བསྟན་འཛིན་ཤེས་རབ།
མོན་གྷོ་འདོད་རྒུད་གླིང་ས་གནས་ཀྱི་སྐབས་དང་བོའི་བོད་ཀྱི་གདངས་སྙན་ངག་གྱེར་འདོན་འགྲན་ཚོགས་ནི་ ༢༠༡༡ ལོའི་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ ༨།༣༠ སྟེང་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་གསུམ་པའི་ལྷ་མོའི་ཚོགས་ཁང་དུ་འཚོག་རྒྱུ་ཡིན་ལ། ཚོགས་ཐོག་ལ་དངོས་སུ་ཕེབས་མི་ཐུབ་པའི་ཐག་ཉེ་རིང་གི་གཟིགས་མོ་བ་རྣམ་པར་སྟབས་བདེ་ཡོང་ཕྱིར་༼སི་ཁེབ་༽དང་༼ཡ་ཧོ་༽གླེང་མོལ་སྟེང་ནས་དྲ་བར་ཐད་གཏོང་བྱ་རྒྱུ་ཡིན། གཟིགས་མོ་བ་རྣམས་ཀྱིས་སོ་སོའི་སི་ཁེབ་དང་ཡ་ཧོའི་ནང་གཤམ་གྱི་ཁ་བྱང་ནང་འཇུག་བྱས་ཏེ་འབྲེལ་མཐུད་གནོངས་དང་ཐད་ཀར་གཟིགས་ཐུབ།
སི་ཁེབ་ཀྱི་ཁ་བྱང་། tibetanpoem
ཡ་ཧོའི་ཁ་བྱང་། ttensher
ད་བྱས་ན་སངས་ཞོགས་སྔ་མོ་ནས་ཡར་ལངས་ཏེ་ཞོགས་ཇ་འཐུང་རྗེས་སྙན་ངག་སྒྲོག་སྦྱོང་ལ་ཉན་རྒྱུར་གྲ་སྒྲིག་ཞང་གསར་བྱ་དགོས་པ་མིན་ནམ། འདི་ལྟར་བཀོད་སྒྲིག་གནང་བར་བཀའ་དྲིན་ཆེ་ཞུ།།
དྲ་གྲོགས་ཚོས་གོ་སྐབས་དམ་འཛིན་སྒོས་སྙན་ངག་གྱེར་འདོན་འགྲན་སྡུར་ལ་ཉན་རྒྱུ་དགའ་བསུ་ཞུ།
‘འོ་ཡ་ ལགས་སོ་་་ལགས་སོ
ཡུན་རིང་སྒུག་ཡིན་ཅང་ར་མེད་ནོ་་་་་་་་་་་་གང་གི་སྟབས་ཀ་འགྲིག་མེད་ན་འདིར་ལན་བཞག་ན་ཡག་ག་་་་་་་་་་བྱེད་སྟངས་གོ་རིམ་ལྡན་པ་དགོས་ནི་རེད་་་
ཐ་ན་དོ་བདག་ཁོ་རང་དྲ་ཐོག་ལ་ཞུགས་མེད་ནོ་འདི་སྐྱོ་གི།
skype ནས་ཐད་གཏོང་དེ་གང་ན་གཏོང་གི་ཡོད་པ་རེད། གསལ་བསྒྲགས་སྟེང་གི་ཁ་བྱང་འདིའི་སྟེང་ན་སུ་གང་ཡང་མི་འདུག གོ་སྒྲིག་བྱེད་སྟངས་དེར་དགའ་ནས་འདིར་ཡོང་བ་ཡིན། ཅི་ཡང་མཇལ་རྒྱུ་མ་བྱུང་བས། ད་ནི་ཕྱིག་ལོག་འགྲོ་དགོས་ཆགས་སོང་། སྙན་ངག་པ་ཚོའི་གྱེར་འདོན་ལམ་ལྷོངས་ཡོང་བར་སྨོན།
བྱས་ཙང་། དྲ་བྱང་འདི་ལས་གང་ཡང་རྙེད་ཀྱིན་མི་འདུག
ttensher འདི་ལ་བརྗེས་ཟིན་ལབ་འདུག
ད་ལྟ་གྱེར་འདོན་བྱེད་བཞིན་འདུག skype (ttensher) འབྲེལ་མཐུད་གནོངས་ཤིག
དུས་བབ་གསར་འགོད་པས། ཅིའི་ཕྱིར་བདག་གི་བསམ་ཆར་འདི་ཟིན་བྲིས་སུ་མ་བཀོད་པར་བཀག་པ་ཡིན་ནམ། སྤྱི་ཚོགས་དཀྲུགས་ཤིང་གི་རིགས་ཡིན་ན་ཁོ་ཚོས་མ་བཀོད་ན་དགའ་མོད། སོ་སོའི་རྣར་འགྲོ་མིན་ལ་མ་ལྟོས་པར་གནས་ལུགས་དང་རྒྱུ་མཚན་ཡོད་མེད་ལ་བརྟག་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་གསར་འགོད་པ་ཞིག་གི་འོས་འགན་ཡང་ཡིན་པར་སྙམ། ཡིན་ཡང་། ཁོང་ཚོས་༧གོང་ས་མཆོག་དང་རང་གཞུང་ལ་ཁ་གཏོང་མཁན་གྱི་རིགས་ཀྱི་བསམ་ཆར་ག་དུས་ཡིན་ན་གཏོང་རྐྱང་བྱེད་གྱིན་པ་ཀུན་གྱི་མཐོང་གསར་རེད། དེ་དག་ལ་བགོག་ཡིག་རེ་སྤེལ་ཚེས་ལམ་སང་བཀག་འགོག་བྱེད་པ་ལས་ཐར་བ་གཅིག་ཀྱང་བཏང་མྱོང་མེད་པ་ནི་གསལ་བོ་ཡིན་ནོ།།
བསམ་ཆར་ནི། ཟམ་གདོང་བླ་མའི་སློབ་ཕྲུག་དང་གསར་འགོད་པའི་སེམས་ཁམས་ལ་ཉུངས་ཏེ་དགོངས་གཞི་ཅན་གྱི་བཀའ་མོལ་འགའ་གནང་བར། ཚང་མའི་རྣ་ཀྲོང་ཀྲོང་དང་། མིག་རིག་རིག་གིས་གྲ་བའི་སྤྱི་ཚོགས་ཀྱི་རང་ཁ་རང་གསོ་ཡི་སཚོ་རྟེན་ཅུང་བསགས་སྐྲུབས་གནང་པར་འགྲམ་ཆུ་ལྡང་ནས། དེ་སྤྱི་ཚོགས་ལ་ཕན་འདོག་དགོས་པའི་བསམ་ཆར་བཏོན་པ་ནི་དངོས་གནས་ཧ་ལས་དགོས་བ་ཞིག་མ་ཡིན་ནམ། རང་རེ་སྤྱི་ཚོགས་འདིའི་རང་ཁ་གསོ་མ་ཐུབ་པར་གྲ་བར་ལག་པ་བཟད་ན་ངོ་གནས་ངོ་མི་ཚ་འམ། སྔོན་མ་ཞིག་ལ་རང་རེ་སྐྱ་སེར་གྱི་སྤྱི་ཚོགས་འདི་ཉིད་ཕན་ཚུན་མཆོད་ཡོན་གྱི་འབྲེལ་བ་ཡོད་རབ་འདུག ཡིན་ནའང་དེང་སང་གོ་ཟློག་ནས་སེར་མོ་བའི་སྐྱ་བོ་གསོ་དགོས་བའི་ཚད་དུ་སླེབས་པ་ནི་ཅི་འདྲའི་བགོད་ཤོར་བ་ཞིག་མ་ཡིན་ནམ། གང་ལྟར་དེང་སང་སེར་མོ་བའི་དཔུང་སྡེ་འདིས་རང་རེ་ཕྱི་ནང་གི་སྤྱི་ཚོགས་ཀུན་ལ་ཕན་པ་རྒྱ་ཆེན་སྒྲུབ་པ་ལས། གནོད་སྐྱེལ་བའི་གནས་ཚུལ་གང་ཡང་མ་མཐོང་ངོ་།
ལོ་མང་སྔོན་མོན་སྒོ་འདོད་རྒུ་གླིང་ཟེར་ཡང་དེ་རིང་འདོད་རྒུད་གླིང་ཞེས་བྲིས་འདུག ད་ཡིན་ན་གཞིས་ཆགས་དེ་སྐྱོ་བོ་ཆགས་ཡོད་ས་རེད།