ཨོ་རྒྱན་ཉི་མས།
ངོ་མ་མཁས་དབང་ཞིག་གི་གསུང་རང་རེད། ༼སྙན་ངག་རྐང་ཆག་མ།༽ ཉིན་ཤས་གོང་དུ་རོ་སྒམ་ཞེས་པའི་ཟིན་བྲིས་ལས་མཐོང་སོང་། འདི་ལ་བརྟེན་ནས་ངས་ཀྱང་རང་མོས་སྙན་ངག་གི་མཚན་ཉིད་འདི་བཞག་པ་ཡིན། སྙན་ངག་ཏུ་རློམ་པ་གང་ཞིག་ཚིག་ཆག་རྐྱང་བསྒྲིགས་ཀྱི་ངག་དེ་རང་མོས་ཀྱི་སྙན་ངག་གི་མཚན་ཉིད། དེ་ལ་དབྱེ་ན། མདོ་མེད། མདོ་ཤོར། མ་རྟོགས། ལོག་རྟོག ཐེ་ཚོམ་གྱི་ངག་ལྔའོ། །རང་མོས་ཀྱི་ལུས་ཚིག་ཆག སྲོག་ལུགས་གཉིས་ཀྱིས་སྟོང་པ། རྒྱན་དཔེ་དོན་འཛོལ་བའོ།
དང་པོ་མཚན་ཉིད་ཀྱི་མཐའ་གཅོད་པ་ནི། ཁོ་བོས་བཞག་པའི་མཚན་ཉིད་འདི་ལ་ཟུར་གཉིས་ཡོད། ཟུར་དང་པོས་༼སྙན་ངག་ཏུ་རློམ་པ་གང་ཞིག་༽མཁས་བླུན་ཕལ་ཆེ་བས་སྙན་ངག་ཡིན་པར་ཁས་བླངས་པ་དེ་ཕར་བཅད། ཡོངས་གཅོད་དུ་ཨུ་ཚུགས་ཀྱིས་སྙན་ངག་མིན་ཡང་སྙན་ངག་ཡིན་ཞེས་བཤད་བཞིན་པ་དེ་ཚུར་བསྒྲུབས། ཟུར་གཉིས་པས་༼ཚིག་ཆག་རྐྱང་བསྒྲིགས་ཀྱི་ངག་༽མཁས་པ་དགའ་བ་དང་། ཀུན་གྱི་རྣ་བར་འཇེབས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ངག་ཡིན་པ་ཕར་བཅད་ནས། ཚུར་མཁས་པའི་ཚོགས་སུ་དབྱུང་མི་རུང་བའི་སྡེབས་སྦྱོར་མེད་པའི་ངག་ཕྱོགས་གཅིག་ཏུ་སྤུངས་པ་དེ་བསྒྲུབས་པ་ཡིན།
གཉིས་པ་དབྱེ་བའི་རྣམ་གྲངས་ལ་ལྔ་ལས། དང་པོ་༼མདོ་མེད།༽ཅེས་པའི་དོན་བཤད་པ། སྤྱིར་འཇིག་རྟེན་ཡོངས་གྲགས་ལ་མདོ་མེད་ཅེས་པ་དེ་རང་དོན་དང་། གཞན་གཉིས་ཀ་མེད་པའི་ཞིག་ལ་གོ་བ་དང་། འདིར་གཏད་སོ་གང་ཡང་མེད་པར་མྱི་རྫ་ཁྱི་ཞེན་བྱེད་མཁན་གྱི་རིགས་ལ་གོ་དགོས། སྲོལ་རྒྱུན་དང་། དེང་རབ་ཅེས་པའི་ཁྱད་འབྱེད་མི་ཤེས་ན་ཡང་། གཞན་པ་ཞིག་གིས་རང་མོས་ཡག་པོ་རེད་ཟེར་དུས། ཨོ་ཡག་པོ་རེད་ཟེར། གང་དྲན་འབྲི་བ་ལས། གཞན་གྱིས་བྲིས་པ་དག་ཕར་ཞོགས། རང་གིས་བྲིས་པ་དག་གི་དོན་ཡང་མི་རྟོགས་པའི་གང་ཟག་དེ་ཚོ་མདོ་མེད་པོ་རེད། དེའི་ངག་ལ་མདོ་མེད་པའི་རང་མོས་ཟེར།
གཉིས་པ་༼མདོ་ཤོར།༽ཅེས་པའི་དོན་ནི། སྤྱིར་མདོ་ཤོར་ཞེས་པ་རང་ཚུགས་ཤོར་བ་ཞིག་ལ་གོ་དགོས་པ་དང་། འདིར་སྔར་གྲྭ་སར་སོང་སྟེ་གྲྭ་བའི་གོ་མ་ཆོད། སློབ་གྲྭར་སོང་ཡང་སློབ་གྲྭའི་རིག་གནས་མ་རྙེད་པ་དང་། རོང་འབྲོག་གཉིས་ཀའི་འཚོ་བ་ལ་དང་ག་མེད་པའི་ལྡོམ་པོ། ཐམས་ཅད་ཤོར་བ་དག་གིས་ལམ་ཁ་གཞན་མ་རྙེད་དུས་རང་མོས་ཡག་རབས་དང་། བརྒྱན་རབས་ཀྱིས་སྨྲ་བཞིན་པའི་ངག་དེ་མདོ་ཤོར་གྱི་རང་མོས་ཞེས་བྱ།
གསུམ་པ་༼མ་རྟོགས།༽ཞེས་པའི་དོན་ནི། སྤྱིར་མ་རྟོགས་པ་ཞེས་པ་དེ་ཤེས་རབ་ཀྱི་རྩལ་ཞན་པའི་གང་ཟག་ཚོས། རང་ཉིད་ཀྱི་བསླབ་པར་ཡུལ་ལ་བློ་ལས་རུང་དུ་མ་སོང་བ་ཞིག་ལ་གོ་བ་དང་། སྐབས་འདིར་སྙན་ངག་ལ་འཇུག་ཁུལ་བྱས་ཀྱང་། གཙོ་བོ་སྲོལ་རྒྱུན་གྱི་ཁྱད་ཆོས་དང་། རང་མོས་ཀྱི་སྐྱོན་མཚང་མ་རྟོགས་པར། རང་གི་རྣམ་རྟོག་ལ་མཐུན་པ་ཙམ་དུ་རྒྱུ་མཚན་དུ་བྱས་པའི་ངག་ཙམ་པོ་དེ་ལ་མ་རྟོགས་པའི་རང་མོས་ཞེས་ཟེར།
བཞི་པ་༼ལོག་རྟོག༽ཅེས་པའི་དོན་ནི། སྤྱིར་ལོག་རྟོག་ཅེས་པ་དེ་བསླབ་བྱ་དེ་ཉིད་མ་རྟོགས་པར། སྦྱོང་བ་པོའི་བློ་དེ་སྦྱང་བྱའི་ཆོས་དེའི་ནང་དོན་ལས་ཕྱིན་ཅི་ལོག་ཏུ་སོང་བ་གོ་བས། སྦྱངས་པ་སྲོལ་རྒྱུན་ལ་བྱས་ཀྱང་། བློར་ངེས་པ་དང་། ངག་ནས་འཆད་རྒྱུ། ལག་གིས་འབྲི་བྱ་སྲོལ་རྒྱུན་གྱི་དྲི་ཙམ་ཡང་མེད་པའི་ངག་དེ་ལ་ལོག་རྟོག་གི་རང་མོས་ཟེར།
ལྔ་པ་༼ཐེ་ཚོམ་༽ཞེས་པའི་དོན་ནི། སྤྱིར་བཏང་ཐེ་ཚོམ་ཞེས་པའི་དོན་དེ་བློ་རྩེ་གཉིས་སུ་འཇུག་པ་ཞིག་ལ་གོ་བ་དང་། སྐབས་འདིར་སྲོལ་རྒྱུན་དང་། རང་མོས་གཉིས་ཀྱི་དབྱེ་འབྱེད་མ་ནུས་ཤིང་། རང་གིས་ཀྱང་ཐག་མ་ཆོད། མིས་བཤད་མི་ནུས་པའི་གཏད་སོ་གང་ཡང་མེད་པའི་རྩོམ་འཆལ་སྣ་ཚོགས་པའི་ངག་ལ་ཐེ་ཚོམ་གྱི་རང་མོས་ཞེས་བཤད་པ་ཡིན།
གསུམ་པ་རང་མོས་ཀྱི་ལུས་སྲོག་རྒྱན་གསུམ་ལས། དང་པོ་ལུས་༼ལུས་ཚིག་ཆག༽ ཀྱི་དོན་བཤད་པ་ནི། ཚིག་ནི་དོན་རྩ་གཞི་ནས་བསླང་བར་བྱེད་པའི་རྣོ་བའི་མཚོན་དང་གཅིག་མཚུངས་ཡིན་པས། ཚིག་ལ་སྙན་འཇེབས་ཤིག་དང་། རྣོ་ངར་ཞིག་ཡོད་ན། བརྩེ་བ་ཅན་གྱི་གང་ཟག་དང་། དཔའ་ངར་ལྡན་པའི་ཕོ་རྒོད་ཚོར་སྔར་མེད་ཀྱི་ཚོར་བ་གཏིང་ཟབ་ལ། རྒྱུན་རིང་བའི་འཆར་སྣང་ཞིག་སྟེར་ངེས་པ་དང་། དེ་ནི་སྲོལ་རྒྱུན་བྱུང་བའི་བཅད་ལྷུག་སྤེལ་གསུམ་གང་རུང་ལ་བརྟེན་ནས་སྨྲ་བ་ལས། ཨ་བསྐོར་ཡང་བསྐོར་དང་། བསྐྱར་བཟློས་རྐྱང་རྐྱང་གི་ཚིག་ཆག་ཅིག་གིས་ཚོར་བ་གསོན་པོ་ཞིག་ནམ་ཡང་སློང་མི་ནུས་པས། རང་མོས་ཀྱི་ལུས་དེ་ནི། བཅད་ལྷུག་སྤེལ་མ་གང་ཡང་མ་ཡིན་པའི་འགོ་བཅད་རྔ་རྡུམ་གྱི་ཚིག་ཆག་ཅིག་རེད་ཅེས་བཤད་པ་ཡིན།
གཉིས་པ་སྲོག་༼སྲོག་ལུགས་གཉིས་ཀྱིས་སྟོང་པ།༽གི་ དོན་བཤད་པ་ནི། སྲོག་ཅེས་པ་དེ་རྗོད་བྱེད་ཚིག་གིས་བསྟན་བྱའི་དོན་ཆོས་དཔལ་སྲིད་གསུམ་སྟེ། ཆོས་བཤད་ན་ལྟ་གྲུབ་གནད་གསང་དང་། ནང་གི་མྱོང་བ་ཡོད་པ་ཞིག་དང་། དཔལ་དང་འབྱོར་བ་བཤད་ན་བཅའ་དངོས་དེའི་རིན་ཐང་དང་། ཚད་གཞི་དངོས་པོ་རང་གི་སྟེང་དུ་ཇི་ལྟར་ཡོད་པ་དེ་ལྟར་སྟོན་ཡོད་པ་ཞིག་དང་། ཆབ་སྲིད་བཤད་ན་རང་གི་འབངས་བདེ་བ་དང་། གཞན་སྡེ་ཟིལ་གྱིས་གནོན་པའི་ཐབས་ལམ་གྱི་གནད་ཕུག་པ་ཞིག་ཡོད་དགོས་པ་རེད། རང་མོས་ཀྱིས་འདི་དག་བཤད་དགོས་ན་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་ནུས་བྲལ་བ་ རེད། གང་ཡིན་ཞེ་རང་མོས་ཀྱི་བརྗོད་དོན་གཅིག་མ་རྫོགས་པའི་བར་ནས། ཡང་བྱ་བ་གཞན་ཞིག་ལ་སྦྱར་ཏེ། བཅད་མཚམས་རེ་ནས་བརྗོད་དོན་ཁ་མ་ཚང་བ་རེ་སྟོན་བཞིན། གཏད་སོ་དང་། འཛིན་མཚམས། གང་ཡང་མེད་པ་ཤ་སྟག་ཡིན་པས་སོ། །
གསུམ་པ་།༼རྒྱན་དཔེ་དོན་འཛོལ་བར།༽བར་ བཤད་པ་ནི། དཔེ་དོན་ཞེས་པ་དེ་ཕན་ཚུན་མཚུངས་ཆོས་བྱ་བ་དང་། ཡོན་ཏན། ཡུལ། དུས་སོགས་ལ་ལྟོས་ཏེ་མཚུངས་པ་གསལ་བྱེད་ཀྱི་སྒྲ་དངོས་སུ་ཡོད་མེད་གང་ལྟར་ཡང་། མཁས་བླུན་སུས་བཀླག་ན་ཡང་། དོན་རྟོགས་ནུས་པ་ཞིག་དང་། བསམ་དུ་ཡོད་པ། སྤང་བླང་བྱ་རུ་ཡོད་པ་ཞིག་དགོས་པ་རེད། ཡིན་ན་ཡང་སྙན་ངག་གསར་བར་རློམ་པ་འགའ་ཞིག་གིས་དཔེ་དོན་གཉིས་རྒྱང་གྲགས་དང་དཔག་ ཚད་ཀྱིས་བར་ཆོད་པའི་དཔེ་རྐྱང་རྐྱང་ལས། དོན་གང་དུ་སོང་ཡིན་མི་ཤེས་པ། ཡང་འགའ་ཞིག་གིས་དཔེ་དང་དོན་གཉིས་འབྲེལ་མེད་ཀྱི་མེ་ཆུ་བཞིན་འགལ་ན་ཡང་། ད་དུང་ཨུ་ཚུགས་ཀྱིས་ཕན་ཚུན་མཚུངས་ཆོས་སུ་སྦྱར་མཁན་ཡང་མང་པོ་རེད།
མདོར་བསྡུས་ན་ སྙན་གསར་ལ་དགའ་བ་དང་། སྐད་གྲགས་ཨེན་ཙམ་ཆོད་པ་ཚོས་ཀྱང་སྙན་ངག་གསར་བ་ཞེས་ཁ་སྤོབས་ཅི་ཙམ་བཤད་ཀྱང་། ཁོ་ཚོས་དངོས་ཀྱི་ལག་ལེན་གཏུག་ས་དེ་ལྷུག་རྩོམ་རེད། སྲོལ་རྒྱུན་གྱི་ཚིག་བཅད་ལ་ཁྲིམས་དང་བསྒྲིགས་ལམ་མང་པོ་ཞིག་ཡོད་པ་དང་། དེའི་ར་བ་ལས་འདས་དགོས་ཞེས་སྨྲ་བ་ཙམ་དུ་ཟད། སྤྱིར་བཏང་ཚིག་བཅད་ཅེས་པ་དེ་དོན་གྱི་གནད་གསང་བསྡུས་པའི་ཆེད་དུ་རེད། ལྷུག་རྩོམ་ཟེར་བ་དེ་དོན་རྒྱས་པར་འགྲོལ་བའི་ཆེད་དུ་རེད། དེ་ཕྱིར་ཚིག་བཅད་མེད་ན་ལྷུག་རྩོམ་ཁོ་ནས་བརྗོད་དོན་བསྡུས་ཏེ་བསྟན་པ་ཁག་པོ་ རེད། ལྷུག་རྩོམ་མེད་ན་བརྗོད་དོན་ཁ་གསལ་དུ་གཏོང་ཐབས་མེད་པས། སྲོལ་རྒྱུན་གྱི་སྙན་ངག་མེ་ལོང་མའི་ལྟ་གྲུབ་ཀྱི་བཅད་རྒྱ་ནི་ལུགས་གཉིས་ཀྱི་ སྲོག་དང་གཅིག་མཚུངས་ཡིན། འོ་ན་རང་བཞིན་བརྗོད་པ་ཙམ་གྱིས་ཆོག་གི་རྒྱན་ཕྱི་མ་དག་དགོས་པ་མེད་དོ་ཞེ་ན། དེ་ཙམ་ཞིག་ཆོག་པ་ཞིག་ཀྱང་མ་རེད། ཁྱེད་ཚོས་ས་པཎ་གྱི་ས་སྐྱའི་ལེགས་བཤད་དང་། རིག་འཛིན་འཇིག་མེད་གླིང་པའི་ཡོན་ཏན་མཛོད། གུང་ཐང་པའི་ཆུ་ཤིང་གི་བསྟན་བཅོས། མི་ཕམ་པའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་གཟིགས་དང་། ཚིག་ལ་སྙན་འཇེབས་ལྡན་ཞིང་། དོན་ལ་རོ་བཅུད་ཀྱིས་ཕྱུག་པ་དང་། དཔེ་དོན་གཉིས་ཕན་ཚུན་གཅིག་གིས་གཅིག་གསལ་བྱེད་དུ་གྱུར་བ་ལྟ་བུའོ། །
སྙན་གསར་བ་ཚོར་གཞུང་ཞིག་དང་། རང་ལུགས་ཤིག ད་དུང་རྩ་བ་དང་། འགྲེལ་བ། རང་གིས་ཉར་ན་རིག་གཞུང་དུ་རུང་བ། མི་ལ་ངོམས་ན་རིན་ཐང་ཡོད་པ་ཞིག་བྱེད་རོགས་ཞེས། ཐེངས་མང་པོ་བསྐུལ་མ་ཞུས་པ་ཡིན་ཏེ། སྤྱོང་དུས་མེ་ལོང་མ་ལ་འཇུག འབྲི་དུས་ཁྲིམས་དང་། རང་ལུགས་གང་ཡང་མེད་པ་ཞིག་ལ་འཇུག་ཁུལ་བྱེད་བཞིན་ལས། ཁྱད་ཆོས་ཤིག་ཐོན་ཚོད་མ་རེད། སྔོན་བྱོན་འཕགས་ཡུལ་གྱི་མཁས་པ་དང་། དེ་དག་གི་རྗེས་འབྲང་མཁས་དབང་ཚོ་ནི་ངོ་མ་འགྲོ་བ་མིའི་རིགས་ཀྱི་གཟི་བརྗིད་ཅིག་རེད། བོད་མི་ཙམ་དུ་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་དཔྱོད་ལྡན་དུ་མའི་ཡིད་དབང་འཕྲོག་བཞིན་པ་རེད། ལུགས་སར་བ་འདི་ཚོས་རིན་ཐང་བྲལ་བའི་བོད་བརྒྱུད་ནང་བསྟན་དང་། བརྡ་དག་སྙན་གསུམ་སོགས་ལ་མ་རུང་བའི་རྣམ་འགྱུར་གྱིས་བོད་ཀྱི་སྲོག་གཅོད་ཀྱིན་འདུག་ཅེས་བཤད་པ་ཡིན།
སྤྱི་ལོ་༢༠༡༢་ཟླ་བ་༥་ཚེས་༢༣་ལ་ཨོ་རྒྱན་ཉི་མས།
དེ་དེ་བཞིན་ནོ་ཨོ་རྒྱན་ཉི་མ་ལགས་སྐུ་ཉིད་བཞུགས་ཡུལ་ཆ་མ་འཚལ་ཞིང། ཞལ་མཇལ་བྱུང་མ་མྱོང་ཡང་ཁྱེད་ཀྱི་སྙན་ངག་གསར་པས་བོད་ཀྱི་སྲོག་རྩ་གཅོད་བཞིན་པ་ཞེས་པའི་སྙན་ངག་སྐོར་གྱི་དགོངས་ཚུལ་ཚིག་ཉུང་ལ་དོན་གསལ་ཞིང་གནད་ལ་སྨིན་པ་ཞིག་འདུག་པས་བཀའ་དྲིན་ཆེ། བདག་དང་བདག་འདྲ་བའི་དེང་དུས་ན་གཞོན་སྙན་ངག་ལ་ཅུང་ཟད་ཁ་ཕྱོགས་པའི་བློ་གསར་དག་ལ་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཏུ་མཐོང་། ད་དུང་རང་རེ་བོད་ཀྱི་རིགས་གནས་ལ་གོམ་ཆ་དང་ཉམས་མྱོང་ལྡན་པའི་མཁས་པ་རྣམས་ནས་དགོངས་ཚུལ་འདི་འདྲ་བ་མང་པོ་དྲ་རྒྱ་སོགས་ནས་སྤེལ་གང་ཐུབ་གནང་ཚེ་བློ་གསར་རྣམས་ལ་ཕན་ངེས་པས་དེ་ལུགས་དགོངས་འཇག་ཞུ།
ཨོ་རྒྱན་ཉི་མ་ལགས། ལང་འཚོའི་རྦབ་ཆུ་ལ་གོང་གི་མཚན་ཉིད་ལྡན་སྟངས། དབྱེ་བ་ལྔ་པོ་གང་གི་ཁོངས་སུ་གཏོགས། གསལ་བཤད་གནང་རོགས།
སྙན་ངག་ཅེས་བྱ་རྣམ་རྟོག་སྟེ།།
སྨུག་རྒྱུའི་གྲོང་དུ་ཉུལ་བ་འདྲ།།
གསལ་གསལ་འདྲ་ལ་རབ་རིབ་འདྲ།།
རིག་པའི་ཁྱེའུ་ཆུང་ཉོན་རེ་མོངས།།
སྨུག་པའམ་སྨིག་རྒྱུ།
ཨོ་རྒྱན་ཉི་མ་ལགས། ཁྱེད་སྙན་གྲགས་ཅན་གྱི་སློབ་སྟོན་པ་ཞིག་ཁས་འཆེ་བ་ཡིན་ན། ཚིག་དོན་གྱི་ཆ་ཕྲ་མོ་ཙམ་ལ་ཡང་ཚད་མཐོའི་འགན་འཁྲི་ཡོད་པ་མ་བརྗེད་པར་གནང་རོགས་ཞུ་གི་ཡོད།
ངས་ཁོང་རྣམ་པར་ཚད་གཞི་ཞིག་ཞོགས་ཐེངས་མང་པོ་ཞུས་ཡིན་ཏེ། ད་ལྟ་མེད། མ་འོངས་པར་ལྟ་རྒྱུ་ཡིན་ཟེར། དེང་སང་སྲོལ་རྒྱུན་ལ་སྦྱང་བ་ཟབ་པ་ཚོས་རྟོགས་ཀྱང་། བོད་ཡིག་ཙམ་འབྲི་ཤེས་པ་ཚོས་སྲོལ་རྒྱུན་སྙན་དག་རིན་ཐང་མ་རྟོགས་ཤིང་། མི་རྫ་ཁྱི་ཞེན་གྱིས་ཡོད་ཚད་བརླག་བཞིན་པ་རེད། དོན་གྲུབ་རྒྱལ་གྱི་ལང་ཚོའི་སྦ་ཆུ་དེ་སྙན་གསར་བ་ཚོས་སྙན་ངག་གསར་བ་ལ་དགའ་བ་ཚོས། སྙན་ངག་གསར་བ་ཡིན་པར་བཤད་པ་མང་པོ་རེད། དེ་སྲོལ་རྒྱུན་གྱི་ལྷུག་རྩོམ་ལ། ཁོང་གིས་རྩོམ་རྩལ་གྱི་ཁྱད་ཆོས་ཟུར་དུ་འདོན་པ་ཙམ་ལས། སྙན་ངག་ཁ་ཆག་མ་ཡིན་པར་མི་སེམས། ཁོང་གི་སྲོལ་རྒྱུན་ལ་མཁས་ཤིང་། མི་རིགས་ལ་དུང་བའི་གདོང་དམར་གསོན་པོ་ཞིག་རེད།
ངས་བཤད་ཚད་སློབ་སྟོན་ཡིན་པར་མི་སེམས་པར། ང་རང་གི་རྟོག་འཆར་ཡིན་པར་ཡིད་ཆེས་ཡོད།
http://blog.amdotibet.cn/ogyenling/archives/56552.aspx#113171
འདི་ནས་གཟིགས།
སྙན་གསར་བ་ཚོར་གཞུང་ཞིག་དང་། རང་ལུགས་ཤིག ད་དུང་རྩ་བ་དང་། འགྲེལ་བ། རང་གིས་ཉར་ན་རིག་གཞུང་དུ་རུང་བ། མི་ལ་ངོམས་ན་རིན་ཐང་ཡོད་པ་ཞིག་བྱེད་རོགས། སྦྱོང་རྒྱུ་མེ་ལོང་མ་ལ་སྦྱངས། འབྲི་དུས་ཁྲིམས་དང་། རང་ལུགས་གང་ཡང་མེད་པ་ཞིག་ལ་འཇུག་ཁུལ་བྱེད་བཞིན་ལས། ཁྱད་ཆོས་ཤིག་ཐོན་ཚོད་མ་རེད། ཅེས་མེ་ལོང་མ་མེ་ལ་སྲེག་དགོས་ཟེར་བ་དང་། སྲོལ་རྒྱུན་སྙན་ངག་ལ་སྒྱུ་རྩལ་གྱིས་སྟོང་འདུག་ཟེར་དག་ལ་ཞུའོ།།
http://blog.amdotibet.cn/ogyenling/archives/55993.aspx
ད་དུང་འདི་ལ་གཟིགས།
རང་མོས་ཞེས་པའི་མིང་འདོགས་མཁན་སུ་རེད།?
རང་མོས་སྙན་ངག་དེ་ག་དུས་བྱུང་བ་རེད།?
རང་མོས་ལ་ཚིགས་ཤད་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་ལ་གཞུང་ལུགས་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་ལ་སྦྱང་བྱ་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་ལ་དགེ་རྒན་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་ལ་གཏད་སོ་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་དེ་སྲོལ་རྒྱུན་མི་འདྲ་བའི་རྒྱུ་མཚན་གང་རེད།?
རང་མོས་ཀྱི་སྔོན་དུ་སྲོལ་རྒྱུན་སྙན་ངག་འགྲོ་དགོས་སམ།?
སྲོལ་རྒྱུན་ལ་མ་བརྟེན་པའི་རང་མོས་སྦྱང་སྲོལ་ཡོད་དམ།?
རང་མོས་ཀྱིས་བོད་ཀྱི་རིག་གནས་ཀྱི་ཚབ་མཚོན་བྱ་ནུས་སམ།?
སྲོལ་རྒྱུན་ལ་དགག་པ་རྒྱག་དྲན་ན་སྲོལ་རྒྱུན་གྱི་གཞུང་ལུགས་ཁོང་དུ་ཆུད་དགོས་སམ།?
རང་མོས་ལ་སྲོལ་ལས་ཁྱད་པར་འཕགས་ཆོས་གང་ཡོད།?
བོད་ཀྱི་གཞོན་སྐྱེས་ཚོ་རང་མོས་ལ་དགའ་བ་དེ་ལས་སླ་དྲགས་ནས་ཡིན་ནམ།?
བོད་ཀྱི་གཞོན་སྐྱེས་ཚོ་རང་ལུགས་མེད་པ་ཞིག་ཏུ་འགྱུར་བཞིན་པ་མིན་ནམ།?
སྤྱིར་རིག་གཞུང་གི་ཚབ་མཚོན་བྱ་བ་ལ་ཚད་ངེས་ཅན་ཞིག་དགོས་སམ།?
གཏད་སོ་གང་ཡང་མེད་ན་ཁྱེད་ཚོ་ལ་མཁས་པ་ཅིའི་ཕྱིར་ན་ཟེར།?
མཁས་པ་ཞེས་པ་དེ་གང་ལ་མཁས་ན་དེར་འཛིན་མཚམས་དང་རང་ལུགས་ཤིག་ཡོད་དགོས་སམ།?
རང་མོས་སྙན་ངག་གིས་བོད་ཀྱི་སྲོག་རྩ་གཅོད་མིན་མི་ཤེས་ཏེ། རང་མོས་སྙན་ངག་ཕལ་ཆེ་བ་ལ་དོན་དེ་ཡིན་ཞེས་ངེས་བཟུང་མེད་པ་བདེན་པ་རང་རེད། རང་མོས་སྙན་ངག་གི་ཁུངས་རྒྱའི་སྙན་ངག་ཡང་དེ་ལྟར་ཡིན་པ་རེད། གནའ་བོའི་རྒྱའི་སྙན་ངག་པས་སྙན་ངག་དེ་ལ་བརྟེན་ནས་གཞུང་དང་གོང་མ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། གཞུང་གིས་ཁྱོད་ཀྱིས་དེ་ལྟར་སྐྱོན་བརྗོད་བྱེད་འདུག་ཅེས་བཟུང་ས་རྙེད་ཀྱི་མེད་པ་རེད། གང་ཡིན་ཞེ་ན་དེ་ལ་བརྗོད་བྱ་དེ་ཡིན་ཞེས་ངེས་བཟུང་མེད་པས་རེད། རྒྱའི་སྙན་ངག་པ་རྣམས་ལ་ཁྱེད་ཀྱི་སྙན་ངག་དེའི་བརྗོད་བྱ་གང་རེད་ཟེར་ན་ཁོང་ཚོས་ཁྱེད་ཀྱིས་ཇི་ལྟར་གོ་ན་དེ་ལྟར་རེད་ཟེར་གྱི་ཡོད་ཚོད་རེད། དེ་བཞིན་ང་རང་ཚོའི་རང་མོས་སྙན་ངག་དེ་ཚོ་ལ་ཡང་གོ་རྒྱུ་ཞིག་ངོ་མ་མི་འདུག
ཡག་པོ་གསུང་འདུག
བོད་ལ་ཞེན་ནས་། གསུང་པ་དེ་དངོས་གནས་བདེན་པ་ནི་དེ་རེད་།
༅། བོད་ལ་རིག་གཞུང་རང་བཙན་དང་བསམ་བློ་རང་བཙན་གཉིས་ཐོབ་ཡོད་ཟེར་དོན་ཅི།
སྤྱིར་ན་ཉེ་རབས་ལོ་རྒྱུས་ནང་།།ཆུ་གླང་རང་བཙན་རྩ་ཚིག་དེ།།བསྒྲགས་པ་དགོས་དོན་འབུམ་གྱིས་ཕྱུག།དཔེར་ན་བསྟན་འཛིན་མནོལ་གྲིབ་ཀྱིས།།ཕོག་པ་སེལ་ཕྱིར་བཀྲུ་བྱབས་ཀྱི།།ཆོ་ག་བཏོན་པ་ཇི་བཞིན་ནོ།།འོན་ཀྱང་མ་ཤེས་ལོག་རྟོག་ལ།།གྲིབ་ལ་བསྟན་འཛིན་དབང་འདོད་དམ།།ཡང་ན་དེ་གཉིས་གཅིག་གམ་སོམས།།རྒྱ་དང་བོད་གཉིས་སོ་སོ་བ།།ཡིན་ཕྱིར་བཀྲུ་བྱབས་སྲུང་འཁོར་གནང་།།དེས་ན་རྒྱ་འོག་ཟེར་མ་འོས།།འཆལ་གཏམ་གང་བྱུང་མ་སྒྲོགས་ཀྱེ།།རང་བཙན་དྲན་གསོ་དོན་ཆེ་བས།།ལས་འགུལ་སྣ་ཚོགས་སྤེལ་ཅིག་དང་།།བདེན་མཐའ་གསལ་བར་ཕན་རླབས་ཆེ།།འོན་ཀྱང་ཚོགས་གཙོའི་གཏམ་བཤད་དུ།།རིག་གཞུང་བསམ་བློ་གཉིས་རང་བཙན།།ད་ལྟ་བོད་ལ་ཡོད་ཟེར་བྲིས།།འདི་ནི་སྨྱོན་པའི་ལབ་བརྡོལ་སྟེ།།གང་ན་ཡོད་ཅེས་ཐོག་མར་དྲི།།ད་ལྟ་བོད་ཀྱི་རྒྱལ་ཁམས་ན།།དབུས་སུ་རིག་གསར་ལས་འགུལ་དར།།མདོ་ཁམས་དྲག་དམག་བཙན་འོག་ཏུ།།ཕ་སྐད་སྲུང་སྐྱོབ་སྨྲེ་ངག་ཤོར།།ལོ་རྒྱུས་ལོ་ངོ་སྟོང་ལྡན་གྱི།།གྲ་ས་འགྲིམ་ལམ་བཙན་གྱིས་བཅད།།རྒྱ་ཇག་གྲངས་མེད་ཤ་རུལ་ལ།།སྦྲང་ནག་ཇི་བཞིན་བོད་དུ་འཚང་།།ཆོས་ལྡན་ཞིང་ས་རྒྱ་ཡིས་འཕྲོག།ཕ་སྐད་གཙང་མ་འདམ་ལ་ལྷུང་།།སྐད་ཡིག་སྐྱོབ་ཕྱིར་གཅེས་ཕྲུག་རྣམས།།འུ་ཐུག་ཐབས་ཟད་ངུ་བཞིན་དུ།།མེ་མདའི་ཁ་ན་ཁྲོམ་སྐོར་བྱེད།།རིག་གཞུང་རང་བཙན་རྨི་ལམ་རང་།།དེ་ནས་བསམ་བློ་རང་བཙན་གླེང་།།དགོན་པར་རྒྱལ་གཅེས་ཆོས་གཅེས་སྤེལ།།དུས་དབང་ཞུས་མཁན་བཙན་ཁྲིད་ཀྱིས།།བསམ་བློ་བཅོས་བསྒྱུར་སློབ་གསོ་སྤེལ།།ཉེས་མེད་ལས་བྱེད་གནས་དབྱུང་གཏོང་།།སོ་སོར་བདག་པའི་ལུས་ཕུང་དང་།།དེ་ལ་བརྟེན་པའི་བསམ་བློ་ལའང་།།གཤེད་མ་བརྒྱ་ཡིས་བརྙས་གཙེས་བཅས།།བསམ་བློ་རང་བཙན་རྨི་ལམ་རང་།།
དེས་ན་བོད་དུ་རང་བཙན་མེད།།བསྟན་བྱ་བཙན་བྱོལ་ཡིན་ཟེར་ན།།ཐོག་མར་བོད་དུ་སྨྲས་པ་ནོར།།དེ་ནས་བཙན་བྱོལ་ནང་དུ་ཡང་།།༧གོང་བློན་ལྷན་རྒྱས་ཞལ་སྒོ་ནས།།གཞན་དབང་སྟབས་བསྟུན་ལན་བརྒྱར་ཐོས།།ཕ་སྐད་གཙང་མའི་ལས་འགུལ་རིགས།།དེ་གར་སྤེལ་བ་གང་མང་མཐོང་།།དེ་དག་རིག་གཞུང་རང་བཙན་གྱི།།རྟགས་སུ་མ་མཐོང་བསམ་བློ་ཡང་།།རང་བཙན་དངོས་མ་དེར་ཡོད་དམ།།ཚོགས་སུ་གཏམ་བཤད་གལ་ཆེ་ཡང་།།བདེན་པའི་ལོ་རྒྱུས་དེ་བས་གཙོ།།ཤེས་ཤིང་ཉམས་འོག་ཆུད་གྱུར་བའི།།བདེན་པ་སྨྲ་བའི་དབང་བོ་མཛོད།།བཙན་བྱོལ་རང་དབང་ཙམ་པོ་ཡང་།།རྒྱ་གར་གཞུང་གི་གནང་ཉེས་མིན།།བཙན་བྱོལ་གཞུང་གི་བྱས་ཉེས་མིན།།འཛམ་གླིང་བདེན་པས་ཕོངས་པ་ཡིན།།གཞིས་བྱེས་གཉིས་ཀྱི་སྐལ་བ་ཡིན།།སྐལ་བ་བཟང་ངན་ཀུན་གསལ་ཡིན།།སྐལ་བ་བཟང་ཞིག་སྙེག་པ་ལ།།སྔོན་གྱི་དགེ་སྐྱོན་ཤན་ཕྱེ་ནས།།སྐྱོན་སྤོང་དགེ་སྒྲུབ་གནད་འགག་སྟེ།།བསམ་བློ་གཅིག་གྱུར་གལ་བོ་ཆེ།།མཐུན་སྒྲིལ་སྟོབས་ཤུགས་གཅིག་སྒྲིལ་དགོས།།ཆོས་པས་ཆབ་སྲིད་མ་འཁྱོངས་པས།།ཆབ་སྲིད་དབུ་ཁྲིད་སྟོབས་ལྡན་དགོས།།དེ་ཡི་སྐུ་སྲུང་ཚད་ལྡན་དགོས།།ཆོས་པས་སྲིད་ལ་མི་ཐེ་བར།།ཆོས་ལུགས་ཆོས་བཞིན་སྐྱོང་བ་དང་།།བསྟན་པ་ངོས་གཙང་རིང་གནས་ཕྱིར།།ཀུན་གྱིས་རང་གཞུང་བཀུར་སྐྱོར་གཅེས།།ཤིང་དགྲ་སྟ་རེ་ཡིན་མོད་ཀྱང་།།དེ་ཡི་ཡུ་བ་ཤིང་གིས་བྱེད།།བོད་སྲིད་རྒྱ་ཡིས་འཕྲོག་པ་ཡང་།།མཐུན་རྐྱེན་བོད་ཀྱིས་བསྐྲུན་པར་མཐོང་།།ད་དུང་སྐྲུན་མཁན་མང་དུ་སྣང་།།དོལ་ཚོགས་མི་གཟུགས་རོ་ལངས་བཞིན།།དེ་རིང་ཁ་ནས་དེ་ཙམ་ཞིག།རྨ་ལྷོ་རིག་འབྱུང་ཞིང་ནས་ཤོར།།
སྙན་གསར་བ་བོད་ཀྱི་སྲོག་རྩ་གཅོད་བྱེད་ཅིག་ཨེ་ཡིན་ནམ???????
རྒྱ་གར་ནས་སྙན་གཞུང་མ་བསྒྱུར་པའི་སྔོན་དུ་བྱུང་བའི་གནའ་བོའི་བོད་ཀྱི་གླུ་དང་མགུར་སོགས་ལ་ཡང་སྔོན་འགྲོའི་ཆ་རྐྱེན་ནམ་བཅད་རྒྱ་གང་ཡང་མེད་པར་མིའི་འཚོ་གནས་དང་སྐད་ཆའི་འབྲེལ་ལམ། ཡང་འཚོ་གནས་དང་སྐད་ཆའི་འཕེལ་རིམ་བར་ནས་ངང་གིས་བྱུང་བ་ཞིག་དང་། དེ་ནི་མདོར་ན་སྐད་ཆ་བརྗོད་སྟངས་མི་འདྲ་བའམ་གོམས་གཤིས་མི་འདྲ་བ་ཙམ་རེད། ཡང་གཅིག་བཤད་ན། དེའི་ཆོད་ཉིད་ཀྱི་མཚན་མཚོན་སོགས་ཀྱང་དེ་དག་བྱུང་ཟིན་པའི་རྗེས་སུ་རིམ་གྱིས་འཇོག་པའི་སྤྱིའི་ངེས་སྲོལ་ལྟར་རང་མོས་སྙན་ངག་ཀྱང་དེ་བཞིན་ནོ།
དོན་དངོས་དེ་བཞིན་ཡིན་ནམ། ཡང་ན་མིག་དབང་རྨོངས་པ་མིན་ནམ། འདི་ཡང་སློབ་སྦྱོང་གི་གནས་སྐབས་སུ་འབྱུང་སྲིད་ཅིང་དོ་སྣང་བྱ་འོས་པའི་གནད་དོན་གལ་ཆེན་ཞིག་རེད།
ད་ཨོ་ཉིའི་ལུགས་ལ་མི་སྙན་པ་ཚང་མ་རང་མོས། སྙན་ཚད་སྲོལ་རྒྱུན་དུ་འདོད་དགོས་པ་འདྲ།
སྤྱིར་རང་མོས་སྙན་ངག་ཟེར་བས་སྒྲིག་མེད་སྙན་ངག་ཟེར་ན་ལེགས་ཚོད་འདུག ཅིའི་ཕྱིར་ནང་རང་མོས་པ་ཚོས་མེ་ལོང་མ་སྒྲིག་གཞི་ཅན་རེད་ཟེར་ནས་དོར་ལ། ཅིག་ཤོས་དེ་དེ་འདྲ་མིན་པས་ལེན་བྱར་འདོད་པས་སོ།།
བོད་ཀྱི་སྙན་ངག་མཁན་པོ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་ལྷད་མང་པོ་བཅུག་ཡོད།
རང་གི་སྐད་ཀྱི་གོ་མ་ཆོད་པའི་བཟོ་འདྲ་བྱེད་དེ་གཞན་སྐད་གཡར་པའམ་རྐུས་ཏེ་མིང་ཚིག་མང་པོ་བེད་སྤྱོད་བྱས་ཡོད། དཔེར་ན། གངས་རི་ལ་ཀེ་ལ་ཤ། ཧི་མ་ལ་ཡཱ། དེ་བཞིན་མང་པོ་ཡོད་པ་ནི་མཁྱེན་གསལ་རེད། འོན་ཀྱང་ང་ཚོས་བོད་སྐད་གཙང་མ་དང་ར་མ་ལུག་གི་སྐད་རྒྱབ་མི་ཉན་ཟེར། འོན་ཀྱང་བོད་ཀྱི་བཀའ་བསྟེན་འགྱུར་གྱིས་གཙོས་པའི་དཔེ་དག་གི་ནང་དུ་རྒྱ་བོད་འདྲེས་མའི་སྐད་བྲིས་པ་ནི་དེ་ཚོར་ལོ་ཙཱ་བ་ཆེན་པོ་ཞེས་གཟེངས་བསྟོད་ཀྱི་བྱ་དགའ་ཡང་ཕུལ་མྱོངས། བྱུང་ན་རང་སྐད་ཀྱི་ལམ་ནས་འབྲི་དགོས་པ་ལས་ཉ་ཉུང་བསྲེས་ཏེ་བྲིས་ན་རང་མི་རིགས་ཀྱི་སྐད་རིགས་དེ་ཉིད་མཐར་གཞའ་ཡལ་བ་ལྟར་འབྱུང་ཉེན་ཆེ།
རང་མོས་སྙན་ངག་དང་རང་མོས་ལས་ཀ་གཉིས་འདྲ་བོ་འདུག ཁྱོད་ཀྱིས་(མདོ་མེད། མདོ་ཤོར། མ་རྟོགས། ལོག་རྟོག ཐེ་ཚོམ་གྱི་ངག་ལྔའོ། ) ཞེས་མིང་སྙན་ངག་བརྟགས་ཀྱང་དོན་ཨོ་ཉི་ཁྱོད་རང་ལ་སྦྱར་ན་འཐད་པོ་ཞིག་མཐོང་སོང་། དེ་འདྲ་ཡིན་ནམ།
ངོ་མ་བྱིས་ཕྲུག་ཁྱེད་ཚོར་གད་མོ་འཆོར་གི
རང་མོས་སྙན་ངག་ནི་ཚིག་རྐང་གཅོད་མཚམས་ཙམ་དང་མེ་ལོང་མའི་འགྲོས་དང་མཐུན་མི་མཐུན་གཙོ་བོ་མ་རེད། དེ་ནི་སེམས་ཁམས་ཀྱི་རྒྱུ་རྐྱེན་དང་ལོ་རྒྱུས་ཀྱི་ཁྲག་རླབས་ཤིག་དང་མཉམ་དུ་འཕྱུར་ཡོང་བ་ཞིག་རེད། འདིའི་ཕྱོགས་ཀྱི་གཞུང་ལུགས་ལྟ་བུ་སྟེ་པད་མ་འབུམ་གྱི་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལས་འཐུས། མིག་ལ་འཁྲུས་ནད་ཞུགས་ཤིང་སེམས་པར་བག་ཆགས་རྙིང་རུལ་གྱིས་ཟིན་བསྡད་མཁན་ཚོས་སྙན་ངག་འདི་གོ་བ་ལེན་དཀའ་འོ།
མི་གཞི་ལ་དཔྱད་པའི་སྐབས་མིན། སྙན་ངག་ལ་ལྟ་བའི་སྐབས་ཡིན།
ཁྲིས་ནད་མེད་པའི་དབྱངས་འཛོམ་ལགས། སྙན་ངག་གསར་པའི་མཐུན་དཔེ་ཡོད་དུ་ཆུག་མོད། ང་ཚོར་དགོས་པ་ནི་རང་མོས་སྙན་ངག་སྦྱོང་སའི་གཞུང་ལུགས་ཏེ་མཚན་ཉིད་དང་དབྱེ་བ་དཔེ་སོགས་སྟོན་པའི་གཞུང་ཞིག་དགོས་ཟེར་བ་འདི་རེད།
གྲོགས་པོ་ཚོ།
རས་མོས་སྙན་ངག་ཟེར་ན་རང་དགའ་སའི་བཤད་འདོད་པ་དེ་རང་གིས་ཀློག་དུས་རང་གི་ངག་ལ་སྙན་པས་ན་རང་མོས་སྙན་ངག་ཟེར་ནི་རེད། དེ་ལ་ཁྲིམས་དང་ལུགས་དགོས་ནི་མ་རེད། དག་ནོར་མེད་ན་འགྲིག་པ་རེད།
དེ་ནི་ཁྱོས་བཟོས་བའི་ཟ་མ་ལ་ང་མི་དགའ་མི་སྲིད་ཀྱང་དགའ་རྒྱུ་དེ་ཡང་བཤད་དཀའ་མོ་ཞིག་རེད། ངས་བཟོས་བའི་རྡ་ལི་ནི་ཁྱོ་ལ་དེ་བས་ཅང་འཐུང་འདོད་ཡོད་རྒྱུ་མ་རེད། ཡི་ན་ཡང་ཟ་མ་འདི་ཚོ་རང་སོ་སོ་དགའ་སའི་ཟ་མ་ཡིན་པས་དེ་ལ་ཁྱོས་ཁེངས་པ་མ་བྱོས་ན་འདོད། འབྲི་འདོད་ནི་ཚོ་ལ་རང་འདོད་དུ་འབྲི་འཇིག་པ་ལས་དེའི་རང་དབང་མི་འཕྲོག་པར་ཞུ། སྤྱིར་ཁྲིམས་དང་ལུགས་ལས་མ་ཐར་བའི་སྙན་ངག་པས་མང་པོ་བྲིས་ཚར་རེད། ད་ནི་དེ་འདྲ་མ་རེད། ཆོལ་ཁ་དང་ཆུ་ཚད་སོགས་གང་གི་ཕྱོགས་ནས་ཚིག་གི་སྡེབ་སྦྱོར་ལ་མི་སྙན་པའི་ཆ་ཡོད་སྲིད་པ་ཞིག་རེད། ཡིན་ན་ཡང་། ནམ་གྱི་ཚོད་ཀྱི་དེ་བོ། ས་ཆའི་ཚོད་ཀྱི་རི་དྭགས་རེད།
ངོ་མ་རེད། ལ་སྟོད་བདེན་པ་རེད། ཐ་ཚན་མུ་ཙུག་སྨར་རོ། ། སུ་མུག་ཚྩ། དང་། མ་ཏྲི་མ་ལེ། སི་ལེ་འདུ། ཧི་མ་ལ་ཡི་བོན་ཟེར་བ་ལབ་ན་རྒྱ་སྐད་ཡིན་ནམ་བོད་སྐད་འདྲིས་མ་འདི་ཚོ་ཡག་པོ་མི་འདུག ༼བོན་པོས་བོན་མི་སྤྱོད་པ་ནི་བདུད་ཀྱི་རིགས་ཡིན་ནོ། ༽
༡༡༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༤ གི་ཆུ་ཚོད་ ༢༢ སྐར་མ་ ༥༨
རང་མོས་ཞེས་པའི་མིང་འདོགས་མཁན་སུ་རེད།?
རང་མོས་སྙན་ངག་དེ་ག་དུས་བྱུང་བ་རེད།?
འགྲོ་བ་མི་སོ་སོས་རང་གི་བཤད་འདོད་པའི་སྐད་ཆ་དེ་རང་མོས་ཀྱི་སྒོ་ནས་སྦྱོར་ཀློག་བྱེད་ཐུབ་པའི་དུས་ནས་བྱུང་བ་རེད།
རང་མོས་ལ་ཚིགས་ཤད་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་ཡིན་པས་རྒྱུ་མཚན་རེད། བར་སྟོང་ཡོད་ན་ཚིགས་ཤད་ཀྱི་གོ་ཆོད་པ་རེད།
རང་མོས་ལ་གཞུང་ལུགས་མེད་པའི་རྒྱུ་མཚན་གང་རེད།?
དེ་ནི་རྣམ་རྟོག་ལ་ཚད་བཟུང་མེད་པས་རེད།
རང་མོས་ལ་སྦྱང་བྱ་མེད་པའི་རྒྱུ་མཚན་གང་རེད།?
ཆུ་འཐུང་འདོད་མེད་པའི་གཡག་ལ་ཆུ་ལྡུད་མི་ཐུབ་པས་རེད།
རང་མོས་ལ་དགེ་རྒན་མེད་པའི་རྒྱུ་མཚན་གང་རེད།?
རང་མོས་ལ་དགེ་རྒན་མི་དགོས་བས་རེད།
རང་མོས་ལ་གཏད་སོ་མེད་པའི་རྒྱུ་མཚན་གང་རེད།?
ཀུན་རྟོག་རྒྱ་ལ་མི་ཚུད་པས་རེད།
རང་མོས་དེ་སྲོལ་རྒྱུན་མི་འདྲ་བའི་རྒྱུ་མཚན་གང་རེད།?
སྲོལ་རྒྱུན་ལ་མ་བཅུག་པས་རེད།
རང་མོས་ཀྱི་སྔོན་དུ་སྲོལ་རྒྱུན་སྙན་ངག་འགྲོ་དགོས་སམ།?
དེ་ནི་རང་མོས་རེད།
སྲོལ་རྒྱུན་ལ་མ་བརྟེན་པའི་རང་མོས་སྦྱང་སྲོལ་ཡོད་དམ།?
ཡོད་དང་ཡོད། ཡི་གེ་འབྲི་ཀློག་ཤེས་ནས་རང་མོས་འབྲི་ཐུབ་ན་འགྲིག་པ་རེད།
རང་མོས་ཀྱིས་བོད་ཀྱི་རིག་གནས་ཀྱི་ཚབ་མཚོན་བྱ་ནུས་སམ།?
རང་མོས་དེའི་ཆ་ཙམ་དུ་འཇོག་པ་ལས་ཚབ་མཚོན་་སུ་ཀྱང་བྱ་མི་སྲིད།
སྲོལ་རྒྱུན་ལ་དགག་པ་རྒྱག་དྲན་ན་སྲོལ་རྒྱུན་གྱི་གཞུང་ལུགས་ཁོང་དུ་ཆུད་དགོས་སམ།?
དྲི་བ་དགོད་སྤྱད་ཞིག་རེད།
རང་མོས་ལ་སྲོལ་ལས་ཁྱད་པར་འཕགས་ཆོས་གང་ཡོད།?
རང་མོས་ཡིན་པ་དེ་རེད།
བོད་ཀྱི་གཞོན་སྐྱེས་ཚོ་རང་མོས་ལ་དགའ་བ་དེ་ལས་སླ་དྲགས་ནས་ཡིན་ནམ།?
སྲོལ་རྒྱུན་གྱི་སྒྲོག་ལ་མ་ཚུད་པས་རེད།
བོད་ཀྱི་གཞོན་སྐྱེས་ཚོ་རང་ལུགས་མེད་པ་ཞིག་ཏུ་འགྱུར་བཞིན་པ་མིན་ནམ།?
ཡིན་རྒྱུ་མ་རེད། རང་ལུགས་རང་མོས་རེད་མོ།
སྤྱིར་རིག་གཞུང་གི་ཚབ་མཚོན་བྱ་བ་ལ་ཚད་ངེས་ཅན་ཞིག་དགོས་སམ།?
རང་མོས་ནི་གཞུང་ལུགས་མེད་པའི་རིག་གཞུང་ཞིག་ཡིན་པས་ཚད་ངེས་ཅན་ཞེས་ཚོད་འཛིན་བྱེད་དཀའ།
གཏད་སོ་གང་ཡང་མེད་ན་ཁྱེད་ཚོ་ལ་མཁས་པ་ཅིའི་ཕྱིར་ན་ཟེར།?
རང་མོས་ལ་མཁས་ན་རངམོས་ལ་མཁས་བའི་མཁས་བ་ལོས་ཡིན།
མཁས་པ་ཞེས་པ་དེ་གང་ལ་མཁས་ན་དེར་འཛིན་མཚམས་དང་རང་ལུགས་ཤིག་ཡོད་དགོས་སམ།?
གསེར་ས་ལ་ཡོད་ན་འོད་ནམ་ཁ་རེད། དེ་ལ་འཛིན་མཚམས་དགོས་ནི་མ་རེད།
ལན་སྟབས་བདེ་བདེ་རེད། རང་མོས་ཡིན་པས་སོ་ཞེས་པ་འདི་རེད།
དགེ་ཆོས་པས། ཅིའི་ཕྱིར་ཟེར་མུ་མཐུད་ཚར་གསུམ་ཙམ་ལབ་རྗེས་རྟགས་གསལ་ཆད་འགྲོ་གི་རེད་དོ།།
ཁྱོད་ཀྱིས་རང་མོས་མི་ཤེས་ན་མི་ཤེས་ཞེས་བརྗོད་ན་ངོ་ཚ་དགོས་པ་གང་ཡང་ཡོད་པ་མ་རེད། གནས་ལུགས་མེད་པར་ཁ་ཕོ་སྒྲོག་པ་ནི་རང་མཚང་ཙམ་དུ་འགྱུར་བའི་གནས་ལུགས་ཤེས་དགོས།
རང་མོས་གསར་གཏོད་པ་སུ་རེད་ཅེས་འདྲི་ཞོར་དུ་དེ་ལ་དགག་པ་རྒྱག་པ་ནི་དངོས་གནས་ཡ་མཚན་རེད། ཁྱོད་ཀྱི་གོང་གི་དྲི་བ་དེ་དག་ཁྱོད་རང་ཉིད་ལ་བཏབ་པའི་དྲི་གཞི་ཁག་ཅིག་རེད། རང་མོས་སྙན་ངག་གི་རྒྱུན་ཤེས་དེ་ཙམ་ཡང་མེད་ཞིག་གིས་དོན་དུ་ཅི་ཞིག་ལ་དམིགས་པ་ཡིན་ནམ། ལོ་རབས་བརྒྱད་ཅུའི་རྩོད་གཞི་ཆུང་ཆུང་དེ་ཁྱོད་ཀྱང་བསྐྱར་ལོག་བྱ་འདོད་པ་འདྲ། ཧ་ཅང་རྗེས་སུ་ལུས་པའི་བསམ་བློ་ཨང་།
པདྨ་གེ་སར་རམ་དཔལ་དགྱེས་རྡོར་ནས་ལན་གནང་བར་བཀའ་དྲིན་ཆེ། ཁྱེད་ལ་བོན་གྱི་སློབ་སྦྱོང་ག་རབས་ཤིག་ཐོབ་འདུག
ད་དུང་ཡག་པོ་བྱེད་དེ་དོ་སྣང་གནང་རོགས།
ལན་འབྲི་མི་དགོས། ཨོ་ཉི་ལགས་ལ་ཨོ་ཉི་ཉིད་ཀྱིས་འདོན་པའི་དྲི་བར་དེ་བཀོད་ན་ལན་གང་འདྲ་རྒྱབ་བརྩིས་ཡོད། ངས་བསམ་བྱུང་ཟེར་བ་དེ་ལས་གཞན་དྲི་བར་འགོད་པ་པོ་རང་ཉིད་ལ་རྒྱབ་རྟེན་གྱི་ཚད་མ་ཨ་ཡོད་ན།
གཡང་འཛོམ་འདི་ཤར་ཁུག་ཡིན་པའི་དོག་པ་ཡོད
རང་མོས་ལ་ལན་ཡང་དག་མེད་པ་དེ་རང་ལུགས་མེད་པའི་རྒྱུ་མཚན་གྱིས་རེད། མཁས་པ་ཞིག་ཡོད་ན་ངས་བཞག་པའི་མཚན་མཚོན་ལ་དགག་པ་ཞིག་རྒྱགས་ཤོག ངས་དྲིས་པའི་དྲི་བ་ལན་དོན་མཐུན་རྒྱགས་ཤོག ལན་དོན་མཐུན་ཞེས་པ་དེ་བོད་ཀྱི་རིག་གཞུང་གི་ཚབ་མཚོན་དང་། སྙན་ངག་མེ་ལོང་དང་བསྡུར་ནུས་པའི་ཁྱད་ཆོས་དག་གླེང་ཤོག་ཟེར་བ་ཡིན། གོང་གི་གནམ་ས་ཞེས་པ་ཞིག་གིས་མདོ་ཤོར་ཞིག་གིས་ལན་ལ་ལན་གྱི་གོ་ཆོད་ཀྱི་མི་འདུག དེ་འདྲ་ཡིན་ན་མ་འོངས་པར་བོད་ཀྱི་སྙན་ངག་དེ་སྲོག་ཤོར་ངེས་རེད།
རང་མོས་ཟེར་བ་དེ་བྱིས་པས་བུ་རམ་ཟོས་པ་དང་གཅིག་པ་རེད། བྱིས་པ་དག་གིས་བུ་རང་གི་ཁ་ལ་མངར་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་འཛམ་བུ་གླིང་འདིའི་གོང་ལ་དེ་ལས་ཡན་གྱི་ཟས་ཤིག་མེད་པར་འདོད། ཡིན་ན་ཡང་ཇི་ལྟར་མངར་བ་དང་། གང་ལས་བྱུང་བ་སོགས་མི་ཤེས་པ་བཞིན། བོད་ཀྱི་བྱིས་པ་ཚོས་རང་མོས་ལ་སློབ་སྦྱོང་བྱེད་མ་དགོས་པ་དང་། རང་གི་བློ་ལ་བདེ་བ་རྒྱུ་མཚན་དུ་བྱས་པ་ལས། དེས་བོད་མི་རིགས་ཀྱི་རིན་ཐང་བྲལ་བའི་རིག་གཞུང་རྩ་མེད་དུ་གཏོང་གི་ཡོད་མེད་དང་། རིག་གཞུང་ཞེས་པ་དེ་ལ་རང་ལུགས་ཤིག་དང་། འཛིན་མཚམས་ཤིག་ཡོད་མེད་ལ་རྟོག་དཔྱོད་རྩ་བ་ནས་ཞུགས་ཀྱི་མེད་པ་རེད།
ངའི་བསམ་ཚུལ་ལ་སྤྱིར་སྙན་ངག་འབྲི་སྐབས་མེ་ལོང་མའི་ཁྲིམས་ནང་བཞིན་འགྲོ་དགོས་པའི་ངེས་པ་མེད། འཚོ་བ་དང་བསམ་པ་མཚོན་ནུས་པའི་སྙན་ངག་ཞིག་ཡིན་ན་ཆོག འོན་ཀྱང་དེ་སང་གི་རང་མོས་སྙན་ངག་ཡིན་ཟེར་མཁན་དེ་ཚོ་ལ་འཚོ་བ་དང་བསམ་པ་སྟོན་རྒྱུ་ཕར་ཞོག དོན་གང་ཡིན་གསལ་པོ་ཡོད་མ་རེད།
མེ་ལོང་མའི་ཁྲིམས་དེ་གང་ཡིན་ནམ། གསུངས་རོགས།
མེ་ལོང་མའི་ནང་ནས་ཡིན་གཅིག་མིན་གཉིས་དོན་རྒྱན། དཔེ་རྒྱན། གཟུགས་རྒྱན། སྒྲ་རྒྱན་ཁོ་ནས་འབྲི་དགོས་ཞེས་བཤད་མེད། དང་པོ་སྦྱོང་དུས་རིག་པའི་རྩལ་འདོན་པའི་ཡོད་ཚད་ལ་སྦྱངས་དགོས་ངེས་ཤིག་རེད། སྦྱོང་དུས་བསམ་དུ་ཡོད་པ། དཔྱད་དུ་ཡོད་པ། དཀའ་ཁག་ཏུ་མཐོང་དུ་མཐོང་བ། སེམསལ་ལས་སྤྲོད་ཐུབ་པའི་རིག་གཞུང་ཞིག་ཡིན་ན། དེ་ལ་ཕུགས་ཤིག་ཡོད་པའི་རྟགས་རེད། རྗེས་ནས་འབྲི་དུས་ཚིག་ལ་བསམ་བློ་བཏང་ན། རྒྱན་ལ་བསམ་བློ་བཏང་ན་རེད། དཔེ་ལ་བསམ་བློ་བཏང་ན་ཡང་། སྤེལ་མས་འབྲི་ཆོག་པར་གསུངས་ཡོད།
སྙན་ངག་གསར་པ་ཞེས་པ་ནི་གཏད་སོ་གང་ཡང་མེད་པར་འཕྱོན་མའི་བུ་རང་རེད། ཨ་མ་ཨ་རག་གི་བཟི་བཞིན་ཐེངས་འགར་སྐྱེས་པ་འགའ་ཞིགཞིག་དང་འགྲོགས། དེའི་རྗེས་སུ་ཨ་ཕ་སུ་ཡིན་གཞན་གྱིས་མ་ཟད། ཨ་མ་རང་གིས་ཐག་ཆོད་དཀའ་བར་གྱུར་བ་བཞིན། སྙན་ངག་གསར་བ་གང་ནས་བྱུང་བ་དང་། དེའི་ངོ་བོ་ཅི་འདྲ་ཞིག་ལ་འཇོག་དགོས་མིན་སྙན་གསར་འབྲི་བ་ཚོས་ཀྱང་མ་རྟོགས་པ་རེད། ཧཧཧཧཧཧཧཧཧཧ ངོ་མ་མདོ་མེད་རེད་ཡ།