ཆང་སྐྱེས།
སྤེན་ཚེ་སོགས་ལ་དགའ་བའི་རྒྱབ་སྐྱོར་དང་།།
འབྲོང་ཆུང་ཕྱོགས་ལ་མི་དགག་དགག་པ་མེད།།
རྒྱུ་མཚན་བདག་ལ་མཚོན་ན་ཆ་རྒྱུས་མེད།།
གཙོ་བོ་དྲང་བདེན་ཅན་ལ་ཐོབ་ན་འདོད།།
ཚུར་ཕྱོགས་རྒྱལ་ན་དགའ་སྤྲོ་སྐྱེས་རྒྱུ་དང་།།
ཕར་ཕྱོགས་ཕམ་ན་ཡིད་སེམས་སྡུག་རྒྱུ་མེད།།
ཕར་ཚུར་གཉི་ག་རང་གི་སྤུན་ཟླ་ཡིན།།
གཙོ་བོ་ལྷག་བསམ་ཅན་དེ་རྒྱལ་ན་འདོད།།
ཆབ་སྲིད་རིག་པའི་གཞུང་ལ་མཁས་པ་དང་།།
དཔལ་འབྱོར་ཚོང་གཉེར་ལས་ལ་འཇོན་པ་སོགས།།
སུ་ཞིག་ཁྲི་ལ་བསྡད་ཀྱང་བསམ་འཆར་མེད།།
གཙོ་བོ་འཇོན་ཐང་ཅན་ཞིག་ཡིན་ན་འདོད།།
ལག་ལེན་གསེར་གྱི་ཉམས་མྱོང་ཡོད་པ་དང་།།
ཁ་བཤད་ཚིག་སྦྱོར་གཏམ་གྱིས་ཕྱུག་པ་གཉིས།།
སུ་རྒྱལ་སུ་ཕམ་ང་ལ་ཁྱད་པར་མེད།།
གཙོ་བོ་ནུས་པ་ཅན་ཞིག་ཡིན་ན་འདོད།།
ཆོལ་ཁ་ཆོས་ལུགས་ལུང་ཚན་ཤོག་ཁག་དང་།།
ཕྱོགས་ཞེན་འཐེན་ཁྱེར་བསླུ་བྲིད་མ་གནང་བར།།
ལག་པ་བྲང་ལ་བཞག་པའི་བསམ་གཞིག་གིས།།
ཤ་ཚ་ཅན་ཞིག་འདེམས་རྒྱུ་ཧ་ཅང་གལ།།
རང་དོན་ཕྲ་མོ་དམངས་སུ་བསྒྲུབ་པ་དང་།།
དམངས་དོན་ཡོད་ཚད་རླུང་ལ་མི་བསྐུར་བའི།།
དྲིན་ཆེན་ཕ་མ་ལྟ་བུའི་འགོ་ཁྲིད་ཞིག།
རྒྱལ་ཏེ་ཐོབ་ན་འདོད་པའི་རྨི་ལམ་ཞིག།
ངོ་མ་ཉན་རིན་ཆོག་པ་ཞིག་འདུག།
ལེགས་པར་བཤད་པའི་བདེན་གཏམ་མོ།
སྔོན་བཤད།
སྤྱི་ཚོགས་འཚོ་བ་བདེ་ཞིང་འཇགས་པ་རུ།།
གཅིག་གྱུར་སྲིད་ལུགས་ཤིག་ཀྱང་གལ་ཆེ་ཡང་།།
ངུར་སྨྲིག་ནབ་བཟའ་ཅན་གྱི་སྡེ་བ་ལ།།
རྒྱུ་མཚན་ཡོད་རྒུས་དེང་འདིར་སྲིད་ལུགས་འདོར།།
ཆེན་པོའི་གོ་རྟོགས་ཡོད་པར་ཁས་ཆེ་མིན།།
དམ་པའི་ཞལ་ལུང་རང་གི་རྣོ་བསམ་གྱིས།།
ད་ནི་སྲིད་ལུགས་གང་ཞིག་འབྲེལ་བའི་ལས།།
སྐད་ཅིག་ཡུན་ཡང་མི་བགྱིད་དམ་ཞིག་བཅའ།།
གང་ཞིག་དམ་བཅའ་དེ་ཡི་རྒྱབ་ལྗོངས་ཀྱི།།
བསམ་བློ་གང་ཡང་ཁྲ་མེ་རེ་ཞིག་ནི།།
ཡོད་དགོས་བྱ་གཞག་ཅིག་གི་སྒྲིག་ལམ་ན།།
བདག་གི་སྐལ་དེ་ནམ་ཞིག་ཚེ་ན་དབྱུང་།།
མང་ཐོས་ནགས་ན་གནས་པ་བདེ་ཞེས་དེ།།
བདག་ཅག་སྟོན་པས་ཕྱག་གིས་ལམ་བསྟན་པར།།
དང་པོར་རང་ཉིད་ནས་བཟུང་འགོ་རྩོམ་ཚུལ།།
ཚིགས་སུ་བཅད་པ་འདི་ཚོས་སྟ་གོན་བྱེད།།
༢༠༢༠/༨/༢༦/
གྲྭ་པ་ཐོབ་ན་ཆོས་རྒྱལ། །
རྒྱ་སྒྲོལ་ཐོབ་ན་མོ་རྒྱལ། །
འབྲོང་ཆུང་ཐོབ་ན་བོད་རྒྱལ། །
སྤེན་ཚེ་ཐོབ་ན་ཁྲིམས་རྒྱལ། །
རྗེས་ལོའི་སྲིད་སྐྱོང་ཕོ་ལས་མོ་གལ་ཆེ།
འདས་པ་ལས་ཀྱང་མ་འོངས་གལ་ཆེར་མངོན།
ཕོ་གི་སྲིད་སྐྱོང་སྐབས་གཉིས་གཏུད་མར་གནང།
ཕོ་མོ་འདྲ་མཉམ་བཅའ་སྒྲིག་ནང་དུ་གསལ།
རྗེས་ལོའི་སྲིད་སྐྱོང་བུད་མེད་དགོས་པ་དེ།
རྒྱལ་སྤྱིའི་སྟེང་དུ་བོད་ཀྱི་བུད་མེད་ཀྱིས།
མིང་གྲགས་ཐུབ་ན་བོད་རྒྱལ་མིང་ཡང་གྲགས།
ནང་ཁུལ་ཆིག་སྒྲིལ་ཐུབ་ལ་བུད་མེད་དྲག།
རྗེས་ལོ་ ༢༠༢༡ ལོའི་སྲིད་སྐྱོང་ཕལ་ཆེར་བརྒྱ་ཆ་90%བུད་མེད་ངེས།
༄༅། ལོངས་ཤོག་ལོངས་ཤོག་ད་ལེན་སྐྱེས་མ་ལོངས། འདི་འདྲའི་གོ་སྐབས་སྐྱེས་མར་རག་པ་དཀའ།
ཁ་ནས་ཕོ་མོ་ཁྱེད་མེད་དགོས་སྐོར་མང་བཤད་ཀྱང། གོ་སྐབས་རག་དུས་མ་ལངས་སྟོང་བཤད་རེད།