འབའ་སྲས།
སྤྱིར་སྙན་ངག་ནི་སྙན་ངག་པ་སུ་ཞིག་གིས་རང་ཉིད་གནས་སའི་ཁོར་ཡུག་གི་འཚོ་བ་དངོས་ཀྱི་སྣང་བརྙན་དེ་ཉིད་བརྗོད་བདེ་ལེགས་པའི་རིག་རྩལ་ཞིག་ལ་བསྟེན་ནས་སྤྱི་ཚོགས་ལ་སེམས་གཏམ་ཤོད་རྒྱུ་དེ་ཡིན།
དེའི་རྒྱུ་མཚན་གྱིས་རྗེ་ཙོང་ཁ་བས། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་ཞེས་སྙན་ངག་ནི་རིག་གནས་ཡོད་དོ་ཅོག་ལས་འཐོབ་དཀའ་བའི་རིན་པོ་ཆེ་རྣམ་གསུམ་གྱི་གྲས་སུ་གསུངས་པའི་ཉིང་དགོས་འདི་ལས་གཞན་མ་མཆིས།
འོན་ཀྱང་། སྙན་ངག་ལ་ང་མཁས་ངས་འབྲི་བ་ཟེར་བ་དག་གིས་མངོན་བརྗོད་དང་བརྡ་རྙིང་བསྡུ་སྒྲིག་གི་དཔུང་བར་བསྟེན་ནས་རྡོ་ཆག་བཙན་སྒྲིག་གི་རླུང་རྟ་ཨུ་ཚུགས་ཀྱིས་སྤར་བཞིན་ཡོད། རླུང་རྟ་དེ་ཉིད་རང་གི་ཆེད་དུ་ཡིན་པ་ལས་སྤྱི་ཚོགས་ཀྱི་ཆེད་དུ་གཞར་ཡང་མིན་ནོ།།
དེས་ན། སྙན་ངག་པ་སུ་ཞིག་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྙན་ངག་མ་བྲིས་ཚེ། ནམ་རྒྱུན་ངེད་ཚོའི་སྐད་ཆའི་ནང་། སྙན་ངག་པ་ནི་སྤྱི་ཚོགས་ཀྱི་དམིགས་བུ་དང་། སྙན་ངག་གིས་མི་རིགས་སྐྱོབ་ཐུབ་ཟེར་བ་དེ་ཡང་རྫུན་གཏམ་ཁོ་ན་རེད། སྙན་ངག་ནི་མཁས་པའི་བར་གྱི་རིག་གནས་ཤིག་དང་། སྙན་ངག་ནི་རང་གི་མིང་གྲག་གི་ཆེད་དུ་ཡིན་ན། ད་ནས་བཟུང་ཁྱོད་ཀྱིས་སྙན་ངག་མ་བྲིས་ཀྱང་ཆོག ཅིའི་ཕྱིར་ཞེས་ན། ཁྱོད་ཀྱི་སྙན་ངག་དེ་ཁྱོད་དང་རིགས་འདྲ་བ་དག་གི་ཝུ་ཆང་ཞིག་ལས། ང་དང་ལུགས་མཐུན་པ་རྣམས་ཀྱི་ཁ་ཟས་ཤིག་གཏན་ནས་མིན།
ང་རང་ཉིད་ལ་མཚོན་ན། སྙན་ངག་ཅི་ཞིག་བྲིས་ཀྱང་ཆོག རང་ཉིད་ཀྱིས་བྲིས་པའི་སྙན་ངག་དེ། མཁས་པ་དག་ལ་འགྲན་བསྡུར་གྱི་ཚུལ་དུ་མིན་པར་སྤྱི་ཚོགས་ལ་འདི་ཞེས་སྟོན་རྒྱུ་ཞིག་ཅིས་ཀྱང་དགོས་པར་བསམས་ཡོད། དེ་ལྟར་མིན་ཚེ་གཟི་མིག་དགུ་བ་ཞེས་མིང་སྙན་པོ་ཞིག་བཏགས་ཀྱང་། སུས་ཞིག་གིས་གོ་མི་ཐུབ་པ་མ་ཟད། སུ་ཞིག་གིས་མཆོད་དོ།། ལེགས་སོ་ཟེར་བ་ཙམ་ལས་གཞན་ཅི་ཡང་ཤོད་རྒྱུ་མེད། དེ་ནི་ལྷ་མདུན་དུ་མཆོད་པ་བཤམས་པ་ལྟ་བུ་ལས་གྲང་ཐོག་ལ་མེ་སྦར་བ་ཞིག་ཡིན་ཚོད་མེད།
མདོར་ན་སྙན་ངག་ནི། རང་ཉིད་ཀྱི་ཉིན་རེའི་མཐོང་ཐོས་མྱོང་གསུམ་ལས་བླང་དོར་གྱི་རྣམ་བཞག་བཟང་ཤོས་དག་སྤྱི་ཚོགས་ལ་སྦྱིན་དགོས་པ་དེ་ཡིན། དེ་ལྟར་བྱུང་ཚེ། སྙན་ངག་ནི་ཉིན་ཐོ་ཡིན་ལ། གསར་འགྱུར་ཡང་ཡིན་ནོ།།
སྙན་ངག་ནི་མི་ཡི་བསམ་ཚུལ་ཚིག་གི་གང་ནས་ཕབ་པ་ཞིག་ཡིན་པས་དེ་ལ་སོ་སོའི་བསྒྱུར་རྩལ་མཚོན་ཐབས་ཚིག་སྲ་འཇམ་གང་འདྲ་ཡོད་ཆོག་སྙམ།
དངོས་གནས་སྙན་ངག་ལ་དེ་འདྲའི་འདུ་ཤེས་ཤིག་འཛིན་རྒྱུ་གལ་ཆེན་རེད། དེ་མིན་དེང་སང་རང་མོས་སྙན་ངག་ཟེར་ནས་ཚིག་མཁྲེགས་པོ་དང་ཐ་སྙད་རྫིག་པོ། བརྡ་རྙིང་རྐྱང་རྐྱང་བེད་སྤྱད་དེ་འབྲི་བ་ལས་་བརྗོད་བྱ་དང་བརྡ་སྤྲོད་གཞུང་ལུགས་ལ་བསམ་བློ་མི་མཁན་ཇེ་མང་རེད། རང་མོས་ལེགས་པོ་འབྲི་མཁན་ཡང་སྐྱོན་དེ་འདྲ་ཞིག་སྤྱི་ཚོགས་སུ་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་འགྲོ་གི་འདུག་ན་གཟབ་པར་མཛོད།
བོད་འདིས་རང་གི་ཡི་གེ་མི་ཤེས་པའི་རྒྱུ་མཚན་ནི་བོད་ཀྱི་སྐད་ཡིག་འདི་ལ་དགའ་ནིའི་རྩོམ་པ་བོ་མེད་པ་དང་།
རང་གི་ཕ་སྐད་དང་མི་མཐུན་པར་འབྲི་བའི་ལས་ཉེ་ཚབ་ཆེན་དེ་རེད།
ང་ཚོ་ཚད་དམའ་ས་ནས་རྗེས་ལུས་ཡིན་པ་དང་མཐོ་ས་ནས་གཞན་དང་འགྲོག་ནས་ཕྱིན་ཆགས།
ཆོལ་ཁ་གསུམ་པོས་སོ་སོའི་ཕ་སྐད་ཀྱི་ལམ་ནས་རྩོམ་འབྲི་གང་མང་བྱས་ན་ང་ཚོས་སྦྱང་ལས་ཐུབ།
ཉིན་ཞིག་ང་ཚོ་ལ་ཡང་སྐད་ཡིག་མེད་པར་འདི་ལྟར་ལྷག་དགོས་པའི་དུས་དེ་མེད་པ་ཁོ་ཐག་རེད།
དཔེར་ན
འགྲིག་མ་ཐལ
མ་འགྲིག་ཐལ
འགྲིག་མ་སོང
སྙན་ངག་གིས་མཁས་པ་དག་འགྲན་བསྡུར་བྱེད་པའི་ནུས་པའམ་ཁོར་ཡུག་ཅིག་བྱུང་ཡོད་ན་དེ་ནི་དགའ་འོས་པའི་གྲུབ་འབྲས་ཤིག་རེད་སྙམ། བརྡ་རྙིང་གིས་བྲིས་པའི་རང་མོས་སྙན་ངག་ཅིག་ཡོད་དམ། དེ་ནི་ཉམས་མྱོང་མེད་པའི་སྐད་ཆ་ཞིག་རེད་སྙམ། སྤྱི་ཚོགས་དང་ཁ་བྲལ་བའི་སྙན་ངག་གམ་སྐད་ཆ་ཞིག་ཡོད་དམ། དེ་ནི་སྐད་ཆ་མིན་པའི་སྐད་ཆ་ཞིག་ཡོད་པར་ཁས་ལེན་དགོས་པས། མཚན་གཞི་ནག་ནར་མ་ཞིག་སྟོན་ནུས་སམ། ཧཧཧ མི་འདི་ཚོ་ཁོམ་སོང་ན་རང་ཉིད་མཆུ་སྒྲོས་གང་དུ་གློད་པ་ཤེས་ཀྱི་མི་འདུག