—བོད་མིའི་སྒྲིག་འཛུགས་དྲ་རྒྱ་ནས་དྲངས།
དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་ཚང་མས་མཉམ་ཞུགས་ཡོང་བའི་འབོད་སྐུལ་གནང་བ།
ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༦ ཉིན་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་བཙན་བྱོལ་བོད་མི་རང་ལོ་༡༨ སོན་པ་ཡན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་ཚང་མས་མཉམ་ཞུགས་ཡོང་བའི་སྐོར་འབོད་སྐུལ་དང་འབྲེལ་གསུང་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་འཁེལ་གྱི་ཡོད། སྔོན་འགྲོའི་འོས་བསྡུ་འདི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། མ་འོངས་པའི་སྲིད་སྐྱོང་དང་སྤྱི་འཐུས་སུ་ཞིག་ལ་ཐུགས་གཏན་ཁེལ་མིན་གྱི་ཐག་གཅོད་ཅིག་ཡིན་པར་བརྟེན། དངོས་གཞིའི་འོས་གཞི་ནང་སུ་དང་སུ་ཕེབས་དགོས་ཀྱི་ཡོད་མེད་དེ་དག་སྔོན་འགྲོའི་འོས་བསྡུ་འདིའི་ཐོག་ནས་ཐག་གཅོད་གནང་དགོས་ཀྱི་ཡོད་པ་ཆགས་ཡོད། དེར་བརྟེན་རྒྱ་ཆེའི་མང་ཚོགས་ངོས་ནས་དེ་སྔ་གསལ་བསྒྲགས་ཞུས་པ་བཞིན། སོ་སོའི་དཔྱ་ཁྲལ་ལག་དེབ་བསྣམས་ཐོག་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱས་ཡོད་པ་རྣམས་ཁྱབ་ཁོངས་འོས་བསྡུ་བྱ་ཡུལ་ས་ཚིགས་སུ་ཕེབས་ནས་ས་གནས་འོས་བསྡུ་སོ་སོ་ནས་དུས་ཚོད་གཏན་འབེབས་གནང་ཡོད་པ་དེ་ཡང་ས་གནས་འོས་བསྡུ་ཁྱབ་ཁོངས་ནང་འོས་བསྡུ་བྱ་ཡུལ་ས་ཁག་མང་པོ་ཞིག་ཡོད་ངེས་རེད།
དེར་བརྟེན་སོ་སོའི་ཁྱབ་ཁོངས་གང་དུ་འཁེལ་གྱི་འདུག དུས་ཚོད་ག་དུས་གཏན་འབེབས་གནང་འདུག་པ་དེ་དག་ངེས་པར་དུ་ཐུགས་སྣང་གནང་ནས་མཉམ་ཞུགས་གནང་དགོས་པ་དང་། དེ་བཞིན་མཉམ་ཞུགས་གནང་བ་ཙམ་མིན་པར་གོང་དུ་ཞུས་པ་ལྟར། སོ་སོའི་ངོས་ནས་སུ་ལ་འདོད་མོས་ཡོད་པ་དེ་སོ་སོའི་ལག་ཏུ་རང་དབང་ཆ་ཚང་ཡོད་སྟབས། དཔེར་ན། སྲིད་སྐྱོང་ཡིན་ན། སྲིད་སྐྱོང་འོས་དམིགས་གཅིག་གི་མཚན་དང་། དེ་བཞིན་ཁྱད་མིང་ཡོད་ན་ཁྱད་མིང་། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས་བཅས་གསལ་པོ་བྱས་ནས་འབྲི་གནང་དགོས་ཀྱི་ཡོད། ཕྱོགས་མཚུངས་རྒྱ་བལ་འབྲུག་གསུམ་གྱི་ཁོངས་སུ་ཡིན་ཚེ། སྤྱིར་ཆོལ་ཁ་སོ་སོའི་ནང་སྤྱི་འཐུས་བཅུ་རེ་དང་། དེའི་ནང་ནས་བུད་མེད་གཉིས་ངེས་པར་དུ་བླུག་གནང་དགོས་ཀྱི་ཡོད། གཞན་བརྒྱད་པོ་དེ་ཕོ་མོ་ཁྱད་མེད་ཡིན། གལ་ཏེ་འོས་མི་བཅུ་པོ་ཆ་ཚང་བུད་མེད་བླུག་པ་ཡིན་ན་འོས་རྩིས་མེད་འགྲོ་གི་མེད། འོས་འཕེན་པའི་སྐབས་སུ་འོས་མི་བཅུ་ལས་བརྒལ་བ་ཡིན་ན་འོས་རྩིས་མེད་འགྲོ་གི་རེད། དེར་བརྟེན་མང་ཚོགས་ནས་ངེས་པར་དུ་དམ་དོན་གནང་རོགས་ཞུ་རྒྱུ་ཡིན། དེ་སྔ་ཡིན་ནའང་སོ་སོའི་ངོས་ནས་སྔ་ས་ནས་གྲ་སྒྲིག་དགོས་པའི་ལམ་སྟོན་ཞུས་ཡོད་པར་བརྟེན་ཚང་མས་གྲ་སྒྲིག་ཨང་གསར་ཡིན་ངེས་རེད། སྔོན་འགྲོའི་འོས་བསྡུའི་སྐབས་ཚང་མས་དངོས་སུ་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངེས་པར་དུ་ཕེབས་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། །
ཧཧཧ ༼ དེའི་ནང་ནས་བུད་མེད་གཉིས་ལ་ངེས་པར་དུ་བླུག་གནང་དགོས་ཀྱི་ཡོད། གཞན་བརྒྱད་པོ་དེ་ཕོ་མོ་སུ་ལ་བླུག་ནའི་ཁྱད་མེད་ཡིན། གལ་ཏེ་མི་བཅུ་པོ་ཆ་ཚང་གིས་བུད་མེད་ལ་བླུག་པ་ཡིན་ན་རྩིས་མེད་འགྲོ་གི་མེད། དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངེས་པར་དུ་བླུག་རོགསགནང་ཞུ་རྒྱུ་ཡིན། ༽ ཞེས་གསུངས་སོང་། །
རྒད་པོ་འདིས་ད་ལོའི་འོས་བསྡུའི་སྒྲིག་གཞི་ལ་འགན་ཁྱོན་ནས་ཡག་པོ་ཁུར་མ་སོང་།
ཤོ་ཟུར་ཟེར་ན་མིའི་མིང་རེད་དམ་xx་མིང་རེད?
དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞིའི་ནང་ཁ་གསལ་པོ་མེད་པ་རིགས་གཅིག་འདུག དེ་ཚོ་ང་ཚོས་མང་ཚོགས་རང་བཞིན་གྱིས་དོ་སྣང་བྱེད་དགོས་འདུག དཔེ་མཚོན་ཅིག་བགྲང་ན། སྲིད་སྐྱོང་གི་འོས་མི་ཨ་ཚོགས་ཀླུ་བྱམས་ཀྱིས། ང་སྲིད་སྐྱོང་ཆགས་པའི་ཉིན་མོ་དེ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནང་ལ་འཛུལ་རྒྱུར་ངོ་ཚ་ཡི་རེད། ལབ་པ་དང་། བཅའ་ཁྲིམས་ནང་གཏན་འབེབས་མཛད་ཡོད་པའི་༸གོང་ས་མཆོག་གི་མཚན་གནས་དེ་བོད་མི་རིགས་ཀྱི་མཚོན་རྟགས་དང་། མགོན་སྐྱབས་སོགས་ཡོད་པ་རེད། འོན་ཀྱང་ཀླུ་བྱམས་ཀྱིས་དེ་ཚོའི་རིགས་ལ་ངོས་ལེན་བྱེད་རྒྱུ་ཕར་བཞག་ནས་༸གོང་ས་མཚོག་རྒྱལ་འཚོང་བའི་ཕྱོགས་རརེད་ལབ་ཡོད་པ་འདི་ཚོ་མ་འོངས་པར་འོས་མིའི་ཆ་རྐྱེན་ནང་ཁྲིམས་སྒྲིག་མ་བཟོས་ན་འགྲིག་ཐབས་གཏན་ནམ་མི་འདུག དེས་མཚོན་པའི་གནད་དོན་མང་པོའི་ཐོག་མང་ཚོགས་རང་ངོས་ནས་དོ་སྣང་བྱེད་དགོས་འདུག
སང་ཉིན་འོས་བླུགས་ཡ་རེད། དགའ་ཞིང་སྤྲོ་བཞིན་སྲིད་སྐྱོང་དང་ཆོལ་འཐུས་བཅུ་ཡི་སྔོན་འགྲོའི་འོས་བླུགས་པར་འགྲོ་དགོས།
རང་གི་འདོད་མོས་ལྟར་འོས་བླུགས་ས་ཞིག་ཡོད་པ་དེ་ཡང་བསོད་བདེ་མ་རེད་པེ།