རྟ་ནག་སྐལ་བཟང་ལུང་རིགས།
མཚོ་སྔོན་གྱི་བོད་རིགས་རྒན་ཡོལ་བས་མཚོ་སྔོན་སློབ་གསོ་ཐེན་སོགས་ལ་ཕུལ་བའི་སྙན་ཞུ་ཡོངས་སུ་བོད་ཡིག་ལ་བསྒྱུར་ཚར། བལ་ ཡུལ་གྱི་གློག་ཀྱང་ཤིན་ཏུ་ནས་མི་བརྟན་པའི་རང་བཞིན་ཅན་ཡིན་པ་དང་། དུས་ཚོད་ཀྱང་སྟབས་བསྟུན་བགྱིས་ཏེ་ཆུ་ཚོད་གཅིག་རེ་ཅན་གྱི་འཛིན་གྲྭ་ལྔའི་ལས་ ཞོར་དུ་བསྒྱུར་བ་ཡིན་གཤིས། མ་ཤེས་པ་དང་མ་མཐོང་ས་རེ་འགའ་ཡོད་པ་ནི་ངེས་པ་ཅན་ཡིན་ཕྱིར། དེ་དག་ལ་ཀློག་པ་བོ་ཀུན་གྱིས་དགོངས་བཞེས་གནང་རོགས། བོད་དུ་བསྒྱུར་སྐབས་དོན་བསྒྱུར་གཞི་ལ་བཞག་ནས་ཆབ་སྲིད་དང་སློབ་གསོའི་བརྡ་ཆད་གང་ག་བོད་ནང་གི་འགྱུར་སྟངས་ལྟར་སྟབས་བདེ་བྱས་ཡོད་པའོ།།
ཁ་བརྡ་དྲ་ཚིགས་སུ་འགྱུར་ཡིག་གི་མ་ཕྱི་རྒྱ་ཡིག་རང་དགར་བཞག་འདུག་པ་ལ་མཆན་བུ་བ་ཁ་ཤས་ཀྱིས“འདི་ལ་ཡང་གུང་ཁྲན་གྱི་ཡི་གེས་བཙན་འཛུལ་བྱས་སོང”དང“བོད་ཡིག་ཏུ་སྒྱུར་མཁན་ཡོད་ན་ཡག་ས་རེད་”སོགས་ དྲང་ལྡོག་གི་བསམ་བྱ་མང་བོ་ཞིག་ལ་ཉན་ནས་གློ་རྡེག་ཏུ་བོད་ཡིག་ཏུ་སྒྱུར་མགོ་ བཙུགས་ནས་བདུན་ཕྲག་གཅིག་མ་སོང་གོང་མཇུག་རྫོགས་པར་བགྱིས་པ་ཡིན།
དེ་ལྟ་ནའང་། རིམ་སྒྱུར་གྱིས་བདག་གི་ཟིན་བྲིས་སུ་བཀོད་ནའང་མཆན་བུ་འདེབས་མཁན་ཅི་ཡང་བྱུང་མ་མྱོང་བ་ཡིན་པས། སེམས་ ཁྲལ་ཞིག་ཅིས་ཀྱང་བྱུང་སོང་སྟེ། ཀློག་མཁན་དག་གི་སླད་དུ་ཡིན་པའི་བསམ་འཆར་བོད་འགྱུར་མ་དེས་བདག་ལ་དཀའ་ལས་ཙམ་ མྱང་དུ་བཅུག་པ་ལས། གཞན་གྱི་མིག་དབང་ཙམ་གཡར་མེད་ན་དུས་ཚོད་དང་བརྩོན་འགྲུས་ཉིས་ཆ་ཆུད་འཛའ་བར་ བགྱིས་པ་ཡིན་པས་སོ།། དེ་ནི་སེམས་ཁྲལ་ཞིག་གོ།
སྤྱིར་ བཏང་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་པ་དག་ལ་ཐུན་མོང་གི་སྐྱོན་ཆ་ཞིག་བདོག་སྟེ། ཆེ་ས་ཞིག་གླེང་བ་ལས་ཆུང་ས་ཞིག་བརྩད་ནས་བསྙད་བརྐོ་བར་ཤིན་ཏུ་ནས་དགའ་བ་དེའོ།། རང་ཉིད་ཀྱང་དེའི་ཁོངས་སུ་འདུ་བ་ཡིན།
དེ་བས་བདག་གིས་དྲ་ཚིགས་ཀྱི་ཟིན་བྲིས་ཁ་ཕྱོགས་བསྒྱུར་ནས་གནད་དོན་ཆེ་ས་ཞིག་གླེང་བར་བརྟུན་པ་སྐྱེད་པའི་འདུན་པ་བཏབ་ཅིང་། དེ་བས་ཀྱང་འཕྲལ་མར་མཁོ་བའི་བསམ་བློའི་རིག་གནས་ཀྱི་བྲིས་རྩོམ་དག་བོད་འགྱུར་གྱི་འགན་ཙམ་བླངས་ཡོད་པ་འདིའོ།།
གུས་ པར་འོས་པའི་སྐུ་ཞབས་འབྲོག་མྱི་ལགས་ཀྱི་སྙན་ཞུ་བོད་འགྱུར་མ་དེ་བདག་གིས་ བསྒྱུར་ཚར་རྗེས་གཞི་ནས་བཀླགས་ཡིན། རྒྱུ་མཚན་ཡོད་དེ། གལ་སྲིད་སྔོན་ནས་བཀླག་ཡིན་ན་ལད་བསྒྱུར་དུ་འགྲོ་ཉེན་ཆེ་བས་སོ།། བདག་གིས་དོན་གཞི་ལ་བཞག་ནས་བསྒྱུར་ཡོད་པས་ཚིག་འབྲུ་རེ་རེ་བཞིན་བསྒྱུར་པའི་ངལ་བ་སྤངས་ནས་ཡོད་ལ། སྐུ་ཞབས་འབྲོག་མྱིས་ཚིག་དོན་གཉིས་ཆ་ངོ་འཕྲོད་ཞིབ་ཚགས་ཀྱིས་བསྒྱུར་འདུག་པས། བདག་གི་དེ་ལས་ཁོང་གི་དེ་ཞིབ་ཚགས་པོ་འདུག་སྙམ་པ་ཞིག་བྱུང་། དེ་ལྟ་ནའང་། བདག་གིས་ཀྱང་གནད་དུ་ཁེལ་བ་དག་མ་ཚང་བ་མེད་པར་བསྒྱུར་ནས་ཡོད་པས། སུས་ཀྱང་ཡིད་རྟོན་བྱས་ཆོག་འདུག་སྙམ་པ་ཞིག་བྱུང་ངོ་།།
མཇུག་ ཏུ་༼ཁ་བརྡ་དྲ་ཚིགས་༽ཀྱིས་བོང་བ་གསེར་གཟིགས་ཀྱི་ཚུལ་གྱིས་བདག་གི་བོད་འགྱུར་ མ་དག་དྲ་ངོས་སུ་དུས་ཐོག་ཏུ་བཏབ་པར་ཐུགས་རྗེ་ཆེ་ཞུ་བ་ཡིན་ནོ།།
དྲ་གྲོགས་རྣམས་ལ་ཞུ་རྒྱུ། མཆིམས་འཇམ་པའི་དབྱངས་ཀྱི་བླ་མ་མཆིམས་ཐམས་ཅད་མཁྱེན་པའི་རྣམ་ཐར་མཁྱེན་མཁན་ཡོད་ན་ཐུགས་རྗེ་གཟིགས་གསུངས་རོགས་ཞུ། དེ་བཞིན་མཆིམས་ནམ་མཁའ་གྲགས་དང་མཆིམས་འཇམ་པའི་དབྱངས་གཅིག་ཡིན་ཚུལ་མཁས་པའི་མིང་མཛོད་དུ་གསུངས་འདུག་ཀྱང་བཅོམ་ལྡན་རིག་རལ་ཁོང་གི་སློབ་མར་བཞག་འདུག གསུངས་སྲོལ་ཞིག་ལ་མཆིམས་རིགས་རལ་གྱི་སློབ་མ་གསུངས་ཀྱི། ནམ་མཁའ་གྲགས་དང་མཆིམས་འཇམ་གཉིས་གཅིག་ཡིན་ན་བོད་རྒྱ་ཚིགས་མཛོད་ཀྱི་ལོ་ཚིགས་དང་མི་མཐུན་པས་ཁོང་གི་རྣམ་ཐར་དང་སྐུ་ཚེ་ལོ་ཚིགས། མཆིམས་ཡོན་ཏན་འབར་བའི་ལོ་ཚིིགས་བཅས་གསུང་རོགས་ཞུ། །
ཨ་རོ། ཁྱེད་རང་གི་འགྱུར་རྩོམ་དེ་མཐོང་སོང་། དཔེ་མེད་པ་ཞིག་འདུག
རྟ་ནག་སྐལ་བཟང་ལུང་རིགས་ལགས།
བྲོག་མིས་སྒྱུར་ཟིན་པའི་ཡི་གེ་སླར་ཡང་སྒྱུར་དགོས་དོན་གང་ཡིན་ནམ།
ཁོང་གི་སྒྱུར་ལ་མ་མོས་པ་རེད་དམ།
གལ་སྲིད་དེ་འདྲ་མིན་ཚེ། ཁྱེད་ལ་དུས་ཚོད་མེད་བཞིན་དུ་བདུན་གཅིག་གི་ནང་ཨུ་ཚུགས་ཀྱིས་སྒྱུར་དགོས་དོན་གང་ཡིན་ནམ།