བསྟན་འཛིན་ཤེས་རབ།
ཚོད་ཚོད་ལ། ཁྱོད་ཉིད་miss བྱས་འོངས་ཤིང་།
Miss བྱེད་ཐེངས་རེར། སེམས་པར་quaking ad ཅིག་རྒྱག་འོངས།
Miss བྱེད་སྟངས་དེ་དག quake བྱེད་ཐེངས་རེ་རེར།
གསང་བའི་gate་གང་ཞིག་གི་ལྡེ་མིག་གཞན་ལག་ཏུ་ཤོར་བ་འདྲ་ལ།
རང་ཉིད་ཀྱི་crime གང་ཞིག་སླར་ཡང་mind བྱེད་པ་དང་མཚུངས།
འཇིག་རྟེན་bura ལ་ཁ་ལོ་བསྒྱུར་མཁན་ཁྱོད་ཉིད་ཡིན་ནམ།
Time ་ཀྱི་མདའ་རྩེ་ཡོད་ཚད་ཁྱེད་ཕྱོགས་སུ་ཤོར་འགྲོ།
རྨིས་རྨིས་པའི་dream bura སྟོང་བ་ཡིན་ནམ།
དུས་གསུམ་གྱི་འགུལ་བསྐྱོད་bura lose བྱས་སོང་།
Computer ་ཀྱི་ངོ་གདོང་ལ་ཅེར་བཞིན།
ཁྱོད་ཉིད་གང་སར་བཙལ།
Mouse ཡིས་ངལ་དུབ་མེད་པར།
Web ཡི་ལ་ལུང་བརྒལ།
Meet མི་རུང་བ་དེ་ཁྱོད་ཉིད་ཡིན་ནམ།
ཁྱོད་ཀྱིས་གྲིབ་གཟུགས་མཐོང་དུས་ང་རང་གཟུར་ནས་འགྲོ་འདོད།
Looking མི་རུང་བ་དེ་ཁྱོད་ཉིད་ཡིན་ནམ།
ཁྱོད་ཉིད་རྒྱང་དུ་གྱེས་དུས་ང་ཡིས་ཀི་རིང་འདེབས་འདོད།
ངའི་dream དང་work bura ལ།
ཁྱོད་ཀྱིས་sporting བྱེད་ཀྱིན་འདུག
ངའི་འཛུམ་མདངས་དང་ཚེ་སྲོག་གི་ཁྲག་རྒྱུན་bura
ཁྱོད་ཀྱིས་རང་གི་ཁེ་གྲགས་ཀྱི་འགྱིག་རྡེའུ་རུ་བརྩིས་འདུག
ངས་བསམ་ཞིང་བརྩི་བཞིན་པ་དེ་མི་སྡེ་ཡི་ནམ་མཁའ་ཡིན།
ངས་བསྙབ་ཅིང་སྙེག་གིན་པ་དེ་དྲང་བདེན་དང་གནས་ལུགས་ཡིན།
ང་ལ་དགོས་པ་དྭངས་གཙང་དང་སླད་མེད་ཡིན།
ང་ཡིས་བསམ་པ་བརྩེ་སེམས་དང་དྲོད་ཁོལ་ཡིན།
༼ མཆན། bura ནི་རྒྱ་གར་སྐད་དེ་ཐམས་ཅད་ཅེས་པའི་དོན་ཡིན། དེའི་དག་ཆ་ཤེས་མ་སོང་། ༽
སྙན་ངག་པ་ཟེར་བ་དེ། ཁ་ཁུག་ཆ་ངེ་ཆུང་ངེ་ནས་ཧོབ་ཏེ་འབུར་ནས་ཡོང་གི་འདུག་ག འདི་ནི་དགོད་བྲོ་བ་ཞིག་ཡིན་པ་མ་ཟད། རྒྱབ་ལོགས་སུ་དོན་དག་གཞན་ཞིག་སྟོན་གི་འདུག དེ་ཡང་དངོས་ཡོད་ཀྱི་གནས་ཚུལ་ཞིག་སྟོན་གྱི་འདུག I love it ཅུང་ཟད་བྲིས་སྟངས་deference བྲིས་པ་ཡིན་ན།
10zin ཤེས་རབ་ལགས།
ཁྱེད་ཀྱིས་སྙན་ངག་གིས་་ངའི་ heart ལ་ touching བྱས་སོང་ལ།
ང་ཚོ་ལ་སྙན་ངག་འབྲི་སྟངས་ཞིག་ཀྱང་ཐོབ་སོང་དྲན།
ཁྱེད་ཀྱི་གཉིས་ལྡན་སྙན་ངག་གསར་པ་འབྲི་བ་ལ་སྔ་མའི་སྙན་ངག་དང་མི་འདྲ་བའི་ཁྱད་ཆོས་ཞིག་དགོས་འདུག་པ་དེ་ནི།
རང་ལུགས་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་གི་སྟེང་། དབྱིན་ཇིའི་ཤེས་ཡོན་ཡང་ལྡན་དགོས་པ་དེ་རེད། ད་དུང་དེའི་སྟེང་ Chinese ཤེས་མཁན་ཚོས་རྒྱ་ཡིག་ཁ་ཤས་བསྣན་ནགསུམ་ལྡན་སྙན་ངག
ཧིན་དི་བསྣན་ན་བཞི་ལྡན་སྙན་ངག་སོགས་དེ་དང་དེ་འདྲའི་རིགས་ཀྱི་ལུགས་དར་ན་སྙན་ངག་གསར་པ་འདིའི་སྲོལ་འབྱེད་པ་པོ་དེ་ བསྟན་ཤེར་ཁྱེད་ཉིད་ཆགས་རྒྱུ་རེད་ལགས།
བསྟན་འཛིན་ལགས། ངས་ཤེས་ཚོད་ལྟར་ན་
pura པུ་ར།
bura/bhura བྷུ་ར།
དང་པོ་དེ་ཐམས་ཅད་དམ་ཚང་མའི་སྐད་དོད།
གཉིས་པ་དེ་ངན་པའམ་བཟང་པོ་མ་ཡིན་སྟེ། དཔེར་ན་རྨི་ལམ་ངན་པ་ལ་bhura sapna ཟེར།
དེ་འདྲ་མ་རེད་དམ།
ཁྱད་མཚར་ང་ཚོ་བོད་མི་རེ་རེ་ལ་སྐད་མདངས་མི་འདྲ་བ་རེ་རེ་ཡོད་རེད་དམ།
ཡག་པོ་འདུག་ཡིན་ན་ཡང་། ས྄ྙན་ངག་དེ་ཀ྄ློག་པར་ས྄ྐད་ཡིག་ཁ་ཤས་ཤིག་ཤེས་དགོས་ངེས་རེད་འདུག་གཱ
དུས་དང་མཚམས་པའི་སྙན་ངག་འབྲི་སྟངས་ཟེར་བ་རེད། དོན་གྱི་རྒྱབ་ལོགས་ན་གོ་རྒྱུ་འདུག་ཡ།
སྙན་ངག་འདི་ལྟར་བྲིས་ན་སྙན་མོ་འདུག ཡིན་ན་ཡང་། ཡིད་སྐྱོ་བ་ཞིག་ལ། བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་ཡིག་འབྲི་མཁན་རེ་ཟུང་དང་། གཞས་ཚིག་འབྲི་མཁན་ཚང་མ། ད་དུང་་་་་ གཞུང་སྒེར་གྱི་ཚགས་པར་རེ་ཟུང་གིས་སྔ་མོ་ནས་འདི་ལྟར་བྲིས་ཤིང་ད་དུང་ཡང་འདི་ལྟར་འབྲི་བཞིན་ཡོད་པས། སྙན་ངག་འདི་ལྟར་བྲིས་མཁན་ཐོག་མ་དེ་ཁྱེད་རང་ཆགས་ས་མ་རེད་ཡ། ཧ ཧ ཧ ཧ
i think its ok.
སྙན་ངག་ར་མ་ལུག་དེ་འདྲ་ཡག་པོ་ཡིན་མིན་མི་ཤེས།
དེང་སང་གི་མི་འདི་ཚོས་གསར་པ་ཞིག་བྱེད་ཀྱི་ཡིན་ཞེས་ངར་ངར་ཤོར་ཤོར་བྱེད་ཀྱི་འདུག བྱེད་སྟངས་མ་ཤེས་ནས་སྐྱག་པའི་སྒང་ལ་རྡོག་རྫིས་བཏང་བ་བཞིན་འདྲེད་བརྡར་ཤོར་འགྲོ་ཡི་རེད། མ་གཞི་བསམ་རྒྱུ་དྲན་རྒྱུ་མང་ཙམ་གྱིས་དང་། དེའི་ནང་ནས་རྒྱལ་ཁ་ཁ་ཤས་ཐོབ་པའི་རེ་བ་ཡོད།
ཁ་སང་མེག་གྷན་ལ་འགྲོ་དུས
station ནས་dream girl ལ་accident བྱས་སྐབས
གཟུགས་པོ་ཡོངས་རྫོགས་hot ཆཊ་སོང
moment མཇལ་འཛོམས་དེའི་ནང
face to face བྱས་ནས་སྙིང་གཏམ་བཤད་མ་ཐུབ་ཀྱང
སོང་ཤུལ་གྱི་背影ཅེར་སྐབས 心理觉得好舒服
འདི་ནི་自己的 truth love ཡིན་རྒྱུ་རེད།
འདི་ལྟར
ཕུག་རོན། རྒྱ་སྐད་དེའི་དོན་མ་ཤེས་ཀྱང་། སྙན་ཐག་ཆོག་འདུག ཧ་ཧ་ཧ་
ཧ་ཧ་ཧ་་་་་་ རྣམ་པ་ཚོ། ཚང་མས་འདི་འདྲ་རྐྱང་བྲིས་ཏེ་རང་རེའི་གཞུང་དམངས་ཚང་མར་སྡུག་སྐད་ཅིག་ཤོར་བཅུག་ན་མ་རེད་དམ། ཚང་མས་ཤུགས་རྒྱབ་སྟེ་རྩོམ་རིག་གཙོ་བྱས་པའི་སྙན་ཞུ་དང་གསལ་བསྒྲགས་ཡོད་ཚད་འདི་ལྟར་འབྲི། སྐད་ཡིག་གཉིས་ཤེས་མཁན་ཚོས་གཉིས་ལྡན་ཕྲིས། གསུམ་ཤེས་མཁན་ཚོང་གསུམ་ལྡན་ཕྲིས། བཞི་ཤེས་མཁན་ཚོས་བཞི་ལྡན་ཕྲིས། ག་ཚོད་མང་ན་དེའི་ཚོད་ཀྱི་བཟང་ངེས་རེད། ཧི་ཧི་ཧི་་་་་་་་་
ཨོ་་་་ད་དུང་ཚང་མས་记住བྱེད་རྒྱུ་ཞིག་ལ། བོད་ཀྱི་语文ལ་ག་ཚད་ཀྱིས་destroyཐུབ་ན་དེའི་ཚོད་ཀྱི་(ཨ་ཆ་ཧེད) information འདི་ཚོ་(pura)རང་རེའི་政府དང་scholar 作家 དེ་བཞིན་དུ་peopleབྱིངས་ལ understand བྱེད་དུ་འཇུག་རྒྱུ་ཤིན་ཏུ་གལ་ཆེ། 大家ད་ཡིན་དྰ་་་་་་་
ཆོ་ཊོ་ཞིག་དང་འདྲ་བའི་ཁྱོད་ཀྱི་རང་བྱུང་གི་གཤིས་ཀ་དེར་ང་ཧ་ཅང་དགའ།
མ་གཞི་འཇིག་རྟེན་འདིར་དེ་འདྲ་serious ་བྱེད་དགོས་པའང་མི་འདུག
བདག་ཀྱང་风一样自有地飞翔བྱེད་འདོད་མོད།
ཐོག་མ་མེད་པ་ནས་ཡོད་པའི་བཀག་རྒྱ་ཞིག་གི་tight ་བྱས་ནས་བསྡམས་འདུག
ཧ་ཅང་སྡུག་བསྔལ་བའི་དུས་སུའང་ད་དུང་སྤམ་ཚུགས་འཛིན་པ་good idea ཞིག་རེད་མི་འདུག་པས།
མཚམས་ལ་མཚམས་ལ་little child ཞིག་དང་འདྲ་བར་哭哭滴滴་བྱེད་གྱིན་ཡོད།
ཁ་སྔོན་ཞིག་ལ་ཟམ་གདོང་རིན་པོ་ཆེས་བོད་ཀྱི་སྐད་ཡིག་ལ་གཏོར་བཤིག་གཏོང་གི་འདུག་ཞེས་ཁུངས་སྐྱེལ་རྒྱུ་མེད་པའི་སྐད་ཆ་བཤད་མཁན་གཅིག་བསྟན་འཛིན་ཤེས་རབ་ལགས་ཡིན།
དེ་རིང་འདི་བ་ན་ར་མ་ལུག་གི་སྐད་ཆ་བཤད་མཁན་དེའི་གྲས་ན་ཡང་བསྟན་འཛིན་ཤེས་རབ་ལགས་འདུག ཁྱེད་ཚོས་འདི་འདྲ་བ་མང་ཙམ་ཕྲིས་དང་བོད་པའི་སྤྱི་ཚོགས་སུ་ལོ་ཙ་བ་མང་པོ་ཐོན་ས་རེད།
བསྟན་འཛིན་ཤེས་རབ་ལགས་ཀྱིས་དེང་འདིར་བོད་སྐད་བོད་ཡིག་གི་ཁ་སྟབས་དང་ལས་དབང་འདི་འདྲ་ཞིག་གི་ཚད་ལ་སླེབས་འདུག་ཅེས་ང་ཚོར་གསལ་འདེབས་བྱེད་ཀྱི་ཡོད་པ་འདྲ།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། རེད། ཉེ་སྔོན་བདག་གིས་རྩོམ་ཡིག་དེ་འདྲ་ཞིག་བྲིས་པ་བདེན་པ་རེད། འོན་ཀྱང་དེ་ནི་སྐྱོན་བརྗོད་བྱས་པ་ཞིག་མ་རེད། གནས་ལུགས་ཤིག་བཤད་པ་དེ་རེད། གནས་ལུགས་ཤིག་བཤད་ན་ཡང་སྐྱོན་བརྗོད་དུ་བརྩི་ན། ད་ཕལ་ཆེར་ང་ཚོར་སྐད་ཆ་ཞིག་བཤད་པའི་ལམ་ཁ་མེད་སོང་བ་རེད། གཞན་སྐུ་ཉིད་ཀྱིས་དེ་ནི་ཁུངས་སྐྱེལ་རྒྱུ་མེད་པའི་སྐད་ཆ་ཞིག་རེད་ཟེར། ཡོངས་སུ་གྲགས་ཤིང་ཚང་མས་མངོན་སུམ་དུ་མཐོང་བའི་དོན་དག་དེ་ཚོ་ཡང་རེ་རེ་བཞིན་ཡིག་ཐོག་ཏུ་ཕབ་པའི་དགོས་པ་ཨེ་ཡོད། གལ་སྲིད་ཕབ་རུང་ཕབ་ཚོད་ཅིག་ཨེ་ཡོད། སྦྲུལ་ལ་རྐང་ལག་བྲིས་པའི་དཔེ་ཟེར་བ་ནི་དེ་འདྲ་ཞིག་ལ་བཤད་པ་རེད། ང་ལ་དེ་འདྲའི་ངལ་བ་བསྟེན་པའི་སྤྲོ་བ་མེད་པས་དགོངས་དག་ཞུ་རྒྱུ་ལས་མེད། གཞན་དག་གི་རྒྱུ་མཚན་གནས་ལུགས་ཤེས་ཚོད་དང་ཐུབ་ཚོད་ཀྱིས་གསལ་བོར་བྲིས་ཡོད། ད་དུང་དེ་ལས་ལྷག་པ་ཅི་འདྲ་མེད་དམ། འོན་ཀྱང་ངས་བཤད་ཐུབ་སོང་བ་དེ་ཙམ་ཡིན།
གོང་གི་རྩོམ་གཞི་འདིའི་ཐོག་གི་དྲ་གྲོགས་རྣམ་པ་དང་བདག་གི་སྐད་ཆ་བཤད་སྟངས་དེ་དག་ནི། རང་གི་སྐད་ཡིག་ལ་བདག་སྤྲོད་མི་བྱེད་པའི་རང་རེའི་གཞུང་དམངས་ཀྱི་རྣམ་པ་ཚུར་སྣང་བྱེད་ཚུལ་ཞིག་ཡིན་མོད། སྐུ་ཉིད་ཀྱིས་གོ་བ་དེ་འདྲ་ཞིག་ལེན་གྱི་ཡོད་ཚེ། སྔར་གྱི་བདག་གི་རྩོམ་ཡིག་དེ་ལ་སྐུ་ཉིད་ཀྱིས་ལྟ་ཚུལ་དེ་འདྲ་ཞིག་བཟུང་བར་ཡང་ཁག་མི་འདུག དེ་བས་ད་ནི་འུ་ཚོའི་བར་ལ་ཕན་ཚུན་རྒྱུས་ལོན་དང་ཐུན་མོང་གིས་གོ་བའི་སྐད་ཆ་ཞིག་ཡོང་ཐབས་མེད་པར་སྣང་བས། དེ་ལས་རང་རང་ས་ནས་自由སྒོས་གཞན་དག་ལ་onlooker ཞིག་བྱས་ན་དེ་ཡག་ས་རེད། བདེ་མོ།
ཨ་རོ། བསྟན་འཛིན་ཤེས་རབ།
ཕོག་ཐུག་འགྲོ་མི་ཉན། ངེད་ཀྱི་བསམ་ཚུལ་དེས་ཕོག་ཐུག་ཕྱིན་ཡོད་ན་དེ་ལ་དགོངས་སེལ་ཞུ་གི་ཡིན།
རྒྱུ་མཚན། ཁྱེད་ཀྱིས་བྲིས་བ་དེ་ཚོ་གནས་ལུགས་ཡོད་ན་འདྲ། མེད་ན་འདྲ། དེ་ཚོར་བརྩི་བཀུར་ཡོད། དེ་གཅིག་ཡིན།
ཁ་སྔོན་གྱི་ཁྱེད་ཀྱི་རྩོམ་དེ་གཉིས་ངེད་ནས་གནས་ལུགས་ལ་མཐོང་གི་མེད། མེད་པའི་རྒྱུ་མཚན། ཁྱེད་ནས་གང་བཤད་པ་དེར་ཁུངས་སྐྱེལ་མ་ཐུབ་པའི་དབང་གིས་ཡིན།
ངེད་ཀྱིས་མཆན་བུའི་ཁོངས་སུ་ཁྱེད་ལ་གསལ་བོར་བཤད་ཡོད། ཉུང་མཐར་ཡང་ཁུངས་སྐྱེལ་རྒྱུའི་ཐ་སྙད་བཅུ་ཙམ་མེད་ན་ཁྱེད་ཀྱི་རྩོམ་དེའི་སྒང་ལ་བགྲོ་གླེང་ཞུ་གི་མིན་གསུངས་ཡོད།
དེ་ལ་ཁྱེད་ནས་ཁུངས་སྐྱེལ་ཐུབ་མི་འདུག ཁུངས་སྐྱེལ་ཐུབ་མེད་པའི་རྩོམ་རིང་པོ་དེར་ངེད་ནས་བསམ་ཚུལ་བཤད་མེད།
ཁུངས་སྐྱེལ་དང་གནས་ལུགས་ཅན་གྱི་རྩོམ་ཡིག་མདུན་ལ་འཇོག་རྒྱུ་ཡོད་ན། དགའ་བསུ་དང་བཅས་བསམ་ཚུལ་ཞུ་གི་ཡིན།
གཞན། བཤད་རྒྱུ་ལབ་རྒྱུ་ཅང་མེད། བསྐྱར་དུ་ཕོག་ཐུག་འགྲོ་མི་ཉན།
སྐུ་ཉིད་ནས་ཁུངས་སྐྱེལ་དང་གནས་ལུགས་ཅན་གྱི་རྩོམ་ཡིག་མང་ཙམ་སྤེལ་ཐུབ་བའི་རེ་བ་ཡོད།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། ཉིད་ཀྱིས་དེ་འདྲ་གསུངས་དགོས་པ་མ་རེད། ང་ལ་ཕོག་ཐུག་ཅི་ཡང་མེད། ཉིད་ཀྱིས་ཕོག་ཐུག་འགྲོ་བའི་སྐད་ཆ་ཡང་ཅང་བཤད་མེད་པས།
བཀའ་ཁྲིའི་བསྲེས་ལྷད་ཀྱི་གསུང་བཤད་དག་ངས་སྔར་བཤད་པ་བཞིན་འདིར་འབྲི་ཚོད་ཅིག་ཨེ་ཡོད། གལ་སྲིད་སྐུ་ཉིད་ཀྱིས་ངོ་མས་མ་ཐོས་མ་གོ་བ་ཡིན་ན། དེང་སང་གསུང་བཤད་དག་སྒྲ་ཐག་ཏུ་བཅུག་པ་ག་ས་གང་ནས་རེག་རྒྱུ་ཡོད་པས། སྐུ་ཉིད་ཀྱིས་དངོས་སུ་གཅིག་གསན་རོགས་ནོངས། དེ་ནས་ཐག་ཆོད་ཡོང་གི་རེད། གཞན་ཐ་སྙད་བཟོ་བཅོས་བྱས་པའི་སྐོར་ཧ་ཅང་མང་བོ་ཞིག་ཡོད་མེད་མ་ཤེས། ངས་ཐོས་སྐབས་ནི་དཀའ་ཁྲི་ཁོང་སྤྱི་འཐུས་ཚོགས་གཙོར་བཞུགས་སྐབས་ཤིག་ནས་ཡིན་པ་འདྲ་མོད། ཏག་ཏག་ཅིག་བཤད་རྒྱུ་མེད། གང་ལྟར་དགུ་ཅུ་གོ་གྲངས་ནང་ཞིག་ནས་ཁོང་གི་གསུང་བཤད་དང་ཚགས་པར་ཁག་ཅིག་ལས་མཐོང་སོང་། ང་ལ་བག་ཆགས་བཞག་པ་ཆེས་ཟབ་ཤོས་ནི་བོད་ནང་གི་མི་དེ་ཚོའི་ཐ་སྙད་ལ་རྒྱ་མིའི་ཤན་ཞུགས་པ་རེད། དེ་བས་འདི་ལྟར་ཟེར་དགོས་པ་རེད་ཅེས་གསུངས་པ་དེ་ཡིན། དེ་འདྲ་དེ་འདྲ་ཞིག་གི་སྒོ་ནས་ཁོང་གིས་བཟོ་བཅོས་གནང་བ་རེད་ལ། དེ་ལ་སྤྱི་ཚོགས་དང་ཚགས་པར་སོགས་ལས་དགག་བཞག་ཀྱང་གང་འཚམ་བྱས་ཡོད་སྙམ་པ་འདུག མ་ཟད་མི་གཞན་དག་གིས་ཀྱང་གོ་སྐབས་དེ་དང་བསྟུན་ནས་བོད་ནང་གི་ཐ་སྙད་གསར་བཟོའི་རིགས་དེ་ཏག་ཏག་ཅིག་མེད་རབས་མང་བོ་བཤད་པ་རེད། དེའི་སྐོར་དེ་ཙམ་ཡིན།
འུ་གཉིས་ཀྱི་སྐད་ཆ་ཙ་རེ་ཙོར་རེ་འདིའི་རིགས་ནི། བདག་གིས་སྐུ་ཉིད་ཀྱི་རྩོམ་ཡིག་ཅིག་ལ་བསྲེས་ལྷད་ཀྱིས་སྦགས་འདུག་ཅེས་པ་དེ་ལ་བརྟེན་ནས་བྱུང་བ་རེད། སྐད་ཆ་དེ་འདྲ་ཞིག་ཁ་ནས་ཤོར་བར་དགོངས་དག་ཞུ་བཞིན་ཡོད། སྐུ་ཉིད་ཀྱི་སྐད་ཆར་གནས་ལུགས་ཡོད་པ་རེད་མོད། བདག་གི་སྐད་ཆ་ལ་རྩ་ནས་གནས་ལུགས་མེད་པ་ཡང་མ་རེད་འདོད་ཡོད། ཉིད་ལ་ཕོག་ཐུག་འདྲ་བྱུང་ན་དགོངས་དག་ཞུ་རྩིས་ཡོད་མོད། བར་སྐབས་དེར་བདག་མ་ཁོམ་པས་དྲ་ཐོག་ཏུ་ཡོང་མ་ཐུབ་ལ། ཕྱིས་སུ་དོན་དག་དེའི་རིགས་བརྗེད་ཀྱང་སོང་འདུག་པས། དེ་རིང་སྔར་གྱི་ཚབ་བྱས་ཏེ་གལ་སྲིད་ཕོག་ཐུག་འདྲ་བྱུང་ཡོད་ན་དགོངས་དག་ཞུ་བཞིན་ཡོད།
བསྟན་འཛིན་ཤེས་རབ་ལགས།
འདི་མཆན་བུ་མཐའ་མ་དེ་ཡིན།
དང་པོ།
ངེད་ཀྱི་ཡིད་ལ་མ་འཁོར་བ་ཞིག་ཁྱེད་ཀྱིས་འདི་རུ་དྲུད་ནས་སླེབས་འདུག
ངེད་ཀྱིས་བྲིས་བ་དེ་ཚོར་གཞན་གྱིས་དགག་བཞག་མཛད་ན་དེ་ལ་དགའ་བསུ་ཞུ་གི་ཡོད། བསྟོད་ར་གཏོང་མཁན་ཚོ་ལས་དགག་ཕྱོགས་ནས་བསམ་ཚུལ་འདོན་མཁན་ཚོར་བརྩི་བཀུར་ཆེ་བ་ཡོད།
དེ་ང་སྒེར་གྱི་བལྟ་སྟངས་ཡིན།
གཉིས།
ངེད་གཉིས་མི་མཐུན་ས་ནི། ཁྱེད་ཀྱིས་”གཏོར་བཤིག་”ཟེར་བའི་སྐད་ཆ་དེ་དང་ངེད་ཀྱིས་”ཁུངས་སྐྱེལ་”ཟེར་བའི་སྐད་ཆ་འདི་གཉིས་རེད།
འདིའི་སྒང་ན་ལྷག་བསྡད་ཡོད་རེད། ཁྱེད་ནས་རྩོམ་སྔ་མ་དེ་གཉིས་སུ་གང་བྲིས་བ་དེ་ཚོར་གནས་ལུགས་ཡོད་ཟེར་གི་འདུག ངེད་ནས་ཁྱེད་ལ་གནས་ལུགས་ཡོད་ན། ཁུངས་སྐྱེལ་ཤོག་ལབ་གི་ཡོད་རེད།
གནས་སྟངས་དེ་འདྲ་ཞིག་གི་སྒང་ནས་ལྷག་པ་རེད།
གསུམ།
མཆན་བུ་འདྲ་བཏབས་ནས་བསམ་ཚུལ་བཤད་པ་ལས། ཐབས་ལམ་གཞན་ཞིག་ཡོད་པ་ནི། ངེད་ནས་ཁྱེད་ཀྱི་རྩོམ་སྔ་མ་དེ་གཉིས་ལ་བསམ་ཚུལ་ཞིག་བྲིས་ན་ཡག་པོ་འདུག
དུས་ཚོད་ཀྱི་ཁོམ་ལོང་བྱུང་ན་བསམ་ཚུལ་ཞིག་འབྲི་གི་ཡིན།
བཞི།
ཁྱེད་ནས་གང་བྲིས་བ་དེ་ཚོར་བརྩི་བཀུར་ཡོད། འདི་ཡང་སེམས་ལ་ཉོར། དེ་ཙམ་ཡིན།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། ཉིད་ཀྱིས་གསུངས་པ་དེ་ཏག་ཏག་རེད། དེ་མིན་ཉིད་ཀྱིས་ཅི་ཞིག་གསུངས་བཞིན་པ་ངས་གོ་གི་མེད་ལ། ངས་ཅི་ཞིག་འཆད་བཞིན་པ་དེ་ཉིད་ཀྱིས་ཀྱང་གོ་གི་མེད་ཚོད་དང་། དེ་བས་འུ་གཉིས་ཀྱིས་རང་རང་ས་ནས་ཨུ་ཚུགས་བྱེད་བཞིན་ཡོད་པའི་བཟོ་འདྲ་ཞིག་འདུག ཨོ། རེ་སྐུལ་ཞུ་རྒྱུ་ཞིག་ལ། ཉིད་ཀྱིས་ངའི་རྩོམ་ཡིག་དེའི་སྐོར་ལ་རྩོམ་ཡིག་འབྲི་སྐབས་ངས་མ་བཤད་པ་དང་ངའི་ཞེ་འདོད་ལ་མེད་པ་དེ་འདྲའི་སྐོར་ལ་ཅང་འབྲི་མི་ཉན་གོ། དཔེར་ན་ངས་བཀའ་ཁྲིའི་སྐྱོན་ཆ་ལས་བཟང་ཆ་མ་མཐོང་བ་དང་ཁོང་ལ་སྐྱོན་བརྗོད་ཀྱིས་ཁོང་གི་མཛད་རྗེས་བསྒྲུབ་ཀྱི་འདུག་ཟེར་བ་དེ་འདྲ་བཤད་མི་ཉན། གལ་སྲིད་དེ་འདྲ་བཤད་པ་ཡིན་ན་འུ་ཚོའི་བར་ལ་བགྲོ་གླེང་བྱེད་རྒྱུའི་གཞི་ཅང་མེད་འགྲོ་གི་རེད། གཞན་ང་ལ་ཡང་ཁོམ་པ་རེ་བྱུང་ན་ཉིད་ཀྱི་བགྲོ་གླེང་དེའི་ནང་དུ་ཆ་ཤས་ལེན་རྩིས་ཡོད།