དཔྱད་རྩོམ།

Comments (7) on “སྙིགས་དོར་བཅུད་ལེན།”

  1. ད་རེ་སྙིགས་དོར་བཅུད་ལེན་ངོ་མ་བྲིས་ཞག་ ང་ཚོ་ཆོས་པར་རློམ་པ་ཚོ་བསམ་བློ་གཏོང་དགོང་ངེས་རེད། ཞྭ་དམར་དཀོན་མཆོག་ཡན་ལག་གིས་གསུང་ནང། གོས་ངུར་སྨྲིག་གྱོན་ཀྱང་གཟུགས་བརྙན་ཙམ། སྐྲ་སྤུ་གྲིས་བཞར་ཡང་དོན་གོ་མེད། །ཕ་ཐུགས་རྗེས་ཟུངས་ཤིག་ཀརྨ་པ་་་མི་གཞན་གྱི་སྐྱོན་མཚང་ཆུང་ངུ་རིག །རང་ཁོང་ནས་རུལ་བ་ཡོངས་མ་ཚོར་་་སྡུག་རང་གིས་ཉོས་པ་མ་ལགས་སམ། ་་ཁོང་རྒྱལ་བའི་གསུང་རབ་མ་ལུས་པ། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། །ཁེ་གྲགས་པ་བསྒྲུབ་ཕྱིར་ཐོས་བསམ་བྱེད། །དེ་ཐར་པའི་ལམ་དུ་ཨེ་འགྲོའམ་་་་ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་སྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། སོགས་གསུང་བས་ཚང་མའི་རང་ལ་ཤ་ཚ་བྱེད་ནས་སྙིགས་དོར་བཅུད་ལེན་གནང་འགལ་ཆེ་བསམ།

  2. ད་རིང་འདི་ན་མཆན་གཅིག་མཐོང་བར་དགའ། དགའ་སྐུ་ལགས། ཉིན་ཤས་སྔོན་སློབ་གསོའི་སྐོར་ཞིག་ལ་མཆན་གཅིག་ཀྱང་མེད་པར་བུད་ཐལ། ཆགས་སྡང་སྐོར་བྱུང་ན་མཆན་ཧ་ཅང་མང་། དེས་བསམ་མེད་འགན་མེད་མང་པོ་ཞིག་ལ་གོ་སྐབས་འབྱིན་བཞིན་ཡོད།

    སྙིགས་དོར་བཅུད་ལེན་དང་གནའ་བཟང་དེང་སྤྱོད་དགོས་པ་མ་ཟད། གནའ་དེང་ཟུང་འབྲེལ་དགོས་པ་ཡང་བསམ་བཞིན་ཡོད། འདིར་གཙོ་བོ་ཆོས་ཕྱོགས་འཐད་སྙིགས་དོར་བཅུད་ལེན་དགོས་ལུགས་ཀྱི་བསམ་འཆར་རེད་འདུག

    ངས་བསམ་ན་དོར་དགོས་པའི་སྙིགས་མ་ནི། ༡༽སྐྱ་སེར་གང་ཡིན་ནང་ཆོས་ཀྱི་ཤེས་ཚད་མ་ནས་མེད་པར་ནང་པ་ཡིན་པའི་བསམ་བློ། ༢༽ ཆོས་བྱེད་པའི་མིང་འོག་ནས་གཞན་ལ་བསླུ་ཁྲིད་བྱེད་པའི་བསམ་བློ། ༣༽ནང་ཆོས་ཀྱི་ཤེས་ཚད་མེད་པར་དགོན་སྡེ་ཁག་དང་ཆོས་ཕྱོགས་པའི་དབུ་ཁྲིར་བསླེབས་པ། ༥༽དགག་དགོས་བཤད་རྒྱུ་མེད་པའི་དགོན་སྡེ་ཁག་གི་ལུགས་སྲོལ། དེ་དུང་དྲན་པ་འབྱུང་ན་ཞུ་རྒྱུ་ཡིན།

  3. རྒྱུ་མཚན་མེད་ན་སྨྱོན་པའི་ཚིག་དང་མཚུངས།

  4. སྐུ་ཞབས་ནག་ཆུ་ཀུན་དགའ་ལགས།

    རྩོམ་འདི་ལ་དཔྱད་གཞི་བྱེད་རྒྱུ་མང་བོ་འདུག།ཁྱེད་ཀྱི་གསུངས་ཚད་ལ་བདག་གིས་འཐད་མོས་བྱེད་མི་ནུས་ཀྱང་། ལྷག་བསམ་སྒོ་ནས་ལྗགས་རྩོམ་གནང་འདུག་པས། བོད་ཀྱི་ཆོལ་ཁ་དང་ཆོས་ལུགས་ཕན ཚུན་བར་གྱི་མཐུན་སྒྲིལ་གཏོར་བརླག་བྱེད་མཁན་གྱི་དྲ་འབུ་རྒྱ་མིའི་སོ་པའི་དྲི་ངན་བྲོ་བ་ཚོ་དང་མི་འདྲ་བར་མཆིས་པས། སྙིང་ཐག་པ་ནས་དགའ་བསུ་ཞུ། ཁོམ་པ་བྱུང་ཚེ་དཔྱད་པ་བྱེད་ངེས། བཀའ་དྲིན་ཆེ།

  5. སྐུ་ཞབས་བློ་བཟང་ལགས།

    ཁྱེད་ཀྱིས་གསུངས་པ་ནང་བཞིན། ནང་བ་སངས་རྒྱས་པ་མཚན་ཉིད་དང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དེ་འདྲའི་ལས་སླ་བོ་ཞིག་ཡོད་པ་མ་རེད། བཤད་སྟངས་གཅིག་ལ། འཛམ་གླིང་སྟེང་ན་ནང་བའི་མི་གྲངས་ས་ཡ་ལྔ་བརྒྱ་ཡས་མས་སུ་སླེབས་ཀྱི་ཡོད་མོད། དོན་དངོས་སུ་དེ་ལས་ཀྱང་ཤིན་ཏུ་ཉུང་བ་རེད་སྙམ། ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱད།།ཞེས་པ་ལྟར། སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་དང་མ་སོང་སྒོ་ནས་ཕྱི་ནང་གི་ཁྱད་པར་འཇོག་གི་ཡོད་ཀྱང་། རྗེ་རིན་པོ་ཆེའི་ལམ་རིམ་དུ། བསྡུ་བ་དང་བསྟུན་ནས་སྐྱབས་འགྲོའི་ཁྱད་ཆོས་བཞི་གསུངས་པ་ལྟར། ནང་ཆོས་ཀྱི་གྲུབ་མཐའི་གོ་རྟོགས་ཀྱི་རྨང་གཞི་ལེགས་པོ་ཞིག་མེད་ན། སློབ་དཔོན་ཞིག་གི་མདུན་ནས། སྐྱབས་འགྲོའི་ཚིག་རྗེས་ཟློས་བྱས་ཤིང་། གཙུག་ཕུད་བྲེགས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ་སྙམ་པའི་འདུ་ཤེས་སྐྱེས་པ་ཙམ་གྱིས་སངས་རྒྱས་པར་མི་འགྲོ །དཔེ་ཆ་བ་རྣམས་ཀྱིས། ནང་བ་སངས་རྒྱས་པ་ཡིན་ན། ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་པས་མ་ཁྱབ་གསུངས་ཀྱི་ཡོད་ཀྱང་། དངོས་གནས་དཔྱད་ཚེ། གོང་དུ་རྗེ་རིན་པོ་ཆེས་བཞེད་པ་ལྟར། སངས་རྒྱས་པ་ཞིག་ཡིན་ཚེ། སངས་རྒྱས་པའི་གྲུབ་མཐའ་རྒྱུད་ལྡན་གྱི་གང་ཟག་གཅིག་ཡིན་དགོས།

    དེས་ན། ས་ཡ་ལྔ་བརྒྱ་ཡོད་པ་ཕར་ཞོག །དོན་གྱི་ནང་བ་སངས་རྒྱས་པ་ས་ཡ་བཅུ་ཡོད་མེད་ཀྱང་ཐེ་ཚོམ་གཞིར་གྱུར། སངས་རྒྱས་ཆོས་ལུགས་ཀྱི་སྙིང་བོ་ནི། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པར་འདོད་པས་ན། ནང་བར་ཁས་འཆེ་བའི་མི་མང་བོ་ཞིག་གིས་སྙིང་ཐག་པ་ནས་ནང་ཆོས་ཀྱི་ལྟ་སྤྱོད་ཉམས་ལེན་བྱེད་ཀྱི་ཡོད་པ་མ་རེད། མི་སྐྱ་ཙམ་དུ་མ་ཟད། གྲྭ་བ་དང་བླ་མའི་གཟུགས་བརྙན་འཛིན་པ་ཁ་ཤས་ཀྱིས་དེའི་ལྡོག་ཕྱོགས་ཁོ་ན་སྤྱོད་ཀྱི་ཡོད། བདེན་དཔང་ནི། ཁ་བརྡའི་དྲ་སྟེགས་ལ་གཟིགས་དང་། གྲྭ་བ་དང་གྲྭ་ལོག་དུ་མས་ཕན་ཚུན་བར་ལ་གུས་ཞབས་དང་བྱམས་བརྩེ་མེད་པར་གདུག་རྩུབ་ཀྱི་ཚིག་ངན་སྨྲས་ནས། དོན་འབྲས་སྤུ་ཙམ་མེད་པར་རང་་གཞན་མང་བོའི་སེམས་ལ་ཕོག་རྡུག་གཏོང་ནས་འཚེ་བ་སྤྱོད་བཞིན་ཡོད་པ་འདི་གཅིག་པུས་མི་ཆོག་གམ། 

    ཐུགས་རྗེ་ཆེ།

  6. ཕྱོགས་གཅིག་ནས་བསམ་ན་ཁག་པོ་རེད། འོན་ཀྱང་རེ་བ་མེད་པ་མ་རེད་བསམ། ང་ཚོ་བོད་པའི་ནང་ལ་ཆ་བཞག་ན་ཆོས་ལ་སྐྱོན་བརྗོད་པ་སྔོན་པ་ལས་མང་བ་ཡོད། དེ་ནི་ཆོས་ལ་དད་པ་རྐྱང་པ་མེད་པར་གཏན་གཏན་ཁོང་ཚོས་བསམ་ཞིབ་ཞིག་བྱས་ངེས། མ་ཟད་དེང་སང་བོད་རིགས་གཞོན་སྐྱེ་ནང་འདྲི་བ་གཏོང་བར་དཀའ་ངལ་ཇི་ཉུང་དང། གནས་ཚུལ་ཤེས་རྟོག་གནང་མཁན་གང་མང་རེད། དུས་རབས་འདིར་ཕལ་ཆེར་ནས་རྒྱུ་མཚན་མེད་པར་ངོས་ལན་བྱས་པ་ཉུང་།

    ཆོ་མེད་དང་ཁག་པོ་རེད་བསམ་པ་དང་། ད་དུང་ང་རང་ཚོ་ཡིད་ཐང་ཆད་ནས་བཞུགས་ན། མུ་གེའི་གང་ལ་ཟླ་ལྷག་ཟེར་བ་བཞིན་ཡོང་བར་ཐེ་ཚོམ་མེད།

Leave a Reply

Your email address will not be published. Required fields are marked *