བསྟན་འཛིན་ཟླ་གསལ། འཛིན་རིམ།༨ དཔེ་སྟོན་སློབ་གྲྭ།
གློག་བརྙན།-སློབ་གསོ་ལྡན་པའི་རྒྱ་གར་གྱི་གློག་བརྙན།
མི་སྣ།-མི་སྣ་གཙོ་བོ།༢ མི་སྣ་ཕལ་བ།༣
དུས་ཡུན། -ཆུ་ཚོད།-༢ སྐར་མ།-༤༥
འཛིན་རིམ་བརྒྱད་པའི་ཕྲུ་གུ་ཚང་མ་གསོལ་ཚིགས་ཁང་གི་ནང་རྒྱ་གར་གྱི་ལྟད་མོ་(Taare Zameen Par) ཞེས་པ་དེ་བལྟད་མོ་འགོ་འཛུགས་བཞིན་འདུག། གུས་མོ་ང་འཚབ་འཚུབ་ཀྱི་ཕར་ལྡིང་བྱས་ནས་རང་ཉིད་ལ་དབང་བའི་བསྡད་ས་ཞིག་བདམས་ནས་ལྟད་མོར་འགོ་བཙུགས་རེ་སྒུག་བྱས། ལྟད་མོ་འགོ་བཙུགས་མ་ཐག་ཕྲུ་གུ་ཙང་མ་ཁ་ཁུ་སིམ་མེར་གྱུར། ང་ཚོ་ལྟད་མོ་དེར་ཧ་ཅང་གི་དགོད་བྲོ་བོ་དང་སེམས་སྐྱོ་བོ་བྱུང་སོང། གུས་མོ་ང་ལ་མཚོན་ན་ལྟད་མོ་དེ་ནི་ཧ་ཅང་གི་ཐུང་ཐུང་གི་ཚོར་སྣང་བྱུང་སོང། ཡིནའང་དེ་ལ་ཆུ་ཚོད་༢ཡོད་པའི་ཚོར་བའང་བྱུང་མ་སོང། དེ་ནས་འཛིན་གྲྭ་གྲོལ་རྗེས་དུས་ཚོད་ཐུང་ངུ་ཞིག་ལ་དྲན་ཤེས་ཞིག་བྱེད་པ་ན། དེ་ལ་མི་སྣ་གཙོ་བོ་གཉིས་ཕྲུ་གུ་འཚུབ་ཐེར།(Eshaan)ཟེར་བ་དེ་དང་རི་མོ་རྒན་གསར་བ་དེ། ད་དུང་མི་སྣ་ཕལ་བ་༣ཡོད། ཕྲུ་གུ་དེ་ཉིན་སློབ་ཀྱི་ཕྲུ་གུ་ཞིག་ཡིན་པས། ཕ་མ་དང་དགེ་རྒན་འཛིན་གྲོགས་ཆ་ཚང་ཁོང་ལ་འཕྱ་མོད་བྱས་པ་དང་སྨད་རྭ་བཏང་བ། ཉེས་རྡུང་གཏོང་ས་ཡི་སློབ་ཕྲུག་ཉམ་ཆུང་ཞིག་ཏུ་གྱུར་ཡོད། ཁོང་གིས་མི་གཞན་གྱི་སྐད་ཆ་གང་བཤད་ནའང་དེ་ལྡོག་ཕྱོགས་བྱས་པས་ཕ་མ་འུ་ཐུག་ཐབས་ཟད་ཀྱིས་གཏན་འཇགས་སློབ་གྲྭ་ཞིག་ཏུ་བཏང་དུས་ཁོང་བྱེད་སྟངས་འཚུབ་ཐེར་ཡོད་པས་ཁོང་ཉེས་རྡུང་རོགས་པ་སོགས་བྱས་པས་ཁྲན་མོ་ང་འི་མིག་ཟུང་ནས་མིག་ཆུ་རང་དབང་མེད་པར་ཤེར་སོང། ཁོང་སྤྱོད་ངན་གྱི་ཕྲུ་གུ་ཞིག་ཆགས་པའི་རྒྱུ་རྐྱེན་ནི་ཁོང་གི་ཕ་མ་དེ་ཚོས་མི་ཚེའི་ལམ་སྟོན་ཡག་པོ་མི་བྱེད་པ་དང་ཕྲུ་གུ་དེས་འདོད་པ་ལྟར་མི་བྱེད་པར་ཕ་མ་ཁོང་ཚོའི་འདོད་པ་ལྟར་བྱསས་པས་ཁོ་སྤྱི་ཚོགས་ཀྱིས་སུན་སྣང་བཟོས་ཏེ་ཕྲུ་གུ་དེས་གང་ཡང་མི་བྱེད་པར་ཁ་ཁུ་སིམ་མེར་སྡོད་དགོས་བྱུང།
ཕྲུ་གུ་དེ་ཚོ་ལ་ཆ་ཚང་བ་ཞིག་བ་ཞིག་བྱེད་རྒྱུའི་ནུས་པ་ཡོད་ནའང་སུན་སྣང་གིས་གང་ཡང་མི་བྱེད་པར་ལྷག་པའི་ཕྲུ་གུ་ཧ་ཅང་མང་པོ་ཡོད། དེ་འདྲ་བའི་ཕྲུ་གུ་དེ་ཚོ་ལ་ཕ་མ་དང་དགེ་རྒན་གྱི་ཁོས་དཀའ་ངལ་གང་ཡིན་པ་ཤེས་ནས། གསལ་ཐབས་བྱེདདགོས་པ་ངས་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད། གང་ཡིན་ཟེར་ན་གལ་སྲིད་དགེ་རྒན་དང་ཕ་མ་དེ་ཚོས་ཕྲུ་གུ་དེས་དཀའ་ངལ་མ་གསལ་ན་ཕྱིས་སུ་ཕྲུ་གུ་དེ་མི་རིགས་ཀྱི་གྱོང་དང་འཛམ་གླིང་གི་གྱོང་གུད་དུ་ཆགས་ངེས་རེད། བྱས་ཙང་ཁོང་ཚོས་ཆུང་དུས་ནས་ཕྲུ་གུ་དེའི་སེམས་ཁམས་ལ་བརྟག་དཔྱད་བྱས་ནས། ཁོང་གི་འདོད་པ་ལྟར་བྱས་ན་ཕྲུ་གུ་དེ་དགའ་སྣང་སྐྱེས་ནས་གང་ཡང་བྱེད་རྒྱུའི་འདོད་པ་སླེབས་ཀྱི་རེད།གུས་མོ་ངའི་བསམ་ཚུལ་ལ་ནམ་རྒྱུན་བོད་པའི་སྤྱི་ཚོགས་ནང་དགེ་རྒན་དེ་ཚོས་ཕྲུ་གུའི་སེམས་ཁམས་མ་རྟོགས་པར་ཕྲུ་གུ་དེས་བྱེད་སྟངས་ཏོག་ཙམ་ནོར་ན་དེ་འཛིན་གྲྭའི་ཕྱིར་བཏང་བས། དེ་འདྲ་ཐེངས་གཅིག་བྱས། ཕྱིས་སུ་ཐེངས་མང་བྱས་ཏེ་ཕྲུ་གུ་དེའི་སློབ་སྦྱོང་སྦྱངས་རྒྱུའི་འདོད་མོས་དེ་ཐག་རིང་དུ་ཕྱིན་ཏེ་བྱེད་རྒྱུ་གང་ཡང་མེད་པར་འཕྲོ་བརླག་ཕྱིན་ན་ནང་མི་དང་ཁྱིམ་ཚང་དེས་གྱོང་རེད། བྱས་ཙང་དགེ་རྒན་དེ་ཚོ་ཕྲུ་གུ་དེས་འདོད་མོས་ལ་དམིགས་ཏེ་སློབ་སྦྱོང་སྤྲད་དགོས་པ་དེ་ཧ་ཅང་གི་གལ་ཆེན་རེད། ཕྱིས་སུ་ཕྲུ་གུ་དེ་ཡི་གེ་བསླབ་པ་དང་སེམས་ཁམས་རྟོགས་ཏེ་ཕྲུ་གུ་དེ་སྤྱི་ཚོགས་ལ་འབྲེལ་བ་ཡོད་པ་ཞིག་བཟོས་ཐུབ་པ་དེ་ངས་ཡག་པོ་ཞིག་མཐོང་གི་འདུག། ཕྲུ་གུ་དེ་ཚོས་ཀྱང་མཚམས་རེ་མི་གཞན་གྱི་འདོད་པ་ལའང་མོས་མཐུན་བྱས་དགོས་པ་དེ་ཡང་གལ་ཆེན་ཞིག་རེད། བྱས་ཙང་དགེ་དགེ་རྒན་དང་ཕ་མ་དེ་ཚོས་ཕྲུ་གུའི་སེམས་ཁམས་དང་བསྟུན་ནས་བྱ་བ་བྱེད་དགོས། ཕ་མ་སུ་ཞིག་ཡིནའང་དེ་ལྟ་བུའི་སློབ་གསོའི་གློག་བརྙན་ཐེངས་མང་བལྟ་རྒྱུ་དེ་གལ་ཆེན་པོ་ཞིག་རེད་ལ། ངས་རེ་བ་ཡང་བརྒྱབ་ཀྱི་ཡོད།