མྱི་ལྟིག
___རྩེད་མཚར་དུ་འཛིན་གྲོགས་དགེ་བསྐོས་ཟུར་པ་ཞིག་ལ།
ཨ་ཁུ་ཉིད་ནི་ང་དང་མི་འདྲ་སྒང་ནས་དགེ་བསྐོས་བྱས་མྱོང་རེད།།
ཨ་ཕོ་ང་ནི་ཅི་ཡང་མིན་པས་ཁྱེད་ལ་འགྲན་ཡ་ག་ནས་འོང་།།
ཧ་ཅང་རྒྱུས་མངའ་ང་ལ་མེད་ཀྱང་ཁྱོད་ཀྱི་འཛིན་གྲོགས་ཚེ་རིང་གིས།།
ཧ་ལམ་ཁྱོད་སྒྲུང་ཡོངས་སུ་རྫོགས་པ་མ་ལུས་ང་ལ་བཤད་སོང་ངོ་།།
ས་སྐྱོང་ཞིག་གིས་ཚུགས་ཀ་བཟུང་སྟེ་དལ་གྱིས་མདུན་དུ་འགྱིང་ས་མེད།།
ཤ་གཟན་ཞིག་གིས་བཟོ་ལྟ་ཅན་པོ་ཁ་པར་ནང་དུ་འཛུལ་འདོད་དམ།།
ལ་ལུང་རི་ཆུ་འཕྲད་ཀྱིས་གཅོད་དུས་སེམས་པའི་དཀྱིལ་གྱི་དམ་བཅའ་དེ།།
ར་སྐོར་འདི་རུ་སྐད་འཕྲིན་ནང་དུ་ཀུ་རེའི་ལྷན་དུ་རྫོགས་འཇུག་གམ།
ཡ་མཚན་ལོས་སྐྱེས་མཐའ་འཁོབ་མི་ཡིས་ཁྱོད་ཀྱི་ཆུང་མ་དེ་རེད་ཟེར།།
འ་ཆད་འུ་ཐུག་གང་ལ་ལྷུང་རུང་ངས་ཀྱང་སློབ་གྲོགས་ཁ་ངོ་ཡིས།།
ཟ་འཐུང་ལ་སོགས་བཀོད་སྒྲིག་ཆོག་པས་དལ་གྱིས་གོམ་ཁ་སྒར་ལ་སྤོས།།
*ཞ་ཞི་བཞིན་དུ་གཡེང་སྟེ་མ་འདུག་ང་ཚོའི་གྲལ་ནས་ཕེབས་པར་མཛོད།།
ཝ་ཡི་སྤྱོད་པ་ལུས་སུ་འགོས་དུས་དགོན་པར་ཞུགས་ཀྱང་དོན་ཡོད་མིན།།
ཛ་དྲག་ཡིན་མིན་གནད་དོན་མིན་ཡང་ཁྱོད་ཀྱིས་འཁོར་བ་འཁྱོག་མི་སྲིད།
ཚ་བོ་ཚ་མོར་འཇོན་ཐང་ཡོད་རུང་ཁྱོད་ཀྱིས་བསྐྲུན་པ་མ་ཡིན་ཏེ།།
ཙ་གི་ཙིག་གེ་མི་སྐྱོན་ལབ་སྟེ་སྣ་དབུགས་ཤེད་ཀྱིས་མ་གཏོང་རོགས།།
མ་ཡུམ་ཆ་བོར་སྙན་ཚིག་བྲིས་ཀྱང་ཁྱོད་ནི་སུས་ཀྱང་མི་འདེམ་པས།།
བ་མ་ཐབ་ཆས་གཅིག་ཀྱང་མེད་པའི་དགེ་སློང་ཁྱེད་ནི་ཁྱད་མཚར་ལ།།
ཕ་ཡུལ་ཕྱོགས་སུ་ཚིགས་བཅད་གཅིག་གིས་ཁྱོད་ཀྱི་མཚན་སྙན་འབར་བ་རེད།།
པ་སངས་ལྟ་བུའི་ཡ་མེད་དེའང་ཁོ་ཚོས་ཁྱོད་ལ་ལྷན་པ་རེད།།
ན་མཉམ་ཡིན་མིན་རྩོད་པ་མི་བྱེད་ཁྱོད་ཀྱི་སྐྲ་ལོས་བསྟན་འདུག་ག།
ད་དུང་ཁྱོད་ཀྱིས་བཙུན་གྱིས་གཅུར་ན་ངས་ཀྱང་བཟོད་སྒོམ་མི་བྱ་སྟེ།།
ཐ་མག་འཐེན་རོགས་དག་ཀྱང་བོས་ཏེ་ཁྱོད་རང*མོག་མོག་བཟོ་དགོས་སམ།།
ཏ་ཀུ་བཟུང་བར་དུས་ཚོད་མི་རིང་ཁྱོད་ཀྱིས་རང་ཚོད་ཟིན་ན་བཟང་།།
ཉ་མོ་ལྟ་བུའི་རྐྱལ་རྩལ་ཡོད་པ་ངས་ཀྱང་ཁས་བླངས་ཡོད་ནའང་།།
ཇ་ཁང་སོགས་སུ་ལབ་གླེང་ཁྲོད་ནས་ཁྱོད་ཀྱང་ང་བཞིན་གཅིག་ཡིན་པས།།
ཆ་ལུགས་མི་གཅིག་ཡ་མཚན་ཟོལ་གྱིས་ཁ་པར་རྣ་ལ་མ་སྦྱར་རོགས།།
ཅ་ལག་དག་ལ་བཟང་ངན་ཙམ་ལས་ཁྱོད་ཀྱི་དེ་འདྲ་ཀུན་ལ་ཡོད།།
ང་ནི་ཁྱོད་ལ་གཤིབ་འདྲིས་མང་ཞིང་ཁྱོད་ནི་ང་ལ་འགྲོགས་ཡུན་རིང་།།
ག་ས་གང་དུ་མཉམ་དུ་མིན་རུང་ལོ་ངོ་གསུམ་ཙམ་མཉམ་དུ་རེད།།
ཁ་དང་ཁོག་པའི་བར་ཐག་དག་ཀྱང་རང་རང་སེམས་ན་གསལ་བོ་ཡིན།།
ཀ་པེད་དབྱིབས་ཀྱི་ཨ་ཁུ་ཁྱོད་ནི་ང་ཡི་རྩེད་རོགས་ཆུང་ཆུང་ཡིན།།
ཨི་ཁུང་རིག་ན་འདྲོག་པར་དགའ་བ་བླ་རྒན་ཁྱོད་ཀྱི་ནད་རྟགས་རེད།།
ཨུ་ཚུགས་བྱས་ཏེ་ཉལ་ལ་དགའ་བ་གསར་བུ་ང་ཡི་ན་ཚ་རེད།།
ཨེ་འདང་མི་འདང་སེམས་ཁྲལ་མེད་པ་འུ་གཉིས་ཕྱོགས་ཙམ་འདྲ་བ་རེད།།
ཨོ་ལོ་ང་ཡིས་བཤད་པ་དག་ལས་ཟུར་ཁ་ཅན་ལ་དགོངས་གསོལ་མཛོད།།
༢༠༡༣ ༣ ༡༩དགུང་མོའི་རང་སྦྱོང་སྐབས་སུ་དཔེ་ཀློག་ལ་མགོ་ན་ཞོར་དུས་ཚོད་ལ་ཕུད་རྒྱག་བྱས་པའོ།
* བྱིས་པ་ཆུང་ཆུང་ལ་ཟེར།
* སྐེ་རགས་བཅིངས་ཡོད་པའི་ཤམ་ཐབས་ཀྱི་འདབས་ཡར་བཀྱག་སྟེ་ཁོག་སྟོང་ནང་དུ་བཅུག་ནས་མདུད་པ་རྒྱག་པར་གོ
རོལ་མྱོང་བྱས་ཡིན། སྙན་བྱུང
ཨ་ཁུ་ཉིད་ནི་ང་དང་མི་འདྲ་སྒང་ནས་དགེ་བསྐོས་བྱས་མྱོང་རེད།།???
ཡ་མཚན་ལོས་སྐྱེས་མཐའ་འཁོབ་མི་ཡིས་ཁྱོད་ཀྱི་ཆུང་མ་དེ་རེད་ཟེར།།????
ཐ་མག་འཐེན་རོགས་དག་ཀྱང་བོས་ཏེ་ཁྱོད་རང*མོག་མོག་བཟོ་དགོས་སམ།།???
ཨི་ཁུང་རིག་ན་འདྲོག་པར་དགའ་བ་བླ་རྒན་ཁྱོད་ཀྱི་ནད་རྟགས་རེད།།????
ད་དཀོན་མཆོག་མཁྱེན་དེ་འདྲའི་མཁན་པོ་ཟུར་པ་ཞིག་མ་ཡོང་བ་ཤོག
སྙན་ངག་མིན་ལ་ཁ་བྱང་མེད།།
སྙན་གང་མ་བྲིས་རྩོལ་བ་མེད།།
སྙན་གང་མ་བཀོད་དོད་པའང་མེད།།
སྙན་གང་ཐ་སྙད་བྲལ་བས་སོ།།
མྱི་སྟུག་ཟེར་བ་འདི་ཡང་་་་་་་་་་་་་་་་་ཕྱོགས་རིས་ཀྱིས་བཟི་བོ་ཞིག་ཡིན་པ་སྔོན་ནས་ལོས་ཤེས་་་་་་་་་་་ཀིརྟིའི་སྒྲོལ་དཀར་ལྷ་མོའི་སྐོར་ལ་ཉག་ཉོག་མང་པོ་སྤེལ་སོང་ང་་་་་་་་་་་་་་་་ད་ཐཻངས་ཡང་ཐེ་བོ་ཤེས་རབ་ཀྱི་སྐོར་ལ་སྒྲོ་འདོགས་དང་སྐུར་འདེབས་མང་པོ་བྱས་འདུག་ག་་་་་་་་་་་་་་
ད་ཡིན་ན་ཚོད་བཟུང་རན་རེད།
ཨ་ཁུ་ཉིད་ནི་ང་དང་མི་འདྲ་སྒང་ནས་དགེ་བསྐོས་བྱས་མྱོང་རེད།།???
ཡ་མཚན་ལོས་སྐྱེས་མཐའ་འཁོབ་མི་ཡིས་ཁྱོད་ཀྱི་ཆུང་མ་དེ་རེད་ཟེར།།????
ཐ་མག་འཐེན་རོགས་དག་ཀྱང་བོས་ཏེ་ཁྱོད་རང*མོག་མོག་བཟོ་དགོས་སམ།།???
ཨི་ཁུང་རིག་ན་འདྲོག་པར་དགའ་བ་བླ་རྒན་ཁྱོད་ཀྱི་ནད་རྟགས་རེད།།????
ད་དཀོན་མཆོག་མཁྱེན་དེ་འདྲའི་མཁན་པོ་ཟུར་པ་ཞིག་མ་ཡོང་བ་ཤོག
ཅི་ཟེར་དེ་ཟེར་མི་འདུག ཐེ་པོ་ཤེས་རབ་ལ་ཡིན་པའི་བཟོ་མི་འདུག་ མ་དཀྲུག་ལོ
༤༽ སྤྲུལ་སྐུ་རྫུན་མ།
སྐུ་ཉིད་ཀྱིས་གསལ་བོ་ཉོན།
ཀིརྟི་སྒྲོལ་དཀར་ལྷ་མོར་ང་རང་ཉིད་ཀྱི་བསམ་ཚུལ་བཤད་ཡོད་པ་བདེན།
ཡིན་ནའང་དེར་ཕྱོགས་ཞེན་འདུག་ཟེར་ན། སྐུ་ཉིད་དགོངས་པ་མ་འཚོམས་ངས་སྐད་ཆ་བཤད་ཤེས་ས་མ་རེད།
གཞན་གོང་དུ་བྲིས་པའི་མི་འདི་ནི་ངའི་སློབ་གྲོགས་བློ་བ་ཉེ་ཤོས་ཤིག་ཡིན་པས་
ཁྱོད་ཀྱིས་ཇུས་གཏོགས་བྱེད་དོན་ཡེ་ནས་མེད་དོ།
གཞན་དག་ཕེབས་པར་དགའ་ཡོད།