ཀླུ་སྨྱོན།
ལོ་གསར་གྱི་སྔ་ནུབ་ཏུ།
བྱིས་པ་ཚོར་གཉིད་ཀྱི་ཡོང་གི་མེད་ལ།
བྱིས་པ་ཚོས་ཀ་ར་བཟའ་འདོད་ནས་སྲོན་གི་མེད།
ལོ་གསར་གྱི་སྔ་ནུབ་ཏུ།
ལོ་ལོན་ཚོར་གཉིད་ཀྱི་ཡོང་གི་མེད་ལ།
ལོ་ལོན་ཚོས་མི་ཚེ་རྫོགས་སོང་བསམས་ནས་སྲོན་གི་མེད།
ལོ་གསར་གྱི་སྔ་ནུབ་ཏུ།
གསར་བུ་གསར་མོ་ཚོར་གཉིད་ཀྱི་ཡོང་གི་མེད་ལ།
གསར་བུ་གསར་མོ་ཚོས་གཉེན་སྒྲིག་བྱེད་དགོས་བསམས་ནས་སྲོན་གི་མེད།
ལོ་གསར་གྱི་སྔ་ནུབ་ཏུ།
སྙན་ངག་པས་དྲ་ཡོལ་ཕྱེ་བ་ན།
ཕྱི་རོལ་གྱི་གྲང་རླུང་ལྡང་པའི་ཁ་བའི་ཁྲོད་དུ།
ཁེར་རྐྱང་དུ་ལུས་ཤིང་ལོ་འདབ་རྐང་གཅིག་ཀྱང་མེད་པའི་ཤིང་སྡོང་དེའི་ཡལ་གའི་སྟེང་དུ།
བཀྲེས་ལྟོགས་ཀྱིས་གཟིར་པའི་ཁྭ་སྐྱག་འགའ་བབས་ཏེ།
ཡི་མུག་པའི་སྨྲེ་སྔགས་བར་མེད་དུ་འདོན།
ལོ་གསར་གྱི་སྔ་ནུབ་ཏུ།
སྙན་ངག་པའི་སྤྱིལ་བུ་རུ།
ནག་དྲེགས་ཆགས་པའི་མལ་ཆས་རྩབ་ཧྲལ་ཞིག་དང་།
བཀླགས་ནས་ཟུར་བཞི་ཟད་པའི་སྒྲུང་དེབ་མཐུག་པོ་ཞིག་ལས།
ཡིད་ཆགས་སའི་དངོས་པོ་ཅི་ཡང་མེད།
ལོ་གསར་གྱི་སྔ་ནུབ་ཏུ།
སྙན་ངག་པར་སྙིང་གཏམ་གླེང་བར་འགྲོ་སའི་གྲོགས་པོ་གཅིག་ཀྱང་མེད་ལ།
སྐྱིད་སྡུག་བརྗོད་དུ་ཡོང་མཁན་གྱི་གྲོགས་པོ་ཡང་གཅིག་ཀྱང་མེད།
ཐ་ན།
བེད་སྤྱོད་ཆོག་པའི་ཁ་བྱང་བརྟན་པོ་ཞིག་ཀྱང་མེད།
སྙན་ངག་པ་སྒེའུ་ཁུང་གི་འཁྲིས་སུ་ཡུན་རིང་ཞིག་ལ་ལངས་ནས་བསྡད་རྗེས།
ཕྱི་རོལ་གྱི་ཤིང་སྡོང་རྒས་འཁོག་དེའི་འཁྲིས་སུ་སོང་སྟེ།
ཐག་པ་ཕྲ་མོ་ཞིག་ཤིང་སྡོང་དེའི་ཡལ་ག་སྦོམ་པོ་ཞིག་གི་སྟེང་དུ་འཕངས་པ་ན།
བྱ་བྱེའུའི་ཚོགས་ཀྱང་དངངས་སྐྲག་གིས་ཕྱོགས་བཞིར་འཕུར་སོང་།
ལོ་གསར་བའི་སྔ་ནུབ་ཏུ།
སྙན་ངག་པ་གར་སོང་འདྲི་མི་སུ་ཡང་མེད་ལ།
སྙན་ངག་པས་གང་བྱས་གླེང་མཁན་ཡང་སུ་གཅིག་མེད།
སྙན་ངག་པ་གྲགས་མེད་དུ་འཇིག་རྟེན་འདི་ནས་ཡལ་སོང་བས།
སྙན་ངག་པའི་མི་ཚེ་ཡང་འདི་ལྟར་མཇུག་རྫོགས་སོང་།
ཨ་ཨ་། ཨ་
དཀོན་མཆོག་གསུམ་།
སྙན་ངག་པའི་རྩལ་ཟེར་ན་ད་འདི་འདྲ་ཡིན་རྒྱུ་རེད་ལ་། འདྲ་པར་དེ་ལ་ལྟ་བཞིན་། ཐེང་གཅིག་ཐོགས་མེད་དུ་ཀློག་པའི་ལུས་ཐོག་གི་བ་སྤུ་ཚང་མ་ཡང་གཟེངས་སོང་།
དེ་དགོང་གཉིད་ལོགས་བྱེད་ས་རེད་།
ཨ་ལགས་ད་དེ་རིང་ངོ་མ་སྐད་ངན་ཞིག་གོ་རྒྱུ་ལ་ཨ་མདོ་བ་ཁ་ཤས་ཀྱིས་༧གོང་ས་མཆོག་གི་སྐུ་སྲོག་ལ་བརྒོལ་བ་དང་ཁ་ཤས་རང་སྲོག་གཅོད་རྩིས་བྱེད་བཞིན་འདི་རེད།
ཟླ་འདིའི་ཕྱི་ཚེས་༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པ་ཡོལ་ཙམ་གྱི་དུས་སུ་གཞིས་ཆགས་ཀྱི་ཞིང་ཆུ་གསོག་འཇོག་བྱས་པའི་ཆུ་མཛོད་དང་གཞིས་གྲོང་ཁག་ཅིག་ལ་གཟིགས་སྐོར་ཆེད་ཆིབས་བསྒྱུར་གནང་སོང་བ་དང། སྐབས་དེ་དུས་ང་ཨོ་རི་ས་གཞིས་གྲོང་བཞི་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དུ་ཡོད། ཅུང་ཙམ་ནས་༧གོང་ས་མཆོག་ཐད་འཕུར་གནམ་གྲུ་བརྒྱུད་ནས་ཨོ་རི་ས་མངའ་སྡེའི་གྲོང་ཁྱེར་ལྟེ་བ་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་སོང།
ཆིབས་ཞབས་སུ་བཀའ་ཁྲི་དང་སྐུ་སྲུང་ཁག་ཅིག་བཅས་ཞབས་འབྲངས་པ་ལྔ་དྲུག་ཅིག་འདུག ཆིབས་བསྒྱུར་གྲུབ་པའི་རྗེས་སུ་དགོན་པའི་མདུན་ཐང་གི་ཇ་ཁང་ཞིག་ཏུ་ཕྲན་དང་ལྡི་ལི་རུ་གནས་བཞུགས་སྨན་པ་ཉི་མ་ཚེ་རིང་དང། ཨ་རིར་གནས་བཞུགས་མཁས་དབང་བློ་བཟང་སེང་གེ་བཅས་ཀྱིས་ཇ་འཐུང་ནས་སྡོད་པའི་སྐབས་ཕོ་སར་ཞིག་ཡོང་ནས། ༧གོང་ས་མཆོག་གཞིས་གྲོང་དུ་ཆུ་མཛོད་སོགས་ལ་གཟིགས་སྐོར་དུ་ཕེབས་ཆེད་གཞིས་གྲོང་དང་པོའི་ནང་ཡོད་པའི་མགྲོན་ཁང་གི་སྒོ་རུ་ཆིབས་བསྒྱུར་གནང་བཞིན་པའི་སྐབས།གློ་བུར་དུ་ཕོ་སར་ཞིག་ཆིབས་གྲུའི་ཐོག་ཏུ་མཆོངས་འདུག་པ་དང། ཉེན་རྟོག་པས་འཇུ་ཟུང་བྱས་འདུག མི་དེ་ཨོ་རི་ས་གཞིས་ཆགས་ཀྱི་མི་མ་ཡིན་པར་ཕྱོགས་གཞན་དག་ནས་ཡོང་བའི་མི་ཞིག་རེད་འདུག དེ་ནས་༧གོང་ས་མཆོག་གིས་གཟིགས་སྐོར་གནང་མཚམས་བཞག་ནས་གནམ་གྲུ་བརྒྱུད་ནས་ཆིབས་བསྒྱུར་གནང་སོང་ཞེས། བརྗོད་སོང། གནས་ཚུལ་དེ་མི་མང་ཚང་མའི་ཁ་རུ་གོ་རྒྱུ་འདུག་ཀྱང་། མི་དེ་སུ་ཡིན་པ་དང། གང་ནས་ཡོང་བ། ག་རེ་བྱེད་མཁན་ཡིན་མིན་སོགས་ཐག་བཅད་ནས་ཤོད་རྒྱུ་ཡོད་མཁན་སུ་གཅིག་མི་འདུག
དེ་ནས་ང་གཞིས་གྲོང་ལྔ་པ་རུ་སོང་བ་དང། དེ་རུ་ངོ་ཤེས་པ་མི་ཚང་ཞིག་གི་ནང་དུ་སླེབས་པའི་སྐབས་ནང་དེའི་པ་ལགས་ཀྱིས་མི་དེ་ཉེན་རྟོག་པས་རླངས་འཁོར་ནང་བཞག་འདུག་པ་ངས་མཐོང་སོང། གཞིས་ཆགས་འདིའི་མི་རེད་མི་འདུག ཕོ་སར་ཁ་ཤས་ཀྱིས་ཁོ་ལ་ཁུ་ཚུར་གཞུས་པ་དང། བུད་མེད་མང་པོ་ཞིག་གིས་མཆིལ་མ་འདེབས་པ་དང། ཐུ་ལུད་རྒྱག་པ། ཁ་རྡུང་གཏོང་བ་སོགས་བྱས་སོང། ཕོ་སར་དེས་སྟོད་གོས་དམར་ཧྲེང་དུ་ཕུད་ནས་ཕྲེང་བ་ཆེན་པོ་ཞིག་སྐེ་ལ་གོན་འདུག་པ་དང་། གདོང་ཡོངས་ལ་མཆིལ་མ་དང་ཁ་ལུད་ཀྱིས་ཁེངས་འདུག མི་དེ་གཞིས་ཆགས་འདི་ནས་མ་རེད། ཚང་མས་དྷ་རམ་ས་ལ་ནས་ཡོང་བ་དང། གསར་འབྱོར་ཞིག་རེད་འདུག་ཅེས་བརྗོད་ཀྱི་འདུག་ཟེར།
དེ་ནས་གཞིས་གྲོང་དེའི་མི་ཚང་གཞན་ཞིག་ཏུ་སོང་བའི་ཚེ་མི་དེ། ཉི་མ་ཁ་ཤས་ཀྱི་སྔོན་ནས་གཞིས་ཆགས་དེར་སླེབས་འདུག་པ་དང། གསུང་ཆོས་ཞུ་བར་ཡང་བཅར་འདུག ཁ་སང་མི་གཅིག་ལ་ཨ་སྒོར་༢༠༠ ཁུར་ནས་འདི་ཧིན་སྒོར་ལ་བརྗེ་རོགས། ཨ་སྒོར་རེ་ལ་ཧིན་སྒོར་ག་ཚོད་སྤྲད་ཁྱེད་རང་གིས་ཤེས་ཞེས་བརྗོད་སོང། གང་ལྟར་ཁོ་ལ་ལས་ཀ་ཞིག་ཡོད་ཐག་ཆོད་རེད་འདུག་ཅེས་ཟེར།
ཕྱི་ཚེས་༡༣ གྱི་དགོང་མོ་ང་མི་ཚང་དེ་རུ་བསྡད་པ་དང་། ཞོགས་པ་སླར་ཡང་རི་དགོན་དུ་འབྱོར་བའི་སྐབས་མི་དེ་ཐོག་མ་འཇུ་བའི་སྐབས་དབྱིན་སྐད་ཁོ་ན་ལས་རྒྱག་གི་མི་འདུག ཁོས་བཤད་ན་ང་ལ་ཧུའུ་ཅིན་ཐའོ་ཡི་ལས་ཀ་ཡོད། ང་ཁོའི་མི་ཡིན་ཞེས་བརྗོད་སོང་ཟེར། གང་ལྟར་ཨོ་རི་ས་གཞིས་ཆགས་ཀྱི་མི་མང་པོ་ལ་དེའི་སྐོར་དྲིས་ཀྱང་ཁ་གསལ་པོ་ཞིག་ཤོད་ཀྱི་མི་འདུག
གད་མོ་ཤོར་དགོས་པ་ཞིག་ལ་ས་གནས་བུད་མེད་ཚོགས་པས་གཞིས་ཆགས་དེ་རུ་ལོ་ཤས་སྔོན་དམག་པར་ཡོང་བ་ཞིག་ཡོད་པ་དེ་ཡིན་ཤག་བྱས་ནས་ཁོང་ལ་ཉེས་རྡུང་བཏང་སོང་ཟེར། གང་ལྟར་གཏམ་མི་ཁ་བརྒྱུད་ན་ཇེ་ཆེ་དང། ཟས་མི་ལག་བརྒྱུད་ན་ཇེ་ཆུང་ཟེར་བའི་དཔེ་བཞིན་སྐད་ཆ་འདྲ་མིན་མང་པོ་ཞིག་ཆགས་འདུག ངས་ཞིབ་ཕྲ་ཞིག་རྩད་གཅོད་བྱེད་བསམ་ཡང་། ༧གོང་ས་མཆོག་བྷོམ་བྷ་ནི་ཤི་ཝར་དུ་ཆིབས་བསྒྱུར་གནང་ཟིན་པས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དེར་ཕེབས་ཚར་འདུག གཞན་རྣམས་ཀྱིས་གོང་དུ་བརྗོད་པ་བཞིན། གནས་ཚུལ་ཁ་གསལ་ཤོད་རྒྱུ་ཡོད་མཁན་སུ་གཅིག་མི་འདུག རྗེས་སུ་ཞིབ་ཕྲ་ཤེས་སོང་ན་དྲ་གྲོགས་རྣམས་ལ་གཟིགས་འབུལ་ཞུ་རྒྱུ་ཡིན། ཁ་སང་དུས་ཐོག་འབྲི་བསམ་ཡང་། གཞིས་ཆགས་དེར་དྲ་རྒྱའི་བརྒྱུད་ལམ་དཀོན་པས་གཏོང་ཐུབ་མ་སོང། དེ་རིང་བྷོམ་བྷ་ནི་ཤི་ཝར་དུ་འབྱོར་བའི་རྗེས་མེ་འཁོར་འབབ་ཚིགས་སུ་བྲིས་པ་ཡིན། གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༡༤ ཉིན།
བདག་གཞན་འདྲ་མཉམ།
2010.01.14 22:45:12
ངས་ད་ལྟ་བོད་གཞུང་གི་འབྲེལ་ཡོད་ཅིག་ལ་ཁ་པར་བརྒྱུད་ནས་འདྲི་རྩད་བྱས་པའི་སྐབས། མི་དེ་དྷ་རམ་ས་ལར་སྡོད་མཁན་གྱི་ཨ་མདོ་བ་ཞིག་རེད། ཁོང་སེམས་ཁམས་བདེ་པོ་མེད་མཁན་ཞིག་ཡིན་པ་ལས་དམིགས་བསལ་གྱི་གནས་ཚུལ་གང་ཡང་རེད་མི་འདུག་ཅེས་འགྲེལ་བརྗོད་གནང་སོང།
ཨ་ཙི། མིའུ་ཕྲུག ཁྱོད་གསེར་རྟ་ཚུལ་ཁྲིམས་ཡིན་ནམ། ད་ཡིན་ན་ཤེས་སོང་།
ཨ་ལེ། མིའུ་ཕྲུག་ཟེར་བ་དེ་སྐུ་ངོ་གསེར་རྟ་ཚུལ་ཁྲིམས་ཡིན་པ་ད་ལྟ་མ་གཏོགས་ཤེས་མ་སོང་། ད་ཡིན་ན་ངོ་མ་ཤེས་སོང་ཡ།
ཨ་ཁ།
ཨ་ཙི་ཨ་ཙི་དཀོན་མཆོག་མཁྱེན།
འདི་འདྲའི་ཡིད་སྐྱོ་བའི་གནས་ཚུལ་རེ་གོ་དུས་སེམས་ཀྱི་གཏིང་ནས་ངུ་རྒྱུ་ཡོང་གི་ངོ་མ་ངུ་རྒྱུ་ཡོང་གི།
གོང་ས་མཆོག་གི་སྐུ་ཚེར་བར་ཆད་མི་འབྱུང་བའི་སྨོན་ལམ་སྙིང་ཐག་པ་ནས་འདེབས་རྒྱུ་ལས། གཞན་མི་ཆུང་ཁོ་བོར་ཐབས་ཤེས་ཅིག་ར་མེད་ཀི ད་ཆི་ཟིག་ཡེད་དཀོན་མཆོག་མཁྱེན།
ཀླུ་སྨྱོན་ཟེར་བའི་ཀླུ་དེ་མིང་ཡག་པོ་ཞིག་ཏུ་མི་མཐོང་། ཁྱེད་རང་གིས་རང་སྲོག་མ་བཅད་སྔོན་ཀླུ་སྨྱོན་དེ་གླུ་སྨྱོན་ལ་བཅོ་བ་ཡིན་ན་༎ མི་ཚོས་ཀྱང་ཁྱེད་རང་ཀླུ་ནད་ཐེབས་པའི་སྨྱོན་པ་ཞིག་ཏུ་མི་མཐོང་བར་གླུ་སྨྱོན་དུ་སོང་བ་ཞིག་ཏུ་གོ་རྒྱུ་ཡིན་པས་མ་མཐའ་ཡང་མིང་ངན་མི་འཁོར་བར་ཕན་ན་ཐང་།
གླུ་སྨྱོན་ཟེར་བའི་གསེར་སྲང་སྟོང་རི་བའི་སྙན་ངག་ཚིག་གཉིས་མ་འདི་ཁྱེད་ལ་མཛའ་མི་མཛའ་མི་ཤེས་ཀྱང་ངའི་དྲ་གྲོགས་སུ་སོང་གཤིས་ཁྱེད་ལ་འཆི་ཁའི་རྫོངས་པ་ཡིན།
ད་རུང་འཁྱུག་ཙམ་བཞུགས་ནས་གླུ་སྨྱོན་གྱི་མིང་བྱང་ཐོབ་དཀའ་བ་འདི་མིང་དོན་ཆགས་པ་ཞིག་བྱུང་བ་དང་དེ་ནས་ཕེབས་པ་ཡིན་ནའང་འཁང་ར་མེད།
འ་རོགས་ཀླུ་སྨྱོན་རྐམ་པོ། ད་ལོ་སར་ལ་སླེབས་ལ་ཉེ། འུ་གཉིས་ཀྱིས་ཤོག་བོའུ་རྒྱགས། ཤི་མ་འགྱོ་དྲིན་ཆེན་པོ། ཐར་ཤུལ་དགོན་པ་ནས་རྗེས་མ་ང་ལ་ཁ་མཆུ་རྒྱག་རྒྱུར་ཉེན་ཁ་ཡོད། ཁྱོད་ཤི་རྩིས་ཡོད་པའི་ས་ཆ་དེ་འདྲ་ཞིག་ཏུ་ང་ཁ་སང་རང་འདྲེ་འདུལ་ལ་སོང་བ་ཡིན། ཨ་རི་བ་ཚོས་དེར white face monten ཟེར་གི ཡིན་པ་ནི་ཨོ་ལེན་ཕེ་ཁུ་དགུན་ཁའི་རྩེད་འགྲན་བྱེད་ས་ཅིག་རེད། རི་སྒང་ནས་མར་དར་ཤུད་བྱེད་སྐབས་བརྡབ་སྐྱོན་མི་འབྱུང་བར་ཞབས་བརྟན་གཅིག མགོ་སེར་མ་ཅིག་གིས་དེར་བོད་པའི་ཚོང་ཁང་ཞིག་སྒོ་འབྱེད་བྱེད་ཀྱི་འདུག་པ་དེའི་རྟེན་འབྲེལ་གཉིས། ཡང་མགོ་སེར་ཚང་ཟིག་གི་བུ་ལོ་ན་བཅུ་དྲུག་ཅན་ཞིག་ཡོད་པ་དེའི་ཉལ་ཁང་གི་གློག་གླད་རྒྱབ་ལོག་ན་འདྲེ་འདུག་ཟེར་བ་དེ་འདུལ་རྒྱུ་ཅེས་རེད་འདུག དེ་ཚོ་ཚང་མ་གྲུབ་ཟིན་ནས་ཁ་སང་དགོང་ཟླ་་ནང་དུ་སླེབས་པ་རེད། ད་ཁྱེད་རང་ཤི་རྩིས་མ་བྱེད་དང་རྗེས་མ་དབྱར་ཀ་ངས་ཁྱོད་ག་ཆ་དེར་གདན་འདྲེན་བྱེད་ཀོ ས་ཆ་སྐྱིད་པོ་ཅིག་རེད། ཡང་གྲོང་གསེབ་གྲོང་ནག་ཅིག་ཀྱང་རེད། མེ་འཁོར་ལམ་ཁ་ནས་མི་ཡིས་ལག་པཐག་ཉེ་ན་མཚོ་ཆུང་ཞིག་ཀྱང་འདུག དབྱར་ཀ་གྲུ་གཟིངས་འདྲེན་བསྡུར་བ་དེ་ཚོ་དང་། རྟ་རྒྱགས་འདྲེན་བསྡུར་བ་དེ་ཚོ་ཡོང་གི་རེད་ཟེར།
ཀླུ་སྨྱོན་ས་ཆ་དེར་དྲ་ཐག་འདི་བརྒྱུད་ནས་ལྟོས http://www.whiteface.com/ ཡོང་ན་འདོད་ན་རྗེས་མ་དབྱར་ཀ་ཡིན། རྩེད་མོ་རྩེ་གི་ཡོང་མཁན་གྱི་བུ་མོ་མཛེས་མ་དེ་ཚོ་དཔེ་མང་པོ་ཡོད་པ་རེད། སྔགས་རྒན་ཚོ་ལ་དག་དག་ཡོད་ཀི ས་ཆ་དེ་ནས་བོད་པའི་ཅ་ལག་ལ་གོང་ཆེ་ནོ་བྱ་ཟིག་མ་རེད། ཆ་སྒམ་ཆུང་ཆུང་ལ་ཨ་སྒོར་ ༢༥༠༠༠ རེད་འདུག འོན་ཀྱང་བོད་ནས་ཁྱེར་ཡོང་རྒྱུའུ་མ་རེད། ས་ཆ་དེ་ནས་བཟོ་རྒྱུའུ་རེད། ངས་ཤིང་བཟོ་སྦྱང་གོ་ནོ་འགྲིག་བསྡད་ཡོད་ཁ་ཟིག་རེད། ད་ཁྱོས་ར་ཁ་བརྡ་ནང་དུ་སྟོང་བཤད་རྒྱབ་ནས་མ་སྡོད། ཤོག་ད་ངེད་གཉིས་ཀྱིས་ཤིང་ལས་བྱེད་ཡ།
མྱི་རྫོད་ཡ། ཡང་ཁྱོད་ཀྱིས་མྱི་བཟང་པོ་གསེར་རྟ་ཚུལ་ཁྲིམས་དེ་ང་ལྟ་བུའི་མི་ཕྲུག་ཐ་ཤལ་བ་ཞིག་ཏུ་བསྒྱུར་རྒྱུ་ཨེ་ཡིན། ངོ་མ་མྱི་བརྫད་ནི་མྱི་བརྫད་རང་རེད།
གོང་གི་མཆན་འདི་ནི་ངས་བང་ཆེན་དྲ་རྒྱ་ལས་བཤུས་ཡིན་གསེར་རྟ་ཚུལ་ཁྲིམས་ལ་ཉེས་འཛུག་མ་བྱེད་པར་རྒྱུ་མཚན་ཅི་བཤད་རྒྱུ་ཡོད་ན་ང་མིའུ་ཕྲུག་ཐོག་ཏུ་མཆོངས་ཤིག
མྱི་ཕྲུག ངས་ཁྱོད་ཀྱི་མཆན་དེ་མཐོང་བ་དང་ལམ་སེང་བང་ཆེན་ཐོག་ཏུ་གཅིག་བརྒྱུགས་པ་ཡིན། བང་ཆེན་དྲ་རྒྱའི་ནང་དུ་མི་འདུག ད་དུང་ཡང་མི་འདུག ཁྱོས་ལྟོས་དང་། དྲ་རྒྱ་འདི་རེད། ངས་དྲ་ངོས་པར་ཆས་ཀྱི་ནང་ནས་པར་བརྒྱབ་ཚར་ཡོད། ཁྱོད་ད་ལྟོས་དང་། ཨ་ཧ་བོ། ངའི་སེམས་ལ་འཁྱག་ལ་འབྱར་སོང་།
http://www.tibetexpress.net/
ང་གཅིག་པོ་མ་རེད། ང་ཚོས་ཁ་པར་བརྒྱབ་ནས་མི་ཁ་ཤས་ཀྱིས་བལྟས་པ་ཡིན། ཁྱོས་ད་ལྟ་རང་སྟོན་དང་།
ཁྱོས་གང་ནས་བླངས་པ་ཡིན། ཨ་ཧ་བོ་ཡིན་ན། ང་ཚོ་བྱིས་པ་ལོ་གསུམ་པ་ཞིག་རེད་བསམ་པ་ཨེ་ཡིན།
ཁྱོས་གང་ནས་བླངས་པ་ཡིན། ད་ལྟ་རང་དྲ་ཐག་སྟོན་དང་། གནས་བསྒུགས་བསྡད་ཡོད།
ངས་འདི་ནས་པར་གཏོང་སྟངས་མི་ཤེས་པ་མ་གཏོགས་ད་ལྟ་རང་དྲ་ངོས་ཡོངས་རྫོགས་པར་བརྒྱབ་པ་ཁྱོད་ལ་གཏོང་ཆོག ད་ཁྱོད་ལ་བཤད་རྒྱུ་ཇི་ཞིག་ཡོད།
མྱིག་རྫོད་བདེན་པ་རེད། བང་ཆེན་དྲ་རྒྱའི་ཐོག་ཏུ་གོང་གི་རྩོམ་ཡིག་དེ་རྩ་བ་ནས་མི་འདུག མྱིའུ་ཕྲུག་ལགས། ད་ཨ་བརྫད་སྟེང་ལ་ཡང་བརྫད། སྐྱག་པའི་སྟེང་ལ་ཨོང་སྡེབ་མ་བྱས་ན་བཟང་གི་རེད།
མ་མཐའ་ཡང་དང་པོ་བང་ཆེན་ཐོག་ཏུ་བཞག་སྟེ་དེ་ནས་བང་ཆེན་ཐོག་ནས་བླངས་པ་ཡིན་ཞེས་བཤད་ཀྱང་འདྲ་ཆགས་ཤིག་ཡོང་བ་ཡིན་མོད། བང་ཆེན་དྲ་རྒྱའི་ཐོག་ཏུ་ད་དུང་སླེབས་མི་འདུག གཅིག་བྱས་ན་ཆུ་ཚོད་ཁ་ཤས་ཀྱི་རྗེས་ནས་ད་སླེབས་སྲིད་པ་རེད། འོན་ཀྱང་དུས་ཚོད་ཀྱིས་ཧ་གོ་གི་རེད། ད་ཁྱོད་ལ་བཤད་རྒྱུ་ཅི་ཞིག་ཡོད། རྔ་མོང་ཞོན་ནས་ལུག་གི་ཕག་ཏུ་བཞའ་ས་ཨེ་ཡོད། ཨ་ཧ་བོ་ཁྱོད་ཤི་ཤི་ཤི།
ད་བང་ཆེན་དྲ་རྒྱ་ཁ་ཕྱེས་ཕྱེས་ལ་ཡོད། ནམ་ཐོན་བལྟས་བསྡད་ཡོད། བསྒུགས་བསྡད་ཡོད།
ཁོ་རེ་མྱི་བརྫད་གསེར་རྟ་ཚུལ་ཁྲིམས་ཁྱོད་མྱི་རྫོད་འདྲ་བོ་ལ་བརྫུ་རྒྱུ་རེད་མ་གཏོགས་ང་མིའུ་ཕྲུག་ཕག་ཏུ་ཡིབ་མཁན་དེ་འདྲ་ཞིག་མ་རེད། ཁྱོད་རོ་མིག་ཁྲག་གིས་སྒྲིབ་མ་ཚར་ན་བང་ཆེན་གྱི་ཟིན་བྲིས་ནང་ལ་བལྟོས། ཡིད་མ་ཆེས་ན་ངའི་ཁ་པར་ཨང་གྲངས་ཁྱོད་ལ་ཡོད་པ་དེའི་ཐོག་ཏུ་ཁ་པར་བཏང་ཤོག་དང་ངེད་གཉིས་བཤད།
མིའུ་ཕྲུག་ལགས་ཀྱིས་གོང་གི་གནས་ཚུལ་དེ་འགོད་དུས་། བོད་ཀྱི་བང་ཆེན་ནས་བཤུས་བའི་སྐད་ཆ་དེ་གསལ་བོ་བཟོས་མི་འདུག
གནས་ཚུལ་གྱི་ཡོངས་ཁུངས་གསེར་རྟ་ཚུལ་ཁྲིམས་ཡིན་པ་གཅིག་པོ་བྲིས་འདུག གནས་ཚུལ་འདིའི་རིགས་ཡོང་སའི་ཁུངས་གཙང་མ་འགོད་ཐུབ་ན་ཧ་ཅང་ཡག་པོ་འདུག འདི་རེ་བ་ཙམ་ཡིན།
དེ་ནས་དྲ་གྲོགས་ཚོ་མིའི་ཕྲུག་གི་སྒང་ལ་གཅིག་ལས་གཅིག་ངར་བྱེད་ཀྱི་འདུག ངེད་ཀྱང་སོང་ནས་བཙལ་བ་ཡིན། གནས་ཚུལ་སྤེལ་མཁན་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་རེད་འདུག གནས་ཚུལ་ཡང་བང་ཆེན་སྒང་ན་འདུག འདི་ནས་བལྟས།
http://www.tibetexpress.net/blog/viewpost/2616#comment3727
མིའུ་ཕྲུག། རོ་མིག་ཁྲག་གི་བསྒྲིབས་རྒྱུ་ཞིག་ཡོད་ན་ཁྱོད་བསྒྲིབས་པ་ཡིན་ས་རེད། ཁྱོད་ཀྱི་གོང་གི་མཆན་དེ་ཨ་རིའི་ཆུ་ཚོད་ཉི་ཤུ་དང་སྐར་མ་བཅུའི་ཐོག་བཀོད་འདུག བང་ཆེན་གྱི་ཟིན་བྲིས་ནང་དུ་ཡོད་པའི་ཁ་བྱང་དེ་འགོད་དུས་རྒྱ་གར་གྱི་ཆུ་ཚོད་དགུ་དང་སྐྲ་མ་གཉིས་སེ་ཁན་བཅོ་ལྔའི་ཡིན་པ་ཨེ་རིག་གི དེ་གོང་གི་ཨ་རིའི་ཆུ་ཚོད་ཀྱི་རྗེས་ནས་ཡིན་པ་མི་ཤེས་ནི་ཨེ་རེད། རིག་འབྱུང་བས་ཀྱང་འདི་ལ་དཔྱད་པ་ཞིག་ཐོངས། དུས་ཚོད་དང་རྒྱལ་སྤྱིའི་དྲ་རྒྱས་རྫུན་བཤད་ཀྱི་ཨེ་རེད། ད་དུང་ར་མ་འཕྲོད་ན་སྔ་དགོང་ཨ་རིའི་དགོང་མོའི་ཆུ་ཚོད་ཉི་ཤུ་དང་སྐར་མ་བཅུའི་ཐོག་རྒྱ་གར་དུ་ཁ་པར་རྒྱོབ་ལ་ཆུ་ཚོད་ཇི་ཡིན་དྲིས་དང་། ཨ་ཤུ་རྒྱུ་བོ། ཁྱོས་འདི་ལྟར་སེམས་པ་འཁྱག་ལ་འབྱར་དུ་འཇུག་དགོས་དོན་ཇི་ཡིན།
ད་དུང་ཁྱོད་ཀྱིས་་ངེས་དགོས་རྒྱུ་ལ་ཕྱིན་ཆད་ཕྱོགས་ཞེན་གྱི་གདོང་འབག་འཐུག་པོ་དེ་གོན་ནས་མི་གཞན་པ་སྨ་འབེབས་བྱེད་ཆེད་རྒྱུ་མཚན་མེད་པའི་སྐད་ཆ་ཆོལ་མེད་ཤ་སྟག་མ་ཤོད་ཁྱོད་ཀྱི་ཉིན་མ་ཞིག་ལ་ཟམ་གདོང་རིན་པོ་ཆེ་ཡང་མིའུ་ཕྲུག་རེད་ཟེར་རྒྱུ་ཡིན་ནམ།
ཧ་ཧ་ད་ཁྱོད་ལ་དེ་མ་གཏོགས་ལན་མེད།
ནོར་བཅོས།
༡༽ མིའུ་ཕྲུག་གི་མཆན་ཨ་རིའི་ཆུ་ཚོད་༢༠དང་སྐར་མ་༢༢།
༢༽ སང་དགོང་ཨ་རིའི།
མིའུ་ཕྲུག་ལེ་ལེ། ཟམ་གདོང་ཁྱོད་ཡིན་པའི་དཔང་རྟགས་བུད་ན་ཁྱོད་རེད་ལོས་ཟེར། ངས་གོང་དུ་ཆུ་ཚོད་བསྒྲིགས་ནས་ཞིབ་འཇུག་བྱས་པ་ལ་ལན་ཞིག་རྒྱོབ་དང་། དེ་ཁྲིམས་ཐོག་ནས་བདེན་དཔང་ཕེར་བའི་སྐད་ཆ་རེད་ད།
སྐུ་མཁྱེན། ད་ང་ཚོས་རྩོད་རྒྱག་ཡ་མི་འདུག ང་ཚོའི་མཆན་གྱིས་ྐླུ་སྨྱོན་གྱི་སྙན་ངག་ཡག་པོ་དེ་བཙོག་པོ་བཟོ་བཞིན་འདུག
ཟླ་ཚེས་དང་དུས་ཚོད་ཀྱི་སྐད་ཆ་དེ་ལ་རྩོད་དགོས་ཡ་མི་འདུག་བསམ། བང་ཆེན་དུ་གསར་འགྱུར་དེ་འགོད་དུས། ཚེས་༡༤ཉིན་རེད།
ད་ལྟ་འདི་རུ་ཚེས་༡༥རེད། མཚན་གྱི་ཆུ་ཚོད་བཅུ་དང་ཕྱེད་ཀ་རེད། གཟའ་པ་སངས་རེད།
ད་ལྟ་རྒྱ་གར་དུ་ཚེས་༡༦རེད། གཟའ་སྤེན་པའི་ཞོགས་པ་རེད། དེ་ཙམ་བྱོས།
ཆོག་གི མིའུ་ཕྲུག ངས་སང་ཉིན་དགོང་མོའི་ཨ་རིའི་ཆུ་ཚོད་༢༠དང་སྐར་མ་ཉེར་གསུམ་ཏག་ཏག་གི་ཐོག་རྒྱ་གར་དུ་ཁ་པར་གཏོང་ཆོག དེ་ནས་ཆུ་ཚོད་ཅི་ཡིན་ཧ་གོ་གི་རེད། དེ་གཅིག་རེད། ད་དུང་ཁྱོད་ཀྱིས་ལག་ནོར་དེའི་ནང་དུ་བདག་གཞན་འདྲ་མཉམ་ཟེར་བ་ཞིག་ཀྱང་ཡོད་པ་མ་བཅོས་པར་བཞག་ཡོད་པ་དེ་ཅི་རེད། གང་ལྟར་ངས་འདི་གསལ་པོ་བཟོ་གི་ཡིན། ཁྱོད་དངོས་གནས་ཚུལ་ཁྲིམས་མིན་པའི་བདེན་དཔང་ར་འཕྲོད་ན་ཁྱོད་ཀྱིས་ཡོང་ཁུངས་གསལ་བོ་མ་བཟོས་པའི་ཉེས་པ་ངོས་ལེན་བྱེད་དགོས། འདི་ལ་ལྟོས་དང་། ༼གཞིས་ཆགས་དེར་དྲ་རྒྱའི་བརྒྱུད་ལམ་དཀོན་པས་གཏོང་ཐུབ་མ་སོང། དེ་རིང་བྷོམ་བྷ་ནི་ཤི་ཝར་དུ་འབྱོར་བའི་རྗེས་མེ་འཁོར་འབབ་ཚིགས་སུ་བྲིས་པ་ཡིན། གསེར་རྟ་ཚུལ་ཁྲིམས་ཀྱིས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༡༤ ཉིན།
བདག་གཞན་འདྲ་མཉམ།
༢༠༡༠.01.14 22:45:12
ངས་ད་ལྟ་བོད་གཞུང་གི་འབྲེལ་ཡོད་ཅིག་ལ་ཁ་པར་བརྒྱུད་ནས་འདྲི་རྩད་བྱས་པའི་སྐབས། མི་དེ་དྷ་རམ་ས་ལར་སྡོད་མཁན་གྱི་ཨ་མདོ་བ་ཞིག་རེད། ཁོང་སེམས་ཁམས་བདེ་པོ་མེད་མཁན་ཞིག་ཡིན་པ་ལས་དམིགས་བསལ་གྱི་གནས་ཚུལ་གང་ཡང་རེད་མི་འདུག་ཅེས་འགྲེལ་བརྗོད་གནང་སོང།༽
ཨ་རོག་ཁྱོད་གཉིས་ད་བཙོག་རྒྱག་གི་མ་འདུག་ཁ་དྲོ་བཀྲིས།
ཁྱོད་གཉིས་ལ་རྩོད་རྒྱུ་གཞན་རེ་ཡོད་ན་འདིར་ཁུར་མ་ཡོང་རོགས་ཐུགས་རྗེ་གཟིགས།
དེ་ལས་ང་ཚོས་ཨ་ཁུ་ཀླུ་སྨྱོན་ལྟ་བུའི་ཁོག་རྒྱ་ཆེར་བསྐྱེད་ནས་བསམ་ཚུལ་བརྗེད་རས་བྱས་ན་རང་གཞན་གཉིས་ཀར་ཕན་ནི་རེད་ལགས།
ཚང་མས་ཐུགས་དལ་མོ་བྱས་ནས་བགྲོ་གླེང་རེ་གནང་རོགས།
མིའུ་ཕྲུག་དམ་ཉམ།
ཁྱོད་སྐུ་ངོ་གསེར་ཚུལ་རེད་མི་འདུག ངས་ད་ལྟ་རང་རྒྱ་གར་དུ་ཁ་པར་བཏང་བ་ཡིན། དེ་རིང་རྒྱ་གར་གྱི་ཚེས་༡༦དང་གཟའ་སྤེན་པའི་ཞོགས་པ་རེད། ངས་མཆན་འདི་འབྲི་དུས་རྒྱ་གར་གྱི་ཞོགས་པའི་ཆུ་ཚོད་༩པ་ཏག་ཏག་རེད། སྐུ་ངོ་གསེར་ཚུལ་རྡོ་རྗེ་གདན་ལ་འདུག ཁོང་གི་ཟིན་བྲིས་དེ་ཁར་སང་རྒྱ་གར་གྱི་ཚེས་༡༤གཟའ་པ་སངས་ཉིན་དྲ་ཐོག་ཏུ་བཏང་འདུག ཁྱོད་ཀྱིས་དེ་རིང་ཨ་རིའི་ཚེས་༡༥གཟའ་པ་སངས་ཀྱི་དགོང་མོའི་ཆུ་ཚོད་༨དང་སྐར་མ་༢༢ཐོག་བཏང་འདུག ཁྱོད་ཀྱི་རོ་ད་ལྟ་ཀ་ལུ་ཕོ་ནེ་ཡ་ལ་སྒུར་འདུག དེས་ན་ངས་མཆན་འདི་སྐུ་ངོ་གསེར་ཚུལ་དཀར་འདོན་བྱེད་ཆེད་བཏང་བ་ཡིན་ལ། ངས་ཁྱོད་སྐུ་ངོ་གསེར་ཚུལ་ལ་འཁྲུལ་བ་དེར་ཁོང་ལ་སྙིང་ཐག་པ་ནས་བཟོད་གསོལ་ཞུ་བ་ཡིན།
ཁྱོད་སྐུ་ངོ་གསེར་ཚུལ་ལ་འཁྲུལ་ནས་ངའི་སེམས་འཁྱག་ལ་འབྱར་དོན་ནི། ཉེ་སྔོན་ཁྱོད་ཀྱིས་དྲ་ཐོག་ནས་པད་ནོར་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པ། མཁན་པོ་རྣམ་གྲོལ། སྟག་ལུང་རྩེ་སྤྲུལ། འཁྲུལ་ཞིག་རིན་པོ་ཆེ་སོགས་ལ་དམ་ཆོས་དབྱངས་འཛོམས་ཟེར་བའི་མིང་ཞིག་གི་ཐོག་ནས་གཞི་མེད་ཀྱི་སྐྱོན་འཛུགས་གནམ་སར་མི་ཤོངས་པ་བྱས་པ་དང་། དེ་རྗེས་ལས་རྒྱུ་འབྲས་འཁོར་ནས་གདོང་སྤགས་ས་ལ་ལྷུང་བར་མ་ཟད། ཁ་གཏོང་ས་དེ་ཚོའི་ནང་གི་མང་ཆེ་བ་ཞིག་ཁྱོད་ཀྱིས་དབང་ལུང་ཞུ་མྱོང་སའི་བླ་མ་ཡིན་པར་ར་འཕྲོད་པས་ཡིན། གལ་ཏེ་སྐུ་ངོ་གསེར་ཚུལ་ཁྱོད་ཡིན་ན་ང་བློ་ཕམ་ནས་ཤི་ས་རེད། གང་ཡིན་ཟེར་ན་ཁོང་ནི་ཁྱོད་དང་ང་གཉིས་ལྟ་བུ་སྐྱག་པའི་ནང་གི་འབུ་ཞིག་མིན་པར་བོད་མི་མང་སྤྱི་འཐུས་ཤིག་ཡིན་པས་ཡིན། ངས་དམ་ཉམ་ཁྱོད་ངོ་མི་ཤེས་ལ་ཁྱོད་དང་ཐུག་མ་མྱོང་ཡང་། ད་ལྟ་རང་མིང་དང་ཕ་ཡུལ་སྡོད་སོགས་ཁ་པར་བརྒྱུད་ནས་གསལ་བོར་གཙད་ཆོད་སོང་། འོན་ཀྱང་དྲ་ཐོག་ཏུ་མིང་འདོན་པ་ཐ་ཤལ་གྱི་བྱེད་ཐབས་ཡིན་པས་ངས་དྲ་ཐོག་ཏུ་མིང་འདོན་རྒྱུ་མིན། ངས་ཁྱོད་ཤེས་ཡོད་མེད་ཚོད་བལྟ་བྱེད་འདོད་ན་ཁ་བྱང་འདིའི་nyingzod@yahoo.comཐོག་ཏུ་འབྲེལ་བ་བྱོས་ཤིག
གལ་སྲིད་དམ་ཉམ་ཁྱོད་སྐུ་ངོ་གསེར་ཚུལ་ཡིན་ན་ང་བློ་ཕམ་ས་ཨེ་རེད། འོག་གི་ཁྱོད་ཀྱི་ཁ་བརྡའི་ནང་དུ་བཏབས་པའི་མཆན་དེ་ཚོ་ལ་གཅིག་ལྟོས་དང་།
༧༢༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༠ སྐར་མ་ ༣༧
པད་ཤག་མཐོང་ཚེ་པད་ནོར་དགོད་རྒྱུ་མང་།།
སྨན་ཆུང་མཐོང་ཚེ་སྨིན་གླིང་ཁྲི་ལས་གཞེངས།།
བྱ་ལེའི་སྟེང་དུ་བྱ་བྲལ་བྱ་བྱེད་མང་།།
ཚུལ་འདི་དགེ་ལུགས་པ་ཡིས་ཉེས་ལགས་སམ།།
༧༣༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༠ སྐར་མ་ ༤༡
འཁྲུལ་བའི་སྤྲུལ་སྐུ་འཁྲུལ་ཞིག་བླ་མས་བྱས།།
ལྟག་སྒོ་བརྒྱུད་ལ་སྟག་ལུང་རྩེ་སྤྲུལ་མཁས།།
རྡོ་རྗེ་གསང་གནས་བསྣུན་ལ་རྡོ་བྲག་ཟབ།།
འདི་དག་རྣམས་ཀྱང་དགེ་ལུགས་ཡིན་པ་འདྲ།།
༧༤༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༠ སྐར་མ་ ༥༣
ཞེ་འདང་བོ་མོར་ཟབ་པ་ཞེ་ཆེན་པ།།
སྦྱོར་དངོས་རྫོགས་པར་རྒྱོ་བ་རྫོགས་ཆེན་པ
བཀའ་དང་དམ་ཚིག་ཉམས་པ་བཀའ་ཐོག་པ
འདི་དག་རྣམས་ཀྱང་དགེ་ལུགས་ཡིན་པར་ངེས།།
མཆན། ད་ལྟའི་ཞེ་ཆེནརབ་འབྱམས་དང་། རྫོགས་སྤྲུལ། ཀ་ཐོག་ཞིང་སྐྱོང་གསུམ་
༧༥༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༠ སྐར་མ་ ༥༧
དར་ཐང་དར་འདི་དར་སྐུད་ཐང་ཀའི་ཚོང་།།
རྒྱ་རི་རྒྱས་འདི་རྒྱ་དམར་ཚང་གི་དྲིན།།
སྐུ་ཆེན་སྐུབ་ལ་དགྱེས་པ་འདོད་པའི་དབང་།།
གསུམ་པོ་དག་ཀྱང་དགེ་ལུགས་ཡིན་པར་ངེས།།
༧༩༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༡ སྐར་མ་ ༢༥
སྐུ་ངོ་མཛོད་པས་སྨན་ལོག་ཕུལ་ནས་པད་ནོར་དག་པའི་ཞིང་དུ་བསྐྱེལ།།
རྣམ་གྲོལ་མཁན་པོས་འདོད་ལོག་སྤྱད་ནས་ཐེ་ཝན་ལུང་པ་འུར་གྱིས་བཀང་།།
བསོད་རྒྱལ་སྤྲུལ་སྐུས་བཙན་འཛག་བྱས་ནས་ཁྲིམས་ཆད་ལྕི་མོ་རྙ་བར་བབ།།
འདི་དག་རྣམས་ཀྱང་དགེ་ལུགས་ཡིན་ན་ད་བཟོད་སྐུར་འདེབས་ལོས་ཀྱང་བྱེད།།
༨༡༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༡ སྐར་མ་ ༤༠
དམག་འཁྲུག་བྱེད་ལ་བཀའ་བརྒྱུད་རང་དབང་ཐོབ།།
ལམ་ལོག་བསྟན་ལ་ལམ་འབྲས་ས་སྐྱའི་ལུགས།།
ཆོས་མིན་ལས་ལ་གོམས་པ་རྙིང་རུལ་བསྟན།།
ཡང་དག་དགེ་ལུགས་བསྟན་ལ་འགྲན་དུ་ཅི།།
༨༩༽ དམ་ཆོས་དབྱངས་འཛོམས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༣ གི་ཆུ་ཚོད་ ༡ སྐར་མ་ ༥༨
གཅིག་ཀུན་གྲོལ་གཅིག་ཆོག་རྒྱལ་པོ་ཞེས།།
རང་གིས་སེམས་ངོར་རྣམ་རྟོག་བཀག་ཙམ་ནས།།
སོར་བྱང་སྔགས་ཀྱི་སྡོམ་པ་མི་དགོས་པའི།།
བསྟན་པ་དཀྲུགས་འདི་བཀའ་བརྒྱུད་ཧ་ཤང་ལུགས།།
༡༤༥༽ མིའུ་ཕྲུག་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༤ གི་ཆུ་ཚོད་ ༢༠ སྐར་མ་ ༢༣
སྐད་ཆ་བདེན་པ་བཤད་ན་དམ་ཆོས་དབྱངས་འཛོམས་ཟེར་བ་དེ་ཉིད་ང་ཡིན། ང་ཆོས་བརྒྱུད་དགེ་ལུགས་པ་མ་ཡིན་པ་ནི་ཚང་མས་ཧ་གོ་རེད། ཡིན་ཡང་ཚུལ་མཐར་དང་གངས་གཡག་ཟེར་བ་སོགས་ཀྱིས་དགེ་ལུགས་པ་ལ་དོན་མེད་བསྐུར་འདེབས་བྱེད་པ་འདིར་རྔ་ལ་དཔག་པའི་འཆམ་འགྲོས་ཤིག་བྱས་པ་ཡིན། དཔེར་ན་ངས་གོང་དུ་ཞུ་ཡུལ་གྱི་བླ་མ་ཕལ་ཆེ་བ་ང་རང་ཉིད་ཀྱི་དབང་ལུང་མན་ངག་ཞུ་ཡུལ་གྱི་བླ་མ་ཤ་སྟག་ཡིན།
མིའུ་ཕྲུག་ངས་ཁྱོད་ཀྱིས་རྙིང་མ་བཀའ་བརྒྱུད་སོགས་ལ་ཁ་བཏང་བར་ཧངས་སངས་ཀྱི་མེད་ལ། བླ་མ་འགའ་ཞིག་ལ་ཁ་བཏང་བར་ཡང་དེ་བས་ཧངས་སངས་ཀྱི་མེད། ང་ཧངས་སངས་ནས་ཁྱོད་དམ་ཉམ་ལ་བརྩི་དོན་ཁྱོད་ཀྱིས་ཁ་གཏོང་ས་དེ་ཚོ་ཁྱོད་རང་གིས་ཆོས་ཞུ་མྱོང་སའི་བླ་མ་རྣམས་ཡིན་པས་ཡིན།
ཕ་རི་སྒང་ནས་ཕོ་རོག་ལྡིང་གི།
ཚུ་རི་སྒང་ནས་གླ་བ་ལྡིང་གི།
ཡ་ཆུང་ནང་ནས་སྙིང་ཆུང་ལྡིང་གི།
ཇ་སྐོ་ནང་ནས་རྡོ་ལི་ལྡིང་གི།
སྙ་མའི་ནང་ནས་འབུ་ལི་ལྡིང་གི།
ཁ་བརྡ་ནང་ནས་ཁེ་བ་ལྡིང་གི།
བར་མ་བར་ནས་མདོ་མེད་ལྡིང་གི།
ལོ་སར་སླེབས་སྐབས་བྱི་ལི་ལྡིང་གི།
མིའུ་ཕྲུག་གི་མཆན་རྩོམ་འདི་དག་སྙན་པོ་ཞི་དྲག་འདུག མྱི་བརྫད་མ་དགའ་ཡང་སྡུག་གྱོང་གྱིས་ཁྱོད་ཉིད་འདོད་པ་གང་ཡོད་གནང་རོགས་གཞན་ཁྱོད་ཀྱིས་གངས་གཡག་དང་ཚུལ་མཐར་སོགས་ཀྱིས་མིང་ཐོག་ནས་བྲིས་པའི་མཆན་བུ་དག་ངས་འདིར་འགོད་འདོད་མེད། ང་ཚོ་གཉིས་སྒེར་གྱིས་ཐོག་འབྲེལ་བར་བྱེད་ཆོག ངའི་གློག་འཕྲིན་དྲ་ལམ་dyz531@gmail.comརེད། ཁྱོད་ལ་ཤོད་མི་ཚར་བའི་སྡུག་བསྔལ་བགྲང་རྒྱུ་ཡོད་ཚེ་ད་ཡིན་ད་
སྤུན་ཟླ་ཚོ། ཆིབས་འཁོར་སྟེང་ལ་མཆོང་བའི་གནས་ཚུལ་འདི་ཐོག་མ་བསྒྲགས་མཁན་དེ་ནི་གསེར་རྟ་ཚུལ་ཁྲིམས་ཁོང་གི་ཟིན་བྲིས་ནང་དུ་རེད། དེ་ཡིན་དུས། དེ་ཉིད་ཁོ་རང་གི་ཟིན་བྲིས་ནང་དུ་ཁ་གསལ་བོ་ཞིག་གཏན་ནས་བཟོས་མི་འདུག འོན་ཀྱང་། མིའི་ཕྲུག་ནས་རྒྱ་གར་དུ་ཁ་པར་བརྒྱབ་དེ་དེ་རུ་བོད་གཞུང་གི་མི་སྣ་གང་རུང་ནས་དེ་ནི་ཨ་མདོའི་ཕོ་གསར་སེམས་ཁམས་མི་འདང་བ་ཞིག་རེད་ཟེར་ནས་གསུངས་འདུག་པ་དེ་བདེན་པ་ཡིན་ན། ཕོ་གསར་དེ་ཡི་སེམས་ཁམས་མི་བདེ་བའི་སྐོར་དང་ཁོ་རང་གིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་སོགས་བཀོད་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་མི་མང་བོ་ཞིག་གི་སེམས་ཁོང་དུ་ཆུ་འཁྱག་བལྡུག་ངེས་ཡིན། ལྷག་པར་བོད་ནང་གི་བོད་མི་དག་གིས་གོ་ན་སེམས་རྩ་གཅོད་ངེས་ཡིན། ངས་ཀྱང་གནས་ཚུལ་འདི་རིག་མ་ཐག་དུས་བབ་རྩོམ་སྒྲིག་པ་ལགས་ལ་བཀའ་འདྲི་ཞིག་བྱས་ཀྱང་ལན་གང་ཡང་འབྱོར་མ་སོང་། དེ་ནི་ཡ་མཚན་རེད།
མི་ནག་ཚང་ལུང་རིགས་རྒྱལ།
༢༠༡༠/༠༡/༡༦ ཉིན་འདོན་སྤེལ་བྱས། བོད་ཤ་ཁྲག་རུས་གསུམ་ལགས། ང་ཚོས་འདྲི་བརྩད་བྱས་པར། ༧གོང་ས་མཆོག་གི་ཆིབས་འཁོར་གྱི་སྟེང་ལ་མཆོང་མཁན་དེ་མདོ་སྨད་ཀྱི་ཕོ་གསར་ཞིག་རེད། ཕོ་གསར་དེ་ཀླད་པ་ཐང་པོ་མེད་མཁན་ཞིག་རེད། ཉེན་རྟོག་པས་ཀྱང་བདག་པོ་མ་བརྒྱབས་པར། ད་ལྟ་ཨོ་རི་ས་གཞིས་མགོ་དང་ས་གནས་བུད་མེད་ཚོགས་པ་སོགས་ཀྱིས་སྨན་ཁང་ཞིག་གི་ནང་དུ་བསྐྱལ་ཡོད་འདུག
མིའི་སེམས་ཁམས་ལ་དཀའ་ངལ་བྱུང་སྟབས་འདི་འདྲ་ཆགས་ཚར་འདུག སྙིང་རྗེ་དགོས་པ་ཞིག་རེད་མ་གཏོགས། གསར་འགྱུར་གྱི་ནང་འབྲི་དགོས་པའི་དོན་དག་ཚབས་ཆེན་དེ་འདྲ་མ་རེད།
དུས་བབ་རྩོམ་སྒྲིག་པ་མཆོག་ནས་ད་ལྟ་འདིའི་སྔོན་དུ་ང་རང་ལ་ལན་གནང་བ་ནི་འདི་ལྟར་རེད་འདུག་ལགས། སྤུན་ཟླ་དག་གིས་གཟིགས་རོགས་ཞུ།
ཁྱེད་མཁྱེན། ཁྱེད་བདེན། ཁྱོད་དྲགས།
ང་ཡང་ཆུང་དུས་དེ་ནུབ་གཉིད་ཀྱང་ཁུག་བགྱི་མེད། །
རེ་རྔམ་ཆེན་པོའི་མིག་གཉིས་ཕྱེ་ནས་སྡོད་བགྱིད་ཡོད།
རེད་ཡ་དུས་བབ་ཚང་འདིའི་ཐད་གཉིད་ཁུག་རྒྱུ་ལས་ཐབས་ཤེས་གང་ཡང་མེད་ངེས་རེད། གསར་འགྱུར་དང་ཟིན་མཆན་ཇི་སྙེད་ཕྱོགས་ཞེན་གྱིས་གཞན་དབང་དུ་གྱུར་ཟིན་པ་འདི་ངོ་མ་ཡིད་རེད་སྐྱོ། བོད་མི་ཞིག་༧གོང་ས་མཆོག་གི་ཐོག་ཏུ་མཆོངས་བ་འདི་ལོ་རྒྱུས་ནང་ཐེང་དང་པོ་ཆགས་ཡོད་པ་མ་ཟད་དེ་ཡང་རང་དབང་ལུང་པ་ནས་རེད། ང་ཕོད་ལྟ་བུའི་བཙན་དབང་དུ་ཡོད་པའི་མི་སྣ་དག་ལ་མ་འགྱོན་པའི་ལོ་རྒྱུས་སྒྲོག་པ་ལ་དུས་བབ་ཚང་དང་ཟིན་མཆན་པ་དག་གཅིག་ལས་གཅིག་ཁ་བདེ་བ་ཤ་སྟག་རེད། དེ་རིང་ཁོ་ཚོ་ཚད་མེད་པའི་སྙིང་རྗེ་ཞིག་སྐྱེས་ནས་༧གོང་ས་མཆོག་གིས་སྐུ་ཕྱྭ་ཡང་བཏང་སྙོམས་ཚད་མེད་ནང་དུ་སྦུད་རྒྱག་བཏང་བཞིན་དེ་དག་ཅུང་ཟད་གླེང་མཁན་ལ་ཡང་ཕན་ཚུན་དཀྲུག་པའི་ནག་ཉེས་ཤིག་ཡོད་སྐད།
བདེན་མིན་མི་ཤེས་ཀྱང་སྨྱོན་པ་ཡིན་ཡང་ཧ་ལས་རྒྱུ་མེད་པ་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་དངོས་སུ་བརྒོལ་མཁན་ཞིག་ཡིན་ས་རིམ་པ་དགུ་ཡིས་འོག་ཏུ་སྦས་དགོས་ངེས་རེད།
ཀླུ་སྨྱོན་ཀླུ་སྨྱོན་འབོད་པས་ཀླུ་སྨྱོན་སྨྱོ།།
སྨྱོ་གླུ་བྱ་ཟིན་ཉ་ཟིན་བགོད་རེ་འཆོར།།
སྙན་ངག་སྙན་ངག་ཀློང་དུ་འདྲེས་གྱུར་ན།།
འཆི་རྒྱུ་ལྟ་ཅི་ཐམས་ཅད་བདེ་སྣང་ཡིན།།
སྙན་ངག་མ་ཞིག་ནས