ཟླ་བ་གཞོན་ནུས་བསྒྱུར།
དེ་ལྟར་བསྟན་པར་ལྷ་ཡི་བདག་པོའི་གྲོགས་བཟངས་རི་བོ་དང་ནི་ཆུ་བོ་གྲོང་རྣམས་སུ།།
གནས་ཤིང་གནས་ཤིང་ནོར་སྦྱིན་བདག་པོའི་གྲོང་ཁྱེར་དུ་ནི་ཉིན་མ་འགའ་ཡིས་འབྱོར་བར་གྱུར།།
ལྷ་ཡི་ཁང་བཟངས་ས་ལེ་སྦྲམ་གྱིས་རབ་ཏུ་མཛེས་པ་མཚན་མ་རྣམས་ནི་སྔར་བཤད་པ།།
དེ་ཡི་ཕང་དུ་ས་ཡི་གཞི་ལ་ཞུམ་པར་གྱུར་བའི་གནོད་སྦྱིན་མོ་ནི་མཐོང་བར་གྱུར།།
གནས་ཤིང་གནས་ཤིང་ནོར་སྦྱིན་བདག་
ལྷ་ཡི་ཁང་བཟངས་ས་ལེ་སྦྲམ་གྱིས་ར
དེ་ཡི་ཕང་དུ་ས་ཡི་གཞི་ལ་ཞུམ་པར་
སྐྱེ་བོར་ཕན་ལ་རབ་ཏུ་མཉེས་པའི་ཆ
ཚེ་ཡི་སྲོག་རྣམས་བསྲུང་བའི་སླད་
དེས་ཀྱང་བདག་གི་ཁྱོ་བོའི་བཀའ་མཆ
སྐྱེས་བུ་མཆོག་རྣམས་དོན་དུ་གཉེར
༢༠༡༣།༣།༡ལ།
ཟླ་བ་གཞོན་ནུ་ལགས། རེ་བསྐུལ་ཞིག་ལ་ཁྱེད་རྣམ་པ་སུ་རུང་ཞིག་ནས་(The Debate Of King Milinda)
ཞེས་པ་དེ་བོད་བསྒྱུར་གནང་ཐུབ་ན་དགེ་ཕན་ཆེན་པོ་མཐོང་། ད་དུང་ཞུས་ཡ་ཞིག་ལ་བཀའ་བསྟན་འགྱུར་ནང་ཡོད་པའི་སྔོན་གྱི་གྲོང་དང་གྲོང་ཁྱེར་གྱི་མིང་དེ་དག་ད་ལྟ་གྲོང་མིང་གང་ཞིག་ལ་སྤྱོད་བཞིན་ཡོད་པ་དག་ཤན་སྦྱར་ཞིག་བཟོ་ཐུབ་ནའང་ཤིན་ཏུ་ནས་བཟང་། ཁྱེད་ཝར་ཎར་ཞུགས་པ་རྣམས་ལ་རེ་བསྐུལ་ཡིན།
འོ། དེ་ཧ་ཅང་གལ་ཆེན་པོ་རེད། ངས་ཐེངས་གཅིག་བཀླགས་པ་ཡིན། ཧ་ཅང་ཡག་པོ་ཡོད་རེད། དེ་མཚན་ལ་མི་ལིནྡས་ཞུས་པ་ཞེས་བྱ་བ་རེད། དེར་ཙམ་མ་ཟད། ད་དུང་སྡེ་སྣོད་གསུམ་གྱི་ཉིང་ཁུ་ལྟ་བུ་རྣམ་པར་དག་པའི་ལམ་ལའང་ལྟ་ཀློག་བྱེད་ཀྱིན་ཡོད། འདི་དག་བསྒྱུར་བའི་བསམ་བློ་འཁོར་གྱིན་ཡོད། ད་དུང་གདུང་རབས་ཆེན་མོ་སོགས་ཀྱང་ང་ཚའི་པཱ་ལིའི་སློབ་ཚན་དུ་ཡོད་པས་སྦཡངས་མྱོང་ལ། འདི་ཡང་ལོ་རྒྱུས་ཀྱི་ཆ་ནས་ཧ་ཅང་གལ་ཆེ། སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་ཁ་མའི་ལོ་གཅིག་གི་མཛད་པ་ཧ་ཅང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཞེས་པའང་སློབ་ཚན་དུ་སྦྱངས་མྱོང་ལ། བར་བར་ནས་ཚན་པ་འགའ་བོད་སྐད་དུ་བསྒྱུར་ཡོད།
ས་མིང་ཤན་སྦྱར་གྱི་སྐོར་ནས་སྔོན་མར་ནོར་གླིང་གི་སློབ་གྲོགས་ཤིག་གི་རེ་སྐུལ་ལྟར་སྤྲིན་གྱི་ཕོ་ཉའི་ས་མིང་སྐད་བཞི་ཤན་སྦྱར་བྱས་ཏེ་ཁ་བརྡར་བཀོད་ཡོད།
ག་ལེར་འཐོན་ངེས། སྔོན་མ་ནས་འདིའི་སྐོར་ལ་མ་བཅོལ་ཁུར་ལེན་གྱིས་དོ་སྣང་དང་སྦྱང་བརྩོན་མི་དམ་པ་བྱས་དང་བྱེད་བཞིན་ཡོད་པས་མ་འོངས་པར་ཁྱེད་ལྟ་བུ་དོ་སྣང་ཅན་དག་གི་ཐུགས་ཕན་སོས་སྲིད་སེམས་ཀྱིན་ཡོད།
ལོ་གཅིག་གི་མཛད་པ་ཧ་ཅང་གསལ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཞེས་འདོན་པར་བྱའོ།།
ཁ་པར་ནས་གཏགས་པས་ཡི་གེ་འགའ་ཤས་ཆད་བཞག
དགོངས་དག
ལགས་སོ་ཐུགས་རྗེ་ཆེ།
སྤྲིན་གྱི་ཕོ་ཉའི་ཆ་ཤས་ཀྱི་འགྱུར་མ་འདི་བཀླགས་ནས་ཡོད།
གཅན་འོད་འབར་ལགས་ཕེབས་པར་དགའ་བསུ་ཞུ།
དིལླིར་འབྱོར་ཡོད། འགྲོ་ཁར་ཐུག་མ་ཐུབ་པས་དགོངས་དག་ཞུ།
རྗེས་ལ་མཇལ་འོང་།