ཀླུ་སྨྱོན།
འཇིག་རྟེན་འདིར་སྐྱེས་དོན་སྙན་ངག་འབྲི་ཆེད་ཡིན་མིན་མི་ཤེས་ཀྱང་།
འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་སྟེ་སྙན་ངག་རེ་འབྲི་གིན་བསྡད་པ་ཡིན།
ངའི་ནམ་རྒྱུན་གྱི་བྱེད་སྟངས་ཤིག་སྟེ།
སྙན་ངག་རེ་བྲིས་ཚར་རྗེས།
ལོབས་ཕྱོགས་ཀྱིས་མིག་གཉིས་བཙུམས་ཏེ་དབུགས་རིང་རེ་འཐེན་སྲོལ་ཡོད།
སྙན་ངག་འབྲི་བ་དང་འཁྲིག་པ་སྤྱོད་སྟངས་གཉིས་ལ་ཐུན་མོང་གི་འདྲ་ས་མང་པོ་ཞིག་ཡོད་པ་སྟེ།
གཉིས་ཀའི་ཆེད་དུ་ཁྲག་རྩའི་ནང་དུ་གྲོག་མ་འཛུལ་བ་ལྟ་བུའི་ཚོར་བ་དྲག་པོ་ཞིག་ཡོད་དགོས་ཤིང་།
གཉིས་ཀའི་ཆེད་དུ་ཆུ་ཕྲན་རྒྱ་མཚོའི་འབབ་པ་བཞིན་ཚོར་བ་དྲག་པོ་དེ་གཞི་གཅིག་ཏུ་བསྡུ་དགོས་ལ།
གཉིས་ཀའི་ཆེད་དུ་དབྱར་ཁའི་ཆར་ཆེན་འབབ་མཚམས་བཞག་པ་བཞིན་ཚོར་བ་དྲག་པོ་དེ་མཇུག་རྫོགས་དགོས།
ཁྱོད་ཀྱི་ལིང་ག་དེ་མོ་ཡི་བྷ་གའི་ནང་དུ་ཞུགས་དུས་ཀྱི་བདེ་སྣང་ཆེན་པོ་དེ་ཇི་བཞིན།
སྙན་ངག་ཅིག་གི་བློས་བསླངས་རྙེད་དུས་ཀྱང་ཚོར་བ་སྐྱིད་པོ་ཞིག་གིས་བཟི་འགྲོ
མཆུ་དང་མཆུ་སྦྱར་ནས་བྲང་ཤ་གཉིས་བརྡར་དུས་ཀྱི་བརྒྱལ་གཟེར་དེ་དང་འདྲ་བར།
སྙན་ངག་གི་རྟོགས་པ་ཁྱད་པར་ཅན་རེ་རྒྱུད་ལ་སྐྱེས་དུས་ཀྱང་ཅི་ཞིག་གིས་དབང་མེད་དུ་མྱོས་པར་བྱེད་ཅིང་།
རང་གི་དགའ་མའི་མྱོས་བུམ་དཀར་པོ་དེར་འཕུར་འཕུར་བྱེད་དུས་ཀྱི་ཚོར་བ་དེ་ལྟ་བུ་ཞིག་ནི།
སྙན་ངག་གི་ཡིད་འགྱུ་རེ་རེའི་བར་གསེང་ཉུལ་དུས་ཀྱང་ཧ་ཅང་ལས་སླ་བོའི་ངང་ནས་མྱོང་ཐུབ་ཅིང་།
ཆགས་སྐད་དྲག་པོ་འདོན་བཞིན་ཁུ་བ་འབྱིན་དུས་ཀྱི་བདེ་ཚོར་དང་ཟ་འཕྲུག་དྲག་པོ་དེ་འདྲ་བ་ཞིག་ནི།
སྙན་ངག་ཡག་པོ་ཞིག་འཁྱོངས་དུས་ཀྱི་སེམས་ཚོར་དེས་ཀྱང་ང་ཚོར་སྟེར་ཐུབ་ཀྱིན་འདུག
འཁྲིག་པ་སྤྱད་ཟིན་རྗེས་ངོམ་པ་མེད་པར་ཡང་དང་ཡང་དུ་སྤྱོད་འདོད་པ་ཇི་བཞིན།
སྙན་ངག་ཅིག་བྲིས་རྗེས་སུ་ཡང་སྐྱར་སྙན་ངག་གསར་བ་ཞིག་འབྲི་འདོད་སྐྱེ་བ་མིན་ནམ།
གསར་བུ་གསར་མོ་ཚོས་འཁྲིག་པ་མ་སྤྱད་པར་མི་ཚེ་མི་འཁྱོལ་བ་ཇི་བཞིན།
སྙན་ངག་མཁན་གྱིས་ཀྱང་སྙན་ངག་ཅིག་མ་བྲིས་ཚེ་ཉི་མ་འཁྱོལ་ཐབས་ཤིག་མི་འདུག
སྙན་ངག་པའི་སེམས་ཁམས་ཟེར་དགོས་རེད་དམ། སྙན་པའི་པའི་སེམས་ཀྱི་འཕྲོ་འདུ་ཟེར་དགོས་རེད། གང་ལྟར། སྙན་ངག་པ་ཞིག་ཡིན་ན། སྙན་ངག་ལ་དགའ་ཞིང་དུང་བ་ཙམ་གྱིས་མིན་པར། ཚོར་བའི་གཏིང་རིམ་དེར་བསྲེས་པ་ཡིན་ན། ད་གཟོད་བདེ་སྣང་ཞིག་ཀྱང་ཡོང་གི་ཡོད་པ་འདྲ་འདུག ཁྱེད་རང་གིས་བཀོད་པའི་དཔེ་མཚོན་དེ་ཚོ་མི་རྣམས་ཆེས་དགའ་མོས་དང་དུང་ཤོས་བྱེད་བཞིན་དུའང་། གསང་གསང་སྦས་སྦས་ཀྱི་ངོར་འཇོག་པ་དེ་ཚོ་ལ་སྦྱར་ཡོང་དུས། ད་གཟོད་སྙན་ངག་པ་ཚོས། ཡང་ན་སྙན་ངག་ཀློག་མཁན་ཚོས། སྙན་ངག་གི་བཟི་ཁ་ཟེར་རམ། སྙན་ངག་གི་བྲོ་བ་ཟེར་རམ། དེ་རོལ་མྱོང་ཐུབ་ཀྱི་ཡིན་འདྲ་ནའང་། སྙན་ངག་ནི་རྩེད་མཚར་གྱིས་འབྲི་དགོས་པ་རེད་ལབ་མཁན་ཚོའི་བཤད་སྟངས་དེར་ཡང་གནས་ལུགས་མེད་པ་ཞིག་མ་རེད། སྙན་ངག་པ་རིགས་གཅིག་གི་གནང་སྟངས་དེར་མ་གཞི་ནས་ཚུགས་ཀ་འདི་དང་བཟོ་ལྟ་འདི་ཟེར་བ་ཞིག་ངོ་འཕྲོད་རྒྱུ་མེད་པ་མང་པོ་རེད། ཁྱེད་རང་ལ་སྙན་ངག་པ་ཚོར་མདུན་བསྐྱོད་བྱེད་སྟངས་ཤིག་གསུངས་རྒྱུ་ཨེ་ཡོད།
དེས་ན་ངས་ཀྱང་དེར་ལྟར་སྙན་ཚིག་ཐར་ཐོར་རེ་འབྲི་ཞོར་དབྱངས་ཅན་མ་པང་དུ་བླངས་ནས་འོ་མ་ལས་ཞིམ་པའི་འོ་རེ་སྦྱར་ན་འདོད། འདོད་པའི་སེམས་ཚོར་དྲག་པོའི་རླབས་སྒྲ་སྙིང་གི་ཁྲག་རྩ་ནས་འཕྱུར་བཞིན་དགའ་མའི་བྲང་གཞུང་ལྟ་བུའི་སྙན་ངག་གི་སྤང་ཐང་ན་རྩེད་འཇོའི་གླུ་གར་དང་སྙིང་གཏམ་ལ་རོལ་ན་འདོད། མི་ཆེ་མི་ཆུང་བའི་ལང་གའི་ཤ་སྡོང་དམར་པོ་ལག་སོར་གྱིས་དལ་གྱིས་བསྲུབས་ཏེ་བྷ་གའི་མཁའ་དབྱིངས་སུ་བསྣུན་སྐབས་བསམ་བརྗོད་ལས་འདས་པའི་ཚོར་དྲག་པོ་དེ་མྱོང་བ་ལྟར་ཤོག་ཐོག་ཏུ་སྨྱུ་གུ་དང་། ཡང་ན་གློག་ཀླད་མདུན་དུ་འཐེབ་འཛུམ་ནམ་ཡང་མི་འབྲལ་བར་འདོད་པའི་བདེ་བ་དེ་རོལ་ན་འདོད། ཞིབ་ཏུ་བསམ་ན་སྙན་ངག་པའི་ཚོར་བེདེ་ནི་དགའ་བཞི་བདེ་སྟོང་ཡེ་ཤེས་བཅུ་དྲུག་གི་མངལ་ལས་སྦྲུམ་པའི་བདེ་སྟོང་ཆེན་པོའི་ཉམས་དང་མཚུངས་ལ། འདོད་པའི་བདེ་དགའ་བརྗོད་དུ་མི་གཏུམ་པའི་ན་ཆུང་མའི་བྷ་གའི་དྲོད་བསྣུན་པའི་འཇིག་རྟེན་གྱི་ཚོར་སྣང་སྐྱིད་པོ་དེ་དང་མཚུངས། ་་་་་་་་་་་་་ཡ། འགྲོ་འགྲོ། ཉལ་གི་འགྲོ། ཁྱིམ་ལས་སང་ཉིན་ལས་ཆོག་གི་རེད་གོ།
རྗེས་མ་དེ་སྟུ་ཟེད་སྟངས་དང་མཇེ་སྣུན་སྟངས་སྐོར་ཡིན་ད།
ཨ་ལ་ལ། ཕྱག་རྒྱ་ཆེན་པོ་དངོས་བཤད་བཞག་འདུག ཨོ་རྒྱན་སྟོབས་རྒྱལ་དང་ཨ་ལགས་ཀླུ་སྨྱོན་བཀའ་དྲིན་ཆེ། དེ་འདྲ་སྙན་ངག་ཡག་པོ་ཞིག་དང་ཚོར་བ་སྐྱིད་པོ་དེ་ཀུན་གྱིས་འདོད་པ་འདྲ་བས་ཐོབ་པར་ཤོག ། ང་ཡང་ཁྱོད་འདྲ་བར་དགེ་སློང་ཡེ་ཤེས་དང་སྤྲུལ་སྐུ་ཀླུ་སྨྱོན་བྱས་ན་འདོད་ཀི ཨ་རི་ལ་ཡོང་གི་ཡིན་གདའ།
གོང་གི་༼སྙན་ངག་འབྲི་དུས་ཀྱི་དམིགས་རྣམ་ཁྱད་པར་ཅན་༽དེའི་དཔེ་དོན་གཉིས་པོ་མགོ་མཇུག་ལོག་འདུག་པས། དཔེ་དང་དཔེ་ཅན་གཉིས་མ་འཕྱུགས་པར་ཀློག་དགོས་པའམ། ཡང་ན་བཟློག་པའི་དཔེ་རྒྱན་དུ་བསམས་ཏེ་བཀླག་རོགས་གནང་། ཐུགས་རྗེ་ཆེ།
སྙན་ངག་པ་ཀླུ་སྨྱོན་ལགས་ཀྱིས། སྙན་ངག་དང་སྙན་ངག་རྣམ་གཞག་གི་སྙིང་དོན་ཞིག་གསུངས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
ལས་འབྲས་ཁས་བླངས་པ་ཞིག་ཡིན་ན་སྨྱོན་ཀླུ་ཆགས་ཅན་འདི་ནམ་ཞིག་སྐྱག་འབི་ཞིག་ཏུ་སྐྱེ་རྒྱུ་རེད། སྙན་ངག་ཟེར་བ་ཞིག་གཏན་ནས་མ་རེད། སྙན་ངག་གི་མཚན་ཉིད་ཀྱི་དྲི་ཙམ་ཡང་མི་འདུག ཨ་ལགསདང་བན་ཟེར་ནས་གོས་དང་ཁ་ལ་གཏན་ནས་བོན་བསྟན་གཞི་ནས་མེད་པར་བཟོ་འདོད་རེད། དེ་མེད་ན་ཕན་བདེ་མེད། ཞི་བདེ་མེད་པའི་རྒྱལ་ཁབ་ཆགས་སྡང་རྨོངས་པའི་གཏམ་ལ་ཀརྨ་པས་ཕྱག་རྒྱ་ཆེན་པོ་ཡིན་ན་ཐོས་བསམ་སྒོམ་པ་ཅི་དགོས་ནི་མ་རེད། ཁྱེད་ཚོས་སྟོན་པའི་གཟན་ཤམས་ཕུད་ནས་ཁ་བཤད་ལག་ལེན་གྱིས་དང་འགྲིག་ནི་རེད་ཡ།
ཤར་ཕྱོགས་ཀྱི་འོད་སྣང་ལགས། སྙན་ངག་གི་དམིགས་རྣམ་ལ་འདི་དང་འདི་ཞེས་ཕྱེ་རྒྱུ་མེད་པར་རོ་མཉམ་དུ་རྟོག་ན་དེ་གས་འཐུས་པ་རེད། དཔེར་ན་ལྐུགས་བས་བུ་རམ་གྱི་རོ་མྱོང་བ་ལྟ་བུ།
ཧ་ཧ། མེ་ཏོག་དཀར་པོ་ལགས་དངོས་གནས་ཉམས་མྱོང་ཅན་ཞིག་རེད་འདུག་ག
དྲ་གྲོགས་བོན་མིང་ཅན། ཁྱོད་ཀྱིས་ཅི་བཤད་ཀི་ཡོད། ཀླུ་སྨྱོན་གྱི་སྙན་ངག་ལ་སྙན་ངག་གི་དྲི་ཙམ་མི་འདུག་ཟེར། དེས་ན་སྙན་ངག་ཟེར་བ་གཞན་ལ་བསྟོད་པའི་ཚིག་བཅད་རེ་ཟུང་དང་། ཀ་རྩོམ་དམ་དུམ་རེ་ངེས་པར་དུ་དགོས་སམ། ད་དུང་ཨ་ལགས་དང་བན་ཟེར་ནས་་་་བོན་བསྟན་གཞི་ནས་མེད་པར་བཟོ་འདོད་རེད་་་་ཅེས་བྲིས་འདུག སྲོག་རྩར་རླུང་ཞུགས་པས་སྨྱོན་པ་ངོ་མ་དེ་ཁྱོད་རང་ཆགས་འདུག ཀླུ་སྨྱོན་གྱིས་རང་སྣང་གང་ཞིག་གླུ་དང་སྙན་ངག་ཏུ་སྦྱར་བས་ཁྱོད་དང་ཁྱོད་ཀྱི་བསྟན་པ་ལ་ཅི་ཞིག་གནོད་ཀྱི་འདུག བོན་བསྟན་གཞི་ནས་མེད་པར་བཟོ་ཚུལ་ཇི་ལྟར་རེད། བསམ་བློ་ཐོངས་། སྨྱོན་པའི་ལབ་བརྡོལ་ལྟར་གང་དྲན་མི་སྨྲ་རོགས། ད་དུང་བཤད་རྒྱུ་ཞིག་ཏུ་བོན་ཞེས་གྲུབ་མཐའི་སྤྱི་སྒྲ་དེ་ཁྱོད་ཀྱི་པུར་མིང་དུ་དྲ་ངོས་འདིར་བེད་སྤྱོད་མི་གཏོང་རོགས།
བོན་ལགས། ཨོ། ངས་འདི་ལྟར་བསམ་དུས་གཅིག་བྱས་ན་ཁྱོད་འཁྲུལ་བའི་ཚ་ནད་ཀྱིས་བཟི་སྟེ། རྩོམ་ཡིག་དང་མཆན་གྱི་ཁྱད་པར་ཕྱེས་མེད་པ་འདྲ། གོང་དུ་ངས་སྙན་ངག་པའི་སེམས་ཁམས་སུ་བཞུར་བའི་བདེ་སྣང་གསོན་པོ་དེ་གསང་སྔགས་ཀྱི་ལྟ་བའི་རོ་མྱོང་སྟངས་དང་དང་། ན་ཆུང་བའི་བདེ་བ་མྱོང་སྟངས་དང་གཅིག་མཚུངས་སུ་བཤད་ཡོད། དཔེ་དཔེ་ཅན་ལ་སྦྱར་དང་། དཔེ་ཅན་དཔེ་ལ་སྦྱར་བ་སོགས་འདི་ལྟར་མཚུངས་སྦྱོར་གྱི་དཔེ་འགོད་སྲོལ་ཞིག་རང་རེའི་སྙན་ངག་གི་གཞུང་ཆེན་མོ་དག་ན་ཡོད་ས་ཡོད།
ཟླ་བ་ཆོས་འཛོམས་ལགས། རེད་རེད། རྗེས་མ་ཁྱོད་ཀྱིས་སྟུ་ཟེད་སྟངས་ཤོད་དང་། ངས་མཇེ་སྣུན་སྟངས་སྐོར་བཤད་ཡོང་། ཁྱོད་ཀྱིས་གོང་དུ་་་་ད་རྗེས་མ་ཡིན་། ་་་་ཞེས་བྲིས་འདུག ཧཧཧཧ
སྤྲུལ་སྐུ་ལགས།ཀླུ་སྨྱོན་ལགས།ཁྱོད་འདི་འདྲའི་ཇེ་སྡུག་ཇེ་ངན་དུ་གྱུར་བ་ཅི་ཞིག་མ་འགྲིག་པ་རེད།ཁྱོད་ཀྱི་རྩོམ་རེད།མི་གཞི་རེད།བློ་རིག་རེད།བསམ་བའི་འཁྱེར་སོ་རེད།ལན་ཡོད་དམ།
ཨ་བླག་ཀླུ་སྨྱོན་དེ་ངོ་མ་སྙན་ངག་དང་། འཁྲིག་པའི་བདེ་བར་དཔྱད་འཇོག་གཉིས་ཀའི་སྒོམ་རྟགས་ཐོན་པ་ཞིག་རེད་འདུག ་གཅིག་བྱས་ན་འདོད་པའི་བསྟན་བཅོས་གསར་པ་ཞིག་མགྱོགས་མྱུར་ཐོན་རེ་འདུག་པས་གསར་འགྱུར་ཡག་པོ་འདུག
ངོ་མ་རང་ཡག་མོ་བྲིས་འདུག་ནི། རྟོག་འཆར་ཟབ་མོ་ཡིན་དང་ངོ་མ་ཉམས་མྱོང་ཡིན་གྱི་ངོ་ཆོད་ནི་དཀའ། ནམ་ཞིག་ཀླུ་སྨྱོན་ཁྱེད་ལོག་འདུག་ཟེར་བ་ཞིག་གོ་ཡོང་ནི་དོགས་གི།།
ཀླུ་སྨྱོན་ངེད་གཉིས་ལ་ལོག་མ་ལོག་གི་ཐ་སྙད་ཅང་ཡོད་ནི་མ་རེད། ལོག་ས་མ་རེག་པ་རེད་མ་གཏོགས། བསམ་གཟས་ནས་མ་ལོག་པར་བསྡད་པ་མ་རེད། གཅིག་ནས་ཀླུ་སྨྱོན་གྱི་དགུང་ལོ་ཡང་ལྔ་བཅུ་ཟིན་གྲབ་ཡོད་ས་ཡོད། ཨ་ལ་རྩེད་མོ་ཡིན། ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་ཀྱིས་བྲིས་པའི་རྟོགས་བཏགས་ཀྱི་འཇིག་རྟེན་ནམ་བློས་བསླངས་ཀྱི་སྙན་ངག་རེ་རེས་ངའི་འཚོ་བར་དྲོད་ཅིག་བསྐྱིལ། དགེ་ཆོས་དང་མི་ཕབ་སོགས་ཀྱིས་དངོས་སུ་མྱོང་སྟེ་བྲིས་པ་རེད། ཁྱེད་ཀྱིས་བློས་བསླངས་ཙམ་རེད། གང་ལྟར་ང་ཚོ་ཀློག་མཁན་རྣམས་ལས་ཁྱད་པར་ཆེན་པོ་གང་ཡང་མི་འདུག མུ་མཐུད་ནས་འབྲི་རོགས།
དེང་རབས་ཀྱི་འཇིག་རྟེན།
ལོང་བ་ཞིག་གིས་ལམ་སྣ་འདྲེན་པའི་ཤུལ། །
ཞར་བོའི་ཚོགས་ཀྱིས་ས་མཆོང་གནམ་མཆོང་བྱེད། །
ལག་རྡུམ་སྤྲོ་བས་ཐལ་སྒྲ་དབྱར་རྔ་བཞིན། །
ལྐུག་པའི་ཧར་བགོད་བྱས་པས་འཇིག་རྟེན་དཀྲོག །
༢༠༡༠་ ༧ ༤ཉིན།
དྲང་ལྡོག་གང་རུང་ནས་དཔྱད་བརྗོད་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཀ་ཁ་སུམ་ཅུའི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་གིན་ཡོད།
ངོ་མ་ཨ་ཁུ་ཀླུ་མྱོན་གྱི་རྩོམ་ཡིག་དང་འཇིག་རྟེན་པའི་ཕོ་མོའི་འདོད་བདེའི་འཁྲིག་སྦྱོར་དང་ཤིན་ཏུ་འདྲ་བས་མ་ཚད། ཕྱི་གླིང་དེང་རབས་ཀྱི་གློག་བརྙན་སྔོན་པོའི་སྒྱུ་བརྩལ་དང་དེ་བས་འདྲ་བ་ཞིག་རེད། གང་ནས་བལྟས་ཀྱང་། མུ་ནས་མུ་རུ་མཐུད་དེ་སྙན་ངག་དང་འདོད་བདེའི་བརྩེ་འཇོ་ལ་བཞུགས་པར་མཛོད་ཅིག་ཆགས་བསྲེད་ཀྱི་སྤྲུལ་པའི་སྐུ་ལོ་ལགས། ཁྱེད་ཀྱི་སྙན་ངག་དང་རྩོམ་རིག་ལ་མོས་མཁན་ཉིན་ནས་ཉིན་བཞིན་འཕེལ་བཞིན་ཡོད་ལ། གློག་བརྙན་ཆགས་སྲེད་ཀྱི་གློག་བརྙན་སྔོན་པོའི་ཚོང་རྫས་ཡང་ཁྱབ་རྒྱ་ཆེ་རུ་འགྲོ་ཡོད་པས། འདོད་ལྡན་རྣམས་ཅིས་ཀྱང་འཕེབས་ངེས་རེད།