བྱམས་པ་ལྷུན་གྲུབ།
དགེ་རྒན།
ལེགས་ཉེས་འབྱེད་པའི་རྣམ་དཔྱད་ཞན་པ་ཡི།།
སློབ་ལ་ཞུགས་པའི་བློ་གསར་གཞོན་ནུ་ཚོར།།
སློབ་གསོའི་དེད་དཔོན་མི་རིགས་གང་དེ་ཡི།།
མདུན་སྐྱོད་ཀུན་གྱི་ལམ་སྟོན་སྒྲོན་མེ་ཡིན།།
སློབ་གྲྭ།
དཔྱོད་བློ་ཡི་མིད་པ་ཆེས་སྐོམ་པའི།།
རྣམ་བཀྲ་བློ་གསལ་གཞོན་ནུ་ཕོ་མོ་ཚོས།།
རྣམ་མང་ཤེས་བྱའི་བདུད་རྩི་བཏུང་ས་སྟེ།།
རྣམ་དག་མི་བུ་སྐྲུན་པའིོ་བཟོ་ལས་ཁང་།།
ཡི་གེ།
ཁྱོད་ནི་མི་རིགས་གཅིག་གི་ཚེ་སྲོག་ཡིན།།
ཆོས་དང་རིག་གཞུང་ཡོད་རྒུའི་བང་མཛོད་ཡིན།།
འདས་ཟིན་ལོ་རྒྱུས་རིག་པའི་དཔང་པོ་ཡིན།།
འབྱུང་འགྱུར་མི་རིགས་འཚོ་བའི་སྲོག་རླུང་ཡིན།།
སྨྱུ་གུ།
ལྷ་མི་དགྱེས་པའི་སྙན་ངག་ཁྱེད་ཀྱིས་འབྲི།།
མི་བུར་སློབ་གསོའི་ལམ་བུ་ཁྱོད་ཀྱིས་གཏད།།
དགྲ་བོ་འཇོམ་པའི་ཚིག་མཚོན་ཁྱོད་ཀྱིས་བསྣུན།།
མཛའ་མོ་འགུག་པའི་ཁ་བརྡ་ཁྱེད་ཀྱིས་བྱེད།།
དེབ།
ཁྱེད་ནི་རིན་བྲལ་རིན་ཆེན་ནོར་བུ་ཡིན།།
སྣ་ཚོགས་ཤེས་རིག་འབྱུང་བའིོ་ཆུ་གཏེར་ཡིན།།
སྐྱེ་བུ་རབ་འབྲིང་མཐའ་ཡི་འདི་ཕྱི་ལ།།
ལེགས་ཉེས་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན།།
བྱམས་པ་ལྷུན་གྲུབ་ཀྱིས་བྲིས།
སློབ་གྲའི་ལྡུམ་རའི་ནང་ནས།
དགེ་སློབ་མཛའ་བརྩེ་ཟབ།
དེབ་དང་སྨྱུག་གུ་གཉིས་ཀྱིས།
ཤེས་རིག་ཡིག་ཚོགས་སྤེལ།
གོང་གི་ཤོ་ལོ་ཀ་གཉིས་པ་སློབ་གྲྭ་ཞེས་པ་དེའི་འོག་གི་ཚིག་རྐང་དང་པོའི་ནང་། དཔྱོད་བློ་ཡི་མིད་པ་ཆེས་སྐམ་པའི། ཞེས་པ་དེའི་འགོར་(རྣམ་)ཞེས་པ་དེ་ཆད་ལུས་ཤོར་འདུག་པས། དེ་ལ་(རྣམ་དཔྱོད་བློ་ཡི་མིད་པ་ཆེས་སྐོམ་པའི།)ཞེས་རྣམ་དེ་སྣོན་རོགས་ཞུ།
གོང་གི་རྩམ་ཕྲུག་ཅེས་པའི་མིང་དུ་མཆན་འགོད་མཁན་དེ་ཁོ་བོ་ཡིན། ཁོ་བོས་དངོས་མིང་ཐོག་ནས་མཆན་དེ་འགོད་བསམ་ཡང་དྲྭ་བྱང་ཕར་ཕྱོགས་ཚུར་ཕྱོགས་འཁྲུག་ནས་དེ་སྔོན་སྨྱུག་མིང་དེ་ཤོར་འདུག