པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལ་ཕུལ་བ།
བེ་རི་འཇིགས་མེད།
ཁ་རྩངས།
ཁྱོད་ཀྱིས་་་་་་་་་་་་་་་་༌།
ལབ་རྩེ་དང་རྡེའུ་འབུམ་བརྩིགས་པའི་གངས་འདབས་ན།
མཚལ་གྱིས་བྲིས་པའི་ཁྲི་ཕྲག་བདུན་གྱི་ཡིག་འབྲུ།
ཁ་བ་དང་ལྷན་ཅིག་འབབ་སྟེ་འཇིག་རྟེན་འདིར་གྱེས་མཇལ་བྱས།
དེ་རིང༌།
ཁྱོད་ཀྱིས་་་་་་་་་་་་༌།
འཁྱག་ཀློང་དང་ན་བུན་བསྟིབས་པའི་འཇིག་རྟེན་དེར།
བརྩེ་མདངས་ཀྱི་གཤོག་ཟུང་བརྐྱངས་ནས་ལྡིང་སྐོར་བྱེད་དུས།
གདོལ་བའི་རིགས་ཀྱི་རླུང་རྩིའི་དྲ་རྒྱ་རུ་་བཙུད།
སང་ཉིན།
ཁྱོད་ཀྱིས་་་་་་་་་་་་་་་་་༌།
བཙན་དབང་གི་ལྕགས་སྒྲོག་ཟིལ་བུར་གཏོར་ཏེ།
ཡིག་དྲུག་གི་དར་ཅོག་གསེང་ནས་མེས་པོའི་ཚེ་སྲོག་འཚོལ་དུས།
གངས་དཀར་ལྷ་མོའི་རྣམ་ཤེས་ཀྱི་འཕར་རྩ་སླར་ཡང་ལྡིང༌།
གངས་ལྷའི་རྣ་བར་ཉི་ཟླ་ཟུང་གིས་བརྒྱན།
༢༠༠༡ ། ༤ ཉིན་ཆུང་སྲིད་རིན་པོ་ཆེ་དགུང་ལོ་བཅུ་གཉིས་ལ་ཕེབས་པའི་དུས་དྲན་དུ་ཕུལ། ༼བཙན་འོག་གི་བྱིས་པའི་སྐྱོ་གར་༽ཐོག་བཀོད། ༢༠༠༥ལོར་༼ལྷོ་ཕྱོགས་ཕོ་ཉ་༽གསར་ཤོག་ཐོག་བསྐྱར་འགོད་བྱས་འདུག
དགེ་ལུགས་དགེ་བཤེས། བོད་མི་མང་གི་སྤྱི་མཐུས། བཙན་བྱོལ་བོད་ཀྱི་རྩོམ་པ་པོ། སྐུ་ཁམས་བཟང་། སྐུ་ཉིད་ཀྱིས། རྩོམ་ཟིན་པའི་སྙན་ཚིགས་རེ་ཟུང་མ་གཏོགས་གསར་དུ་རྩོམ་པའི་དུས་སྐབས་མེད་པ་ཡིན་ནམ། ཕྱག་གི་མཛུག་མོ་ནི་ཁམས་བཟང་ཡིན་ཤས་ཆེ། ཡང་ན་བོད་སྤྱི་བའི་བྱ་བཞག་གི་བྲེལ་ཟིང་གིས་མ་ཁོམས་ཡིན་རྒྱུ་ཨི་ཡིན། གངས་ཅན་སྤྱི་ཤོད་སྤྱི་མཐུས་ལས་ཤག་ལས་བྲིས་ཟེར་བ་གོ་ནོར་མིན་ན་མཆན་ཁ་ཤས་ལས་མཐོང་བྱུང་།་དེ་ཡང་ཡིན་ས་མ་རེད།
ཨ་རོ་བེ་རི་ལགས། ང་ཚོའི་ཁྱོད་བོད་སྥྱི་བའི་རྩ་དོན་ཆེད་སྥྱི་པའི་འཐུས་མིར་འདེམས་པ་ལས་ཁྱེད་རང་གི་སྙན་རྩོམ་ལ་རྒྱ་མི་སྐྲག་གི་རེད་བསམ་ནས་འདེམས་པ་མིན། དྲ་ངོས་གང་ས་གང་ལ་ཁྱོད་སླེབས་བསྡད་པ་འདིར་བལྟས་ན་སྥྱི་འཐུས་ལྷན་ཁང་འདིར་རྩོམ་འབྲི་རྒྱུ་ལས་ལས་འགན་གཞན་ཅང་མེད་པ་འདྲ་།
རིགས་པའི་རེ་གྲི་གཞན་སྐྱོན་མ་གསུངས་ཡ།།
སུ་ཞིག་མ་དགའ་མི་དེའི་སྡུག་སྔལ་ལས།།
བེ་རི་འཇིགས་མེད་མཁས་དབང་ཡིན་པ་དང་།།
སྐུ་འོས་སྤྱི་ཡིན་པ་འགྱོན་ཐང་རེད།།
བོད་རིགས་ཚང་མས་དེ་ལྟར་དངོས་མཐོང་ན་།།
ཁྱོད་ཀྱི་མོ་ཁ་ཁ་རོགས་མི་འདུག་པ་།།
སོ་སོའི་འགྲོ་ལུགས་མ་ཤེས་ངོ་མ་རེད།།
ཞེན་ཁོག་མ་བཟོ་རྒེན་རྟག་གཞན་གྱི་གྱི་མཐོང་།།
ཨ་མདོ་ཡིན་ན་ཨམ་སྐད་སྐྱོན་མི་དགོས།།
ཁམས་པ་ཡིན་ན་ཁོ་རེ་ཟེར་མི་དགོས།།
དབུས་པ་ཡིན་ན་ལབ་གསོ་ཞུ་མི་དགོས།།
ཐུགས་དགོངས་མ་ཚོམ་གྲོགས་པོའིི་སེམས་གཏམ་ཡིན།།
ཨ་ཁུ་བེ་རི་ལགས། ལག་ཟུང་ཐལ་མོ་སྦྱར་ཏེ་ཞུ་གསོལ། ཁྱེད་ཀྱིས་ཚིགས་བཅད་ཐ་ཐོར་དང་ཀ་རྩོམ་རེ་ཟུང་འབྲི་ན་ཐང་།
སྒྱུ་རྩལ་གྱི་དྲི་དང་བྲལ་ལ་སྡེབ་སྦྱོར་གྱི་བརྗོད་པ་མི་བདེ་བའི་རྩོམ་ཉོག་འདི་འདྲ་མི་འདྲི་བའི་རེ་བསྐུལ་ཞུ།
མི་འབྲི་རོགས་ཞེས་་་་བཅོས་དགོས
འབྲི་དང་མི་འབྲི་རང་དབང་རེད། དེ་ལ་འདོད་མིན་འདོད་ཀྱི་རྐྱོན་རྩོམ་བྲིས་པ་དེ་ཡང་མང་གཙོའི་འགྲོ་ལུགས་མཆིས། ཡང་བེ་རི་བྲིས་བ་དེ་ཚོ་ཁྱེད་ཀྱིས་ཀློག་མི་ཀློག་རང་དབང་རེད་མ་གཏོགས་བཙན་བཀའ་བསྐུལ་མཁན་དེ་བས་མེད་པ་ངེས། ཡིན་ཡང་ཁྱེད་ཀྱིས་དོན་མེད་རྩོམ་པ་པོའི་བཤད་བརྗོད་ཀྱི་རང་དབང་བཀག་ཐབས་བྱ་ན་མི་འོས་མ་ཞིག་རེད་སྙམ།
རང་དབང་ཡོད་ཅེས་གླེང་མི་དགོས།།
རང་དབང་ལུང་པའི་ནང་དུ་ཡོད།།
མ་འབྲི་རོགས་ཅེས་ཞུ་མི་དགོས།།
གསར་རྩོམ་མེད་པ་ཐག་ཆོད་རེད།།
བཀུར་འོས་བེ་སྨྱོན་གྱི་སྙན་ངག་ནི། ཡིག་གེ་ཀློག་མི་ཤེས་པ་རྣམས་ཀྱི་རྣ་བར་སྒྲོགས་ན་ཡང་གོ་ཐུབ་པ་དང་། མཁས་པ་རྣམས་ཀྱི་དཔྱད་ན་ཡང་གོ་རྒྱུ་དང་དཔྱད་རྒྱུ་ཡོད་པའི་ཐུན་མིན་ཞིག་རེད
བེ་རི་ཝེ། ད་མཚམས་ཞོགས། ཁྱོད་རང་དུས་བབ་ཚང་གི་གནམ་ལྕགས་ཚང་ལ་སོང་ནས་གྲོས་ཚོགས་ཀྱིས་བཞག་པའི་བྱས་རྗེས་དེ་ལ་འགྲེལ་བཤད་རེ་རྒྱག་རོགས།
ཞབས་འདྲེན་ཞུས་ནས་འདུག
ཁམས་པའི་སྤྱི་འཐུས་ལ་ཁྱོད་འདྲ་བ་ཞིག་མི་མ་རེག་ནས་བཞག་པ་རེད་མ་གཏོགས།
ཁྱོད་རང་འཇོན་དྲགས་ནས་བཞག་མེད་པ་ཤེས་དགོས་པ་རེད།
ད་དུང་སྙན་ངག་འདྲ་བོ་ཞིག་ཀྱང་འབྲི་ཤེས་ཀྱི་མི་འདུག
འཇོན་མདོག་མ་སྟོན་རོགས།
མི་ལོ་བཞི་བཅུ་ལྔ་བཅུ་ཟིན་ནས་ད་དུང་འདི་འདྲ་མ་གཏོགས་མ་འཁྱོངས་བ་ནི་
དངོས་གནས་ངོ་ཚ་དགོས་པའི་གནས་ཤིག་རེད།
དེ་ངོ་ཚ་བའི་གནས་ཤིག་ཡིན་པ་ཤེས་ཀྱིན་མེད་པ་ནི་དེ་ལས་ཀྱང་ངོ་ཚ་ནས་འབར་དགོས་པ་ཞིག་རེད།
སྙན་ཆ་ནི་མི་འདུག སྒྱུ་རྩལ་གྱི་དྲོ་བ་ཡང་དེ་ཙམ་མི་འདུག འཚོ་བ་དངོས་ཀྱི་བརྗོད་དོན་ཞིག་ནི་ཅང་མ་རེད་བྱ། བལྟས་ཀྱིན་བལྟས་ཀྱིན་སྨྱོ་ལབ་འདྲ་བོ་ཞིག་ཀྱང་མཐོང་ཡོང་གི་འདུག
ཙོང་ཁ་པ་དང་། མིའུ་ཕྲུག་ལགས། སྒྱུ་རྩལ་གྱི་དྲི་ངེད་ཟེར་བ་དེ་ཅི་འདྲ་ལ་ངོས་འཛིན་བྱེད་ཀྱི་ཡོད། རང་རང་སོ་སོར་མ་གཏོགས་སུས་ཀྱང་ཤེས་མི་ཐུབ་མཁན་གྱི་གང་དྲན་ཨེ་མ་་་་་་་་་་་་་་་འམ་་་་་་་་་་སྐྱེ་མ་ཟེར་བའི་ཚིག་རིས་གྱིས་དྲངས་པ་ཞིག་ལ་ཟེར་བ་ཡིན་ནམ། སྐབས་རེ་རྩོམ་མཁན་རང་ཉིད་ཀྱིས་ཀྱང་། རྩོམ་ཟིན་པའི་རྗེས་སུ་ནང་དོན་གཞི་ནས་བཙལ་ནས་འདི་འདྲ་ཟེར་བ་ཡིན་རྒྱུ་རེད་ཟེར་བ་དང་། ཡང་ཕ་ཆེར་འདི་འདྲ་ཟེར་བ་རེད་ཟེར་ནས་འགྲེལ་བ་རྒྱག་མི་ཐུབ་པ་དེ་འདྲ་ལ་ཟེར་བ་རེད་དམ།
སྔོན་མ་འཇུ་སྐལ་བཟང་གིས་ཁོའི་སྙན་ངག་གི་སྒྱུ་རྩལ་དེའི་རོ་མྱོང་པ་ལ་མི་ལོ་བཅུ་ལྷག་འགོར་བའི་བཤད་ཚུལ་ཞིག་ཡོད་རབ་རེད་དེ། མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་རྣམས་ཀྱི་གཙོས། བོད་ཡིག་ལ་མཁས་པ་དེ་རྣམས་ཀྱིས་ཀྱང་ད་དུང་གོ་མི་ཤེས་པ་དེ་འདྲ་ཞིག་ལ་ཟེར་བ་ཡིན་ནམ། དེའི་ཐོག་ལ་བགྲོ་གླེང་བྱེད་སྙིང་འདོད།
མཁས་དབང་བེ་སྨྱོན་གྱི་སྙན་ངག་རྐང་གསུམ་ཟེར་པ་འདི། སྙན་ངག་ཡིན་ནམ སྨྱོ་ལབ་ཡིན་ཤེས་མ་སོང་མ་གཏོགས། ཁོང་གི་སྙན་རྩོམ་གཞན་རྣམས་ལ་གོ་བདེ་བོ་ཞིག་འདུག་པས། བསྟོད་བསྔགས་ཡོད།
ཁོང་གི་སྙན་རྩོམ་གཞན་རྣམས་ལའང་བསྟོད་བསྔགས་མེད།
མིའུ་ཕྲུག་
རིགས་པའི་རེ་གྲི་
ཙོང་ཁ་པ་
འཆི་བདག་སྐྱབས་
ཟེར་བའི་ཟིན་བྲིས་པ་ལགས
དུས་ཚུད་བློས་བཏང་ནས་བཏང་བཟང་དང་བདེན་གཏམ་གང་ཡང་བཤད་རྒྱུ་མེད་པའི་མི་ངན་ཁྱེད་འཚོ་ག་ནས་ཡིན་པ་ཤེས་ཀྱང་དོན་དངོས་ཐོག་ཁ་བརྡ་ཟིན་བྲིས་པའི་རང་དབང་གི་ཁ་ཕྱོགས་ལ་བསམ་ཞིབ་དགོས་ན་
བྱེད་ཁུལ་གྱི་ཚིག་ངན་འདིར་མི་གླིང་ན་དགའ་
འཆི་བདག་སྐྱབས་ལགས
སྔོན་མ་པན་ཆེན་སྐུ་གང་མ་གཞུགས་ཡོད་སྐབས་བོད་མི་མང་པས་ཚོང་པ་རྒྱག་པ་ཞེས་སྐུར་བ་བཏགས་ནས་ཚོགས་ངན་བཟོ་ཡོད། ཕྱིའི་མི་ཚོས་ཟེར་སྲོལ་ཞིག་ཡོད་པ་ནི་བོད་མི་ཚོའི་སྣང་མེད་སྤྱོད་ཚུལ་དེ་རེད།
ངའི་ཞུ་དོན་སྙིང་པོ་ནི། བོད་མི་ཚོས་རང་མི་རིགས་ཀྱི་མཁས་པ་ཡོངས་ལ་དོན་མེད་སྐུར་མ་བཏགས་རྒྱུ་དང་། དེ་མེད་བོད་མི་ཕར་ཕྱོགས་ཀྱི་ཡོན་ཏན་ལ་རང་ཤེས་ཡོན་ཆུང་དྲག་པའི་དབང་གིས་མཟོད་མ་ཐུབ་ནས་སྨྱིག་མིང་གྱི་ལམ་ངན་བེད་སྤྱོད་ནས་ཚིག་ངན་མརྗོད་མ་ནི་ལས་ལ་མི་འགྲོ་ཞིང་བོད་མི་ཡིན་ཟེར་བའི་བཟང་སྤྱོད་དང་བྲལ་ཡོད་སྙམ།
དེ་ནས་འཆི་བདག་སྐྱབས་ལགས་ལ་བཤད་རྒྱུ་ཞིག་ནི་བོད་མི་རིགས་འདིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་ཐད་མཁས་པའི་བེ་འཇིགས་ནེ་སྤྱིར་ན་བོད་དང་ཡང་དགོས་ཁམས་མི་ཚོར་དགོས་པའི་ནོར་བུ་ཞིག་གོ།
དེ་དང་ལྷན་དུ་ཁྱེད་ལ་གསལ་བཤད་གཅིག་ནི་བེ་འཇིགས་མདོ་སྟོད་ཀྱི་སྐུ་ཚབ་ཐོག་སྤྱི་འཐུས་ལྷན་ཚོགས་ནང་མེད། སྐུ་འོས་བེ་འཇིགས་ལགས་ནི་མདོ་སྟོད་ཀྱི་སྤྱི་འཐུས་ཡིན་ན་ཁམས་མིའི་བསོད་ནམས་ཡིན་དྲན། ཁོང་ཉིད་ནི་དགེ་ལུགས་ཀྱི་སྐུ་ཚབ་ངང་ནས་སྤྱི་འཐུས་ལྷན་ཚོགས་ནང་ཡོད་པ་རིད་ད། སྔོན་ལ་བེ་རིཌྷའི་སྐོར་གསལ་དབང་མ་ཤེས་གོང་ཁོང་གི་ཡོན་ཏན་ཐད་སྔོན་དཔག་མ་བྱེད།
བཅོས་་་མཟོད་དེ་བཟོད་ལ་གོ་དགོས་
བཅོས-སྨྱིག་དེ་སྨྱུག་ལ་གོ་དགོས་
ལ་ལ་གོ་མེད་ཚིག་མདུད་རྒྱག་ལ་ངལ། །
ལ་ལ་འབྲེལ་མེད་ཚིག་མཚོན་སྣུན་ལ་འབད། །
ཁ་གསལ་དོན་ལེགས་སྙན་པར་སྨྲ་བ་དག །
ཁ་སང་དེ་རིང་མིག་གི་ཡུལ་དང་བྲལ། །
མིའུ་ཕྲུག་འདི་ཁ་བདེ་བོ་འདུག་ཟེར་ནས་ཏོག་ཙམ་ཡར་བཏེགས་པ་དང་ལམ་སེང་མིའི་མགོ་ལ་རྟ་རྒྱུག་རྒྱུ་ཐོན་ཚར་འདུག འཆི་བདག་གྲོགས་པོ། ད་ཁྱོད་མའོ་ཀྲུང་ཞི་དྲན་གྱིན་དྲན་གྱིན་རྡ་རམ་ས་ལ་འགྲོ་སྡོད་ཀྱི་ཨེ་ཡོད། ཧ ཧ ཧ། བེ་རི་ཁམས་པའི་སྤྱི་འཐུས་ཡིན་ས་མ་རེད། དགེ་ལུགས་ཟེར་མཁན་གྱི་ཆོས་བརྒྱུད་ཟེར་མཁན་དེའི་སྤྱི་འཐུས་ཟེར་མཁན་དེ་ཡིན་ས་རེད།
ངོ་མ་འཇོན་ཐང་མེད་མཁན་གྱི་སྤྱི་འཐུས་མང་པོ་ཞིག་ནི་འཆི་རྒྱུ་མེད་པའི་བཟོ་འདྲ་བོ་འདུག ཨ་ཙི་དེ་འདྲ་དང་ཟེར་ག་ལ་ཉན། སྤྱི་འཐུས་ཟེར་བ་འདིའང་ཁྱད་ལས་ཤིག་ཏུ་གྱུར་ནས་རང་གི་འཇོན་གྱི་ཡོད་ནའང་འདྲ། མེད་ནའང་འདྲ་རྐུབ་སྟེགས་འཛིན་རྒྱུ་དེ་ནི་ཕྱི་རྒྱལ་བ་ཚོ་ལྟར་རང་གི་འཚོ་ཐབས་ཤིག་ཏུ་གྱུར་ཚར་བ་འདྲ།
འདི་བེ་རི་དགེ་བཤེས་ལ་དམིགས་ནས་ཟེར་གྱིན་མེད་དཱ། ངེད་ཚོས་ལྟ་སྟངས་གསར་པ་འདི་འདྲ་ཞིག་གི་འོག་ནས་ལྟ་དགོས་ཀྱི་མེད་ན།
མ་ཞིག་ནས་སྤྱི་འཐུས་ཟེར་དུས་མི་འཇོན་ཐང་ཡོད་མཁན་ཚོ་གནས་ཐུབ་པའི་འཁོར་ཡུག་གཅིག་ཡིན་ཚད་མི་འདུག ཨ་ཙི་དེ་ཡང་ཟེར་ག་ལ་ཉན། སྤྱི་འཐུས་རེ་ཟུང་ནི་སེམས་ཤུགས་དང་རེ་ཟུང་ནི་འཇོན་ཐང་ཡོད་མཁན་དེ་འདྲ་ལོས་ཡོད། ད་ངས་ཙི་ཙི་འདིའི་སྐེ་བཙིར་ནས་བཤད་མཚམས་འདི་ལ་འཇོག་གོ
ངོ་མ་འཇོན་ཐང་མེད་མཁན་གྱི་སྤྱི་འཐུས་མང་པོ་ཞིག་ནི་འཆི་རྒྱུ་མེད་པའི་བཟོ་འདྲ་བོ་འདུག ཨ་ཙི་དེ་འདྲ་དང་ཟེར་ག་ལ་ཉན། སྤྱི་འཐུས་ཟེར་བ་འདིའང་ཁྱད་ལས་ཤིག་ཏུ་གྱུར་ནས་རང་གི་འཇོན་གྱི་ཡོད་ནའང་འདྲ། མེད་ནའང་འདྲ་རྐུབ་སྟེགས་འཛིན་རྒྱུ་དེ་ནི་ཕྱི་རྒྱལ་བ་ཚོ་ལྟར་རང་གི་འཚོ་ཐབས་ཤིག་ཏུ་གྱུར་ཚར་བ་འདྲ།
ཡ་ད་ཡིན་ན་སྤྱི་མཐུས་ཀྱི་སྐོར་ཅུང་གླེང་སྙིང་འདོད། སྒྱུ་རྩལ་གྱི་སྐོར་ལ། བགྲོ་གླེང་བྱེད་འདོད་ཅན་མེད་ཀྱི།
༡ སྤྱི་མཐུས་དང་བཀའ་བློན་གཉིས་ཀྱི་བར་ལ། ཁྱད་པར་གང་ཡོད་དམ།
༢སྤྱི་མཐུས་ལྷན་ཁང་དང་། བཀའ་ཤག་གཉིས་ལ་ཁྱད་གང་ཞིག་ཡོད་དམ།
༣་་སྤྱི་མཐུས་ཚོག་གཙོ་དང་བཀའ་བློན་ཁྲི་བ་གཉིས་ལ་ཁྱད་པར་ཅི་ཡོད་ནི་རེད།
༤ ཆོས་ལུགས་སྤྱི་མཐུས་དང་། ཆོལ་ཁའི་སྤྱི་མཐུས་གཉིས་ཀྱི་བར་ཁྱད་པར་གང་ཡོད་དམ
༥ ཆོས་བརྒྱུད་་སོ་སོར། སྤྱི་མཐུས་དགོས་པའི་རྒྱུ་མཚན་གང་རེད།
༦ ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཆོས་སྲིད་གཉིས། མི་གཉིས་ཀྱིས་གཅིག་ཁ་ཤར་དང། གཅིག་ནུབ་ཏུ་བལྟས་ཏེ་སྐད་ཅིག་ཀྱང་མི་སྡོད་པར་སོང་ན། དེ་གཉིས་འཕྲད་པའི་དུས་མི་འབྱུང་བ་དང་འདྲ་བ་ཡིན་ནོ།
གང་ལྟར་ཞབས་འདྲེན་རང་རེད།
སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པའྀ་སྐད་གདངས་གཅིག་གྱུར་སྐོར་གྱི་བགྲོ་གླེང་ཚོགས་དུས་ཀྱང༌། བོད་ཀྱི་སྤྱི་སྐད་ནི་ཁམས་སྐད་ཡིན་ཚུལ་དང༌།
ཁམས་སྐད་ལས་ཀྱང་བེ་རིའི་སྐད་ཡིན་ཚུལ་བཤད་མཁན་འདི་གླེན་པ་མིན་ན་སུ་ཞིག་གླེན་པ་ཡིན།
དེ་བས་ཁོང་ལ་ངས་ནམ་ཡང་ཤེས་ཡོན་པ་ཞིག་གི་འདུ་ཤེས་འཛིན་མི་སྲིད།
ཨ་ཁ་དྲྭ་གྲོགས་བློ་ཆུང་། འཆར་ཡན། ནང་ཆོས་ཨམ་ཞིག་གིས། ཞལ་ལག་རག་གིན་ཡོད་ཟེར་ནས། བོད་ཀྱི་ཁྱབ་སྲིད་ལ་དོ་སྣང་གཏན་ནས་མེད་མཁན་གྱི། སྒོམ་སྡེ། ཀླུ་སྨྱོན། གཞོན་ནུ་ཟླ་མེད། རིག་པའི་རལ་གྲི། མིའུ་ཕྲུག མཁའ་འགྲོ་མཚོ། ཁྱེད་རྣམས་བོད་པར་སྐྱེས་གོ་མ་ཆོད་འདུག བུ་མོ་ཚེ་རིང་སྐྱིད་ཀྱི། ལྷག་བསམ་དང་། སྒྱུ་རྩལ། སྙིང་སྤོབས་དང་། ཤེས་འཇོན་ཡང་མེད་ཀྱི།
གང་དུ་ངས། ཆོས་སྲིད་ཟུང་འབྲེལ་ཟེར་བ་ཞིག་ལར་ནས་ཡོང་རྒྱུ་མེད་པར་དཔེས་གསལ་བར་བྱས་ཀྱང་། ཐམས་ཅད་ཀྱིས་ང་དྲྭ་གྲོགས་གསར་བ་ཞིག་རེད་བསམ་ནས། མཐོང་ཆུང་བྱེད་པ་ཡིན་ཤས་ཆེ། ལན་གང་ཡང་གནང་མཁན་མི་འདུག
བོད་ནས་གསར་དུ་ཕེབས་པ་རྣམས་ལ་མཐོང་ཆུང་བྱེད་པ་ལ་ཐུགས་ཁག་མི་འདུག དྲ་གྲོགས་གསར་བ་ལ་རྣམ་དཔྱོད་ཡོད་མེད་དང་བོད་ལ་ལྷག་བསམ་ཡོད་མེད་ལ་མ་ལྟོས་ནས། ཁྱད་གསོད་མཐོང་ཆུང་འདི་ལར་ནས་མ་འོས།
སྤྱིར་ཁ་བརྡ་འདི་རང་དབང་ལུང་པ་སྡད་པའི་དྭངས་ལོང་པས་གོ་སྒྲིགས་གནང་བ་རེད་ཟེར་བ་ཞིག་ཐོས། དེ་ཡིན་ན། ང་ཚོའི་ཆད་ལ་ཉེ་བའི་བོད་དང་བོད་ཀྱི་རིགས་གཞུང་གི་སྲོག་དེ་ལ། ཕན་དུ་ངེས་པའི་གསོ་ཐབས་ཡོད་མེད་དང་། ཡོད་ན་འབད་པ་ཅི་འདྲ་ཞིག་བྱེད་དགོས་མིན། སོགས་ཀྱི་བགྲོ་གླེང་བྱེད་ན། སྟུ་འཇེ་རྒྱོ་ཚུལ་སོགས་སྨྲས་པ་ལས་ཕན་གོ་ཆེ་ངེས།
སྤྱིར་སེམས་ཁམས་རིག་པའི་སྒོ་ནས་ཞུས་ན། དང་པོ་བོད་ཀྱི་ཆགས་སྲེད་ཀྱི་རིག་གཞུང་ཟེར་བ་ཞིག་ཡོད་དང་མེད་ཀྱི་སྐོར་བགྲོ་གླེང་བྱས་ན། ཕལ་ཆེར་བརྒྱ་ཆ་གོ་དགུ་ཐམས་པས་དགའ་མོས་བྱེད་པར་མཐོང་།
བོད་ཀྱི་བུད་མེད་རྣམས། གཉིས་སྦྱོར་གྱི་སྦྱོར་བ་བྱེད་སྐབས་ཀྱང་ཞབས་སུ་ཉལ་བ་དེ་སྟེང་དུ་འཛེགས་པ་ལས་ཀྱང་དགའ་བའི་བྱོལ་ཞིག་འདུག་པས་གང་ཡིན་ནམ། རང་མོས་ཀྱིས་མགྲོན་ཁང་དུ་སྤྱོད་སྐབས་སུ། ད་དུང་འདོད་སྐད་འདོན་དགོས་ཀྱང་འདོན་པའི་སྤོབས་པ་མེད་པ་འདི་སུས་ལེན་པ་རེད། བོད་ཀྱི་མི་རུ་བཞི་ཡི་རུ་གཅིག་གིས་དཔལ་འབྱོར་བསྡུ་རུབ་བྱེད་པ་དང་། རུ་གསུམ་གྱིས་དེ་ལ་སྤྱོད་ཀྱང་བྱེད་པ་འདི་རྒྱུ་མཚན་གང་ལ་ཐུག་པ་རེད།
སྙིང་རྗེ་ཆོས་འཕེལ། སྐུ་ཞབས་གསར་བ་ལ་མཐོང་ཆུང་བྱེད་པ་མ་རེད། ང་ཡང་དྲྭ་རྒྱ་འདིར་གསར་པ་ཞིག་ཡིན། བྲིས་དག་ཆ་ཡང་ཡག་པོ་ཤེས་ཀྱི་མེད། “ཀར་ཅ” ལ་མཐོང་ཆུང་བྱེད་པ་ནང་བཞིན་ཁྱད་གསོད་བྱེད་མཁན་མི་འདུག
བགྲོ་གླེང་ཡག་པོ་བྱེད་ཀྱི་འདུག་ལ། བྲིས་དག་ཆ། སྙན་ངག་བྲིས་ཚུལ་སོགས་ལ་ཕན་པ་ཆེན་པོ་འདུག སྐུ་ཉིད་ལ་དྲྭ་རྒྱ་འདིར་ཕེབས་པ་ལ་ཡག་སོང་ཟེར་བགྱི་ཡིན།
གར་སྲིད་ཉིད་ཀྱིས་བོད་ཀྱི་བསྟན་པ་དང་ཆབ་སྲིད་སྐོར་ལ་བགྲོ་གླེང་བྱེད་དགོས་ན། སྐུ་ཞབས་བེ་སྨྱོན་གྱིས་རོག་གཏན་གཏན་བྱེད་སྲིད། ཉིད་ཀྱིས་མཁྱེན་ཚོད་ལ། ཁོང་ད་ལྟར་སྤྱི་མཐུས་ཕྱག་ལས་བསྟར་བཞིན་རེད། སྙན་ངག་རྩོམ་ཉོབ་སྔོན་བྲིས་ཟིན་པ་མ་གཏོགས་གསར་རྩོམ་བྱེད་པའི་ལོང་ཁོམས་མེད་པར། བོད་ཀྱི་ཆབ་སྲིད་ལ་ཉིན་མཚན་བར་མེད་ཀྱིས་བཞུགས་ཚོད་ལ། ཉིད་ལ་དྲི་བ་འདྲ་ཡོད་ན། ཁོང་གིས་ལན་ཡོད་ངེས་རེད།
གུས་པ་ནི། སྐུ་ཉིད་ཀྱིས་གསུངས་དོན་ལྟར། ཀླད་རྙིང་དྲི་ངེད་གང་སར་ཁྱབ་པའི་གསར་འབྱོར་བ་ཞིག་ཡིན། ནང་ཆོས་ཚུལ་བཞིན་སྒྲུབ་པའི་སྐལ་བ་མ་བྱུང་ན་ཡང་། སེམས་ཁམས་ཕྱི་ནང་མེད་ཤཀྱའི་ཆོས་ཀྱི་མཚོན་གྱིས་བསྒོས་པ་ཞིག་ཡིན།
བོད་ལ་ཞེན་ཆགས་མེད་པ་མིན་རུང་། ཆབ་སྲིད་ཀྱི་སྐོར་ཡག་པོ་ཞིག་ཤེས་ཀྱི་མེད། དཔེར་ན། རང་རེའི་བཙན་བྱོལ་གཞུང་འདི། ཆོས་སྲིད་ཟུང་འབྲེལ་ཞིག་ཡིན་ཟེར་བ་ལྟར་ན། དགེ་འདུན་གྱི་སྡེ་ལ། གང་ཟག་སྒེར་བའི་སྤྱོད་པ་ལ་མ་ལྟོས་པར། སྔོན་སྲོལ་བཞིན་མཐོང་ཆེན་དང་། གུས་ཞབས་གྲལ་རིམ་ཆོས་བཞིན་བྱེད་དགོས་ངེས་ཞིག་རེད་དེ། དེ་ནི་གང་བྱུང་ལས། མེད་པ་དེ། དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་གི་དབུར། བུའི་ལུས་ལས་ངལ་བའི་ཁུར་ལྷག་ཆེ་བས་དམན་པའི་སྐྱེ་དམན་རྣམས་འཛེགས་བཞིན་པ་དང་། ཚོགས་འདུ་ཆེན་པོའི་སྐབས་སུ། སེར་སྐྱའི་གྲལ་རིམ་ཟེར་གང་ཡང་མེད་པར་བལྟས་ན། མང་གཙོ་རང་དབང་དང་ལྡན་པར་མཚོན་ནུས་ཀྱང་། ཆོས་སྲིད་ཟུང་འབྲེལ་གྱི་དྲི་ཙམ་གྱིས་མ་གོས་པར་མཐོང་གིན་ཡོད།
ནུབ་ཕྱོགས་པའི་མཁས་པ་ཞིག་གིས། ཆོས་སྲིད་གཉིས་ཀྱི་དབང་ཆ་དེ་གང་ཟག་གཅིག་གིས་ཟིན་པ་དེ་ལ་ཆོས་སྲིད་ཟུང་འབྲེལ་གྱི་ངོས་འཛིན་བྱས་པའི་རྗེས་སུ་འབྲངས་ནས། བོད་ཕྱི་ནང་ཚང་མ་དེའི་རྗེས་སུ་འབྲངས་ཀྱི་འདུག་སྟེ།
ཉིད་ལ་ཕན་ངེས་ཀྱི་ལས་གསལ་ཁ་ཅན་ཞིག་ཞུ་ཚོད་མ་ཐིག
སྟུ་འཇེ་གླེང་ན་མིའུ་ཕྲུག་མེ་སྒྱོགས་ཁུག།
གསར་བཟོ་བྱས་ན་ཀླུ་སྨྱོན་ཡེ་ཤེས་ཁུག།
ཕྱོགས་ཞེན་སྨྲས་ན་གསེར་ཆོས་རིན་ཆེན་ཁུག།
བོད་དོན་གླེང་ནཀུན་ཀྱང་བྲོས་པས་འཕོང་།།
ང་རྒོད་དེ་ལ་རྡོ་ཞིག་མ་ཐེབ་ན།།
རིག་པའི་ངར་རྩལ་འདོན་མཁན་དཀོན་གྱུར་པས།།
གཏིང་ནས་དཀྲུགས་ཤིང་ཚིག་འགའ་འཕེན་བཤམས་ཀྱང་།།
མཆུ་རྩེ་མཐུག་པོའི་བར་ནས་དབྱུངས་མ་ཐུབ།།
རིག་པའི་རལ་གྲི་ལགས། ངས་སྟུ་མཇེ་བཤད་འགོ་བཙུགས་པ་གཅིག་ཀྱང་མེད། ཡིན་ནའང་སྟུ་མཇེ་དང་འབྲེལ་བ་ཡོད་པ་མང་པོ་ཞིག་བྲིས་ཡོད། ངས་སྟུ་མཇེ་བྲིས་པ་ལས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་སྐོར་བཤད་པ་ལྡབ་འགྱུར་སུམ་འགྱུར་གྱིས་མང་བ་ཡོད་ཀྱང་། ཁྱེད་རང་གི་བསམ་བློའི་མཁའ་དབྱིངས་སུ་ངས་བྲིས་པའི་སྟུ་མཇེའི་མཛེས་རིས་མང་པོ་ཞིག་གསལ་བོ་འཆར་བཞིན་པའི་རྐྱེན་གྱིས་ཁྱེད་རང་གིས་དྲང་པོའི་ཐོག་ནས་བསམ་བློ་འཁོར་རྒྱུའི་བློ་ཁ་སྒྲིབ་པ་རེད།
ཁྱེད་རང་གིས་གོང་དུ་དྲི་བ་འགའ་དྲིས་འདུག དེ་ལ་ལན་འདེབས་མ་བྱ་གོང་དུ་སྔོན་འགྲོའི་ཆོ་ག་ལྟ་བུ་འདི་འདྲ་ཞིག་འབྲི་འདོད་སོང་།
ངས་དུས་འཁོར་དང་སྦྱར་ནས་བཙན་བྱོལ་སྲིད་གཞུང་དང་སྤྱི་ཚོགས་ལ་འགྲེལ་བཤད་ཅིག་ཞུའོ།
བཙན་བྱོལ་སྲིད་གཞུང་འདི་ལའང་ཕྱི་ནང་གསང་གསུམ་གྱི་ཆབ་སྲིད་ཡོད། ཕྱི་ནང་གི་འཁོར་ཡུག་ཡོད་ཚད་ལ་དབང་བསྐུར་ཀྱི་དམ་ཚིག་མཐུན་པ་མ་གཏོགས་མི་མཐུན་པ་རྣམས་སྤྱི་ཚོགས་ནས་མཐར་སྐྲོད་བཏང་དང་གཏོང་བཞིན་པ་རེད།
༡༽ ཕྱིའི་ཆབ་སྲིད་ནི་དམངས་གཙོ་ཡིན་པའི་ངོ་གདོང་དེ་ཡོད། ངོ་གདོང་ཙམ་རེད། འདི་ནང་དུ་མྱོང་ཞིང་འཁོར་བཞིན་པ་ནི་བོད་མི་ཕལ་མོ་ཆེ་རེད། གཞུང་འདི་དམངས་གཙོ་མ་རེད། འདི་དམངས་གཙོ་ཆགས་མི་ཐུབ་པའི་རྒྱུ་རྐྱེན་གསུམ་ཡོད།
གཅིག་ནི་གོང་གི་གཟི་བརྗིད་དང་།
གཉིས་པ་ནི་འོག་གི་དད་པས་བཟིས་བའི་ར་ལུག་ཚོ་དང་།
གསུམ་པ་དེ་ནི་ར་ལུག་བེད་སྤྱོད་གཏོང་མཁན་གྱི་མི་ངན་གཏེ་བོ་རྣམས་རེད།
ལུག་རྫི་དང་ར་ལུག་ལྟ་བུའི་འབྲེལ་བ་འདི་སེམས་བསྐྱེད་བྱེ་བྲག་པ་ཞིག་ཏུ་སྦྱར་ན་འོས་པ་ཞིག་ཡིན་སྲིད་ཀྱང་སྤྱི་ཚོགས་ཅིག་ཏུ་གོང་འོག་གི་ཆ་རྐྱེན་འདི་འདྲ་ཞིག་གི་འཁོར་ཡུག་ནང་དུ་དམངས་གཙོ་ཡང་དག་པ་ཞིག་འཛུགས་མི་ཐུབ་ལ་བཙུགས་པའང་གནས་མི་ཐུབ།
༢༽ ནང་གི་ཆབ་སྲིད་ནི་ཆོལ་ཁ་ཕན་ཚུན་དང་ཆོལ་ཁ་ནང་ཁུལ་གྱི་ཆབ་སྲིད་རེད། འདི་བཤད་ན་མགོ་ན་རོགས་རེད།
༣༽ གསང་བའི་ཆབ་སྲིད་ནི་གསང་བ་ཆེན་པོ་ཡིན་པས་བཤད་ན་དེ་བས་ཀྱང་མགོ་ན་རོགས་རེད།
སྡུག་ཤོས་ཤིག་ལ་གོང་འོག་ཚང་མས་བོད་ཀྱི་རྩ་དོན་ཡིན་ཁུལ་བྱེད་ནས་འགྲོ་གི་ཡོད་ཙང་འདི་དག་ལ་སྐྱོན་འཛུགས་བྱེད་ན་རང་ཉིད་སྤྱི་ཚོགས་ནས་བུད་འགྲོ་བའི་ཉེན་ཁ་ཡོད་པ་མ་ཟད་རང་སྲོག་ལའང་ཉེན་ཁ་ཡོད་པ་རེད། འདིའི་རིགས་ངེད་ཚོའི་སྤྱི་ཚོགས་ནང་དུ་སྔར་ནས་ཡོད་པ་ཞིག་རེད་ལ་ད་ལྟའང་ཡོད་བཞིན་པ་ཞིག་རེད།
ད་ལྟའི་བོད་པའི་བྱེད་སྟངས་མང་པོ་ཞིག་ལ་བལྟས་ན་fucked up ཙམ་མ་གཏོགས་ག་ཚོད་རྒྱུས་ལོན་ཡོང་བ་དེ་ཚོད་ཀྱིས་སེམས་ཤུགས་ཆག་པ་ལྟ་བུ་རེད།
ད་དུང་སྤྱི་འཐུས་དང་བཀའ་བློན་དང་ཆོས་སྲིད་ཟུང་འབྲེལ་སོགས་ལ་ལུང་རིགས་དང་སྦྱར་ནས་འགྲེལ་བཤད་ཅིག་དགོས་ཀྱི་འདུག་གམ།
རིག་པའི་རལ་གྲི་ཁྱེད་ཀྱིས་ང་ག་བར་དེད་ཀྱང་བྲོས་ཀྱིན་བྲོས་ཀྱིན་ཁ་ལེན་སློག་ཐག་ཆོད་ཡིན། ཧཧཧཧ།
ནོར་བཅོས།
ཁ་ལེན་་་་་་་་་་་་་ཁ་ལན།
མེ་སྒྱོགས་རྒྱ་མཚོ་སྐུ་ཚེ་རིང་།།
མི་ཤེས་ཤེས་མདོག་མི་བྱེད་རོགས།།
དུས་འཁོར་ཟེར་བ་གོ་མྱོང་བས།།
བཙན་བྱོལ་བོད་གཞུང་མཐོང་མྱོང་བས།།
རིག་པའི་རལ་གྲིས་ང་སྐུ་ཚེ་རིང་ཟེར་ནས་སྨོན་ལམ་འདེབས་པ་ནི་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལོས་ཡིན།
དུས་འཁོར་ཟེར་བ་འདི་གོ་མྱོང་མཁན་མང་པོ་ཡོད་ས་རེད། ཡིན་ནའང་འདི་ཐོག་མ་གསུངས་ས་དེར་བར་སྣང་སྤྲིན་པའི་གསེང་ནས་ཡལ་སོང་བ་འདྲ། དེའི་སྐོར་ཁྱེད་རང་གིས་ང་ལ་ལམ་སྟོན་གནང་རོགས་གྱིས།
བཙན་བྱོལ་གཞུང་མཐོང་དང་མཐོང་མྱོང་། ཡིན་ནའང་དེར་ལག་པ་ཐུག་ན་འཚིག་གི་རེད་ཟེར་བ་གོ་སོང་བས་ལག་ཤུབས་གོན་གྱིན་ལ་རེག་ཙམ་ཐུག་ཙམ་བྱེད་བཞིན་པའི་སྐབས་ཡིན།
རིག་པའི་རྟུག་དྲི་དྲི་མ་ཚ་བ་ལ། །མེ་སྐྱག་རྒྱ་མཚོ་སྐྱག་དྲི་ཛོར་ར་ལ། །དྲྭ་རྒྱ་འདི་ཡང་ཛ་ར་ཛོ་རེ་བཟོས། །ད་དུང་དུས་འཁོར་ཐོག་ལ་བགྲོ་གླེང་ཨེ། །
རྐུབ་དང་ཁ་ལ་གཉིས་ཀས་བདག་གཅེས་མེད། །གཉིས་ཀ་མཁས་དང་བླུན་པོ་གང་ཡང་མིན། །བྱེད་སྟངས་སྤྱོད་སྟངས་བཤད་སྟངས་ལ་བལྟས་ན། །ཁྱོད་གཉིས་གྲོགས་པོ་བྱེད་ན་ཡག་ཤོས་འདུག །
ཧ་ཅང་འབོལ་པོའི་ཚིག་གིས་འགྲེལ་བཤད་འདི། །མ་གོ་འཆད་རྩོད་རྩོམ་པའི་རེ་བ་མེད། །གོ་ན་ལེགས་བཤད་གསེར་གྱི་མེ་ཏོག་ཕྲོང་། །འདི་ཀོ་རིག་དྲ་མེ་སྐྱག་གཉིས་ལ་ཕུལ། །
དྭ་གྲོགས་ཚོའེ་རྩེད་ཤེད་ཆེ་རུ་འགྲོ་རྒྱུ་འདུག་ག།
མེ་སྒྱོགས་ཁྱེད་སྐུ་ཚེ་རིང་བ་ཤོག་ཟེར་བའི་སྨོན་ལམ་དེ། ཁྱོད་སྐུ་ཚེ་རིང་བ་ལ་དགའ་མཁན་ཞིག་ཡིན་གྱི་རེད་བསམ་ནས་ཞུས་ཡིན། སེམས་ཅན་དགའ་ན་དགེ་བ་ཟེར་བ་དེ་རེད།
སྐྱབས་བཅོལ་གྱི་གཞུང་གི་ནང་ནས་རྩེ་ཕུད་ཀྱི་བཙན་བྱོལ་གཞུང་ལ་བལྟ་སྟངས་དེ་འདྲ་ཞིག་ཡིན་ན། སྨོན་ལམ་དེའི་ལྡོག་ཕྱོགས་གཅིག་འདེབས་རྒྱུ་བྱུང་ན་ལེགས།
ཁྱོད་རང་གིས་མ་མཐོང་ཚད་སྤྲིན་པའི་ནང་དུ་ཡལ་བ་མ་རེད། རི་ཡི་རྒྱལ་པོའི་རྩེ་མོར་འཛེགས་ནས་ལྟོས་དང་ས་ཆ་དེ་མཐོང་ཤས་ཆེ།
བཙན་བྱོལ་བོད་ཀྱིས་སྲེག་ཡོང་བསམ་པ་དེ་ནི། སྡར་མ་ཁ་ཤས་ང་དང་ང་འདྲ་དེ་རྣམས་སྦལ་བས་སོ་རྒྱག་ཡོང་བསམ་ཞེད་པ་དང་གཅིག་པ་རེད། དོན་དུ་སྦལ་བ་དེ་ནི་དུག་སྦྲུལ་བཞིན་ཆེས་གདུག་རྩུབ་ཅན་ཞིག་ལར་ནས་མིན། སྦལ་བ་ནི་ཤིན་ཏུ་ཉམ་ཆུང་ཞི་བདེ་ཅན་ཞིག་རེད།
ཁ་རྩངས་ལ་ཅུས་ཚལ་མོག་མོག་ཞིམ་པོ་ཞེ་བོ་ཟས་ཡིན། གྲོད་ཁོག་ནང་དུ་ཡུན་རིང་པོ་ཉར་རྒྱུ་མེད་པ་འདྲ། མདང་དགོང་མ་ཉལ་གོང་དུ་ཆབ་ཁང་དུ་གཏོང་དགོས་རྒྱུ་དེ་དག་གཏོང་བར་ཕྱིན་པ་ཡིན། ཨུ་ཚུགས་ཏག་ཙམ་བརྒྱབ་དགོས་བྱུང་། བར་རུ་དེ་ལ་ཆབ་ཁང་གི་ཤེལ་དཀར་གཞོང་པའི་ནང་དུ་ལྦུ་ལུ་ལྦུ་ལུ་ལྦུ་ལུ་ཟེར་བ་ཞིག་གོ་བྱུང་། གཏོང་མཚམས་བཞག་སྟེ་ཕྱིས་བལྟས་ཅིག་སློག་བ་ཡིན། གདོང་པ་ལ༼་རིན་ཆེན་༽བྲིས་བ་ཞིག་སྐྱག་གཅིན་དང་མཉམ་དུ་འཕྱོ་ཞིང་ལྡིང་ནས་ཡོད་པ་མཐོང་།
སྙིང་རྗེ། ༼རིག་པའི་རལ་གྲི་༽ཟེར་བ་ཞིག་གིས་རུས་པའི་གྲི་ཆག་ཅིག་གིས་སྐྱག་གཅིན་གིས་གསེང་ལ་བསྣུན་ནས་རིན་ཆེན་ལ་སྡུག་བསུན་གཏོང་བའི་སྐབས་རེད་འདུག འདི་ནི་སྐྱེས་བོ་ཕལ་བ་ང་འདྲ་བའི་མཐོང་སྣང་ལ་ཤར་བ་ཞིག་རེད།
ཡིན་ནའང་རིག་པའི་རལ་གྲི་རང་ལ་ཆ་མཚོན་ན་འདི་ནི་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ལ་འཛེགས་ནས་སེམས་ཅན་རིན་ཆེན་གི་ལས་འབྲས་ལ་བཟོ་བཅོས་གནང་བཞིན་པའི་དག་སྣང་ཁྱད་པ་ཅན་ཞིག་རེད།
ང་ལ་ནི་ཐབས་ཤེས་ཅང་མི་འདུག གྲོག་རྐུབ་ལ་བརྡ་ལན་མ་སྤྲོད་རང་སྤྲོད་རེད། སྒུག་ལོང་མི་འདུག ཡང་བསྐྱར་མར་བསྡད་དེ་ཤུགས་ཐེངས་གཅིག་གིས་གཏང་རྒྱུ་ཡོད་ཚད་ཀྱི་འཇུག་བསྡུས་ནས་རིན་ཆེན་དང་རལ་གྲི ད་དུང་སྐྱག་པ་དང་གཅིན་པ་ཚང་མ་ཆུ་བཤེར་བཏང་བཞག་པ་ཡིན། ཁོང་གཉིས་སྐྱག་པའི་དཀར་གཞོང་ལ་སྐོར་ར་ལན་གསུམ་བརྒྱབས་ནས་དམོད་ཚིག་སྒྲོག་གིན་ཆ་མི་འཚལ་བའི་སྐྱག་དོང་ནང་དུ་ཕྱིན་སོང་།
༼རིན་ཆེན་གྱི་སྐྱེས་བ་རྗེས་མ༽
སོང་ཙང་། རིན་ཆེན་ལགས་ཀྱིས་ཞལ་ནས་གསོལ་སྐྱག་དང་མཆོད་གཅིན་མ་གཏོགས་དེང་སང་ཐོན་གནང་གི་མེད་པ་འདི་རེད། སྐྱག་དབྱངས་ཟེར་བ་དང་གཅིག རིག་རལ་ལ་རྟུག་དྲི་དྲོ་བ་ཟེར་བ་དང་གཉིས། ང་ལ་སྐྱག་དྲི་ཁ་ཟེར་བ་སོགས་ལ་རྒྱུ་མཚན་ཡོད་པ་རེད།
༼རིག་རལ་གྱི་སྐྱེས་བ་རྗེས་མ།༽
རིག་རལ་ནི་ད་དུང་སྐྱག་དོང་ནང་གི་སྦལ་བ་ཉམ་ཆུང་ཞིག་རེད། ང་ཤེལ་དཀར་གཞོང་པའི་འདིའི་ཁ་ལ་རྐུབ་བཙུགས་ཐེངས་རེར་རིག་རལ་ལ་དག་སྣང་འདྲ་མི་འདྲ་འཆར་གྱི་ཡོད། རི་རྒྱལ་ལྷུན་པོ་དེ་འདྲ་ཡང་མཇལ་གྱི་ཡོད་ཚད་འདུག སེམས་ཅན་སྐྱིད་ན་ངའི་ལུས་སེམས་བདེ་བ་ཡིན།
ཁྲོམ་པའི་སྦལ་བར་ཅོ་འདྲི་བྱེད་འདོད་ཀྱི། །ཆེ་བཞག་ཆུང་ལ་བརྩོན་པའི་ལེ་ལོ་དེ། །ཆེད་དུ་སྤོང་པར་དཀའ་ཚེགས་ཆེ་མོད་ཀྱང་། །འཇིག་རྟེན་རྒུད་པའི་སྒོ་འདི་ལེ་ལོར་ངེས། །
སྙན་ངག་རྐང་གསུམ། ཁ་རྩངས་དེ་རིང་སང་ཉིན། ཅི་འདྲའི་གནན་ཕྲང་ཆེ་བ།
བསམ་པའི་ཚོར་འདུ་མཛུབ་རྩེར་ཐོན་པ་དང༌༎
སྨྱུགས་རྩེའི་མདའ་མོ་ཚོར་བའི་འབེན་ཐོག་རྣོ༎
འདི་ནི་སྙན་ངག་མཁན་པོའི་སྒྱུ་རྩལ་ཏེ༎
མཁས་རྒུའི་ཡིད་ལ་འཇེབས་པའི་དགའ་སྟོན་ཡིན༎
མེ་སྒྱོགས་རྒྱ་མཚོ་དེ་གང་དུ་འཕེན་གྱིན་ཡོད་པ་དེ་གསལ་བོ་ཞིག་སྨྲས་འདུག་ལ་མཚར་མོ་ཞིག་ཟེར་གྱི། ་རིག་པའི་རལ་གྲི་ནི། ལོག་པར་སྨྲ་བའི་ལུས་མཐོ་དམན་གང་ཏུ་རེག་ན་འབིག་རྐྱང་བྱེད་ཀྱིན་འདུག་པས། ཉིད་ཀྱིས་ཤེལ་དཀར་གྱི་དངས་གསལ་གྱི་སྣོད་དེར་རིག་པའི་རལ་གྲི་སྒོམ་ནས་ཉིད་ཀྱི་མེ་སྒྱོགས་དེ་དྲི་མས་ས་སྟེང་ཁྱབ་པ་ཞིག་དང་མཉམ་དུ་འཕང་ཀྱང་། སོང་ཉིན་ཕན་ཆོད་དུ་ས་ཆ་དེར་འགྲོ་མི་སྤོབ་ཞིག་བཟོས་ཡོང་། གཟབ་འཚལ། ལར་ཉིད་ར་རོས་ནས། རིག་པའི་རལ་གྲི་དང་། རིན་ཆེན་གཉིས་ཤེལ་དཀར་དྭངས་གསལ་གྱི་གཤང་གཅིན་བླུག་སྣོད་དེར་མཐོང་པ་ཡིན་འགྲོ། ཉིད་ར་རོ་བའི་སྐབས་སུ་འདྲ་མིན་མཐོང་སྣང་ཡོད་པ་དེ་གསལ་པོ་རེད། རང་རེ་བཙན་བྱོལ་ཞི་བདེའི་གཞུང་དེ། མེ་ལྟར་ཚ་ངར་ཆེ་བ་དང་། བདུད་ལྟར་བདུག་རྩུབ་ཆེ་བ་ཞིག་ཀྱང་མཐོང་ཡོད་ཚོད་རེད།
དྲ་གྲོགས་ཚོ། ངས་གསར་འགྱུར་ཐབས་སྡུག་ཅིག་བཤད་ཀྱི་ཡིན། བེ་རི་ལགས་ཀྱི་ལག་པའི་ཐེ་བོང་ཡ་གཅིག་འཕྲོ་བརླག་འགྲོ་འདུག གོ་གསལ་ལ་ཁོང་ཟླ་གཅིག་སྔོན་མཛུབ་མོ་ཅུང་ཟད་བརྡབ་པ་རེད་ཟེར། བདེ་ལེགས་སྨན་ཁང་ལ་བསྟེན་པས་སྨན་པ་བུ་མོ་ཞིག་གིས་བེ་རི་མཛུབ་མོ་ལ་མ་ཧེའི་རྭ་རྩེ་ཞིག་ཅིག་སྐོན་ནས་གཏོང་འདུག དེ་ཟླ་བ་གཅིག་གོན་ན་དྲག་འགྲོ་ཞེས་བསྒོས་འདུག བེ་རིས་ཟླ་ཕྱེད་ཙམ་གོན་ནས་བལྟས་དུས་རང་གི་བཛུབ་མོ་བཀུག་རྒྱུ་མེད་པ་ཆགས་ཚར་བ་རེད་ཟེར། གནས་ཚུལ་དེ་སྨན་པ་བུ་མོ་དེས་ཤེས་རྗེས་མོ་སྐྲག་ནས་ལང་སང་བེ་རི་ཕྱི་ལོག་སྨན་བཅོས་ལ་མངགས་པ་རེད་ཟེར། དེ་བདེན་པ་རེད་འདུག གྲོས་ཚོགས་ཉིན་འགའ་ཞིག་རིང་བེ་རི་གློག་བརྙན་ནང་མི་འདུག ཁ་སེང་སླེབས་འདུག ཁོས་གཏམ་བཤད་ནང་ང་རང་ཉིན་ཤས་རིང་ཅ་དིང་གྷལ་སྨན་བཅོས་སོང་ནས་གྲོས་ཚོགས་ལ་བཅར་མ་ཐུབ་པའི་སྐོར་བཤད་ཐལ། ངས་གཟབ་གཟབ་བལྟད་ཀྱང་མཛུབ་མོ་གསལ་པོ་ཞིག་མཐོང་མ་བྱུང༌། རྩོམ་པ་པོ་རྒན་གྲས་ཞིག་གི་ཕྱག་མཛུབ་འཕྲོ་རླག་སོང་བར་བློས་མ་བཟོད་ནས་བལྟས་པ་ཡིན། ངའི་གྲོགས་པོ་ཞིག་གིས་ཁོང་ལ་སྨན་པ་བདུད་མོ་དེ་སྤྱི་ཚོགས་ནས་ཁྲོམ་བསྒྲག་མ་གནང་ ནས་གང་རེད། ཅེས་བེ་རི་ལ་ཞུས་འདུག བེ་རིས་ཁྱོད་ཚོ་མགོ་མ་ཚོས་མ་ཁ་ཁར་བསྡད། མོ་སྨན་པ་ཚད་ལྡན་རེད་ལབ་འདུག གཅིག་བྱས་ན་མཁས་དབང་རེ་རི་ལགས་སྨན་པ་བུ་མོ་དེ་ལ་སེམས་ཤོར་བ་ཡིན་འགྲོ། ང་ཡིན་ན་རང་གི་མཛུབ་གུ་འཕྲོ་བརླག་གཏོང་མཁན་ལ་མི་དགའ་ཐག་གཅོང་ཡིན། ཇོ་བོ་རིན་པོ་ཆེ་ཡིན། ད་བདེ་ལེགས་སྨན་ཁང་འདིས་ཡག་པོ་མི་བཟོ་ཐག་གཅོད་རེད། ངས་དཀོན་མཆོག་གསུམ་སྐྱག་རྫུན་མིན། གང་དྲག ང་དངོས་གནས་བེ་རི་སེམས་ཁྲལ་བྱུང༌། བདུད་མོ་དེས་བལྟས་བལྟས་རིག་རིག་ལ་རྩོམ་པ་པོ་ཞིག་གི་མཛུ་གུ་འཕྲོ་བརླག་གཏོང་འདུག
རིག་རལ་ལགས་་་་་་་་་་་་་་་་་་་་་་་
མོ་རྒྱོ་སྐྱག་མཚོ་ཟེར་བའི་མི་ཞིག་འདུག །ཕོ་ཡིས་མོ་ལ་རྒྱོ་བར་ཡ་ཅི་མཚན། །འོན་ཀྱང་སྐྱག་མཚོ་ཟེར་བ་གོ་གོ་ནས། །བློ་ཞིག་མ་བདེ་ཅི་ཡིན་འདྲི་བར་འདོད། །
1 x 8 + 1 = 9
12 x 8 + 2 = 98
123 x 8 + 3 = 987
1234 x 8 + 4 = 9876
12345 x 8 + 5 = 98765
123456 x 8 + 6 = 987654
1234567 x 8 + 7 = 9876543
12345678 x 8 + 8 = 98765432
123456789 x 8 + 9 = 987654321
1 x 9 + 2 = 11
12 x 9 + 3 = 111
123 x 9 + 4 = 1111
1234 x 9 + 5 = 11111
12345 x 9 + 6 = 111111
123456 x 9 + 7 = 1111111
1234567 x 9 + 8 = 11111111
12345678 x 9 + 9 = 111111111
123456789 x 9 +10= 1111111111
9 x 9 + 7 = 88
98 x 9 + 6 = 888
987 x 9 + 5 = 8888
9876 x 9 + 4 = 88888
98765 x 9 + 3 = 888888
987654 x 9 + 2 = 8888888
9876543 x 9 + 1 = 88888888
98765432 x 9 + 0 = 888888888
Brilliant, isn’t it?
And look at this symmetry:
1 x 1 = 1
11 x 11 = 121
111 x 111 = 12321
1111 x 1111 = 1234321
11111 x 11111 = 123454321
111111 x 111111 = 12345654321
1111111 x 1111111 = 1234567654321
11111111 x 11111111 = 123456787654321
111111111 x 111111111 = 12345678987654321
Now, take a look at this…
101%
འདི་རྩིས་ཀྱི་རིག་རྩལ་དམིགས་བསལ་བ་ཞིག་ཡིན། དྲ་དཔོན་ལགས། འདི་མ་སྲུབ་རོགས། ང་ཨ་མདོ་བ་མིན་ན་ཡང་དྲ་རྒྱ་འདིའིནང་འཛུལ་ཆོག་རྒྱུ་རེད།
1 x 8 + 1 = 9
12 x 8 + 2 = 98
123 x 8 + 3 = 987
1234 x 8 + 4 = 9876
12345 x 8 + 5 = 98765
123456 x 8 + 6 = 987654
1234567 x 8 + 7 = 9876543
12345678 x 8 + 8 = 98765432
123456789 x 8 + 9 = 987654321
1 x 9 + 2 = 11
12 x 9 + 3 = 111
123 x 9 + 4 = 1111
1234 x 9 + 5 = 11111
12345 x 9 + 6 = 111111
123456 x 9 + 7 = 1111111
1234567 x 9 + 8 = 11111111
12345678 x 9 + 9 = 111111111
123456789 x 9 +10= 1111111111
9 x 9 + 7 = 88
98 x 9 + 6 = 888
987 x 9 + 5 = 8888
9876 x 9 + 4 = 88888
98765 x 9 + 3 = 888888
987654 x 9 + 2 = 8888888
9876543 x 9 + 1 = 88888888
98765432 x 9 + 0 = 888888888
Brilliant, isn’t it?
And look at this symmetry:
1 x 1 = 1
11 x 11 = 121
111 x 111 = 12321
1111 x 1111 = 1234321
11111 x 11111 = 123454321
111111 x 111111 = 12345654321
1111111 x 1111111 = 1234567654321
11111111 x 11111111 = 123456787654321
111111111 x 111111111 = 12345678987654321
Now, take a look at this…
101%
སྨན་པ་ཧ་ཅང་བདུད་མོ་དེས་བེ་རི་ལ་རྐང་བཙུགས་ནས་བསམ་ནག་བཟོས་པ་རེད་དམ། ང་ངོ་མ་དོགས་པ་ཟོས་སོང༌། ཨ་རེ་ཁམས་པ་ལ་མ་ཡོད་དེ་ཡོད་གཅིག་དེའི་ལག་པ་ཏག་ཏག་བཟོས་ན་ག་བར་བསྡད་ཐུབ་ཀི་རེད། བདུད་མོ་དེ། མ་གཞི་བ་རི་བདུད་མོ་དེ་ལ་དགའ་སོང་བ་ནི་ཡིན་རྒྱུ་མ་རེད། དེ་མིན་ན་ཁོར་བཟོ་ལྟ་ཞིག་མི་བཟོ་བ་ག་རེ་ཡིན་ནམ། ད་མི་ཤེས།
མཁའ་འགྲོ་མཚོ་ག་བར་སོང་ནི་རེད། མཇལ་རྒྱུ་མི་འདུག བེ་རིའི་གནས་ཚུལ་ཐུགས་ཕམ་བྱུང་བ་ཡིན་འགྲོ། ངས་ཁྱོད་རང་སྒུག་སྡོད་ཡོད་བརྡ། ཁོ་རེ། མོ་རེ། ཁྱིད་རང་བེ་རི་ལ་རེ་བ་བྱེད་པ་ལས་ང་ལ་བྱེད་ན་དགའ་ནི་རེད། བེ་རི་མཆོང་ཨེ་རྒྱག་མི་ཤེས། རྒྱག་པ་ཆ་བཞག་ནའང་བླ་རྒན་རེད་ལ། ཁོ་མཆོང་རྒྱག་སྙིང་བྲོ་བ་ཆགས་བཞག་ནའང་སྐྲ་སེར་པོའི་ཐོག་མ་གཏོགས་མཆོང་མི་འོང༌། དེ་བས་ཁྱོད་རང་ཁ་ལ་སྤོབས་པའི་སོ་ང་རང་རང་དྲག་ལེ་རེད་གོ། མོ་རེ། བེ་རི་ལ་དགའ་མཁན་ཕྱི་རྒྱལ་རྨོ་ཏོ་ཉུང་ཉུང་མ་རེད་གོ། ངས་སྒྲུང་ཁ་ཤས་གོ་མྱོང་ཡོད།
གནམ་སྔོན་པོ་ལགས། གནས་ཚུལ་ཁུངས་བཙན་ཞིག་མ་ཤེས་བཞིན་དུ་མཐོ་དམན་གྱི་ཚིག་དེ་འདྲ་བེད་སྤྱད་གཏོང་དགོས་ཀྱི་མ་རེད། སྨན་པ་དང་ཁྲིམས་རྩོད་པ་ལ་མཐོང་ཆུང་གི་སྐད་ཆ་ཤོད་རོགས་དགོས་ན་བཀའ་ཤག་གི་སྒོ་རྡུངས་དང་ཟམ་གདོང་གིས་ཁྱེད་ལ་ཁ་ལན་བྱེད་ངེས་རེད།
སྤྱིར་འགུལ་སྤྱོད་ཆེ་བའི་ལུས་ཀྱི་ཚིགས་རྣམས་ལ་དུས་ཡུན་རིང་པོར་དེ་དང་འཚམ་པའི་ལུས་སྦྱོང་༼ exercise ༽མེད་ན་འཕྲོ་བརླག་འགྲོ་བའི་ཉེན་ཁ་ཡོད་པ་རེད། ཁྱེད་ཚོས་ན་ཚའི་གནས་སྟངས་མ་ཤེས་པར་སྨན་པ་ལ་ཁ་བརྡུང་མ་སྤྲོད་ན་ཡག་གི་རེད། ཕྱག་མཛུབ་ཡིན་ནའང་འདྲ། ཕལ་མཛུབ་ཡིན་ནའང་འདྲ། སྤྲང་མཛུབ་ཡིན་ནའང་འདྲ། སྨྱུ་གུའི་རྩེ་ནས་རྩོམ་ཡིག་ཐོན་རྒྱུ་ཡོད་ན་སྤྲང་མཛུབ་གཉིས་མ་གཏོགས་མེད་ནའང་ཕལ་སྨྱུག་འཛིན་ཐུབ་ཀྱི་རེད། མ་ཟད་ཁོང་གིས་ལྗགས་༼ལྕེ་༽རྩོམ་ཡང་གནང་གི་ཡོད་པས་ཁོང་གིས་ལྗགས་ནས་རྩོམ་པ་རྣམས་ཁྱེད་རང་ཁོང་གིས་ཡིག་ཐོག་ཏུ་ཕབས་ནའང་འགྲིག་གི་རེད།
དེ་ལས་ཁོག་རྩིས་བརྒྱབ་ནས་༡༠༠༠༠༠༠༠ ནས་༣༢༤༧༧༤ ལམ་སང་འཕྲི་ཐུབ་པ་གྱིས། དེ་མ་ཐུབ་ན་ང་ལ་རེ་བ་ཞུས་དང་ངས་འདིའི་རྩིས་ཐབས་བསྟན་ཆོག
གཞིས་ཆགས་ཀྱི་སྐུ་ངོ་རིན་ཆེན་ལགས། གཞིས་ཆགས་པས་བོད་ཡིག་ཀློག་སྟངས་དེ་འདྲ་རེད་དམ། བོད་པ་ཞིག་གི་མིང་ཡང་ཀློག་ཤེས་ཀྱི་མེད་པ་འདྲ། ཧོན་འཐོར་ཧོན་འཐོར་སོང་ད།
སྐུ་ངོ་དོན་གཅོད་ལ་ཞུ་རྒྱུ་ཞིག་ཡོད། དེ་རིང་ཞོ་ཀ་ལ་ང་ཚོའི་མིལཀ་བཱལཱས་ མིལཀ་ནང་དུ་པཱཎི་མང་པོ་ཧོན་འཐོར་བླུག་འདུག ཉོབ་བ་ལ། སྡུག་ཤི་བརྒྱབ་རྒྱུ་དེ། ཨེ་འདྲས་སེམས་པ་རྣབ་པོ་ཡོ་རེ་ད། ད་གང་དྲག་སྐུ་ངོ་ལགས།
ཧཧཧཧཧ ་་་་་་་་་་་་་་་་་ གཞིས་ཆགས་ཀྱི་སྐུ་ངོ་ཡིན་ན་གཅིག ་་་་་་་་་་་་་་་་་་་་ མེ་སྒྱོགས་ལ་དག་སྣང་བབས་པ་ཡིན་ན་སྣང་བ་འཁྲུལ་པ་ཡིན་ན་གང་ལྟར་ཡང་བགད་མོ་ཤོར་ཡག་རང་བཤད་བཞག་་་་་་་་་་་་་་་་་་་་ གཞིས་ཆགས་ཀྱི་སྐུ་ངོ་ཨེ་་་་་་་་་་་་་་་་་་་
རིག་པའི་རལ་ག྄ྲི་ལགས། ངས་ཁྱོད་ལ་བཙན་བྱོལ་གཞུང་གི་གྲུབ་སྟངས་ངོ་སྤྲོད་ཞུ། མ་གཞི་དྲ་རྒྱ་ནང་ཡོད་པ་རེད། ངས་ཚུར་བཏོན་ནས་ཁྱོད་ལ་སྤྱན་འབུལ་ཞུ་ཆོག་གཟིགས་ཨ།
བཙན་བྱོལ་བོད་གཞུང་གི་ངོ་སྤྲོད།
ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་བཅིངས་འགྲོལ་དམག་མིས་བོད་ཀྱི་ཤར་ཕྱོགས་ཨ་མདོ་དང༌། ཁམས་ཀྱི་ས་ཁུལ་དུ་བཙན་འཛུལ་དཔུང་བསྐྱོད་ཀྱིས་ཆབ་མདཱུའི་བར་དྲག་པཱུའི་བཙན་བཟུང་བྱས་པ་དང༌། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་སྟེ་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས་འབྲེལ་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་གྱེན་ལངས་ཞི་རྒོལ་གྱི་ལས་འགུལ་དྲག་གནོན་འོག་རྩ་མེད་བཏང་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཁོང་གི་ཕེབས་རྗེས་སུ་བོད་མི་ ༨༠༠༠༠ ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་ཡོང་དགོས་བྱུང༌། བོད་མི་བཙན་བྱོལ་བ་རྣམས་ད་དུང་མུ་མཐུད་འབྱོར་བཞིན་ཡོད་པ་དང༌། ད་ལྟའི་ཆར་བཙན་བྱོལ་བོད་མིའི་གྲངས་འབོར་ ༡༡༡༢༠༠ ལྷག་ཙམ་ཟིན་གྱི་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་བྱང་ཕྱོགས་མ་སུ་རིར་བཙན་བྱོལ་བོད་གཞུང་འདི་ཉིད་དབུ་འཛུགས་བསྐྱངས་པ་དང༌། དེ་ནི་དེ་སྔ་རང་བཙན་ཡིན་སྐབས་ཀྱི་བོད་གཞུང་དེ་ཉིད་རྒྱ་གར་ནང་གནས་སྤོ་གནང་བའི་ངོ་བོར་གྲུབ་ཡོད་ཅིང༌། ཕྱི་ལོ་ ༡༩༦༠ ཟླ་ ༥ པའི་ནང་བཙན་བྱོལ་བོད་གཞུང་གི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་གནས་སྤོས་བྱས་པ་ནས་ད་ལྟའི་བར་བཙན་བྱོལ་བོད་གཞུང་གི་རྒྱལ་ས་ལྟེ་བ་དེ་བཞུགས་སྒར་རྡ་རམ་ས་ལ་ཡིན། བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་འདི་ནི། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་རང་གི་ཁྲིམས་མཐུན་གྱི་ངོ་བོ་མཚོན་པའི་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ད་ཆ་རྒྱལ་སྤྱིའི་ནང་གྲོས་ཚོགས་ཁག་གིས་ཀྱང་བོད་མི་རིགས་ཀྱི་ངོ་བོ་ཡང་དག་པར་མཚོན་པའི་ཁྲིམས་མཐུན་གྱི་གཞུང་ཞིག་ཏུ་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
བཙན་བྱོལ་བོད་གཞུང་འདི་གསར་འཛུགས་བསྐྱངས་པ་ནས་བཟུང་བསྒྲུབ་བྱའི་དམིགས་ཡུལ་གཉིས་གཏན་འབེབས་གནང་ཡོད་པ་ནི། བོད་མི་བཙན་བྱོལ་བའི་བདེ་དོན་ལ་གཟིགས་སྐྱོང་གནང་རྒྱུ་དང༌། གཞི་རྩའི་བོད་ཀྱི་རང་དབང་སླར་གསོ་གནང་རྒྱུ་བཅས་ཡིན། བདེ་དོན་གྱི་ལས་གཞིའི་རྣམ་གྲངས་གཙོ་བོ་ནི། བོད་མི་མང་གི་ཤེས་ཡོན་འཕེལ་རྒྱས་གཏོང་རྒྱུ་དང༌། མང་གཙཱུའི་ལམ་སྲོལ་སྲ་བརྟན་འཛུགས་རྒྱུ། བོད་མི་རྣམས་ཕྱི་རྒྱལ་གྱི་རོགས་རམ་ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་པའི་སྤོབས་ཉམས་ལྡན་པའི་མི་རིགས་ཤིག་ཡོང་ཐབས་འབད་བརྩོན་གནང་རྒྱུ་བཅས་ཡིན།
མང་གཙཱུའི་ལམ་སྲོལ་སྲ་བརྟན་འཛུགས་རྒྱུ་དེ་ནི་མ་འོངས་བོད་གསར་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་ཞིག་གི་ངོ་བོར་གྲུབ་ཡོད་ཅིང༌། དེའི་འཕེལ་རིམ་ནང་ཐོག་མར་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས་པ་དང༌། སྐབས་དེར་སྤྱི་འཐུས་རྣམས་དང༌། བཀའབློན་དྲུང་ཆེ་བཅས་འདུས་པའི་ཆེས་མཐཱུའི་རྒྱུན་ལས་ལྷན་ཚོགས་ཞེས་འཚོག་སྲོལ་དར་ཡོད་ཅིང༌། དུས་ཕྱིས་སུ་ཆེས་མཐཱུའི་རྒྱུན་ལས་ལྷན་ཚོགས་དེ་ཡང་གྲོས་ཚོགས་ཀྱི་ངོ་བོར་འཚར་ལོངས་ངེས་ཅན་ཞིག་བྱུང་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གྲོས་ཚོགས་ཁྲིམས་བཟོ་ལྷན་ཚོགས་ཞེས་འབོད་སྲོལ་བྱུང་བ་རེད།
སྤྱི་ལོ་ ༡༩༩༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དེ་བས་ཀྱང་ཟབ་བརླིང་ངང་མང་གཙོའི་འཕེལ་རིམ་ཡར་རྒྱས་དང༌། བརྟན་ཚུགས་ཆེ་རུ་གཏོང་གནང་མཛད་ཐོག སྤྱི་འཐུས་ཀྱི་གྲངས་འབོར་ཡང་ ༤༦ བར་སྤར་ཆ་གཏན་འབེབས་བསྐྱངས་པ་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་སྩལ་མཛད་པ་གཏན་ལ་ཕབ་སྟེ། གྲོས་ཚོགས་ནས་འཛིན་སྐྱོང་གི་འགན་འཛིན་བཀའབློན་རྣམས་བསྐོ་འདེམས་གནང་རྒྱུའི་འགན་དབང་ཆ་ཚང་བཞེས་རྒྱུ། དེ་བཞིན་བཀའབློན་རྣམས་ནས་གྲོས་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་སེང་དང༌། དྲི་བར་གསལ་བཤད་ལན་འདེབས་གནང་དགོས་པ། དེ་མཚུངས་བོད་གཞུང་འཛིན་སྐྱོང་སྡེ་ཚན་ནས་བཅའ་ཁྲིམས་དང་འགལ་བའི་དྲང་བདེན་མིན་པའི་ཐག་གཅོད་རིགས་གནང་ཚེ། མི་མང་ནས་ཞུ་གཏུགས་བྱ་ཡུལ་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ཀྱི་ཆ་རྐྱེན་བསྐྲུན་ཏེ་མང་གཙཱུའི་ཡན་ལག་ཡོངས་སུ་ཚང་བ་བཟོས་གནང་ཡོད།
ཕྱི་ལོ་ ༢༠༠༡ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྤྱི་འཐུས་ལྷན་ཚོགས་ནས་སླར་ཡང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་སྟེ། བཀའབློན་ཁྲི་པ་བཙན་བྱོལ་རྒྱ་ཆེའི་མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུ་དང༌། བདམས་ཐོན་བྱུང་བའི་བཀའབློན་ཁྲི་པས་ཕྱག་སྦྲེལ་བཀའབློན་བདུན་ལས་མི་མང་བ་ཞིག་འོས་འཛུགས་དང་འབྲེལ། དེ་དག་ལ་སྤྱི་འཐུས་ངོ་ཡོད་རྩ་འབོར་གྱི་བརྒྱ་ཆ་ ༥༠ ཡན་གྱིས་རྒྱབ་སྐྱོར་འཐོབ་དགོས་པའི་སྒྲིག་གཞི་གསར་དུ་བསྣན་ཡོད།
དེ་ལྟར་མི་མང་ནས་ཐད་ཀར་འོས་བསྡུ་བྱེད་པའི་བཀའབློན་ཁྲི་པ་དང་པོ་ཟམ་གདོང་རིན་པོ་ཆེ་བྱློ་བཟང་བསྟན་འཛིན་མཆོག་ནས་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༥ ཉིན་ལས་ཁུར་དང༌། གསང་རྒྱའི་དམ་འབུལ་ཞུས་རྗེས་འཛིན་སྐྱོང་གི་ལས་དོན་ཞུ་སྒོ་རྣམས་དབང་ལུང་སྒྱུར་བཞིན་ཡོད་པ་རེད།
ད་ཆར་བཙན་བྱོལ་བོད་གཞུང་འདི་ཉིད་མཚན་དོན་མཚུངས་པའི་གཞུང་ཞིག་གི་ངོ་བོར་ལས་དོན་གནང་གི་ཡོད་པ་མ་ཟད། དེར་ལས་ཁུངས་མ་ལག་དང༌། རང་དབང་ལྡན་པའི་སྡེ་ཚན་ཁག་བཅས་མང་གཙཱུའི་སྲིད་གཞུང་གི་ཁྱད་ཆོས་རྣམས་ཡོངས་སུ་ཚང་ཡོད། འོན་ཀྱང་མ་འོངས་པར་བོད་ནང་རང་དབང་སླར་གསོ་འཐོབ་པའི་སྐབས་སུ་བཙན་བྱོལ་བོད་གཞུང་འདི་དག་བོད་ནང་གནས་སྤོ་བྱ་རྒྱུ་མིན་གཤིས། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང༌། རྩ་ཁྲིམས་སྙིང་དོན་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། བོད་ལ་རང་དབང་སླར་གསོ་བྱུང་མཚམས་སུ། ད་ལྟའི་བཙན་བྱོལ་བོད་གཞུང་འདི་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་དང༌། དེ་བཞིན་བར་བརྒལ་གྱི་སྲིད་གཞུང་ཞིག་འཛུགས་རྒྱུ་དང༌། སྲིད་གཞུང་དེའི་འགོ་འདོམས་སུ་སྲིད་འཛིན་གཅིག་བསྐོ་གཞག་སྩལ་རྒྱུ་ཡིན་ཞེས་གསལ་པོར་གསུངས་ཡོད་པ་རེད། བར་བརྒལ་གྱི་སྲིད་འཛིན་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་རྒྱུ་དང༌། སྲིད་འཛིན་དེའི་གཙོ་སྐྱོང་འོག་ལོ་གཉིས་ནང་ཚུད་རྒྱལ་ཡོངས་འོས་བསྡུ་ཆེན་མཱུའི་ལམ་ནས་གཞུང་གསར་པ་འཛུགས་རྒྱུ་དང༌། དེར་བར་བརྒལ་གྱི་སྲིད་འཛིན་གྱི་དབང་ཆ་རྩིས་སྤྲོད་གནང་རྒྱུ་བཅས་ཡིན་པ་རེད།།
བཙན་བྱོལ་བོད་མིའི་བཅའ་ཁྲིམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི། བོད་གཞུང་གི་ལས་དོན་ཞུ་སྒཱུའི་ཐོག་སྟངས་འཛིན་དབང་སྒྱུར་བྱེད་པའི་བྱླ་ན་མེད་པའི་ཁྲིམས་གཞི་དེ་ཡིན། འདི་ནི་རྩ་ཁྲིམས་བསྐྱར་སྒྲིག་ཚོགས་ཆུང་ཆེད་འཛུགས་གནང་བ་ནས་འཆར་ཟིན་བཀོད་ཅིང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་དང་འབྲེལ། བཀའ་བསྡུར་ཞུས་མཐར་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་གྲོས་ཚོགས་ནས་གཏན་ལ་ཕབ་པ་དེ་ཟླའི་ཚེས་ ༢༨ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་བསྩལ་ཏེ་རྩ་འཛིན་གསལ་བསྒྲགས་གནང་བ་ཞིག་རེད།
བཙན་བྱོལ་བོད་མིའི་སྤྱི་ཚོགས།མི་འབོར། རོབ་རྩིས་ལྟར་མི་གྲངས་ ༡༡༡༡༧༠ ཡོད། དེ་ཡང་རྒྱ་གར་དུ་བོད་མི་ ༨༥༠༠༠ དང༌། བལ་ཡུལ་དུ་ ༡༤༠༠༠ འབྲུག་ཏུ་ ༡༦༠༠ སུད་སིར་ ༡༥༤༠ ཡོ་རོབ་ས་ཁུལ་གཞན་ཁག་ཏུ་ ༦༤༠ ཨོ་སི་ཊི་ལི་ཡ་དང་ནེའུ་ཛི་ལནཌར་ ༢༢༠ ཨ་རི་དང་ཁེ་ན་ཌར་ ༧༠༠༠ སི་ཁེན་ཌི་ནེ་ཝི་ཡར་ ༡༡༠ ཉེ་ཧོང་དུ་ ༦༠ ཐེ་ཝན་དུ་ ༡༠༠༠ བཅས་ཡོད། གྲངས་ཐོ་འདི་བཞིན་བོད་གཞུང་འཆར་འགོད་ལས་ཁུངས་ཀྱི་ཕྱི་ལོ་ ༡༩༩༨ ལོའི་མི་འབོར་ཞིབ་བཤེར་ལ་གཞི་བཅོལ་བྱས་པ་ཡིན། ད་ལྟའི་ཆར་ཅུང་ཟད་འཕར་ཡོད།
རྩ་ཁྲིམས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ།
ཁྲིམས་ལུགས་དབང་འཛིན།
བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང༌།
ཁྲིམས་བཟོ་ལྷན་ཚོགས།
མི་མང་གི་འཐུས་མི་ ༤༦ ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེའི་ནང་ནས་འཐུས་མི་ ༤༣ བཙན་བྱོལ་མང་ཚོགས་ནས་མང་གཙོའི་འགྲོ་ལུགས་ལྟར་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱེད་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐད་ཀར་བསྐོ་གཞག་སྩལ་བའི་སྤྱི་འཐུས་ ༣ བཅས།
གཞུང་གི་འགན་འཛིན།
བཀའ་ཤག་ནི་འཛིན་སྐྱོང་སྡེ་ཚན་གྱི་སྤྱི་ཁྱབ་ལས་ཁུངས་མཐོ་ཤོས་དེ་ཡིན། དེའི་སྟངས་འཛིན་འོག་བཀའ་བློན་ལས་ཁུངས་བདུན་ཡོད་པ་སྟེ། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས་དང༌། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཡིན།
སྐུ་ཚབ་དོན་གཅོད།
སྡི་ལི་དང༌། ནིའུ་ཡོག འཇི་ནི་ཝ། ཊོ་ཀི་ཡོ། ལོན་ཌོན། ཁན་སྦི་ར། མོ་སོ་ཁོ། པེ་རེ་ཊོ་རི་ཡ། ཐའི་པེ། སྦ་ར་སིལས་བཅས།
མི་མང་གི་འཚོ་རྟེན
སོ་ནམ་ཞིང་ལས་དང༌། བཟོ་ཞིང་མཉམ་འབྲེལ་ལས་རིགས། རུམ་འཐག ཕྱི་ཚོང༌། ཞབས་ཞུའི་ལས་རིགས། སུད་ཚོང་བཅས།
སྐུ་སྒེར་ཡིག་ཚང༌།༄༅། །སྐུ་སྒེར་ཡིག་ཚང་ནི་བོད་གཞུང་གི་ཁྱབ་ཁོངས་ཡན་ལག་ལས་ཁུངས་སམ། སྡེ་ཚན་ལྟ་བུ་མ་ཡིན་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་སྒེར་གྱི་ཡིག་ཚང་ཞིག་ཡིན། ཡིག་ཚང་འདིའི་དྲུང་ཆེ་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐད་ཀར་དམིགས་འཛུགས་བསྐོ་བཞག་གནང་གི་ཡིན།
༈ ཁྲིམས་ལུགས་དབང་འཛིན།
༄༅། བོད་མིའི་ཆོས་སྲིད་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་འཕྲལ་ཡུན་ཕན་བདེའི་ལམ་དུ་འཇུག་ཐབས་སུ་དེང་རབས་ཡར་ཐོན་ཅན་མང་གཙོའི་ལམ་སྲོལ་བཟང་པོ་བཀའ་དྲིན་བསྩལ་བ་ལྟར། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་སྦྲེལ་མང་གཙོའི་གཞུང་གི་ཀ་བ་གསུམ་ནི། གཞུང་སྲིད་འཛིན་སྐྱོང་འགན་འཛིན་དང༌། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་འགན་དབང་འདྲེས་མེད་ཁུངས་སོ་སོར་ཕྱེ་སྟེ་ཡོད་པ་ལས། ཁྲིམས་ལུགས་དབང་འཛིན་ནི། གཞུང་སྲིད་འཛིན་སྐྱོང་འགན་འཛིན་གྱིས་བཙན་བྱོལ་གཞུང་མང་སྤྱི་ཚོགས་ནང༌། ཁྲིམས་བཟོའི་དབང་འཛིན་གྱིས་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས་པའི་ཁྲིམས་སྒྲིག་ཁག་དངོས་སུ་ལག་ལེན་བསྟར་སྐབས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་མ་མཐུན་པའི་རྩོད་གླེང་བྱུང་ན། ཁྲིམས་ཐོག་ནས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་དང་འབྲེལ་མཐའ་མའི་ཐག་གཅོད་བྱ་རྒྱུའི་འགན་དབང་ཁྲིམས་ལུགས་དབང་འཛིན་ཁོ་ནར་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང༌།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷ་རམ་ས་ལར་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་དབུ་འཛུགས་གནང་བ་དང༌།
ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག
བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང༌། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཆེས་མཐོའི་ཁྲིམས་ཁང་ནས་བཟོ་འགོད་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཞུས་འབྲས་སུ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ཆོག་མཆན་བཀའ་འཁྲོལ་ཕྱག་རྟགས་རིན་པོ་ཆེ་སྩལ་སྨིན་བྱུང་སྟེ་ཁྲིམས་ཡིག་ཏུ་གཏན་འབེབས་གནང་ཡོད།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས།
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་སྙིང་བསྡུས།
རང་དབང་མང་གཙཱུའི་ལམ་སྟོན་བཀྲིན་ཆེ་བ། ༄༅། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་དུ་ཞབས་སོར་འཁོད་མ་ཐག་སྔོན་ནས་དགོངས་བཞེད་ཡོད་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་རྣམས་གཞི་རྩར་བཟུང་སྟེ་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙཱུའི་ལམ་སྲོལ་ཐོག་སྒྱུར་བཅོས་གནང་ཕྱོགས་ཐུགས་གཏན་འཁེལ་བ་བཞིན་ ༡༩༥༩ ཟླ་བ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས་དེར་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙཱུའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འབྱོན་ཐང་དང༌། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པ་སོགས་གང་ཅིའི་དགོངས་གཞི་བཀའ་སློབ་ཟབ་མཱུ་སྤྱི་བོར་སྨིན་སྩོལ་གནང་བ་བཞིན་བཀའ་དགོངས་ལྟར་རང་ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པཱུའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་མཇལ་ཕྱག་དམ་འབུལ་དང་འབྲེལ་ཆོས་སྲིད་གཉིས་ལྡན་བོད་མང་གཙཱུའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས་པའི་སར། སྤྱི་འཐུས་ཚཱུའི་བླང་དོར་ཞུ་སྒཱུའི་སྐོར་བཀའ་སློབ་ཞིབ་ལྷུག་ཏུ་བསྩལ།
༡༩༦༠ ཟླ་ ༩ ཚེས་ ༣ ནས་བཟུང་བཀའ་དགོངས་ལྟར་བོད་མི་མང་སྤྱི་གཞུང་གི་ད་ཕན་གྱི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང༌། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ། ད་ཡོད་ལས་ཁུངས་ཁག་རྒྱ་བསྐྱེད་དང༌། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཉིན་བདུན་རིང་བོད་མི་མང་སྤྱི་འཐུས་རྣམས་དང༌། ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཅས་ཡོད་མུས་ཐོག་ཤེས་རིག་ལས་ཁུངས་འཕར་འཛུགས་གནང་རྒྱུ་དང་བཅས་ལས་ཁུངས་ཆེ་ཁག་ལྔ་དང༌། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང༌། འགན་འཛིན། དྲུང་ཆེ་བཅས་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་བོད་མི་མང་སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུ་འཆར་ཕུལ་ཕྱིར་བསྩལ་མི་གྲངས་ཉི་ཤུ་རྩ་དགུ་སྡེབ་གཅིག་གསར་མཇལ་དམ་འབུལ་ཞུས་པ་དང༌། བོད་མི་མང་སྤྱི་འཐུས་རྣམས་འཆར་ཅན་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང༌། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང༌། སྔ་འཕྲོས་ལས་དོན་རྒྱུས་མངའ་ཤེས་རྟོགས་དང༌། ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་འཐུས་མིའི་ངོ་བཱུའི་ཐོག་ནས་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་གྲོས་ཆོད་དང༌། འཆར་གཞི་ཁག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གསེར་༧སྙན་སྒྲོན་འབུལ་ཞུས་པར་ཆོག་མཆན་ཕྱག་རྟགས་སྤྱི་སྨིན་སྩལ་བ་དང༌། ད་ཕྱིན་གཞུང་གི་སྲི་ཞུའི་ལས་བྱེད་ཐད་ཕ་བུ་བརྒྱུད་འཛིན་བྱེད་པ་སོགས་ཀྱི་ལམ་སྲོལ་རྙིང་པ་དེ་རིགས་མིན་པར་རང་གི་ལྷག་བསམ་དང༌། ཤེས་ཡོན་གནས་ཚད་ཀྱི་ཆ་རྐྱེན་ཚང་ན་ལུང་ཚན་དང༌། ཕོ་མཱུ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་སོགས་ཀྱི་སྒྲིག་འཛུགས་གནང་བ་དང༌། ལས་བྱེད་བཀོད་སྒྲིག་ལེགས་བཅོས་གནང་བའི་གནས་ལུགས་ཁག་བཅས་བོད་མིའི་སྡོད་སྒར་ཡོངས་ལ་དྲིལ་བསྒྲགས་མཛད།
བཙན་བྱོལ་བོད་གཞུང་བཀའ་ཤག
བཀའ་ཤག་ནི་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛིན་སྐྱོང་གི་དབང་ལུང་ཆ་ཚང་བཀའ་ཤག་བརྒྱུད་ཁྱབ་བསྒྱུར་གནང་གི་ཡོད། བཀའ་ཤག་ལྷན་ཚོགས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་གནང་གི་ཡོད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཀའ་ཤག་ཏུ་བཀའ་བློན་ཁྲི་པ་གཅིག་དང༌། བཀའ་བློན་གཞན་བདུན་ལས་མ་མང་བ་ཞིག་དགོས་པ། བཀའ་བློན་ཁྲི་པ་བོད་མི་མང་ཚོགས་ཀྱིས་ཐད་ཀར་སྤྱི་ཡོངས་འོས་བསྡུའི་ལམ་ནས་འོས་འདེམས་བྱེད་པ་དང༌། བཀའ་བློན་ཁྲི་པས་རང་གི་ཕྱག་སྦྲེལ་བཀའ་བློན་གཞན་རྣམས་འོས་འཛུགས་མིང་འདོན་གནང་བར་ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ ༥༠ ལས་མི་ཉུང་བའི་རྒྱབ་སྐྱོར་འཐོབ་དགོས་པ་ཡིན། བཀའ་བློན་རྣམ་པའི་ལས་རྒྱུན་ཡུན་ཚད་ལོ་ལྔ་ཡིན།།
བཀའ་ཤག་ནི་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཛིན་སྐྱོང་གི་དབང་ལུང་ཆ་ཚང་བཀའ་ཤག་བརྒྱུད་ཁྱབ་བསྒྱུར་གནང་གི་ཡོད། བཀའ་ཤག་ལྷན་ཚོགས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་གནང་གི་ཡོད།
བཀའ་ཤག་གི་ཉིན་རེའི་ལས་དོན་ལག་བསྟར་ཞུ་མཁན་གྱི་ལས་ཁུངས་ཤིག་ཡོད་པ་དེ་ལ་བཀའ་དྲུང་ཡིག་ཚང་ཟེར་ཞིང༌། ལས་ཁུངས་དེའི་སྤྱི་ཁྱབ་འགན་འཛིན་དུ་དྲུང་ཡིག་ཆེན་མོ་ཞིག་ཡོད་པར་བཀའ་དྲུང་ཞུས་ཀྱི་ཡོད། ལས་ཁུངས་དེས་ཆབ་སྲིད་དང༌། འཛིན་སྐྱོང༌། མང་ཚོགས་ཀྱི་བདེ་སྡུག་ལ་སོགས་པའི་ལས་དོན་མཐའ་དག་བཀའ་ཤག་ཏུ་སྙན་གསན་ཞུ་རྒྱུ་དང༌། བཀའ་ཤག་གིས་ལས་དོན་ཐག་གཅོད་ཇི་བྱུང་བློན་ཆེན་ལས་ཁུངས་གཙོས་པའི་ལས་ཁུངས་ཁག་ལ་ཕྱག་བསྟར་ཆེད་ཁུངས་ཁྱབ་དང་མཇུག་སྐྱོང་ཞུ་རྒྱུ་ཡིན། བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་ལས་ཁུངས་གཉིས་ཡོད་པ། འཆར་འགོད་ལྷན་ཁང་དང༌། ངེས་མེད་ལས་གཞི་སྡེ་ཚན་ཡིན།
འོས་བསྡུ་ལས་ཁང་གི་ངོ་སྤྲོད།
རྩ་ཁྲིམསརིན་པོ་ཆེའི་དགོངས་པ་གཞི་རྩར་འཇོག་སྟེ་མི་མང་ལ་གདམ་བྱ་འདེམས་བྱེད་ཀྱི་ཁེ་དབང་
༡་ སྐབས་བཅུ་གཅིག་པའི་སྤྱི་འཐུས་གྲངས་འབོར་སྤར་ཆ་དང་སྦྲགས་བཅའ་ཁྲིམས་གཏན་ལ་ཕབ་པའི་དོན་བཞིན་མང་གཙཱུའི་རྣམ་པ་ཆེས་ཆེར་དར་བའི་སྲོལ་ལུགས་དར་རྒྱས་ཆེན་པོ་ཆགས་པའི་ནང་གསེས་རང་དབང་ཅན་གྱི་སྡེ་ཚན་ཁོངས་འོས་བསྡུ་ལས་ཁང་ཞེས་གཏན་འཇགས་ཀྱི་ལས་ཁང་ཟུར་དབྱེ་དང༌། འོས་བསྡུ་དང་འབྲེལ་བའི་ལས་རིམ་སྒྲིག་གཞི་དང་བཅས་བཀོད་སྒྲིག་གཏན་འབེབས་གནང་ཡོད།
འོས་བསྡུ་ལས་ཁང་གི་ཁྱབ་ཚད་ནི་བོད་མི་མང་གི་སྤྱི་འཐུས་རྣམས་དང༌། ཚོགས་གཙོ་དང༌། ཚོགས་གཞོན། བཀའ་བློན་ཁྲི་པ། ས་གནས་འཐུས་མིའི་ཚོགས་འདུའི་འཐུས་མི་རྣམས་དང༌། ཚོགས་གཙོ། ཚཽགས་གཞོན། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་དང༌། ཚོགས་གཙོ་བཅས་ཀྱི་འོས་བསྡུ། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་བཅས་ཀྱིས་མཚོན་འཆར་འཕར་འོས་བསྡུའི་ལས་དོན་ཐམས་ཅད་ལ་ཁྱབ་པ་ཡིན།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ངོ་སྤྲོད།
སྐབས་བཅུ་གཅིག་པའི་སྤྱི་འཐུས་གྲངས་འབོར་སྤར་ཆ་དང་སྦྲགས་བཅའ་ཁྲིམས་གཏན་ལ་ཕབ་པའི་དོན་བཞིན་མང་གཙོའི་རྣམ་པ་ཆེ་ཆེར་དར་བའི་སྲོལ་ལུགས་དར་རྒྱས་ཆེན་པོ་ཆགས་པའི་ནང་གསེས་རང་དབང་ཅན་གྱི་སྡེ་ཚན་ཁོངས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ཞེས་གཏན་འཇགས་ཀྱི་ལས་ ཁང་ཟུར་འཛུགས་དང༌། གཞུང་ཞབས་འདེམས་བསྐོ་སོགས་དང་འབྲེལ་ཆགས་ལས་རིམ་སྒྲིག་གཞི་དང་བཅས་བཀོད་སྒྲིག་གཏན་འབེབས་གནང་ཡོད།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ལས་དོན་ཐོག་དགོས་གལ་ནམ་བྱུང་སྐབས་ཚོགས་འཛོམས་དགོས་རྒྱུའི་ཐོག་རྣམ་ཀུན་ཟླ་རེའི་ནང་ལྷན་འཛོམས་ཐེངས་རེ་ངེས་པར་གནང་དགོས་ཡོད། ལྷན་ཚོགས་ནམ་ཡིན་ལ་ཚོགས་མི་རྩ་འབོར་གྱི་སུམ་ཆ་གཉིས་ལས་མ་ཉུང་བ་ཚང་འཛོམས་ངེས་པར་དགོས་པ་དང༌། འདེམས་བསྐོ་ལྷན་ཁང་གི་ལས་ཁུངས་འགན་འཛིན་དྲུང་ཆེས་ལྷན་ཚོགས་སུ་ལས་དོན་འགྲེལ་བཤད་དང༌། བསམ་ཚུལ་འདོན་ཆོག་ཀྱང༌། ཐག་གཅོད་དང་འོས་བསྡུ་བྱེད་པའི་ཐོབ་ཐང་མེད། འདེམས་བསྐོ་ལྷན་ཚོགས་ནས་ཐག་གཅོད་ཟིན་པའི་ལས་དོན་རྣམས་ཚོགས་གཙོའི་གཟིགས་སྐྱོང་འོག་ལས་ཁུངས་ནས་འཕྲལ་འཕྲལ་ལག་ལེན་བསྟར་དགོས་ཡོད་ཅིང༌།
འདེམས་བསྐོ་ལྷན་ཁང་གི་རྒྱུན་ལྡན་ལས་ཁུངས་ཤིག་དགོས་པ་དེའི་འཛིན་སྐྱོང་ཆེད་ཚོགས་གཙོའི་འོག་འགན་འཛིན་དྲུང་ཆེ་དང་ལས་བྱེད་ཇི་དགོས་འཛིན་སྐྱོང་ནས་བཀོད་སྒྲིག་གནང་གི་ཡོད།
བཙན་བྱོལ་གཞུང་གི་འགན་འཛིན་དང༌། ལས་བྱའི་གཞུང་ཞབས་ཡོངས་རྫོགས་ཀྱི་འདེམས་སྒྲུག་དང༌། བསྐོ་གཞག གནས་སྤར། ལས་དོན་སྦྱོང་བརྡར། སྒྲིག་གཞི་གཏན་འབེབས་བཅས་ཀྱི་ལས་དོན་བྱ་རྒྱུའི་འགན་དབང་ཆ་ཚང་ཡོད་པ་མ་ཟད། ལས་བྱེད་བླང་དོར་དང༌། ཐོབ་ཐང་གི་སྒྲིག་གཞི་བཀའ་ཤག་གིས་བཟོ་འགོད་ཀྱིས་འཆར་འབུལ་ལ་ཞིབ་འཇུག་གཏན་འབེབས་གནང་དགོས་ཡོད།
དེ་བཞིན་གཞུང་ཞབས་རྣམས་ཀྱི་གནས་རིམ་ཕབ་པ་དང༌། གནས་དབྱུང༌། རྩ་དགོངས་ཞུ་འཁྲོལ། རྒས་ཡོལ་སྔ་བསྣུར་དང་དུས་འགྱངས། རྒས་ཡོལ་བསྐྱར་བསྐོ་བཅས་ཀྱི་སྐོར་བཀའ་ཤག་ནས་འཆར་འབུལ་བྱུང་རིགས་ལ་འོས་མིན་རྟོགས་ཞིབ་ཀྱིས་འོས་འཚམས་ལ་མོས་མཐུན་ལག་བསྟར་བྱ་རྒྱུའི་འགན་དབང་ཡོད།
བཙན་བྱོལ་གཞུང་གི་གཞུང་ཞབས་ཡོངས་རྫོགས་གཤམ་གསལ་སྡེ་ཚན་གཉིས་སུ་དབྱེ་ཡོད།
ཀ༽ གཞུང་ཞབས་འགན་འཛིན་སྡེ་ཚན།
༡་ དྲུང་ཡིག་ཆེན་མོ།
༢་ དྲུང་ཆེ་ལས་འཕར།
༣་ ཟུང་འབྲེལ་དྲུང་ཆེ།
༤་ དྲུང་ཆེ་གཞོན་པ།
༥་ དྲུང་གཞོན་ལས་རོགས།
༢་ ཁ༽ ལས་བྱའི་གཞུང་ཞབས་སྡེ་ཚན།
༡་ ལས་དྲུང༌།
༢་ རྒན་དྲུང༌།
༣་ གཞོན་དྲུང་ངམ་ལས་བྱ།
ཆོས་རིག་ལས་ཁུངས།༡་
༄༅། །བོད་གཞུང་ཆོས་རིག་ལས་ཁུངས་ནི་བཙན་བྱོལ་གཞུང་གི་བློན་ཆེན་ལས་ཁུངས་ཤིག་རེད། ལས་ཁུངས་འདིས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་སྲིད་བྱུས་ལྟར་ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་དོན་ཞུ་རྒྱུ་དང༌། ཁྱད་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང༌།གོང་འཕེལ་གཏོང་བའི་ལས་གཞི་ཁག་ལ་མཐུན་འགྱུར་ཞུ་རྒྱུ་བཅས་ཡིན།
ནང་སྲིད་ལས་ཁུངས།
༡་ རྒྱ་བལ་འབྲུག་གསུམ་གྱི་ནང་བོད་མི་རྣམས་བཙན་བྱོལ་དུ་གནས་སྡོད་རིང་གཞིས་འཁོད་ཐུབ་ཐབས་དང༌། གཞིས་ཆགས་ཟིན་པ་རྣམས་ཀྱི་འཚོ་རྟེན་ཕུགས་འཕེར་བསྲ་བརྟན་ཡོང་སླད་སོ་ནམ་ལས་གཞི་གཙོ་གྱུར་ཐོག་ལག་ཤེས་དང༌། འཕྲུལ་རིགས། ཚོང་ལས་སོགས་ལས་རིགས་འདྲ་མིན་གྱི་གོ་སྐབས་འཛུགས་བསྐྲུན་གསར་རྩོམ་ཞུ་རྒྱུ། དེ་བཞིན་མང་ཚོགས་ཁྲོད་ཉམ་ཐག་དང་རྒས་གཅོང་མགོན་མེད་ངལ་ཅན་རིགས་ལ་བལྟ་སྐྱོང་ཞུ་རྒྱུ་བཅས་ཡིན
དཔལ་འབྱོར་ལས་ཁུངས།
༡་ བོད་མིའི་རྩ་དོན་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་གཞི་རྩ་མི་རིགས་དང་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཞུ་རྒྱུའི་རྒྱབ་རྟེན་མེད་དུ་མི་རུང་བ་དཔལ་འབྱོར་འདུ་འགོད་བྱ་རྒྱུའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་བཅས་པ་སྔོན་རྩིས་སྒྲིག་དོན་ལྟར་དུས་བཀག་ནང་ཚུད་བཟོ་འབུལ་ཐུབ་པ་དགོས་རྒྱུ་མ་ཟད་བཀའ་ཤག་གི་བཀའ་དགོངས་ལྟར་སྟངས་བཅུན་འགན་འཁུར་རྐང་ལེན་ཞུ་རྒྱུ།
ཤེས་རིག་ལས་ཁུངས།
༢་ ༄༅།། བོད་གཞུང་ཤེས་རིག་ལས་ཁུངས་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་གཟིགས་སྐྱོང་གནང་མཁན་གྱི་བློན་ཆེན་ལས་ཁུངས་དེ་ཡིན་ཞིང༌། དེས་རྒྱ་གར་དང་བལ་ཡུལ་འབྲུག་བཅས་སུ་འཁོད་པའི་བོད་མིའི་སློབ་གྲྭ་ ༧༧ ནང་ཡོད་པའི་བོད་ཕྲུག་ ༢༨༠༠༠ སྐོར་གྱི་ཤེས་ཡོན་དང་བདེ་དོན་ལ་གཟིགས་སྐྱོང་གནང་གི་ཡོད། གོང་བརྗོད་སློབ་གྲྭ་དེ་དག་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་འོག་འགྲོ་བཞིན་ཡོད་པ་དང༌། ཤེས་ཡོན་གྱི་སྒྲོམ་གཞི་དང༌། སློབ་ཚན་འཆར་གོད་དང་ལག་ལེན། སློབ་འཁྲིད་ཐབས་ལམ། སློབ་གྲྭ་འཛིན་སྐྱོང་བྱེད་སྟངས་བཅས་ཕལ་ཆེ་བ་འདྲ་མཚུངས་ཡིན། སློབ་གྲྭ་དེ་དག་ཐམས་ཅད་དུ་བོད་ཀྱི་སྐད་ཡིད་དང་རིག་གནས་གལ་ཆེའི་སློབ་ཚན་ངོ་བོར་སློབ་འཁྲིད་བྱེད་བཞིན་ཡོད།
བདེ་སྲུང་ལས་ཁུངས།
བོད་གཞུང་བདེ་སྲུང་ལས་ཁུངས་འདི་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལས་ཁུངས་བདུན་གྱི་གྲས་ནས་གཅིག་ཡིན་པ་དང༌། ལས་ཁུངས་འདི་ཐོག་མར་ ༡༩༥༩ ལོར་གསར་འཛུགས་བསྐྱངས་ཤིང༌། ལས་ཁུངས་འདིའི་ལས་འགན་གཙོ་བཱུ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཞུ་རྒྱུ་དེ་ཡིན་ཅིང༌། ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་འགྱུར་འགྲོས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང༌། ལྷག་པར་དུ་བོད་ནང་གི་འགྱུར་འགྲོས་གནས་སྟངས་ཐད་རྟོག་ཞིབ་ཞུ་རྒྱུ་སོགས་དམིགས་བསལ་ལས་འགན་ཡོད།
ད་ལྟའི་ཆར་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱི་སྟངས་འཛིན་འོག་རྒྱུན་གཏན་གྱི་ཞུ་སྒོ་ཁག་གྲུབ་བཞིན་ཡོད་ཅིང༌།
གཞན་ཡང་བདེ་སྲུང་ལས་ཁུངས་ཀྱི་ཐད་ཀའི་སྟངས་འཛིན་འོག་ཡན་ལག་སྡེ་ཚན་ཇི་ཡོད་གཤམ་གསལཿ
རྡ་སྟེང་བདེ་སྲུང་ཡན་ལག་ལས་ཁུངསཿ
ཡན་ལག་ལས་ཁུངས་འདི་བཞིན་ལས་ཁུངས་དབུས་མ་རྒྱ་བསྐྱེད་ཀྱིས་ཆེད་བཙུགས་ཞུས་པ་ཞིག་ཡིན་ཅིང༌། ལས་ཁུངས་འདིས་རྒྱུན་དུ་ཕྱི་རྒྱལ་སོགས་ཕྱོགས་མཐའ་ནས་འབྱོར་རིགས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པཱུའི་མཇལ་ཞུ་མི་རྣམས་ཀྱི་ཐོ་བཀོད་དང་ཆབས་ཅིག་སྔོན་འགྲཱུའི་ཞིབ་འཇུག་དང་སྦྲགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་ྋསྙན་སེང་བཀའ་འཁྲོལ་ཐོན་མཚམས་བརྡ་སྦྱོར་གྱིས་མཇལ་མང་གཱུ་སྒྲིག་ཞུ་ཡི་ཡོད། དེ་བཞིན་ཡན་ལག་འགན་འཛིན་ནས་ཕོ་བྲང་སྐུ་སྲུང་དང༌། ཕོ་བྲང་ཁོར་ཡུག་ཏུ་སྐུ་ཕྱྭ་དང་འབྲེལ་བའི་ལས་དོན་རྟོགས་ཞིབ་ཀྱིས་ཡར་རྒྱས་གཏོང་དགོས་མཆིས་རིགས་སྐབས་མཚམས་འབྲེལ་ཡོད་དང་བཀའ་བསྡུར་འགན་འཁུར་ཞུ་བཞིན་ཡོད། གཞན་་ཡང་བཞུགས་སྒར་དུ་གནས་འཁོད་བོད་མི་ལོ་ན་སོན་རིགས་དང༌། སློབ་གྲྭ་བ་སོགས་བོད་མི་སྤྱི་བྱིངས་ལ་གནས་ཡུལ་གཞུང་གི་ལོ་ཚད་གཏན་འབེབས་གཞིར་བཟུང་ལོ་ན་སོན་མཚམས་ཡན་ལག་ལས་ཁུངས་ནས་སྐྱབས་བཅོལ་བའི་ལག་འཁྱེར་གསར་བཟོ་དང༌། ལག་འཁྱེར་དུས་འགྱངས། ཕྱི་བསྐྱོད་ཆོག་མཆན་ཞུ་སྒོ་བཅས་པར་ས་གནས་འབྲེལ་ཡོད་དང་ཟུང་འབྲེལ་འགན་འཁུར་ཞུ་བཞིན་ཡོད།
དབྱིན་བོད་ཚིག་ཐོ་སྡེ་ཚན་དང༌། དཔྱད་ཞིབ་སྡེ་ཚནཿ
བདེ་སྲུང་ལས་ཁུངས་ཀྱི་སྟངས་འཛིན་འོག་ཆེད་བཙུགས་ཞུས་པའི་དབྱིན་བོད་ཚིག་ཐོ་སྡེ་ཚན་ནས། བོད་ནས་གཉེན་འཕྲད་དང༌། གནས་བསྐོར། བྲོས་བྱོལ་ཡོང་མི་བཅས་ཚང་མར་ཞིབ་འཇུག་གང་ཐུབ་དང་སྦྲགས་དོ་བདག་གི་ཚིག་ཐོ་ལེན་འགོད་ཞུ་བཞིན་པ་དང༌། དཔྱད་ཞིབ་སྡེ་ཚན་ནས་གོང་གསལ་ཚིག་ཐོ་སྡེ་ཚན་ནས་ལེན་བཀོད་ཟིན་པའི་དོ་བདག་གི་ཚིག་ཐོར་བསྐྱར་དུ་དཔྱད་ཞིབ་ཞུས་ཏེ་ཁ་མ་གསལ་བའི་རིགས་སོགས་བསྐྱར་འདྲི་དང༌། ཆབ་སྲིད་དང་འོས་འཚམས་གནས་ཚུལ་རིགས་མཁོ་བཏོན་གྱིས་རང་གཞུང་གི་མཛད་གཙོ་རྣམ་པའི་མཁྱེན་རྟོགས་སླད་འབུལ་བཞིན་ཡོད།
བོད་གནས་ཉམས་ཞིབཿ
བོད་གནས་ཉམས་ཞིབ་ཁང་འདི་བཞིན་བདེ་སྲུང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ཉམས་ཞིབ་ཁང་ཞིག་ཡིན་པ་དང༌། རྒྱུན་དུ་ལས་ཁུངས་འདིའི་ལས་འགན་གཙོ་བཱུ་ནི་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཉམས་ཞིབ་ཀྱིས་ཡིག་ཆ་བསྡུ་གསོག་ཞུ་རྒྱུ་དང༌། བོད་དང་འབྲེལ་ཡོད་ཀྱི་རླུང་འཕྲིན་ཁག་ཕབ་བསྒྱུར་ཉམས་ཞིབ་ཞུ་རྒྱུ། རྒྱ་ནག་གི་གནས་ཚུལ་འགྱུར་འགྲོས་ཁག་ལ་ཉམས་ཞིབ་ཞུ་རྒྱུ་དང་རྒྱ་ཡིག་ཐོག་ཡོད་པའི་ཡིག་ཆ་དང༌། སྐབས་འཕྲལ་གསར་འགྱུར་ཁག་བོད་བསྒྱུར་གྱིས་ཉམས་ཞིབ་དང་ཡིག་བསྒྱུར་ཞུས་པའི་གལ་ཆེའི་དེབ་རིགས་མཁོ་འདོན་ཞུ་རྒྱུ། དེ་བཞིན་ནང་ཁུལ་དཔྱད་ཡིག་ཞེས་པའི་ཡིག་ཆ་ཞིག་ཟླ་བ་གཉིས་རེའི་མཚམས་ཕྱོགས་བསྒྲིགས་ཀྱིས་གོང་རིམ་མཛད་གཙོ་རྣམ་པར་འབུལ་འགྲེམས་ཞུ་རྒྱུ། ཟླ་རེའི་མཚམས་བོད་གནས་ཕྱོགས་བསྡུས་ཞེས་པའི་གསར་འགྱུར་ཁག་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་འགྲེམས་བཅས་ཞུ་བཞིན་ཡོད།
སྣེ་ལེན་འབྲེལ་མཐུད་ཁངཿ
སྣེ་ལེན་འབྲེལ་མཐུད་ཁང་གི་ལས་ཁུངས་དབུས་མ་བཞུགས་སྒར་དུ་ཡོད་པ་དང༌། དེའི་ཡན་ལག་ལས་ཁུངས་བལ་ཡུལ་དང་ལྡི་ལི་གཉིས་སུ་ཆེད་བཙུགས་ཞུས་ཡོད་ཅིང༌། ལས་ཁུངས་འདི་ཐོག་མར་དབུ་འཛུགས་ཞུས་པ་ནས་ད་བར་རང་རིགས་བོད་ནས་གསར་དུ་འབྱོར་བའི་རིགས་ལ་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། བལ་ཡུལ་དུ་ཡོད་པའི་སྣེ་ལེན་ཡན་ལག་ཁང་གིས་བལ་བོད་ས་མཚམས་བརྒྱུད་དེ་བྲོས་བྱོལ་དུ་འབྱོར་བའི་བོད་རིགས་སུ་མཆིས་ལ་ཐོག་མའི་སྣེ་ལེན་གྱི་ཞབས་ཞུ་གང་ཐུབ་ཞུས་ཏེ་བཞུགས་གནས་དང༌། ཞལ་ལག་སོགས་གཱུ་སྒྲིག་ཞུ་གི་ཡོད་པ་དང༌། བལ་ཡུལ་བརྒྱུད་ལྡི་ལིར་བསྐྱོད་རྒྱུའི་ལམ་གྲོན་དང་སློབ་སྟོན་སོགས་གང་ཐུབ་ཞུ་བཞིན་ཡོད་ཅིང༌། ལྡི་ལིར་འབྱོར་མཚམས་བལ་ཡུལ་སྣེ་ལེན་ནས་གནང་བའི་ངོས་སྦྱོར་གཞིར་བཟུང་ལྡི་ལི་སྣེ་ལེན་ཡན་ལག་ནས་ཀྱང་གོང་མཚུངས་མཐུན་འགྱུར་ཞུས་ཏེ་བཞུགས་སྒར་བར་བདེ་འབྱོར་ཐུབ་ཐབས་བྱེད་བཞིན་ཡོད། བཞུགས་སྒར་སྣེ་ལེན་དུ་འབྱོར་རྗེས་བཞུགས་གནས་དང༌། ཞལ་ལག སྨན་བཅོས་སོགས་མཐུན་འགྱུར་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གཱུ་སྒྲིག་དང༌། དོ་བདག་སོ་སཱུའི་ལོ་ནའི་བབས་དང་བསྟུན་ཤེས་ཡོན་སློབ་གཉེར་སྤྲོད་རྒྱུའི་ཆེད་རང་ལོ་གཏན་འབེབས་གཞིར་བཟུང་བོད་ཁྱིམ་ཁག་དང༌། ཤེས་རབ་དགའ་ཚལ་སློབ་གླིང༌། དགེ་བཙུན་རིགས་དགོན་སྡེ་ཁག་ལ་གཏོང་ཐབས་སོགས་སྒྲིག་གསལ་འགྲོ་ལུགས་ཆ་ཚང་བཟོས་ཏེ་སྐྱེལ་མ་ཞུ་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་རགས་བསྡུས་སུ། བོད་གཞུང་བདེ་སྲུང་ལས་ཁུངཔྲས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༦ ལ།།
དྲིལ་བསྒྲགས་ལས་ཁུངས།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འཛིན་སྐྱོང་བཀོད་ཁྱབ་འོག་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ནས་བཙན་བྱོལ་བོད་གཞུང་གི་རྒྱལ་སྤྱིའི་ཕྱི་འབྲེལ་དང་དྲིལ་བསྒྲགས་ ལས་དོན་གྱི་འགན་ཁུར་རྐང་ལེན་ཞུ་གི་ཡོད། དེ་ཡང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ཐོག་མའི་ལས་དོན་ཕྱག་ལེན་དབུ་འཛུགས་གནང་ཚུལ་ནི། རྒྱ་ནག་གཞུང་ གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་བཀའ་ཤག་སྐུ་འཁོར་ཧྲག་བསྡུས་བཅས་རྒྱ་གར་དུ་བཙན་ བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༤ ནང་གནས་སྐབས་བཞུགས་སྒར་མ་སུ་རིར་བོད་གཞུང་བཀའ་ཤག་གིས་དབུས་ལས་ཁུངས་ཆེ་ཁག་ལྔ་བསྐྱར་སྒྲིག་བསྐྱངས་པའི་ཁོངས་ དེ་སྔ་བོད་རང་བཙན་སྐབས་ཀྱི་ཕྱི་སྲིད་ཁང་ཡང་བཀོད་སྒྲིག་གནང།ཡོད། ཕྱི་ལོ་ ༡༩༦༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ རྡ་རམ་ས་ལར་སྤོས་གནང༌། ཕྱི་སྲིད་དང་དྲིལ་བསྒྲགས་ལས་ཁུངས་ཟླ་སྒྲིལ་གནང་ཡང་ཕྱི་ལོ་ ༡༩༦༩ ཟླ་ ༣ པའི་ནང་ཕྱི་འབྲེལ་གྱི་ལས་དོན་ཞུ་སྒོའི་རིགས་ལྡི་ལི་ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་གནང་རྒྱུ་གཏན་འབེབས་གནང།ཡོད། རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་བྱེད་ཤུགས་ཆེ་རུ་སོང་བ་དང་ཆབས་ཅིག་རང་རེའི་ བོད་མིའི་སྤྱི་ཚོགས་ཁྲོད་དུ་ཆབ་སྲིད་དང༌། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་གོ་རྟོགས་སྤེལ་རྒྱུ་གལ་ཆེར་གཟིགས་ཏེ་ཕྱི་ལོ་ ༡༩༧༡ ལོར་ ཤེས་བྱ་དུས་དེབ་དྲིལ་བསྒྲགས་ལས་ཁུངས་སུ་ཟླ་སྒྲིལ་གྱིས་དྲིལ་བསྒྲགས་ལས་ཁུངས་རྒྱ་བསྐྱེད་གནང༌། ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༤ ཉིན་དྲིལ་བསྒྲགས་ལས་ཁུངས་འོག་ལྡི་ལི་ བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ཕྱི་འབྲེལ་གྱི་ཞུ་སྒོའི་ལས་དོན་ཁག་སླར་ཡང་བཀོད་སྒྲིག་གནང་སྟེ་བོད་གཞུང་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ ཞེས་རྩ་བའི་ལས་ཁུངས་གཅིག་ལ་ལས་འགན་གཉིས་སུ་འགན་ཁུར་བཞེས་ཡོད།
ཕྱི་དྲིལ་ལས་ཁུངས་ཀྱི་སྒྲོམ་གཞི་གཤམ་གསལ་ལྟར་རྣམ་དབྱེ་ཞུས་ཡོད།
ཀ། དྲིལ་བསྒྲགས་ལས་ཁུངས།
ཁ། ཕྱི་འབྲེལ་ལས་ཁུངས།
ག ཐུན་མོང་འཛིན་སྐྱོང་སྡེ་ཚན།
ང༌། ཁྱབ་ཁོངས་ཁག་བཅས་ཡིན།
ཅ། བོད་ཀྱི་ཁོར་ཡུག་སྐོར།
འཕྲོད་བསྟེན་ལས་ཁུངས།ཕྱི་ལོ་ ༡༩༤༩ ནས་བཟུང་བོད་ཀྱི་ཁྱིམ་མཚེས་རྒྱ་དམར་ནས་གཡོ་རྒྱུ་ཁྲམ་གསུམ་གྱིས་སྒོ་ནས་བོད་ཀྱི་ས་ཁུལ་དུ་ཤོག་བུ་སྣུམ་ཟས་ལྟར་རིམ་བཞིན་བཙན་འཛུལ་བྱས་ནས་མཐར་ཕྱི་ལོ་༡༩༥༩ ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆཻན་པོས་དབུས་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ལས་སྣེ་ཁག་གཅིག་དང་བོད་མི་ཁྲི་ཚོ་ཁ་ཤས་ཁྱིམ་མཚེས་རྒྱ་གར་དུ་སྐྱབས་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། ྋགོང་ས་མཆོག་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་མ་ཐག་ཁོང་གིས་དབུ་འཁྲིད་པའི་ཆོས་སྲིད་ཟུང་འབྲེལ་གྱི་བོད་གཞུང་དེ་རྒྱ་གར་དུ་བཙན་བྱོལ་དུ་ཡོད་པའི་གསལ་བསྒྲགས་བསྐྱངས་ནས་བཟུང་ཛ་དྲག་དགོས་མཁོ་དང་བསྟུན་ཏེ་བཙན་བྱོལ་བོད་གཞུང་མ་ལག་དང་བཅས་པ་རིམ་བཞིན་ཆེད་འཛུགས་བསྐྱངས་གནང་མཛད་པ་བཞིན། བོད་གཞུང་འཕྲོད་བསྟེན་ལས་ཁུངས་འདི་ཡང་ཕྱི་ལོ་ ༡༩༨༡ ལོར་བཀའ་བློན་ལྷན་ཁང་གཅིག་གི་ངོ་བོར་ལོགས་སུ་རྒྱ་བསྐྱེད་མཛད་ཅིང༌། འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་སྒོ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་མང་ཚོགས་ཀྱི་འཕྲོད་བསྟེན་དང༌། གཙང་སྦྲ། སྨན་བཅོས་བཅས་ཀྱི་མཐུན་རྐྱེན་འདང་ངེས་ཡར་རྒྱས་གཏོང་རྒྱུ་དང༌། འཁོས་དམན་རྣམས་ལ་རིན་མེད་སྨན་སྦྱིན་སྤྲོད་ཐབས་བྱ་རྒྱུ་དང༌། གཅོང་ནད་དང་འགོས་ནད་རིགས་སྔོན་འགོག་དང།དམིགས་བསལ་སྨན་བཅོས་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོ་བྱ་རྒྱུ། ཁྱད་པར་དུ་བོད་ཀྱི་གནའ་སྲོལ་སྨན་གྱི་ལག་ལེན་དང།སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས། དེ་བཞིན་བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོངས་ཐབས་སུ་ཁྲིམས་ལུགས་ལྟར་བལྟ་རྟོག་སྟངས་འཛིན་བྱ་རྒྱུ་བཅས་ཡིན་པ་ལྟར། བཙན་བྱོལ་དུ་མཐུན་མོང་མ་ཡིན་པའི་བོད་ཀྱི་གསོ་རིག་སྨན་གཞུང་དང་སྐར་རྩིས་གཞུང་གཉིས་ཀྱི་ཉམས་ལེན་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་བོད་གཞུང་སྨན་རྩིས་ཁང་ནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་ཡིན། སྨན་རྩིས་ཁང་དུ་ལས་ཚན་ཆེ་ཁག་འཛིན་སྐྱོང་དང༌། སྨན་སྦྱོར། སྨན་རྩིས་མཐོ་སློབ། ཉམས་ཞིབ། སྨན་རྫས་དང་སྔོ་སྦྱོར་ཉམས་ཞིབ། སྐར་དཔྱད་རྩིས་རིག་བཅས་ཀྱི་ཐོག་རྒྱ་བལ་འབྲུག་གསུམ་ནང་ཡན་ལག་སྨན་རྩིས་ཁང་ ༤༩ ཡོད། སྨན་རྩིས་མཐོ་སློབ་ཁང་ནས་ད་བར་ན་གཞོན་ཕོ་མོ་དབྱེར་མེད་མི་གྲངས་ ༢༧༡ བོད་ལུགས་སྨན་པའི་སློབ་སྦྱོང་དང༌། མི་གྲངས་ ༤༠ སྐར་རྩིས་ཀྱི་སློབ་སྦྱོང་ཐོན་ཡོད་པའི་ཁོངས་ནས་སྨན་པ་ ༡༠༣ དང་སྐར་རྩིས་པ་ ༡༧ སྨན་རྩིས་ཁང་ཁྱབ་ཁོངས་མ་ལག་དང་བཅས་པའི་ནང་ལས་ཀ་བྱེད་བཞིན་ཡོད། ལོ་ལྟར་བགྲེས་སོང་ལོ་ན་ ༦༥ ཡན་དང༌། རང་ཡུལ་ནས་གསར་འབྱོར། འཁོས་ཞན་ཉམ་ཐག སྲི་ཞུ་ལས་བྱེད་བཅས་ལ་སྨན་སྦྱིན་དང༌། གྲུབ་མཐའ་རིས་མེད་གྲྭ་བཙུན་དང་སློབ་ཕྲུག་ལ་སྨན་རིན་ཕྱེད་བཅག་འབུལ་བཞིན་པ་ལྟར་སྨན་སྦྱིན་ཁོ་ནར་ལོ་ལྟར་ཧིན་སྒོར་འབུམ་ལྔ་བཅུ་ནས་དྲུག་བཅུའི་བར་འགྲོ་བཞིན་པ་ཡིན། ཞིབ་གནས་མཁྱེན་འདོད་ཡོད་པ་རྣམས་ནས་བོད་གཞུང་སྨན་རྩིས་ཁང་གི་དྲ་རྒྱ་ http://www.men-tsee-khang.org ལ་གཟིགས་ན་མཁྱེན་རྟོགས་ཐུབ་རྒྱུ་ཡིན།
དེ་མཚུངས་དེང་རབས་ཀྱི་གསོ་རིག་ཐོག་ནས་གཞི་རིམ་བརྟག་དཔྱད་དང་སྨན་བཅོས། ནད་གསོ་ཁང་བཅས་ཀྱི་མཐུན་རྐྱེན་ཚང་བའི་བོད་གཞུང་བདེ་ལེགས་སྨན་ཁང་དང་ཁྱབ་ཁོངས་བོད་མིའི་གཞིས་སྒར་ཁག་ནང་ཕྱི་ལུགས་སྨན་ཁང་ཆེ་ཁག ༧ ཡོད། གཞན་ཡང་ས་ཁུལ་མི་འབོར་དང་མཐུན་རྐྱེན་གནས་སྟངས་ལ་གཞིགས་པའི་གཞི་རིམ་འཕྲོད་བསྟེན་སྨན་ཁང་འབྲིང་བ་ ༤ དང་སྨན་ཁང་ཆུང་གྲས་ ༤༣ བཅས་ཀྱི་ཐོག་རང་རིགས་དབང་པོ་སྐྱོན་ཅན་རྣམས་ཀྱི་ཆེད་དམིགས་བསལ་སློབ་གྲྭ་ཞིག་ཀྱང་ཡོད། སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་ཟུར་སྐྱོང་སྡེ་ཚན་གཉིས་ཕུད་དེ་འཕྲོས་རྣམས་ཀྱི་འཛིན་སྐྱོང་སྟངས་འཛིན་འཕྲོད་བསྟེན་ལས་ཁུངས་ནས་ཐད་ཀར་གནང་བཞིན་པ་ཡིན། བོད་ལུགས་དང་ཕྱི་ལུགས་སྨན་ཁང་འདི་དག་བརྒྱུད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགོས་ནད་ཀྲི་སྦི་དང།གཉེན་ནད་རེག་དུག་ HIV/AIDS གཉིས་ཀྱི་གཙོས་ནད་གཞི་སྔོན་འགོག་གི་སློབ་གསོ་སྤེལ་རྒྱུ། མ་དང་བྱིས་པའི་འཕྲེན་བསྟེན། གཞིས་མི་མང་ཚོགས་ཀྱི་འཐུང་ཆུ་དང་གཙང་འཕྲོད་ཡར་རྒྱས་གཏོང་རྒྱུ། རང་ཡུལ་ནས་ཕྱིས་སུ་འབྱོར་བའི་ཁོངས་ནས་མནར་གཅོད་སྡུག་སྦྱོང་མྱང་པའི་ཆབ་སྲིད་བཙོན་གྲོལ་ཚོར་དམིགས་བསལ་སྨན་བཅོས་དང་ལྟ་རྟོགས། འཁོས་ཞན་ཉམ་ཐག་ནད་གཅོང་རྣམས་དང་སྲི་ཞུ་ལས་བྱེད་རྣམས་ལ་སྨན་བཅོས་མཐུན་རྐྱེན་སྤྲོད་རྒྱུ་བཅས་བཙན་བྱོལ་བོད་མི་མང་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་ཐ་དག་འགན་འཁུར་ཞུ་བཞིན་པ་ཡིན། ལས་དོན་དེ་དག་སྒྲུབ་ཐབས་སུ་འཕྲོད་བསྟེན་ལས་ཁོངས་སུ་ལས་བགོས་ཚན་པ་བཞི་ཡོད་པ་ནི། ༡། འཛིན་སྐྱོང༌། ༢། ནད་རིགས་སྔོན་འགོག ༣། འཕྲོད་བསྟེན་སློབ་གསོ་དང་དམིགས་བསལ་ལས་འཆར། ༤། སེམས་ཁམས་མི་བདེ་བ་དང་ཆབ་སྲིད་བཙོན་གྲོལ་བའི་སྨན་བཅོས་བཅས་ཡོད།
འཕྲོད་བསྟེན་ལས་ཁུངས་དང་ཁྱབ་ཁོངས་ཕྱི་ལུགས་སྨན་ཁང་ཁག་དུ་ད་ཡོད་སྨན་ལས་བསྡོམས་ ༣༠༣ དང༌། ཟུར་སྐྱོང་སྨན་རྩིས་ཁང་དབུས་དང་ཡན་ལག་བཅས་པར་སྨན་ལས་བསྡོམས ༤༡༠ ཟུར་སྐྱོང་བདེ་ལེགས་སྨན་ཁང་དུ་སྨན་ལས་བསྡོམས་ ༣༩ བཅས་ཁྱོན་བསྡོམས་སྨན་ཞབས་དང་ལས་བྱེད་མི་གྲངས་ ༧༥༢ ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་སུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡ ལ།།
ཆོས་རིག་ཁྱབ་ཁོངས་སྡེ་ཚན།
ཝར་ཎ་བོད་ཀྱི་མཐོ་རིམ་སློབ་གྲ་དང༌། བོད་ཀྱི་དཔེ་མཛོད་ཁང༌། བོད་གཞུང་ཟློས་གར་ཚོགས་པ། ལྡི་ལི་བོད་ཁང༌། ནོར་བུ་གླིང་ག འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་བཅས་ཆོས་རིག་ཁྱབ་ཁོངས་འཛིན་སྐྱོང་རང་དབང་ཅན་གྱི་སྡེ་ཚན་ཁག་ཡིན།
ང་ལ་སྙན་ངག་འབྲི་མཁན་ཚོར་ཐུགས་རྗེ་ཞུ། རྣམ་པ་ཚོ་དུས་ཚོད་ཡོད་ན་གྲོས་ཚོགས་གློག་བརྙན་ལ་གཟིགས་རོགས། ང་ནི་དུས་ཚོད་མེས་པས་ལྟ་ལོང་མི་འདུག
རིག་ཡག་ལགས། ང་བེ་རི་ལ་གུས་ཞབས་ཡོད་ལ་དགའ་བོ་ཡང་ཡོད། ཁོང་དགེ་བཤེས་ཞིག་ཡིན་པས་ཁོང་ལ་ང་ཚོས་རྩེ་མོ་རྩེ་སྤྱད་བྱསན་ཨེ་སྒྲིག གཞཉ་ཁྱོད་ཀྱིས་ང་ལ་ག་རེ་ལབ་ནའང་འགྲིགས། ང་ཁ་ལ་ཁུར་ནས་མི་ལ་རྩེད་སྤྱད་མ་བཟོ་རོགས།
བེ་རིའི་མཛུ་གུ་བཅད་པ་དེ་དངོས་གནས་རེད་པས། གསལ་བོ་ཞིག་གསུངས་རོགས། སུས་མཁ྄ྱེན་གི་ཡོད་ནའང་གསལ་བཤད་གནང་རོགས། ང་དངོས་གནས་བ྄ློ་མི་བདེ་གི། ཉིན་ཤས་རིང་བེ་རི་ད྄ྲ་ར྄ྒ྄ྱ་ནང་མི་འདུག་ དེའི་ར྄ྒ྄ྱུ་མཚན་ཤེས་མ་བ྄ྱུང༌། ལན་ཞིག་གནང་རོགས། ཐུགས་ཆེ།
ཨ་ཅེ་མཁའ་འགྲོ་མཚོ། ཁྱོད་ཀྱིས་ངལ་བ་ཚད་མེད་ཀྱིས་གུས་ལ་རང་རེའི་བཙན་བྱོལ་གཞུང་ཆ་ལག་དང་བཅས་པའི་ངོ་སྤྲོད་མཛད་པ་བཀའ་དྲིན་ཆེ། ཨ་ཅེ་ལགས། ཉིད་ཀླུ་སྨྱོན་དང་གཉིས་སུ་མེད་པ་མིན་ནའང། ཁོང་གི་ཞབས་སློབ་ཚད་ལྡན་ཞིག་ཡིན་པ་ནི། གང་གིས་རྒྱལ་ཁབ་ཀྱི་མིང་རྣམས་བོད་ཡིག་བེད་སྤྱོད་བྱས་ནས་བྲིས་ཚུལ་འདིས་ཤེས་པར་ནུས།
གང་ལྟར།
རིན་ཆེན་ནོར་གྱིས་གཞལ་བར་མི་ནུས་པའི།།
དུས་ཚོད་དམ་འཛིན་ཇི་ལྟར་བྱས་ཀྱང་རུང་།།
ཁ་བརྡ་འདི་རུ་ཡང་ཡང་གཡེང་བས་འཇིགས།།
རིང་མིན་འདི་ལས་མི་གྱེས་ཀ་མེད་རེད།།
མཁའ་འགྲོ་མཚོ་་་་་་་་་་་་
ཟློས་གར་ཚོགས་པ་དེ་ཤེས་རིག་གི་ཁོངས་སུ་མེད་པར་ཆོས་རིག་གི་ཁོངས་སུ་བཞག་དོན་ཅི་ཡིན་ནམ་་་་་་་་་ ཆོས་རིག་གི་རིག་དེ་དང་ཤེས་རིག་གི་རིག་དེ་གཉིས་ལ་ཁྱད་པར་གང་ཡང་མེད་ན་ཟློས་སྐྱོན་དུ་གྱུར་ལ་ཡོད་ན་གང་ཡིན་ནམ་་་་་་་་་་་་་་་་་་
ད་ཡིན་ན་རྡ་སར་འབར་རྫ་ཆེན་པོ་འགད་འདུག་ཟེར། འབར་རྫས་དེ་འདི་ཟླའི་སྤྱི་ཚེས་ 18་ཉིན་ཏག་ཏ་རེད། གོ་གསལ་ལྟར་ན་འབར་རྫ་དེ་དང་པོ་བཟོ་ས་བལ་ཡུལ་ཨ་ན་པི་ནའི་ཟ་ཁང་ནང་རེད་ཟེར། བཟོ་མཁན་ཡང་སྒྲོལ་མ་ཉེར་གཅིག་གི་གྲས་ལ་མི་ཐེ་བའི་སྒྲོལ་མ་གཉིས་རེད་ཟེར།སྒྲོལ་མ་གཅིག་ལ་རྒྱ་རི་སྒྲོལ་མ་ཟེར། ཅིག་ལ་སྒྲོལ་མ་མཚོ་མོ་ཟེར། འབར་རྫས་དེ་བཟོ་ཚར་བ་དང་བལ་ཡུལ་དོན་གཅོད་ཀྱི་མོ་ཊའི་ནང་ཁུར་ནས་བལ་ཡུལ་HOTEL TIBETI ནང་ཁུར་འདུག དེ་ནས་མི་རིང་བར་ནམ་ཐོག་ནས་ལྡི་ལི་བརྒྱུད་རྡ་སར་འབྱོར་འདུག སྟབས་ཉེས་པ་ཞི་ལ་འབར་རྫས་དེ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་ལས་གཅིག་སྟེ་བོད་ཀྱི་གྲོས་ནང་གཡུགས་འདུག