས་བར། ཆོས་ལུགས་དང་གཞུང་གི་བར་དུ་སེལ་ཞུགས་པའི་རྐྱེན་ཆགས་སྲིད་ལ། ལྷག་པར་དུ་༸རྒྱལ་བ་ཀརྨ་པ་མཆོག་གི་མཛད་འཕྲིན་གྱི་ཞབས་འདེགས་སུ་མ་སོང་བར་ཞབས་འདྲེན་དུ་གྱུར་སྲིད་པ་ཡིན།
༧༽ དབུས་གཙང་མངའ་རིས་ཀྱི་ཆབ་འབངས།
ཆོལ་ཁའི་ཁྱབ་ཚད་ནས་བཤད་ན། མངའ་རིས་དབུས་གཙང་གི་ཆ་ཤས་རེད། དེ་ལ་མངའ་རིས་སྤྱི་མཐུན་ཚོགས་པས་ཀྱང་མོས་མཐུན་བྱེད་ཀྱིན་ཡོད། འོན་ཀྱང་དེང་སྐབས་དབུས་གཙང་དེ་མངའ་རིས་ཀྱི་ཆ་ཤས་ལྟ་བུར་གྱུར་ཡོད་དེ། སྤྱི་འཐུས་ལ་ཆ་མཚོན་ནས་བཤད་ན། ད་རེས་ཆོལ་ཁ་དང་ཆོས་ལུགས་ཀུན་གྱི་ནང་ནས་སྤྱི་འཐུས་འོས་མང་ཤོས་དེ་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལ་ཐོབ་ཡོད། སྐབས་སྔོན་མ་དག་ཏུ་ཡེ་ཤེས་ཕུན་ཚོགས་ལ་འོས་ཤོག་མང་ཤོས་ཐོབ་རྒྱུ་ལྟ་ཅི་རྩེ་ཕུད་ ༡༠ ནང་ཚུད་ལ་མ་ཚུད་ཀྱི་མི་ཞིག་རེད། ཕྱི་ནང་གི་ཤེས་ཡོན་དང་འཇོན་ཐང་། ལྟ་བ། བྱས་རྗེས་སོགས་གང་གི་ཐད་ནས་བལྟས་ནའང་མེད་པ་ལས་དྲག་ཙམ་ཞིག་རེད། འོན་ཀྱང་དེ་རིང་སྤྱི་འཐུས་ཀུན་གྱི་གོང་ན་སླེབས་པ་འདི་ཅི་རེད། གཞན་གང་ཡང་མ་རེད། ཁོང་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་བཞུགས་ཏེ། འོས་གཞིའི་དང་པོར་རང་ཉིད་ཀྱི་མིང་བཀོད་དེ་བཀྲམ་པ་དེས་རེད། སྤྱིར་བཏང་བོད་དབུས་གཙང་མཐིལ་གྱི་མི་རྣམས་ལ་ཆོལ་ཁ་དང་ལུང་ཚན་གྱི་ཞེན་དེ་ཧ་ཅང་ཆུང་ཆུང་རེད། འོན་ཀྱང་སྟོད་མངའ་རིས་ཀྱི་མི་རྣམས་ནི་ས་མཐའ་ལུང་ཁུག་གི་མི་ཀུན་དང་འདྲ་བར་ཡུལ་ཞེན་ཆེན་པོ་ཡིན་ལ་མི་འབོར་ཡང་མང་པོ་རེད། དེའི་དབང་གིས་དེང་སྐབས་དབུས་གཙང་མངའ་རིས་ཀྱི་མངའ་ཁོངས་ཆགས་བཞིན་ཡོད།
མདོ་སྟོད་སྨད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་ནང་བོད་ནས་གསར་དུ་སླེབས་པ་མང་པོ་སླེབས་བཞིན་ཡོད་ཀྱང་། དབུས་གཙང་གི་སྤྱི་འཐུས་ནང་བོད་ནས་གསར་དུ་འབྱོར་བ་ཞིག་འོས་འདེམས་ཡོང་གི་མེད། དེའི་རྒྱུ་མཚན་ཡང་མཐར་གཏུགས་ན་མངའ་རིས་ལ་ཐུག་ཡོད།
༨༽ ཟམ་གདོང་རིན་པོ་ཆེའི་མ་འོངས་པ།
གོ་ཐོས་སུ་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དགེ་ལུགས་དང་མདོ་སྟོད་ཀྱི་སྤྱི་འཐུས་གཉིས་ཀའི་འོས་མིར་སླེབས་ཡོད་ཀྱང་། འོས་བསྡུ་ལས་ཁུངས་ཀྱིས་དེ་གཉིས་ནང་ནས་གཅིག་མ་གཏོགས་བདམས་ན་འགྲིག་གི་མ་རེད། ཅི་འདེམས་ཀ་ཞེས་དྲིས་པར་བརྟེན། ཟམ་གདོང་རིན་པོ་ཆེས་གཉིས་ཀ་བདམས་མེད་པ་འདྲ། རིན་པོ་ཆེའི་ཐག་གཅོད་དེས་སྲིད་དོན་གྱི་ཁོག་རྩིས་རྒྱག་མཁན་མང་པོ་ཧང་སངས་བཅུག་ཡོད།
འོན་ཀྱང་སྤྱི་འཐུས་ཀྱི་ཚོགས་གཙོར་ད་ལྟའི་ཤེས་རིག་གི་བཀའ་བློན་ཐུབ་བསྟན་ལུང་རིག་སླེབས་རྒྱུ་ངེས་པ་འདྲ་འདྲ་ཞིག་དང་། བཀའ་བློན་ཁྲི་བར་སུ་འཁོད་རུང་བདེ་སྲུང་གི་བཀའ་བློན་དུ་ད་ལྟའི་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་བསྐོ་ངེས་ངེས་ཤིག་ཡིན་ཚུལ་ལ་བལྟས་ན། ལོ་གཅིག་གི་རྗེས་ཀྱི་དེ་རིང་ཟམ་གདོང་རིན་པོ་ཆེས་འགོ་བཙུགས་ཟིན་པའི་ལས་ཀ་དེ་ཚོ་ཤུལ་མེད་རྗེས་མེད་དུ་འགྲོ་རྒྱུ་མིན་པའི་རྣམ་པ་ཞིག་ཀྱང་ཡོད་པ་རེད།
རྗེས་སུ་ཟམ་གདོང་རིན་པོ་ཆེས་ག་རེ་གནང་གི་རེད། གོ་ཐོས་སུ་ཁོང་གིས་དྷ་སའི་ཉེ་འགྲམ་དུ་བཞུགས་གནས་ཤིག་བསྐྲུན་ཡོད་སྐད་ལ་བརྟེན། དྷ་རམ་ས་ལའི་ཁུལ་དུ་མུ་མཐུད་བཞུགས་ངེས་རེད། བར་ལམ་གྱི་ཁོང་གི་གསུང་བཤད་ཁག་ལ་བལྟས་ན། རྣམ་པ་གསར་པ་ཞིག་ཡོད་པ་ནི། བཀའ་འགྱུར་བསྟན་འགྱུར་གྱི་དཔེ་མི་འདྲ་བ་ཇི་ཙམ་ཡོད་པ་དང་། དེ་དག་གི་ཆོས་ཚན་རྣམ་གྲངས། བཀའ་བསྟན་ནང་མ་ཚུད་པ་ཇི་ཙམ་ཡོད་པ་སོགས་ཀྱི་སྐོར་དེ་ཤུགས་ཆེ་ཙམ་མངོན་གྱི་ཡོད། གཅིག་བྱས་ན། ཤེས་ཡོན་སྲིད་བྱུས་དང་བཀའ་བསྟན་གཉིས་ཀྱི་ཐད་མུ་མཐུད་མཁས་པའི་ཕྱག་རྗེས་ཤིག་འཇོག་སྲིད་པ་རེད། ད་དུང་དམངས་གཙོའི་ཀ་བ་གསུམ་ལས། ཁྲིམས་ཞིབ་ཁང་དུ་ཁོང་གིས་མཛད་འགན་བཞེས་རྒྱུ་ལྷག་ཡོད།
ཆོལ་ཁའི་སྤྱི་འཐུས་ཚོའི་སྐོར་ལ་གླེང་དགོས་པ་མང་ཙམ་མཆིས་ཀྱང་ཡིག་ཚོགས་ལ་སྐྲག་པས་འདི་ཙམ་གྱིས་ཆོག་ཤེས་པར་བྱས་སོ།། །།
(རྩོམ་ཡིག་འདི་བྲེལ་ཟིང་ཆེན་པོའི་ནང་དཔྱད་གཞི་ཉུང་ངུ་ཞིག་ལ་བརྟེན་ནས་བྲིས་པས་ནོར་འཁྲུལ་ཡོད་སྲིད། དགག་པ་སྐྱོན་མཁན་ཚོར་རྒྱུ་མཚན་རྣམ་དག་ཡོད་མེད་ལ་མ་ལྟོས་པར་ཚང་མར་དགའ་བསུ་ཡོད།)
རང་ཅག་སྐྱབས་བཅོལ་བའི་ནང་འོས་བླུག་མཁན་ཚོ་ཆབ་སྲིད་ལ་དོ་སྣང་ཤིན་ཏུ་ཆུང་བས་འོས་བླུག་སྐབས་མི་མང་མང་པོ་ཞིག་གིས་དྲིལ་བསྒྲགས་བྱས་པའི་མིང་ཐོ་གོ་རིམ་བཞིན་མིང་བཀོད་བྱེད་པ་ལས་རང་ཉིད་ཀྱིས་འོས་པར་ཤེས་ནས་མིང་བཀོད་མ་བྱེད་པ་ནི་ས་གནས་གང་སར་དར་ནས་ཡོད་པ་ཞིག་རེད་འདུག རྒྱུ་མཚན་འདི་ལ་བརྟེན་ནས་སྔོན་འགྲོ་འོས་མིར་ལངས་པའི་འོས་མི་འགས་ད་ལན་འོས་གྲངས་གསལ་བསྒྲགས་བྱུང་རྗེས་འོས་གཞིའི་གོ་རིམ་གྲངས་བཅུའི་ནང་དུ་མ་བསླེབས་ཚེ་འོས་མིའི་ཐོ་གཞུང་ནས་ཕྱིར་འཐེན་ཞུ་རྒྱུའི་བསམ་བློ་ཡོད་སྐོར་རང་གི་གྲོགས་ཉེ་ཚོར་བཤད་འདུག རང་ཉིད་ནས་དབུས་གཙང་འོས་མི་གཅིག་དང་མདོ་སྟོད་འོས་མི་གཅིག་གིས་དེ་ལྟར་བརྗོད་ཡོད་པར་ཐོས་བྱུང་། ངས་དེ་ཐོག་ཏུ་མི་དེ་གཉིས་ཀྱིས་རང་ཅག་མི་མང་ཚོས་འོས་བླུག་སྟངས་ལ་དངོས་གནས་དོ་སྣང་ཡག་པོ་བྱེད་འདུག་བསམ་པ་བྱུང། ལན་མང་ཞིག་ལ་ངས་ཀྱང་འོས་ལྡུབ་བྱ་སར་ལྟ་བཞིན་སྡོད་སྐབས་གནས་སྟངས་འདི་དངོས་གནས་ཡོངས་གྲགས་ཤིག་རེད་འདུག་བསམ་པ་བྱུང་བཅས་ཕྲན་གྱི་མཐོང་ཐོས་ཤིག་འདོན་ཐབས་ཞུས་པ་ཡིན། བཀྲིས་བདེ་ལེགས།
མཁས་དབང་བློ་བཟང་སེང་གེ་ཁོང་ནི་ཆེས་ཕུལ་དུ་བྱུང་བའི་དེངརབ་ཅན་གྱི་ཤེས་ཡོན་གཉིས་ལྡན་གྱི་གཞོན་སྐྱེས་ཞིག་ངེས་ངོས་འཛིན་ཞུ་གིན་ཡོད།
ཁང་གསར་རྡོ་རྗེ་ལགས། མ་རེད་ཟེར་རྒྱུ་ཁྱོན་ནས་མི་འདུག ཁྱོད་ལྟ་བུ་མང་པོ་ཞིག་ང་ཚོར་དགོས་ཀྱིན་འདུག ད་དུང་མུ་མཐུད་ནས་་་་་ནམ་ཡང་ཁྱོད་ཀྱི་སློབ་སྟོན་ལ་རྗེས་སུ་ཡི་རང་ཞུ་མཁན་གྱི་གྲས་ཡིན།
ཀརྨ་ཆོས་འཕེལ་ལགས་ནི་བཀའ་བརྒྱུད་ནང་ནས་རྟག་ལུང་བཀའ་བརྒྱུད་ཡིན་པ་དང་ཁོང་ཡང་ཆོས་བརྒྱུད་དེའི་མི་སྣ་རྣམས་ནས་རེ་བ་གནང་དོན་ལྟར་ཡིན་སྲིད།
ཡུན་རིང་གི་རྗེས་སུ་བྲེལ་ཟིང་དང་བཅས་དེ་རྩོམ་ཡིག་གནད་འགག་ཅན་ཞིག་འཁུར་ནས་སླེབས་པ་དགའ་ཡོད།
ཞེ་སེམས་དྲང་མོས་བཀའ་སློབ་གནང་བར་ཐུགས་རྗེ། དེ་དང་འདྲ་བོ་འདུག གང་ལྟར་གལ་ཆེ་བ་ཞིག་ཞུས་འདོད་པ་ནི་ཀརྨ་ཆོས་འཕེལ་འདི་ག་རེ་བྱས་ནས་ཚུར་གྲོས་ཚོགས་ནང་སླེབས་གི་ཡོད་ནམ། དོན་ཆེན་ཞིག་སྒྲུབ་པར་ཡོང་གི་ཡོད་རྒྱུ་ནི་མ་རེད་བསམ་གི ད་འོ་ན། ད་དུང་སྙོག་དྲ་ཞིག་བཟོ་རྒྱུ་ལྷག་བསྡད་ཡོད་པ་འདྲ། ང་མགོ་ན་ནས་དུ་འཐོན་ཡོང་གི
ཁང་གསར་རྡོ་རྗེ་མཆོག་གི་རྩོམ་འདི་སྙན་པོ་འདུག་ལ། གོ་རྒྱུ་ཡང་འདུག རེ་བར་རྗེས་མ། རྩོམ་གྱི་ཁྱབ་ཁོངས་བསྟུངས་ནས་གཏིང་ཟབ་ཏུ་གཏོང་ཐུབ་ན་ཤིན་དུ་ལེགས།
མི་མང་པོ་ཞིག་གི་སྐོར་ལ་གནས་ཚུལ་ཐུང་ཐུང་མང་པོ་མ་ཡིན་པར། མི་ཉུང་ཤས་ཤིག་གི་སྐོར་ལ། གནད་ཚུལ་གཏིང་ཟབ་གླེང་ཐུབ་ན་ཤིན་དུ་ལེགས་སྙམ།
བཀྲིས་བདེ་ལེགས།
ཁང་གསར་རྡོ་རྗེ་ལག་། རང་གི་རྟ་བ་མ་མཐུན་པ་ཡིན་ན་དམང་གཙོ་མི་འདུག་ལབ་པ་དེ་ཤིན་ཏུ་ནས་ཐལ་ཆེ་བ་མ་རེད་དམ་། ཀརྨ་ཆོས་འཕེལ་མཆོག་ནི་མི་ལོ་༣༧ ཡར་ལྷག་བོད་གཞུང་ལ་ཞབས་ཞུ་ཉམས་མྱུང་དང་ཤེས་ཡོན་ཧིན་བོད་དབྱིངས་གསུམ་ལ་བྱང་ཆུབ་པའི་མི་སྣ་བཀའ་བརྒྱུད་སྤྱི་འཐུས་ལ་སླེབས་པ་འབུལ་འཇོམ་མི་གཏོང་བ་ཞུ་གི་ཡོད་། དཔེར་ན་ ཟླ་བ་ཚེ་རིང་ནི་གོང་ས་སྐྱབས་༧མགོན་ཆེན་པོ་དབུས་པའི་རང་གཞུང་ཁ་མཆུ་རྒྱལ་ཁབས་ལ་ཁྲིམས་གཅལ་བྱས་པ་དང་འོས་ཆོས་མ་ཚང་བ་མེད་པ་བཅས་མ་མཐོང་བ་ངོ་མཚར་དགོས་པ་ཞིག་རེད་།
ལྷག་བསམ་ལགས། ཁྱེད་ཀྱིས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་རྒྱལ་བ་རིན་པོ་ཆེ་རྒྱ་གར་གཞུང་གིས་ཁྲིམས་ཁང་དུ་བསྐྱལ་བ་རེད་ཟེར་བྲིས་པ་ནི་བདེན་པ་མིན་པས་འཛུབ་མོས་རྩིས་འཁྲུལ་མ་བསྣན་གོང་བསམ་མནོ་ལེགས་པོ་མཐོང། ཁོ་བོས་བལྟས་ནད་ལྟའི་སྤྱི་འཐུས་ནང་ནས་སྤྱི་ཚོགས་ལ་ཞབས་ཞུ་ལྷག་བསམ་གཡོ་མེད་གནང་མཁན་ནི་སྤྱི་འཐུས་ཟླ་བ་ཚེ་རིང་ཁོང་རེད་འདུག་སྙམ། རེད། ཁོང་གིས་སྤྱི་འཐུས་གྲོས་ཚོགས་ནང་དཔུང་པ་འཕྱར་ནས་གཏམ་བཤད་བྱེད་པ་དེ་མི་འགྲིག་པ་རེད། ཁོང་གིས་དེ་གསལ་བཤད་ཐོག་དགོངས་སེལ་ཞུས་ཡོད།
ཁོང་མི་གཅིག་གི་བྱས་རྗེས་ལ་བསམས་ན་ཚོགས་པ་སྒེར་གཅིག་གིས་ཀྱང་བྱེད་མེད་པ་དེ་འདྲ་རེད། དཔེར་ན། ཐོག་མར་ཁོང་གིས་དྷ་ས་ནང་རོ་ཊི་རི་ཚོགས་པ་བཙུགས་པ་དང། དེ་ནས་བྱིས་པ་ཡོངས་གླིང་སློབ་གྲྭ་བཙུགས་པ་དང། དེ་ནས་དྷ་སར་བདེ་དོན་གནང་བ་དང། དེ་ནས་དྷ་སར་གཟའ་ཉི་མའི་ནང་ཆོས་འཛིན་གྲྭ་བཙུགས་པ་དང། དེ་ནས་དམིགས་བསལ་གསར་འབྱོར་བ་གཙོས་ལས་མེད་ཚོར་དམིགས་ནས་འཚེམ་བཟོ་ཁང་སོགས་བཙུགས་པ་དང། དེ་ནས་གལ་ཆེ་ཤོས་དེ་དམིགས་བསལ་གཞོན་ཚོར་དམིགས་ནས་ནང་ཆོས་ངོ་སྤྲོད་ལས་འཆར་བཙུགས་པ་དང། དེ་ལས་ཀྱང་གལ་ཆེ་བ་ནི་དབུ་མའི་ལམ་གྱི་ལས་འགུལ་ཁང་བཙུགས་མཁན་གྱི་མི་སྣ་གལ་ཆེན་ཡིན་པ་སོགས་མདོར་ན་ཁོང་ལྟ་བུ་འགའ་ཤས་ཞིག་ང་ཚོ་བཙན་བྱོལ་ནང་ཡོད་ན་སྤྱི་ཚོགས་དེ་གཟེངས་སུ་ཐོན་ཆགས་རྒྱུ་རེད་འདུག་སྙམ།
ཁང་གསར་རྡོ་རྗེ་ལགས་
ཉེ་ལམ་བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་ཞིབ་ཀྱིས་བསམ་ཚུལ་གོ་བདེ་ལ་ དོན་ཟབ་པ་ རྒྱུ་ཚན་ལྡན་པ་ ངོ་མ་བློ་རྒྱ་ཆེ་བའི་དཔྱད་ཞིབ་དང་བསམ་རྒྱ་ཡངས་པའི་འཆར་སྣང་ངོ་ཚར་བ་འདི་འདྲ་ ནིའུ་ཡོག་དུས་བབ་ཀྱི་སྙན་གྲགས་ཆེ་བའི་དཔྱད་ཞིབ་པ་ སྐུ་ཞབས་ ཀྲོམ་ཕྰི་རའིཌ་མན་ དང་ ཌེ་ཝིཌ་སྦུ་རུགསི་་ སོགས་གི་བསམ་རྒྱ་དང་འཆར་སྣང་བཞིན་སྤེལ་ཏེ་རང་རིགས་རྣམས་ལ་མང་གཙོའི་ལམ་ལུགས་ཀྱི་གོ་རྟོགས་འཕེལ་རྒྱས་དང་ གཅེས་པའི་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཐད་ལའང་ལེགས་སྐྱེས་ཀྱི་ཞབས་འདེགས་ཡིན་པར་དགའ་མགུ་ཡིད་རངས་ངང་ཐུགས་རྗེ་ཆེ་ཞུ་ལེ་ཡིན་ སྐུ་ཚེ་རིང་།
ཁྱོད་ཀྱི་བསམ་ཚུལ་དེར་བདེན་ཁ་འདུག་ལ་ཆ་
མ་ཚང་བའི་ཞན་ཆ་ཡང་འདུག། མ་གཞི་མི་ཞིག་ཡིན་པའི་དགེ་སྐྱོན་གཉིས་ཆ་ལོས་
ཡོད། གོང་གསལ་ཁྱོད་ཀྱིས་དཔྱོད་གཏམ་དེར་
མཚན་འཁོད་མི་སྣ་དེ་དག་ཙམ་མ་གཏོགས་གཞན་དེ་སྔོན་གྲོས་ཚོགས་འཇུག་སྐྱོངས་མ་ཐུབ་པས་
འགལ་རྐྱེན་ནང་ཤོགས་གཏོགས་པ་དང་
ཤོགས་འགལ་བར་གཉིས་སུ་གྱུར་ནས་མཐར་
ཤོགས་ཁག་གཉིས་དབར་ངོ་ཚ་ཁྲེལ་མེད་ཀྱི་སྤྱོད་
ངན་གྱི་རང་མདོགས་སྣ་ཚོགས་ཤིག་ཤོགས་གཉིས་ཆའི་འཐུས་མི་ནང་ཅིག་མཚུངས་མཐོང་གསལ་
ཡིན་ཡང་ ཁྱོད་ཀྱིས་ཤོགས་འགལ་བ་རྣམས་ཀྱི་མཚན་དང་
སྤྱོད་ཚུལ་མ་གཏོགས་གསལ་མི་འདུག་ལ་ དེ་བཞིན་བཀའ་ཁྲིའི་འོས་གཞི་སྐོར་དཔྱོད་ཚུལ་
བཅས་ཕྱོགས་ཡོངས་ནས་བསམ་ཞིབ་གནང་ཚེ་
ཁྱོད་ཀྱང་ཤོགས་ཞེན་གྱི་བདན་ཆེན་པར་ཞིག་ཡིན་པ་གསལ་རྟགས་འདུག་གོ། མ་གཞི་ཕན་ཚུལ་གཉིས་ཀྱི་དབར་འགལ་ཟླ་གང་ཞིག་བྱུང་ཚེ་ཆེ་ཆུང་མ་གཏོགས་ཕྱོགས་གཉིས་ཆར་ནོར་འཁྲུལ་རེ་ཡོད་པ་མ་མཐོང་ན་ཤོགས་ཞེན་པ་ལས་མ་འདས།
z;ݼ-ºôÅ-DP-Gż-lô-Xï-¾GÅü
»Þm-¼ÛP-ŸÛG-mÅ-„Àô-M-Vï-zºÛ-hrh-ŸÛz-hP-zŤ-M-»PÅ-qºÛ-¯ô¤-»ÛG-ljm-qô-Gô-Mã-»ôh-q-ºhÛ-ºi-ŸÛG-i-fôG-bà-z;ôh-GmP-z¼-Ÿï-GbÛP-mÅ-hGº-zÅÞ-hP-XïÅ-ÅÞ-»Û-¼P-±h-¤ïh-ŸÝ-ºôÅü
PÅ-ˆP-Eïh-ˆÛÅ-ƒÛÅ-q-¿e¼-ºƒÛ-ljÛP-È-TP-ºhôh-¤ôhü ºôm-ˆP-„Àô-DôG-hP-ÇtôzÅ-q-ÅôGÅ-ˆÛ-¤-ºhP-qÅ-Eïh-ˆÛÅ-ƒÛÅ-z;ôh-‚Å-q-È-TP-hGº-‚ãP.ü
zÞ-¤ô-¤²ïÅ-¤ºÛ-¤Vß-bô-¾-ºÞ-‚Å-q-¿e¼-Eïh-ˆÛ-¯ô¤-»ÛG-ºhÛ-G-±ôh-z>ÀGÅ-ˆP-G-±ôh-ˆÛÅ-ŸÛ¤-¼ï-ºIô-zŸÛm-ºhÝG h-hÝP-Eïh-ˆÛ-zÞ-¤ô-¤²ïÅ-¤ºÛ-¯ô¤-»ÛG-GÛ-¤Vß-bô-ŸÛ¤-qô-ºhÛ-¾-»P-hP-zB¼-hÝ-z>ÀG-Mã-»Ûmü
Eïh-ˆÛÅ-uÛ-ºfÞÅ-ˆÛ-ºôÅ-GŸÛ¼-»ôP-¤Dm-¤P-qô-ŸÛG-Ç+ô¼-zÁh-Mã-¿ËG-»ôh-ˆP-»ÛG-±ôGÅ-ˆÛÅ-ºWÛGÅ-qÅ-zBå¼-z-»Ûm-ŸïÅ-zÁh-ºhÝG-ÇezÅü hÝÅ-Dô¤-º‚ãP-±ï-zÁh-ºyôÅ-¿ËG-¤-GP-»ôh-h-¿eºÛ-¯ô¤-Z¤Å-¿e¼-¥ã¼-hÝ-ºhôm-Çtï¾-»ôP-z-¼ï-zÇ+ݾ-ŸÝ-ºhôh-‚ãP.ü
Eïh-ˆÛ-¯ô¤-»ÛG-ºhÛºÛ-mP-¤-zÇÀïzÅ-qºÛ-h-hÝP-Ç+zÅ-zŸÛ-qºÛ-IôÅ-±ôGÅ-mP-Ç+h-IGÅ-Vï-zºÛ-hqº-zô-DG-TÛG-GÛ-Gb¤-Mãh-zÁh-Mã-¾ÞÅ-»ôh-lj¤ü hqï¼-mü hqº-zô-¹-z-±ï-¼ÛP.ü hqº-¤ô-Oô¾-¤-¤±ô-¤ôü lôG-lôG-Ǩôm-¾¤-¤f¼-xÛm-ÅôGÅ-»Ûmü DôP-GÅÞ¤-HÛ-Ç+ô¼-¤-zÁh-m-Eïh-ˆÛ-¯ô¤-»ÛG-hï-hqº-zô-¾G-Çkô¤-¿e¼-ºHã¼-»ôh-ÇezÅ-PïÅ-q¼-zÁh-hGôÅü P-±ôÅ-ÇKÝG-mÅ-zÇkh-»ôhü
hï-ÇSôm-Ez-±h-Vï-zºÛ-zP-Vïm-hP-hÝÅ-zzÅ-Gż-ÁôG-ÅôGÅ-ÅÞ-EÛ¤-Mãh-Vïm-qô-GÅÞ¤-HÛ-Gb¤-Mãh-hP.ü ¤Û-¼zÅ-Gż-q-¾PÅ-hGôÅ-qºÛ-ºzôh-O-ÅôGÅ-ˆÛÅ-ºôÅ-zÇkݺÛ-Ç+zÅ-¤Û-h¤PÅ-¾-ÁÝGÅ-Aïm-GP-º±¤Å-vh-»ôh-ÇezÅ-Eïh-ˆÛ-¯ô¤-»ÛG-ºhÛ-»P-M-Ez-Vï-¼Þ-GbP-fÞz-±ï-hGï-¤±m-¾ôÅ-»ôh-lj¤-q-‚ãP.ü
བཀུར་འོས་ཁང་གསར་རྡོ་རྗེ་ལགས།
ཡུན་རིང་ཞིག་ནས་བློ་རྒྱ་ཆེ་བའི་དཔྱད་ཞིབ་དང་བསམ་རྒྱ་ཡངས་པའི་རྩོམ་ཡིག་སྙན་པོ་གོ་རྒྱུ་ཡོད་པ་འདི་འདྲ་ཞིག་དྲ་ཐོག་ཏུ་བཀོད་གནང་བར་ཞེ་གཏིང་ནས་དགའ་བསུ་དང་རྗེས་སུ་ཡི་རང་ཚད་མེད་ཞུ་འོས།
ངས་ཀྱང་ཁྱེད་ཀྱིས་བྲིས་པ་ལྟར་འབྲི་སྙིང་ཧ་ཅང་འདོད་མོད། འོན་ཀྱང་བློ་ཁོག་དང་སྤོབས་པ་སོགས་ཀྱི་མ་འདང་པས་ཁྱེད་ཀྱིས་བྲིས་བཀོད་བྱས་པ་ཧ་ཅང་དགའ་བྱུང༌།
བུ་མོ་མཛེས་མའི་མཆུ་ཏོ་ལ་འུ་བྱས་པ་ལྟར་ཁྱེད་ཀྱི་རྩོམ་ཡིག་འདི་ག་ཚོད་བཀླགས་ཀྱང་ག་ཚོད་ཀྱིས་ཞིམ་རེ་འགྲོ་བཞིན་འདུག ད་དུང་ཁྱེད་ཀྱི་བུ་མོ་མཛེས་མའི་རྩོམ་ཡིག་གི་མཆུ་ཏོ་ཞིམ་པོ་འདི་ལ་ཡང་དང་བསྐྱར་དུ་བཀླག་རྒྱུ་ཡིན།
ཁྱེད་ཀྱིས་སྤྱི་འཐུས་ཀྱི་འོས་གཞིར་ཡོང་མཁན་མང་པོ་ཞིག་སྐོར་བཤད་རྒྱུ་ལྷག་ཡོད་ཀྱང་ཡིག་ཚོགས་ཀྱིས་འཇིགས་པས་བསྐྱུར་བ་ཡིན་ཞེས་བཤད་འདུག་སྟབས། དུས་ཁོམ་འབྱུང་ཚེ་བཤད་འཕྲོས་ལྷག་མ་གང་ཡོད་ད་ལྟའི་རྩོམ་ཉམས་ལྟར་མྱུར་དུ་འདོན་སྤེལ་ཡོང་བ་རེ་བསྐུལ་ཞུ་འདོད་བྱུང༌།
ཁྱེད་ཀྱི་རྩོམ་ཡིག་འདིའི་ནང་མ་བསླེབས་པའི་ད་དུང་སྐབས་བཞི་པའི་གྲོས་ཚོགས་ནང་སྐད་གྲགས་ཆེ་བའི་དཔའ་བོ་ཁག་ཅིག་གི་གཏམ་རྒྱུད་བཤད་རྒྱུ་ལུས་ཡོད་སྙམ། དཔེར་ན། དཔའ་བོ་ཟླ་བ་ཚེ་རིང༌། དཔའ་མོ་སྒྲོལ་མ་མཚོ་མོ། རྡོག་རྡོག་སྨོན་ལམ་མཐར་ཕྱིན་སོགས་ཡིན། ཁོང་གསུམ་གྱི་སྐོར་མ་བཤད་ན་ཁྱེད་ཀྱི་རྩོམ་ཡིག་དེ་དཔའ་བོ་ལག་སྡོམ་ལྟར་འགྱུར་ཡོད་སྟབས་ངེས་པར་བཤད་དགོས། ང་ཚོས་སྒུག་ནས་བསྡད་ཡོད།
དེ་སྔོན་ཁྱབ་ཚད་ཆེ་བའི་བང་ཆེན་དང་དུས་བབས་གསར་ཤོག་སོགས་སུ་ཁྱིམ་རྒྱུད་ཆེན་པོ་གསུམ་གྱི་གཏམ་རྒྱུད་དང༌། མི་རབས་གསར་པ་ལངས་དགོས་པའི་འབོད་སྒྲ་སོགས་ཀྱིས་འོས་བསྡུའི་སྐབས་མི་དམངས་ལ་ཤུགས་རྐྱེན་གང་འཚམས་སྤྲད་ཡོད་སྟབས་ཁྱེད་ཀྱི་རྩོམ་ཡིག་འདི་ཡང་རྒྱ་
ཁང་གསར་ལགས་ནས་བསམ་རིན་ཡོད་པའི་རྩོམ་ཡིག་འདི་འདྲ་ཞིག་སྤེལ་ཡོང་དུས་མཆན་ཞིག་མ་བྲིས་ཚེ་གུས་ཞབས་མེད་པར་འགྱུར་ངེས་པས་ངས་ཀྱང་མ་བཀླག་ཐབས་མེད་ཀྱི་རྩོམ་ཡིག་འདི་བཀླགས་ཟིན་རྗེས་མ་འབྲི་ཐབས་མེད་ཀྱི་མཆན་འདི་འབྲི་དགོས་བྱུང་སོང་།
ཁང་གསར་ལགས་ནས་གསུངས་པ་བཞིན་བཀའ་སྤྱི་གཉིས་ཀྱི་འོས་མི་ཚོའི་འོས་ཤོག་གི་ཐོབ་གྲངས་ལ་བལྟས་ཚེ་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཕྱིར་མངོན་ཡོང་གི་འདུག་ཀྱང་སྐབས་འཚོལ་བ་མང་གང་ལེགས་བྱུང་ཚུལ་ཤོད་འགོ་ཚུགས་ཡོང་གི་འདུག
ཉེ་ཆར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་གདན་ས་ཆེན་པོ་སེ་རར་གྲྭ་པས་འོས་ཤོག་བླུགས་སྟངས་སྐོར་ལ་བཀའ་སློབ་མང་པོ་ཕེབས་འདུག་ཁོང་གིས་གདན་ས་ཁག་ད་ཆ་ཆབ་སྲིད་པ་ཚོའི་འོས་ཤོག་གི་མཛོད་དུ་གྱུར་ཚུལ་གསུངས་སོང་།
ངས་བལྟས་ན་གདན་ས་ཙམ་མ་ཡིན་པར་དབུས་གཙང་གི་མི་མང་རྣམས་ཀྱང་ཆབ་སྲིད་པའི་འོས་ཤོག་གི་མཛོད་དུ་འགྱུར་ཉེན་ཆེ་དེང་སྐབས་ཆབ་སྲིད་པ་མང་པོས་དབུས་གཙང་ཆོལ་ཁས་ཉེ་རིང་མེད་པར་འོས་འཕེན་གྱི་འདུག་ཟེར།དབུས་གཙང་མི་ཚོས་ཀྱང་ཡིན་འདོག་གིས་ག་དུས་ཡིན་ཀྱང་ཕན་ཐོག་མིན་ལ་མ་ལཏོས་པར་ཆོལ་ཁ་གཞན་གྱི་མི་ཞིག་ལ་འོས་འཕེན་རྒྱུར་འབད་བརྩོན་བྱེད་ཀྱི་འདུག
ཉེ་རིང་མེད་པར་འོས་ཤིག་བླུགས་དགོས་ན་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབུ་འཕང་གུང་ལ་འདེགས་ཐུབ་མཁན་ཞིག་ལ་འོས་འཕེན་དགོས་པ་ལས་ཆོལ་ཁ་གཞན་གྱི་མི་ལ་འོས་འཕེན་པ་ཙམ་གྱིས་ཉེ་རིང་མེད་པ་ཞིག་ཏུ་ག་ལ་འགྱུར།
དེ་སྔ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་མ་ཚུད་པའི་བོད་མི་ཕལ་ཆེ་བར་རིགས་ཞེན་ཡོད་ཀྱང་རྒྱལ་ཞེན་དེ་ཙམ་མེད།མི་ལོ་གསུམ་བརྒྱ་དྲུག་བཅུ་ལྷག་གི་རིང་གཞུང་དགའ་ལྡན་ཕོ་བྲང་གི་ཞོ་ཤས་བསྐྱངས་པའི་དབུས་གཙང་གི་མི་ཚོས་འདི་འདྲ་བྱས་ན་ཞབས་འདྲེན་ཆེན་པོ་རེད།
དེས་ན་ད་ལྟའི་ཆར་༸གོང་ས་མཆོག་གི་དབུ་ཁྲིད་འོག་གཞུང་སའི་ཆབ་སྲིད་གུང་ལ་འདེགས་ཞིག་ཆོལ་ཁ་གང་དུ་ཡོད་པ་དེར་འོས་བླུགས་དགོས་པ་ཡིན།
ཆོས་བརྒྱུད་ཁག་གི་སྤྱི་འཐུས་རེད། མང་ཆེ་བ་འགྲིག་གི་འདུག རྙིང་མ་པས་རྒྱུ་མཚན་ལ་ཞེ་དྲག་བལྟ་ཡི་མ་རེད་ལ། ཆབ་སྲིད་པ་ཚོས་དེར་གོ་སྐབས་རག་གི་ཡོད་རེད།
དགེ་ལུགས་པ་ཡག་ཤོས་རེད། འགྱུར་བ་འགྲོ་ཡི་འདུག
བྱམས་པ་ལག་ཁྱེད་ཀྱིས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་་རྒྱ་གར་གཞུང་གིས་ཁྲིམས་ཁང་དུ་བསྐྱལ་བ་མ་རེད་ཟེར་བྲིས་པ་ནི་བདེན་པ་མིན་པས་ར་སྤྲོད་ཡོད་དམ་། ཟླ་བ་ཚེ་རིང་སྤྱི་ཚོགས་ནང་ལ་ཞབས་ཞུ་ཕར་བཞག་ཞབས་འདྲེན་གིས་བཙན་བྱོལ་གཞུང་གི་རྩ་ཁྲིམས་རྩིས་མེད་བཏང་ནས་ཡོངས་གླིང་སློབ་གྲྭ་ཟོས་པ་མ་ཚད་ཁྲིམས་ཁང་དུ་བསྐྱལ་ཡོད་པ་ཡོངས་གྲགས་ཡིན་ཀྱང་གྲོས་ཚོགས་ཚོགས་དུས་དགུ་ པའི་ལས་རིམ་གསལ་ཤོག་ནང་ཁ་མཆུ་ཨང་་་་༨ པའི་ཁྲིམ་མཛོད་པའི་འགྲོ་སོང་སྒོར་ ༡༦༠༠༠༠ གསལ་ཡོད་པ་དེ་ཟླ་བ་ཚེ་རིང་བདེན་པ་མིན་པ་སྤང་རྟགས་ངོས་འཛིན་བྱེད་ཆོགས་རྒྱུ་རེད་། དཔེར་ན་འོས་བསྡུའི་སྒྲིག་གཞི་དོན་མཚན་སོ་དགུ་པ་དེ་བོད་མི་མང་སྤྱི་འཐུས་འོས་ཆོས་གི་ཐོབ་ཐང་ནང་དོན་མཚན་ (༡༠_) ཡོད་པའི་ནང་ནས ( ༨ )་འོས་ཆོས་ཚང་མེད་པ་མངོན་གསལ་རེད་ཞུ་རྒྱུ་ཡིན་།་
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ལ་སྐྱོན་ཆ་ཡོང་ངེས་པ་རེད། མི་གང་ཞིག་སྤྱི་ཚོགས་ནང་ལ་ཕྱག་ལས་འདྲ་མིན་གནང་མཁན་རིགས་ལ་སྐྱོན་ཡོན་གཉིས་ཀ་ཡོང་གིན་རེད། དེ་ནི་ཡག་རྟགས་ཤིག་རེད་མ་གཏོགས་སྡུག་རྟགས་ཤིག་མ་རེད། སྤྱི་ཚོགས་ནང་ལ་ལས་ཀ་གང་ཡང་མེད་པར་ཡར་བོད་གཞུང་དང་གཞུང་ཞབས། མར་བོད་མི་ནང་ཁུལ་ལ་དཀྲོག་གཏམ་སྤེལ་ནས་སྨྲ་བ་ལ་དགའ་བ་དག་ལ་སྐྱོན་ཆ་ཡོང་གིན་མ་རེད།
སྤྱི་ཚོགས་འདིའི་ནང་དུ་ལས་ཀ་གང་ཡང་མ་བྱས་ནས་མི་འགྲིག་པའི་སྐྱོན་ཆ་རིགས་མེད་མཁན་རིགས་ནས་ལས་ཀ་ཞིག་བྱེད་ནས་སྐྱོན་ཆ་ཡོང་བ་དེ་ཞེ་དྲག་དགའ་བ་ཞིག་རེད་སྙམ།
ད་འབྲེལ་བ་ཡོད་རུང་མེད་རུང་། དུས་བབ་ཏུ་བཏབ་པའི་ལན་རྣམས་འདིར་ཡང་བཀོད་བཞག་གི་ཡིན། མང་པོ་ཞིག་ནི་གཅིག་པ་རེད་འདུག
༡༽ ཆབ་སྲིད་ཀྱི་མི་སྣར་ལྟ་སྐབས་ང་ཚོས་ཡག་ས་ཉེས་ས་གཉིས་ཀ་ནས་བལྟ་དགོས། སྤྱིར་བཏང་ཆབ་སྲིད་ཀྱི་ལས་དོན་དེ་ལེགས་ཉེས་གང་དུ་འགྱུར་མིན་ངེས་པ་མེད་པ་ཞིག་རེད། ཆབ་སྲིད་པ་ཞིག་གིས་ནོར་འཁྲུལ་ཤོར་སྲིད་པ་རེད། ནོར་འཁྲུལ་རྩ་བ་ནས་མེད་པ་ཞིག་ཧ་ཅང་ཁག་པོ་རེད། ལྷག་པར་དུ་ནོར་འཁྲུལ་གཅིག་གཉིས་ཤིག་གིས་བྱས་རྗེས་ཚང་མ་ནག་བསུབ་གཏོང་བ་དང་། བྱས་རྗེས་གཅིག་གཉིས་ཤིག་གིས་བྱས་ཉེས་ཚང་མ་དཀར་བསུབ་གཏོང་བའི་ལྟ་སྟངས་དེ་ཡག་པོ་མ་རེད། དེ་གཉིས་སོ་སོར་བཀར་ཏེ་ཡང་ལྕི་འཇལ་དགོས།
༢༽ སྤྱི་འཐུས་ཚོ་སྤྱི་མི་རེད། སྤྱི་མིར་སླེབས་སྟངས་དེ་ཆོས་ལུགས་སམ་ས་ཁུལ་གྱི་མང་ཚོགས་རྨང་གཞིར་བྱས་ཏེ་ཡོང་བ་རེད། དེར་བརྟེན་ཁོང་ཚོའི་ལས་འགན་ནང་རང་ཉིད་ལ་འོས་འཕེན་མཁན་མང་ཚོགས་ཀྱི་མངོན་འདོད་གྲོས་ཚོགས་བརྒྱུད་མཚོན་པ་བྱེད་དགོས་པ་དེ་ཡང་ཚུད་ཡོད། ཁོང་ཚོས་རང་གི་ས་ཁུལ་དང་རང་གི་ཆོས་རྒྱུད་ཀྱི་ཁེ་ཕན་དང་འབྲེལ་བའི་སྐད་ཆ་བཤད་ངེས་རེད། དེ་ལྟར་བཤད་ཡོང་དུས། ས་ཁུལ་ཀ་ཁ་ག་གསུམ་ཡོད་པར་ཆ་བཞག ཀ་པའི་སྤྱི་འཐུས་ཀྱིས་ཀ་ཡི་ཁེ་ཕན་བརྩད་ན། ཁ་དང་ག་གཉིས་ཀྱིས་མ་དགའ་བ་བྱེད་སྲིད་ཀྱང་། ཀ་ཡིས་དགའ་ངེས་རེད། ཁ་དང་ག་གཉིས་ཀྱི་མང་ཚོགས་ཚོས། ཀ་པའི་སྤྱི་འཐུས་དེ་མུ་མཐུད་འོས་འདེམས་མི་ཡོང་བའི་རེ་བ་བྱེད་ངེས་ཀྱང་། ཀ་ཡི་མང་ཚོགས་ཀྱིས་ཁོ་དཔའ་བོར་བརྩིས་ནས་མུ་མཐུད་བདམས་ངེས་རེད། མ་བདམས་ན་མ་འོངས་པར་ཁོང་ཚོའི་ཁེ་ཕན་ཆེད་དུ་གཞན་ལ་དགྲ་བསག་མཁན་ཞིག་ཡོང་གི་མ་རེད། ཁ་དང་ག་ལ་མ་འདོད་པ་ཇི་ཙམ་ཡོད་ཀྱང་། ཀ་ཡི་སྤྱི་འཐུས་ལ་འཕོ་འགྱུར་གཏོང་དབང་མེད་པ་དེ་དམངས་གཙོའི་ཁྱད་ཆོས་དང་ཁེ་དབང་ཞིག་རེད།
གཡུང་དྲུང་རྒྱལ་མཚན་དང་ཟླ་བ་ཚེ་རིང་། སྨོན་ལམ་མཐར་ཕྱིན་སོགས་ད་རེས་སྤྱི་འཐུས་སུ་བསྐྱར་དུ་འོས་འདེམས་བྱུང་དོན་དེ་ག་རེད། དེའི་ནང་ནས་སྨོན་ལམ་མཐར་ཕྱིན་དང་ཟླ་བ་ཚེ་རིང་གཉིས་རིམ་པ་བཞིན་བོན་དང་དབུས་གཙང་གི་སྤྱི་འཐུས་སུ་རང་འཇགས་སླེབས་ཡོད། ངས་གོང་དུ་ཞུས་པ་བཞིན། ཁོང་གཉིས་ལ་ཞན་ཆ་ཡོད་ཀྱང་ལེགས་ཆ་ཡང་མང་བོ་འདུག སྨོན་ལམ་མཐར་ཕྱིན་མགོ་ཚོས་པོ་རེད། ཁ་རི་ཁ་ཐུག་རེད། ཟླ་བ་ཚེ་རིང་གིས་ཁ་བཤད་ནས་མ་བསྡད་པར་ལག་ལེན་རང་གི་ནང་དུ་ལས་ཀ་མང་བོ་བྱས་ཡོད། དེ་ཚོ་རང་རང་གི་མང་ཚོགས་ཚོས་མཐོང་གི་ཡོད་རེད།
གོང་དུ་སྐྱབས་བཅོལ་བ་ཟེར་བ་ཞིག་གིས་རྙིང་མས་རྒྱུ་མཚན་ལ་མི་ལྟ།དགེ་ལུགས་ཡག་ཤོས་རེད་ཟེར།ཀརྨ་ཆོས་འཕེལ་དགེ་ལུགས་སྤྱི་འཐུས་ཀྱི་གྲལ་གནས་བཞི་པར་བསྐྱལ་མཁན་སུ་རེད་དམ།འཕེལ་རྒྱས་སྒྲོལ་མ་མདོ་སྨད་སྤྱི་འཐུས་ལ་ཡང་སྐྱར་ཡོང་གི་ཡོད་ན་ང་ཚོས་འཇུ་ཆེན་བུ་མོར་ངེས་པར་འོས་བླུགས་དགོས་ཟེར་མཁན་གདན་སའི་གྲྭ་པ་ཁམ་པ་དེ་ཚོ་མ་རེད་དམ།
༣༽ གྲོས་ཚོགས་ཀྱི་དགེ་མཚན་ནི། སྤྱི་འཐུས་བྱེ་བྲག་རེ་རེ་ལ་ཐག་གཅོད་ཀྱི་དབང་ཚད་མེད་པར། མང་མོས་དང་སྤྱི་མོས་གང་རུང་གི་ཐོག་ནས་ཐག་བཅད་དགོས་པ་དེ་རེད། དེར་བརྟེན་གྲོས་ཚོགས་ཀྱི་གྲུབ་ཆ་དེ་ལྗིད་མཉམ་དགོས་པ་གནད་འགག་ཆེན་པོ་རེད། ཆོལ་ཁ་དང་ཆོས་ལུགས་གང་ཡིན་རུང་ཚད་མཉམ་ཞིག་ཡོད་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟ་ཆོལ་ཁའི་སྤྱི་འཐུས་ཀྱི་གྲངས་ཚད་ཁྲིམས་ལྟར་ན་མཉམ་ཡོད་ཀྱང་། དོན་ལྟར་ན་མཉམ་གྱི་མེད། དེ་ཡང་ཆོལ་ཁས་ཆོས་ལུགས་མི་སྣ་བེད་སྤྱོད་ཀྱིས་ཆོས་ལུགས་སྤྱི་འཐུས་ཆོལ་ཁ་ཅན་དུ་བསྒྱུར་བཞིན་ཡོད། དེ་ནི་སྐྱེ་ཁུངས་ཁམས་ཡིན་པའི་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་མདོ་སྟོད་ཀྱི་ཕྱོགས་གཏོགས་ལ་བསྒྱུར་བ་དང་། སྐྱེ་ཁུངས་དབུས་གཙང་ཡིན་པའི་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་དབུས་གཙང་གི་ཕྱོགས་གཏོགས་སུ་བསྒྱུར་བ་ལྟ་བུ་རེད། གནས་ཚུལ་དེ་གཡུང་དྲུང་རྒྱལ་མཚན་དང་པདྨ་འབྱུང་གནས་ཀྱི་ཐོག་ནས་གསལ་པོ་རེད། འདི་མུར་སོང་ན་ད་ལྟ་ནས་དཀའ་ངལ་གྱི་མགོ་དོད་པ་ལྟར། མ་འོངས་པར་ཆོས་སྡེ་ཁག་གི་ནང་ཆབ་སྲིད་པས་ལག་རྩེད་བརྩེས་ཏེ་དཀའ་ངལ་ཆེན་པོ་ཆགས་རྒྱུ་རེད། ཆབ་སྲིད་ཀྱི་ཐད་ནས་བཤད་ནའང་ཆོས་བྱེད་མི་སྣས་མི་དྲང་བ་དང་རང་ཚུགས་མེད་པའི་བྱེད་སྟངས་ཀྱིས་དཀའ་ངལ་ཆེན་པོ་བཟོ་ཉེན་ཡོད། ༡༩༥༩ གོང་དུ་སྐུ་དྲག་ཚོས་གདན་ས་གསུམ་གྱི་ཆོས་བྱེད་མི་སྣ་བེད་སྤྱོད་བཏང་སྟེ་རང་གི་ཁེ་ཕན་ཆེན་པོ་བསྒྲུབས་པ་རེད། དེ་རང་འཇགས་ཡོང་གི་རེད། བཙན་བྱོལ་དུ་སླེབས་རྗེས་གདན་ས་གསུམ་དྷ་རམ་ས་ལ་ནས་ཐག་རིང་པོར་བཞག་པ་དེར་དགོངས་གཞི་དགོས་པ་ཡོད་རེད།
༤༽ གྲོས་ཚོགས་ནང་གཞུང་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཀ་ཡོང་ཆོག་པ་རེད། དབུ་མའི་ལམ་ཤོད་མཁན་མ་གཏོགས་རང་བཙན་བཤད་མཁན་ཡོང་མ་ཆོག་པ་དེ་འདྲ་མ་རེད། མི་གཅིག་གྲོས་ཚོགས་འཐུས་མི་དང་ཆོལ་ཁ་ཞིག་གི་ཚོགས་གཙོ་གཉིས་ཀ་ཡིན་ན། དེའི་ལས་དོན་ཡང་ལོགས་སུ་ཕྱེ་ནས་ལྟ་དགོས། གྲོས་ཚོགས་ནང་ཁོང་གིས་ལངས་ཕྱོགས་ཤིག་བཟུང་ཆོག་གི་རེད། ཆོལ་ཁའི་ཚོགས་འདུའི་གྲོས་ཆོད་དེ་ཚོགས་གཙོ་གཅིག་པུའི་ལག་པར་ཡོད་མདོག་ཁ་པོ་མ་རེད། དེ་གཉིས་འགལ་བར་སོང་ཡང་ལོགས་སུ་ལྟ་དགོས།
““དྲུང་ཟུར་བློ་བཟང་སྦྱིན་པ་ནི་བྱས་པ་ཅན་ཞིག་རེད། གཞུང་གི་ཞབས་འདེགས་ཡུན་རིང་ཞུ་མཁན་ཚོར་ལབ་རྒྱུ་གླེང་རྒྱུ་ཕྲན་བུ་ཡོང་གི་རེད། སྐྱོན་ཆ་ཡང་ཡོད་སྲིད། འོན་ཀྱང་སྤྱི་ཡོངས་ནས་བཤད་ན་བློ་བཟང་སྦྱིན་པ་དང་འཁོར་ལྷ་ཚང་བསོད་སྟོབས་སོགས་ལ་ང་ཚོས་གུས་བརྩི་ཞུ་དགོས། རང་གི་སྙན་གྲགས་སླར་གསོའི་ཆེད་དུ་བཀའ་ཁྲིར་ལངས་པ་ཡིན་ནའང་། དེ་མ་འོས་པ་དང་མ་འགྲིག་པ་ཅང་མ་རེད། སུ་ཡིན་ནའང་སྙན་གྲགས་ཉམས་ན་སླར་གསོ་ཡོང་ཐབས་བྱེད་དགོས། མ་བྱས་ན་མི་དེ་ལ་སྙིང་སྟོབས་མེད་པའི་རྟགས་རེད། ངས་བློ་བཟང་སྦྱིན་པའི་སྐོར་ལ་ཅང་མ་བཤད་པ་དེ་བཤད་དགོས་དོན་མ་མཐོང་བས་ཡིན།
༦༽ བཙན་བྱོལ་ནང་སྟོད་པ་དང་མངའ་རིས་ཀྱི་མི་ཤུགས་ཆེན་པོ་རེད། དེ་ཡང་ ༡༩༥༩ ནས་ ༡༩༦༥ བར་གྱི་དུས་ཡུན་ནང་བོད་ཀྱི་ས་མཚམས་ནས་ཁོང་ཚོ་དངོས་ཟོག་རིན་ཅན་ཚང་མ་འཁྱེར་ནས་ལྷོད་ལྷོད་ངང་ཡོང་ཐུབ་པ་རེད། བཙན་བྱོལ་ནང་ཤེས་ཡོན་དང་གོ་གནས་སོགས་ཀྱི་གོ་སྐབས་ཀྱང་ཡག་ཤོས་ཐོབ་ཡོད། དེ་ཚོ་ཁོ་རང་ཚོའི་ལས་བསོད་རེད། དེང་སྐབས་རྩིས་རྒྱོབས་དང་། ལས་ཁུངས་ཁག་གི་དྲུང་ཆེ་དང་དྲུང་ཟུར་ཡོད་ན་མེད་ན་དེ་ཚོ་མང་ཆེ་བ་སྟོད་པ་མིན་ན་མངའ་རིས་རེད།
༧༽ ཇོ་ནང་ཆོས་རྒྱུད་ས་སྐྱའི་ཁོངས་ཡིན་དང་མིན་གྱི་རྩོད་པ་དེ་ག་ཟི་དགེ་བཤེས་ཚེ་རིང་པོས་འགོ་བཙུགས་པ་རང་ཡིན་ས་མ་རེད། འོན་ཀྱང་ཁོང་གིས་དེའི་ནང་འཚང་སྟེ་དེབ་གཉིས་ཙམ་ཞིག་བྲིས་འདུག བྲི་སྟངས་ལ་བལྟས་ན། མི་སྤྲོ་ཐུང་ཐུང་གི་གཤིས་ཀ་ཞིག་མངོན་ཡོང་གི་འདུག་མ་གཏོགས། མཁས་པའི་རྣམ་དཔྱོད་དང་ཆབ་སྲིད་པའི་བཤད་སྟངས་གཉིས་ཀ་མི་འདུག
༨༽ ངས་བཀྲ་ཤིས་དབང་འདུད་ལགས་ཀྱི་སྐོར་ལ། ཚོད་དཔག་བྱས་པ་ཞིག་ནོར་ཡོད་ས་རེད། དེ་རིང་དབྱིན་ཡུལ་དུ་གནས་སྡོད་གྲོགས་པོ་ཞིག་གིས་ང་ལ་གློག་འཕྲིན་ཞིག་བསྐུར་བའི་ནང་། བཀྲ་ཤིས་དབང་འདུད་ལགས་དོན་གཅོད་ཀྱི་ཞབས་སྟེགས་བཞག་སྟེ་མཐའ་མའི་འོས་འདེམས་ནང་ཞུགས་རྒྱུ་རེད་ཅེས་བྲིས་འདུག ཁོང་ལ་ད་རེས་འོས་ཤོག་ཉུང་ཉུང་ཞིག་མ་གཏོགས་ཐོབ་མེད། མ་ཐོབ་པ་དེ་ཁོང་གི་ངོས་ནས་དྲིལ་བསྒྲགས་ཉུང་བའི་དབང་གིས་རེད་དྲན་ཡོད་སྲིད། ད་དུང་གནས་སྐབས་དོན་གཅོད་ཀྱི་ཞབས་སྟེགས་བཞག་ནའང་། མ་འོངས་དགོས་པ་བྱུང་ཚེ། ཞབས་སྟེགས་དེ་འམ་དེ་ལས་མཐོ་བ་ཞིག་སླར་ཡང་རག་ཐུབ་པའི་གདེང་ཚོད་ཀྱང་ཡོད་སྲིད།
“““`9བཀྲས་མཐོང་བཀའ་ཁྲི་བྱེད་སྐབས་ཀྱི་དངུལ་ཁ་མ་འདུམ་པའི་སྐོར་ལ་ངས་དོ་སྣང་བྱེད་བཞིན་ཡོད། ད་བར་ཤེས་པ་ལྟར་ན་གཞུང་དངུལ་སྒེར་ཟོས་བྱས་པ་ལྟ་བུ་ནི་རྩ་བ་ནས་རེད་མི་འདུག ཁོང་བཀའ་ཁྲིར་ལངས་འདོད་ཡོད་ན། འདིའི་སྐོར་ཞིབ་ཕྲ་ཞིག་བཤད་ངེས་རེད། གོ་ཐོས་ལ་མི་ཁ་ཤས་ཀྱིས་ཀྱང་འདིའི་ཐད་ལ་གསལ་བཤད་ཅིག་གྲ་སྒྲིག་བྱེད་ཀྱི་ཡོད་ཚུལ་ཐོས།
སྔོན་མ་ངས་བོད་མིའི་རང་དབང་ཚགས་ཤོག་ཡོངས་རྫོགས་གཤར་ཀློག་བྱེད་སྐབས། དེའི་ནང་ལ། བོད་གཞུང་གིས་དངུལ་དེ་བཀྲས་མཐོང་གིས་སྒེར་ཟོས་བྱས་པ་ཞིག་མིན་ཚུལ་གསལ་བཤད་གནང་བ་ཞིག་ཏན་ཏན་མཐོང་མྱོང་དྲན། ད་ལྟ་ང་ལ་འདིར་བོད་མིའི་རང་དབང་གསར་ཤོག་རྙིང་པ་དེ་ཚོ་རག་ཐབས་མེད། གལ་ཏེ་དངོས་གནས་དོ་སྣང་ཡོད་ན། རྒྱ་གར་ནང་བཞུགས་མཁན་ཚོས་ ༡༩༩༥།༩༦ ནང་གི་བོད་མིའི་རང་དབང་གསར་ཤོག་ཡོངས་རྫོགས་ཞིབ་བཤེར་ཞིག་གནང་དང་། ཏན་ཏན་རྙེད་ངེས་རེད།
༡༩༩༥ ལོའི་དམངས་གཙོ་ཚགས་པར་ལའང་གཟིགས། དེའི་ནང་ལ་དངུལ་ཆད་ཅེས་བྲིས་འདུག་མ་གཏོགས་ལྐོག་ཟ་བྱས་པའི་སྐོར་མི་འདུག དངུལ་ཆད་ཅེས་པ་དེ་ཡང་ཚིག་འབྲི་ནོར་ཤོར་བ་ཞིག་ཡིན་པ་ཉེ་དུས་དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པ་འཇམ་དབྱངས་ནོར་བུས་རྩོམ་ཡིག་སྤེལ་ཏེ་གསལ་བཤད་བྱས་སོང་། འོན་ཀྱང་བཀྲས་མཐོང་ལ་སྐྱོན་ཆ་མེད་པ་མ་རེད། སྐྱོན་ཆ་ཡོད་རེད། གཞུང་དངུལ་ཆད་པའམ་ཁ་མ་འདུམ་པ་གང་ཡིན་རུང་སྐྱོན་ཆ་རེད། ངས་སྐྱོན་དེ་ཚོ་སྐབས་གཞན་དུ་ཐེངས་ཁ་ཤས་བཤད་ཟིན་པ་ཡིན།
རེད་དགེ་ལུགས་པས་མགོ་ཚོས་ཀྱི་ཡོད་རེད། ཡག་པོ་གནང་འདུག གཡོ་སྒྱུ་མཁན་ཚོར་བརྡ་ལན་གསལ་བོ་ཞིག་སྤྲད་པ་རེད། རྗེས་སུ་ཡི་རིང་ཡོད།
““`༡༠༽ མང་པོ་ཞིག་གིས་སྤྱི་འཐུས་ཀྱི་འོས་མི་གཞན་མང་པོའི་སྐོར་བཤད་མི་འདུག་ཅེས་ལབ་འདུག སྔོན་འགྲོའི་འོས་མིར་ཆོལ་ཁ་གསུམ་ཁོ་ནར་མི་གྲངས་ ༡༥༠ ཡོད་སྟབས་བཤད་ཚོད་མི་འདུག
༡༡༽ སྤྱི་དུས་ལ་བཀའ་བློན་བཞིན་དུས་ཚོད་རྒྱས་བཅད་དགོས་མ་དགོས་དེ་འུ་ཐུག་གི་སེམས་ཁྲལ་རེད། དེ་ནི་བོད་ཀྱི་རྩ་དོན་དང་བོད་ཀྱི་རིག་གཞུང་། འཛིན་སྐྱོང་སོགས་ལ་ཡར་རྒྱས་མེད་པར་རྙོག་དྲ་མང་པོ་ཐོན་དུས། མི་ཚོའི་སེམས་ནང་། སྤྱི་འཐུས་རྙིང་པ་དེ་ཚོས་མ་འཇོན་པ་རེད་དྲན་གྱི་ཡོད་རེད། གཞན་ཞིག་ནི། སྤྱི་འཐུས་མང་བོ་ཞིག་མི་ཚེ་གཅིག་སྤྱི་འཐུས་བྱས་ཏེ་བསྡད་ཀྱི་ཡོད། དེ་ཚོར་འགྱུར་བ་བཏང་སྟེ། མི་གསར་པ་བྱུང་ན་ཡར་རྒྱས་ཡོང་གི་རེད་དྲན་གྱི་ཡོད་རེད། འོན་ཀྱང་སྤྱི་འཐུས་ནང་མི་གསར་པ་སླེབས་ནའང་བྱ་རྒྱུ་བྱེད་རྒྱུ་ཞེ་དྲག་ཡོད་མ་རེད། ལུང་པ་མང་པོའི་ནང་ལ་འོས་བསྡུ་རེ་བྱེད་དུས་སྤྱི་འཐུས་གསར་པ་སླེབས་ཀྱི་རེད། ཡིན་ནའང་འགྱུར་བ་ཤུགས་ཆེན་པོ་སོང་ན་ཡག་རྟགས་ཅང་མ་རེད། སྤྱི་འཐུས་གསར་པའི་བསྡུར་ཚད་དེ་བརྒྱ་ཆ་ ༥༠ ནས་བརྒལ་ན་ཡག་པོ་རང་བརྩི་གི་མ་རེད།
སྤྱི་འཐུས་ལ་སྐབས་གཉིས་ལྷག་བྱས་མི་ཆོག་པ་ལྟ་བུའི་རྒྱས་བཅད་བཟོ་མི་རུང་སྙམ། སྤྱི་འཐུས་དེས་ཁོ་རང་གི་མང་ཚོགས་ཀྱི་འདོད་པ་མཚོན་གྱིན་མེད་ན། མང་ཚོགས་ཀྱིས་འོས་བླུག་གི་མ་རེད། འདོད་པ་མཚོན་གྱིན་ཡོད་ན་མུ་མཐུད་འོས་བླུག་གི་རེད། སྤྱི་འཐུས་ཀྱི་དབང་ཚད་དེ། མཉམ་འདུས་ཀྱི་དབང་ཚད་རེད། བཀའ་བློན་ཁྲི་པ་ལྟ་བུ་མ་རེད། ལྷག་པར་དུ་ཁྲིམས་དང་སྒྲིག་གཞི་དེ་ཚོ་གཏན་འབེབས་བྱེད་མཁན་ཡིན་དུས། སྔོན་གྱི་བྱུང་རབས་དང་རྒྱུ་མཚན་དེ་ཚོ་འཐུས་མི་རྙིང་པས་གསར་པར་བརྒྱུད་སྤྲོད་ཐུབ་དགོས་པ་དེ་གནད་འགག་རེད།
ད་ལྟ་ང་ཚོར་དཀའ་ངལ་ཆེ་ཤོས་མང་ཚོགས་ལ་རྣམ་དཔྱོད་མེད་པ་དེ་རེད། གྲོས་ཚོགས་ནང་ལ་སྤྱི་འཐུས་ཤིག་གིས་སྐད་ཤུགས་ཆེན་པོས། གཞན་ལ་སྐྱོན་འཛུགས་དང་འར་གཏམ་བཤད་ན། ཞེའུ་བཤད་སོང་དྲན་གྱི་ཡོད་རེད། དཔའ་བོར་བརྩི་གི་རེད། ལྟ་སྟངས་དེ་མདོ་སྟོད་མང་ཚོགས་ནང་ལ་ཤུགས་ཆེན་པོ་འདུག ཡང་སྤྱི་འཐུས་ཤིག་གིས་རྒྱུ་མཚན་མང་པོའི་ཐོག་ནས་གཞུང་གི་སྲིད་ཇུས་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་ན། མི་ཚོས་ཁོ་གཞུང་ལ་མ་དགའ་མཁན་དང་། ༸རྒྱལ་བ་རིན་པོ་ཆེ་ལ་ངོ་ལོག་བྱེད་མཁན་རེད་མདོག་མདོག་བྱེད་ཀི་འདུག དེ་དབུས་གཙང་དང་མདོ་སྨད་མང་ཚོགས་ནང་ལ་ཤུགས་ཆེན་པོ་འདུག
དེ་ནས་མང་ཆེ་བས། གསར་འགྱུར་དང་ཚོགས་འདུའི་ནང་ལ་ཇི་ཙམ་གྱིས་མང་བ་མངོན་ན། དེ་ཙམ་གྱིས་འཇོན་པ་དང་མཁས་པར་བརྩི་གི་འདུག མང་ཚོགས་ལ་སྤྱི་འཐུས་བཟང་ངན་འབྱེད་པའི་རྣམ་དཔྱོད་དེ་ཙམ་ལས་མེད་པ་རེད། དཀའ་ངལ་ཆེ་ཤོས་དེ་རེད།
ང་ཁེ་ན་ཌའི་ནུ་ནེ་ཝུ་ཊི་ལ་བསྐྱོད་པའི་མྱོང་ཚོར་ཞིག་སྔོན་མ་འབྲི་མྱོང་། ཁོང་ཚོ་ལ་གྲོས་ཚོགས་ཀྱི་དྲ་རྒྱ་འདུག དེའི་ནང་སྤྱི་འཐུས་ཚང་མའི་ལོ་རྒྱུས་དང་གྲོས་གཞི་གྲོས་འཆར་དེ་ཚོ་བཀོད་ཡོང་གི་འདུག སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་དེ་འདྲ་ཞིག་བཟོས་གནང་དགོས་འདུག ཐག་རིང་ལ་ཡོད་པའི་མང་ཚོགས་ཀྱིས་དེ་ཚོ་ལྟ་གི་རེད། ཡཱ། ཉུང་ཉུང་འབྲི་གི་ཡིན་བཤད་དེ་མང་བོ་ཞིག་འབྲི་བར་ཐལ་སོང་།
ལན་མ་ཐེབས་པ་ཡོད་ན། དགོངས་འགལ་མེད་པར་ཞུ།
ནོར་འཁྲུལ་དང་ནོར་འཁྲུལ་རེད། ལྐོག་ཟ་བྱེད་པ་དང་གཞུང་ལ་ཁ་མཆུ་རྒྱག་པ་དེ་ཚོ་བསམ་བཞིན་དུ་བྱས་པ་རེད། མ་ཤེས་པའི་དབང་གིས་ནོར་སོང་བ་དེ་འདྲ་མ་རེད། འཛམ་གླིང་ནང་ལས་བྱེད་པའི་སྐྱོན་ཆེ་ཤོས་དེ་སྤྱི་རྒྱུ་ལྐོག་ཟ་བྱེད་པ་དེ་བརྩི་བ་རེད། དེ་འདྲ་ཞིག་གསལ་པོ་ཆགས་སྐབས་དམངས་གཙོ་མ་དགོས་དམར་ཤོག་ཡིན་ཀྱང་དཔོན་པོ་བྱེད་ཐག་ཆོད་པ་རེད། ཟླ་བས་ཡོངས་གླིང་གི་ས་ཁང་སྒོར་ཡ་ས་མང་པོ་ཅན་དེ་སྒེ་བདག་བྱས་པ་རེད། ཁོས་ལས་ཀ་བྱེད་པ་ཚང་མ་དེ་ཚོ་མར་འགེབ་ཐབས་རེད། དེ་ལ་བོད་པས་སྐྱག་པ་ས་བཏུམ་བྱེད་པ་ཟེར་བ་རེད། རྒྱ་གར་གྱི་ལཱ་ལོ་པཱ་ས་དང་གཅིག་པ་རེད། ཁོས་གཞུང་དངུལ་ས་ཡ་མང་པོས་ཟོས་རྗེས་མི་དམངས་ཀྱི་ཁ་བཀག་ཆེད་མི་སྐྱོ་བ་ཁ་ཤས་ལ་ལས་ཀའི་རྣམ་གྲངས་ཆུང་ཆུང་མང་པོ་ཞིག་སྤྲད་ཀྱི་ཡོད་རེད། རྗེས་སུ་ལཱ་ལོ་ལ་སྐྱོན་བརྗོད་བྱེད་སྐབས་མི་སྐྱོ་བ་དེ་ཚོ་ཁྲིད་ཡོང་གི་རེད། དེ་ཚོས་ལཱ་ལོ་ནི་སངས་རྒྱས་དངོས་དང་ང་ཚོ་ཕ་མ་ཡིན་ཟེར་བཤད་ཀྱི་ཡོད་རེད། མི་སྐྱོ་པོ་དེ་ཚོར་སྒོར་མོ་ཁ་ཤས་དང་ཕྲུ་གུ་འཇོག་ས་ཞིག་བྱུང་ན་དེ་མིན་རྒྱལ་ཁབ་དང་མངའ་སྡེ་མགོ་འཇུག་སློག་ཀྱང་མགོ་ཚོས་ཀྱི་ཡོད་མ་རེད་ལ། དོ་སྣང་ཡང་བྱེད་ཀྱི་ཡོད་མ་རེད། ཕལ་ཞེར་བྱམས་པ་ཡང་དེ་གྲས་ཀྱི་ཅིག་ཡིན་པ་འདྲ།
ནོར་འཁྲུལ་དང་ནོར་འཁྲུལ་རེད། ལྐོག་ཟ་བྱེད་པ་དང་གཞུང་ལ་ཁ་མཆུ་རྒྱག་པ་དེ་ཚོ་བསམ་བཞིན་དུ་བྱས་པ་རེད། མ་ཤེས་པའི་དབང་གིས་ནོར་སོང་བ་དེ་འདྲ་མ་རེད། འཛམ་གླིང་ནང་ལས་བྱེད་པའི་སྐྱོན་ཆེ་ཤོས་དེ་སྤྱི་རྒྱུ་ལྐོག་ཟ་བྱེད་པ་དེ་བརྩི་བ་རེད། དེ་འདྲ་ཞིག་གསལ་པོ་ཆགས་སྐབས་དམངས་གཙོ་མ་དགོས་དམར་ཤོག་ཡིན་ཀྱང་དཔོན་པོ་བྱེད་ཐག་ཆོད་པ་རེད། ཟླ་བས་ཡོངས་གླིང་གི་ས་ཁང་སྒོར་ཡ་ས་མང་པོ་ཅན་དེ་སྒེ་བདག་བྱས་པ་རེད། ཁོས་ལས་ཀ་བྱེད་པ་ཚང་མ་དེ་ཚོ་མར་འགེབ་ཐབས་རེད། དེ་ལ་བོད་པས་སྐྱག་པ་ས་བཏུམ་བྱེད་པ་ཟེར་བ་རེད། རྒྱ་གར་གྱི་ལཱ་ལོ་པཱ་ས་དང་གཅིག་པ་རེད། ཁོས་གཞུང་དངུལ་ས་ཡ་མང་པོས་ཟོས་རྗེས་མི་དམངས་ཀྱི་ཁ་བཀག་ཆེད་མི་སྐྱོ་བ་ཁ་ཤས་ལ་ལས་ཀའི་རྣམ་གྲངས་ཆུང་ཆུང་མང་པོ་ཞིག་སྤྲད་ཀྱི་ཡོད་རེད། རྗེས་སུ་ལཱ་ལོ་ལ་སྐྱོན་བརྗོད་བྱེད་སྐབས་མི་སྐྱོ་བ་དེ་ཚོ་ཁྲིད་ཡོང་གི་རེད། དེ་ཚོས་ལཱ་ལོ་ནི་སངས་རྒྱས་དངོས་དང་ང་ཚོའི་ཕ་མ་ཡིན་ཟེར་བཤད་ཀྱི་ཡོད་རེད། མི་སྐྱོ་པོ་དེ་ཚོར་སྒོར་མོ་ཁ་ཤས་དང་ཕྲུ་གུ་འཇོག་ས་ཞིག་བྱུང་ན་དེ་མིན་རྒྱལ་ཁབ་དང་མངའ་སྡེ་མགོ་འཇུག་སློག་ཀྱང་མགོ་ཚོས་ཀྱི་ཡོད་མ་རེད་ལ། དོ་སྣང་ཡང་བྱེད་ཀྱི་ཡོད་མ་རེད། ཕལ་ཞེར་བྱམས་པ་ཡང་དེ་གྲས་ཀྱི་ཅིག་ཡིན་པ་འདྲ།
དགོངས་དག དྲ་བདག་ནས་སྔོན་མ་དེ་བསུབ་རོགས། ཡག་པོ་དག་མི་འདུག
དཔྱད་ཞིབ་པ་ཁང་གསར་ལགས།
དཔྱད་གླེང་གང་འཚམ་གནད་ལ་འཕིགས་པ་གནང་འདུག་པས་ཡི་རངས་ཡོད།
གནས་འདི་ནས་དབུས་གཙང་གི་སྤྱི་འཐུས་ཡོང་ཁུངས་དེ་སྟོད་པ་དང་གཙང་པ། མངའ་རིས་ཤུགས་ཆེ་བ་ཡིན་པ་དེ་དངོས་ཡོད་རེད། ཡིན་ནའང་འོས་བླུག་མིའི་གྲས་ལ་དབུས་གཙང་བ་ང་དང་ཁྱེད་འདྲ་བ་ཡོད་ཀྱང་། མང་གཙོ་ཡིན་དུས་བྱེད་ཐབས་ཅི་ལ་ཡོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དབུས་གཙང་གི་སྤྱི་འཐུས་ནང་སྟོད་པ། གཙང་པ། མངའ་རིས་རིགས་མ་གཏོགས། བོད་དབུས་ཀྱི་ས་ཆ་གཞན་དང་གཞན་ནས་སླེབས་སྐལ་མེད་ལ། ལྒ་པར་གསར་འབྱོར་བའི་གྲས་ནི་དེ་བས་སླེབས་ཐབས་མི་འདུག་ལ། དེ་ལྟར་སླེབས་ན་ད་གཟོད་དབུས་གཙང་གི་སྤྱི་འཐུས་འདེམས་མཁན་ཚོ་ཡང་གོ་རྟོགས་ཅུང་མཐོ་རུ་སོང་བའི་རྟགས་མ་རེད་དམ།
ཡང་བཀའ་བློན་ཁྲི་པའི་སྐོར་ལ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཆེད་དུ་མིང་ཤས་བཟོ་ཆེད། སྔར་མང་གཙོ་ཚགས་པར་སྟེང་དུ་བཀོད་ཟིན་པའི་འབུམ་དགུ་པ་ལ་ཕྱག་འཚལ་ལོ་ཞེས་པའི་རྩོམ་ཡིག་དེ་ཡང་འདི་ལོ་བསྐྱར་པར་བྱས་ཏེ་གནས་ག་གེ་མོ་ནས་ཁོ་བོའི་མིག་ལམ་དུ་མངོན་བྱུང་ལ། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོ་ཞིག་གི་དབང་གིས་བྱུང་བ་རེད་སྙམ། དོན་དམ་དུ། ཁོང་གིས་ཀྱང་འོས་གྲངས་མཐོར་འདེགས་ཆེད་རྒྱ་བལ་འབྲུག་གསུམ་བསྐོར་ཡོད་ན། འོས་གྲངས་དེ་གང་འཚམ་མཐོ་རུ་འགྲོ་ངེས་པ་ནི་བདེན་པ་རེད།
ངས་བལྟས་ན་ད་དུང་བོད་མི་མང་པོ་ཞིག་གི་མགོ་དེ་གཞན་གྱི་ཞགས་པའི་འོག་ཏུ་ཤོར་གྱི་འདུག་ལ། མང་པོ་ཞིག་གིས་རང་ཉིད་ཀྱིས་སྐེ་འཁྱེར་ནས་ཞགས་པ་ཉོ་གི་འདུག ད་བཀའ་བློན་ཁྲི་པ་སུ་ཞིག་ཕེབས་ནའང་། གནད་འགག་ཐུག་ས་དེ་བཀའ་བློན་ཕྱག་རོགས་དང་། ལྷག་པར་སྤྱི་འཐུས་འོས་མི་ཚོའི་འཇོན་ཐང་དང་། ཤེས་ཡོན། ཀུན་སྤྱོད་སོགས་ཀྱི་ཚད་གཞི་དེ་གང་འཚམ་ཡག་པོ་ཞིག་མ་བྱུང་ན། བཀའ་བློན་འཛམ་གླིང་གི་རྒྱལ་པོ་ཡིན་གསུང་མཁན་ཞིག་ཕེབས་ནའང་དོན་དམ་དུ་མིང་བྱང་འོག་ཏུ་བློ་ཕམ་དང་ཡིད་ཆད་ངང་བཀའ་བློན་གྱི་དུས་ཡུན་དེ་སྐྱེལ་དགོས་པ་ཡོང་མི་སྲིད་པ་མ་རེད། །
ད་མདའ་མོ་ངས་གནད་ལ་འཁེལ་བའི་སྐད་ཅ་ཞིག་ཤོད་ཤེས་ཀྱི་མི་འདུག འདིར་བཞག་གི་ཡིན།།
མདའ་མོ་ལགས་ ཁྱེད་ཀྱིས་བཤད་པ་ལ་རྒྱུ་མཚན་མེད་པ་མ་རེད། ཕལ་ཆེར་སྟོད་པ་བ་རྣམས་སྤྱི་འཐུས་གྲོས་ཚོགས་ནང་དུ་སླེབས་ཐུབ་ཤས་ཆེ། ཡིན་ན་ཡང་གཞུང་ཞབས་མཐོ་རུ་འགྲོ་མ་ཐུབ་པ་དེ་སུས་འགོག་གིན་ཡོད་དམ་ དེ་ཡང་ཤེས་དགོས་པ་ཡིན། དེ་ནི་གཞན་གང་ཡང་མ་ཡིནཔར། གཞུང་ཞབས་མཐོ་གྲས་ནང་ཡོད་པའི་དབུས་གཙང་བ་རྣམས་ཀྱིས་བཀག་པ་དང་འགོག་བཞིན་ཡོད་པས་ཡིན། ཕལ་ཆེར་ད་དུང་ཡང་དབུས་་པ་གཞུང་ཞབས་རྣམས་ཀྱི་ནང་དུ་སྔ་མོ་བོད་ཀྱི་སྐུ་དྲག་ལྟ་བ་ཤུགས་ཆེན་པོ་འདུག་ སྔ་མོ་ཡིན་ན་སྟོད་པ་བ་རྣམས་དབུས་པ་རྣམས་ཀྱི་གཡོག་པོ་ཡིན་ཀྱང་ད་ནི་དུས་རབས་ཉེར་གཅིག་པའི་ནང་དུ་སླེབས་ཡོད་ བྲན་གཡོག་རིང་ལུགས་པའི་ལྟ་བ་དེ་ཡོངས་སུ་འཇིག་ཟིན་པ་དེ་ཁྱེད་ཀྱིས་ཤེས་ཀྱིན་ཡོད་ཤགས་རེད། སྤྱི་ཚོགས་རྙིང་པ་རོ་ལང་རྒྱག་རྩིས་མ་བྱེད།
ཁང་གསར་པ་ལགས།
འོས་བསྡུ་ལས་ཁང་གི་འཐུས་ཤོར་དེ་ཚོ་བདེན་པ་རེད་སྙམ།
བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་དེ་ཚོའི་ཐོབ་རྐྱེན་དང་ཤོར་རྐྱེན་གྱི་རྒྱབ་ལྗོངས་སྐོར་དཔྱད་པ་གཏང་རྒྱུ་མ་བྱུང་བས་འདིར་བཤད་རྒྱུ་ཅང་མེད། ཟམ་གདོང་རིན་པོ་ཆེའི་སྐོར་ཉེ་ཆར་ངས་༼ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད་༽ཅེས་པའི་རྩོམ་ཡིག་ཅིག་ཁ་བརྡ་དྲ་ཚིགས་ཐོག་སྤེལ་ཡོད་པས། དེའི་སྐོར་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད་དམ།
བྱམས་པ་ལགས།
གསུང་སྟངས་ལ་བལྟས་ན།
“གཞུང་ཞབས་མཐོ་གྲས་ནང་ཡོད་པའི་དབུས་གཙང་བ་རྣམས་ཀྱིས་བཀག་པ་དང་འགོག་བཞིན་ཡོད་པས་ཡིན། ཕལ་ཆེར་ད་དུང་ཡང་དབུས་་པ་གཞུང་ཞབས་རྣམས་ཀྱི་ནང་དུ་སྔ་མོ་བོད་ཀྱི་སྐུ་དྲག་ལྟ་བ་ཤུགས་ཆེན་པོ་འདུག་ སྔ་མོ་ཡིན་ན་སྟོད་པ་བ་རྣམས་དབུས་པ་རྣམས་ཀྱི་གཡོག་པོ་ཡིན་ཀྱང་ད་ནི་དུས་རབས་ཉེར་གཅིག་པའི་ནང་དུ་སླེབས་ཡོད་ བྲན་གཡོག་རིང་ལུགས་པའི་ལྟ་བ་དེ་ཡོངས་སུ་འཇིག་ཟིན་པ་དེ་ཁྱེད་ཀྱིས་ཤེས་ཀྱིན་ཡོད་ཤགས་རེད། སྤྱི་ཚོགས་རྙིང་པ་རོ་ལང་རྒྱག་རྩིས་མ་བྱེད། ”ཅེས་གསུངས་འདུག་པས།
དྲི་བར།
༡ བོད་གཞུང་གི་གཞུང་ཞབས་མཐོ་གྲས་དབུས་གཙང་བ་སུ་ཞིག་གིས་སྟོད་པ་སུ་ཞིག་གི་ལམ་བཀག་དང་འགོག་བཞིན་ཡོད་དམ།
༢ སྔ་མོ་སྟོད་པ་བ་རྣམས་དབུས་པ་རྣམས་ཀྱི་གཡོག་པ་ཡིན་ཀྱང་ཞེས་གསུངས་འདུག་པས་ལོ་རྒྱུས་ཀྱི་དཔང་རྟགས་དང་། ཚད་ལྡན་གྱི་ཡིག་ཆ་གང་ཞིག་ཏུ་འཁོད་ཡོད་དམ།
༣ སྤྱི་ཚོགས་རྙིང་པའི་ནང་དབུས་གཙང་བ་ཡོངས་རྫོགས་སྐུ་དྲག་རེད་དམ།
༤ ལོ་རྒྱུས་ལ་ཕྱིར་བལྟས་ཤིག་གཟིགས་ན་བོད་གཞུང་གི་སྐུ་དྲག་གི་རྒྱུད་པ་ཤུགས་ཆེ་བ་དེ་གཙང་ཁུལ་ནས་མ་རེད་དམ།
བྱམས་པ་ལགས། དྲི་བ་འདི་དག་ལ་ལན་ཁ་གསལ་ཞིག་བསྐྱོན་རོགས། དེ་ནས་སྐུ་ཉིད་ཀྱི་ཐུགས་ཁྲལ་དེ་ཞི་ངེས།
གཙང་ཁུལ་ནས་སྐུ་དྲག་གྲགས་ཆེ་ཤོས་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན། མ་གཏོགས་གཞན་ཕལ་ཆེར་དབུས་པ་ཡིན་པ་ཁྱེད་ཀྱིས་ཤེས་ཀྱིན་ཡོད་ས་མ་རེད། སྔ་མོ་ཡིན་ན་སྟོད་པ་བ་རྣམས་ཀྱིས་བོད་སྡེ་པ་གཞུང་གི་ལས་བྱེད་ལ་འབྲུ་རིགས་སོགས་ཀྱི་ཁྲལ་ཆེན་པོ་ཕུལ་དགོས་ཀྱི་ཡོད་པ་མ་ཟད་ཕུལ་མ་ཐུབ་པ་རྣམས་ཀྱིས་དབུས་གཙང་གི་ཁྱིམ་ཚང་ཆེན་པོ་རྣམས་ཀྱི་གཡོག་པོ་བྱེད་དགོས་ཀྱི་ཡོད། དེ་ཁྱེད་ཀྱིས་ཤེས་ཀྱིན་ཡོད་ས་མ་རེད། ད་ནི་སྟོད་པ་བ་རྣམས་ལྕེ་སྣར་ནས་སྡད་ཡས་ཀྱི་དུས་ཚོད་དེ་ཡོལ་ཟིན། དེ་དུས་སྡེ་པ་གཞུང་གི་ལས་བྱེད་རྣམས་ཀྱིས་བོད་རིགས་ཉམ་ཐག་རྣམས་ཀྱི་བདེ་སྡུག་ལ་བལྟ་གིན་མེད། དཔེར་ན། སྟོད་ཀྱི་ཕྱོགས་ས་ཁུལ་ལ་གཞུང་གི་ལས་བྱེད་རྣམས་ཀྱིས་ཡར་རྒྱས་གང་ཡང་གཏང་མྱོང་མེད། ཁྱེད་ཀྱིས་ཤེས་ཀྱིན་ཡོད་ཤགས་ཡིན། སྤྱིར་དེ་དག་ནི་འདས་པའི་གནས་ཚུལ་རེད། འདས་པའི་གནས་ཚུལ་གཅིག་པུ་ལ་བལྟས་ནས་མི་འགྲིག་པའི་ཚུལ་བཤད་བསྡད་ན་ཚང་མ་ལ་མང་པོ་བཤདརྒྱུ་ཡོད། བྱས་ཙང་དེ་ལས་ད་ལྟ་དང་མ་འོངས་པ་གལ་ཆེ་གིན་རེད།
ཁང་གསར་ལགས་ཀྱི་དཔྱད་རྩོམ་ཡང་བསྐྱར་ཁ་བརྡའི་ནང་ལ་སླེབས་པར་ཐུགས་རྗེ་ཆེ་ཞུ།