གཉིས་མེད་སེངྒེས།
ཀྭ་ཡེ་གློ་བ་ཉེ་བའི་སྤུན་གྲོགས་དག།
ཁ་ཞེ་གཉིས་མེད་ཚིག་གསུམ་བཤད་ལ་ཉོན།།
ག་ཆད་མེད་པར་རིག་པ་སློབ་འོས་ཀྱང་།།
ང་ཁྱོད་མེད་པར་ཟུར་དུ་བསྐྱུར་འདི་འཁྲུལ།།
ཅ་ཅོ་སྟོང་བའི་གཏམ་གྱིས་ཉེར་བསྡུས་པའི།།
ཆ་མེད་རྒྱུས་མེད་གྲོགས་དང་ཨ་གསར་གྱིས།།
ཇ་ཆང་ཁ་རུ་ངན་པ་མཐུན་འགྲིག་དེ།།
ཉ་པ་རྒན་པོའི་ཟས་ཀྱིས་བསླུ་ལྟས་ཡིན།།
ཏ་སེ་རྒྱན་འགྱེད་རིགས་ལ་མགོ་འཁོར་ནས།།
ཐ་མ་ཉལ་ཐར་བརྟེན་དགོས་ཆགས་ཙ་ན།།
ད་གཟོད་གཏན་གྱི་འདུན་མ་བརླགས་སོ་ཞེས།།
ན་ཚོད་ཡོལ་བའི་ཤེས་ལྡན་རྣམས་ཀྱིས་གླེང་།།
པ་ཕའི་ཁ་ཏ་རྣ་རྒྱབ་རླུང་ལ་བསྐུར།།
ཕ་རོལ་དགྲ་བོའི་འདོད་ཐོག་རྟ་ཁ་བསྒྱུར།།
བ་ཉལ་མཛོ་གྲོད་རྣམ་ཐར་སྐྱོང་བ་འདི།།
མ་མའི་ནུ་རིན་འཇལ་སྟངས་ཡིན་ནོ་ལོ།།
ཙ་རའི་ཁྲིམས་ཆད་མགོ་ཐོག་བབས་པ་ན།།
ཚ་ཟུག་མ་སྲོན་འོ་དོད་འབོད་པའམ།།
ཛ་ལང་ངན་ཤོར་ཉིད་ལ་འགྱོད་གྱུར་ཀྱང་།།
ཝ་མོའི་གཡོ་སྒྱུ་བཤམ་ས་དེ་དུས་ཟད།།
ཞ་ར་མིན་ན་མིག་གིས་རྒྱང་ལ་ལྟོས།།
ཟ་འདྲེ་མིན་ན་བསམ་བློ་ནན་གྱིས་ཐོངས།།
འ་འུར་གཡམ་རྒྱུག་མ་བྱེད་རང་ཚུགས་ཟུངས།།
ཡ་ཁོག་རྟ་ཕོ་རྒྱུག་སའི་ཁྱོན་ཡང་དགོས།།
ར་བཟིའི་ལབ་བརྡོལ་ལྟ་བུར་ཐལ་བ་འདིས།།
ལ་ལའི་སེམས་ལ་ཕོག་ཐུག་གཏོང་ངེས་མོད།།
ཤ་ཚའི་གཏམ་ལ་སྙན་པོ་མེད་པ་ནི།།
ས་སྟེང་སྐྱེ་དགུས་མ་བགྲོས་གཅིག་མཐུན་རེད།།
ཧ་ཅང་སྣང་བར་འགྲོ་བའི་སྐད་ཆ་ཞིག།
ཨ་མདོ་བ་ཚོས་ལར་ནས་མི་འཁྱོངས་ན།།
ཧ་ཡོ་ང་ཡང་ངལ་གསོ་མི་རྒྱག་པར།།
ཨ་འཐས་ཀྱིས་ནི་ཨེ་འཇོན་ལྟ་འདོད་མེད།།
ཁ་བརྡ་དྲ་བ་རྩོམ་རྩ་བ་ནི་བཅུག་ཡག་མ་རག་ཡིན་གྱི་རེད། ཀ་རྩོམ་ཐབ་ཆག་འདི་འདྲ་ཚུད་པ་ངོ་མ་མཁན་མཚར་རེད་ཡ།
བུ་མོ་མཛང་མ་དེ་འདྲ་ཡོད་ན་རྩོམ་པ་པོ་ཡག་པོ་ཞིག་མག་པ་བླང་ནས་དེར་ལས་ཀ་་སྤྲད་ན་ག་འདྲ་འདུག། ཡང་ན་གཞོན་པ་ཁ་ཤེས་ཤིག་མགྲོན་གཏང་ནས་ས་ར་མཐོ་སློབ་ལ་རྩོམ་དང་བོད་ཡིག་སློབ་པར་རིགས་གཅིག་རྐང་འཛིན་ལ་བྱེད་བཅུག་ནས་སློབ་མཐར་སོང་ཚེ་ཚུར་བླང་ནས་ཁ་རྡ་དྲ་བའི་རྩོམ་མཛོད་དར་སྤེལ་གཏོང་བཅུག་ན་མི་ཡག་ནི།
མཆན་བུ་༡་པས། གོང་གསལ་རྩོམ་ཡིག་ལ་སྐྱོན་བརྗོད་པ་ནི། ལ་དྭགས་པའི་ཁ་སྐད་དུ། ཆག་པོས་བཀས་པོ་ལ་ཁྲེལ། ཞེས་པ་དང་འདྲ་བ་འདུག་པས། སྐྱོན་རྗོད་པ་པོ་རང་གིས་རང་གི་བོད་སྐད་ལ་ཡར་རྒྱས་བྱེད་དགོས་པར་མཐོང་། ང་མི་རྒན་གྱི་གཞོན་པ་ལ་བསླབ་བྱ་ཡིན། འདི་ལ་ང་རྒྱལ་བྱེད་མི་རུང་སྟེ། བོད་ཀྱི་སྔོན་གྱི་མཁས་གྲུབ། སྒྲ་སྒྱུར་མར་པའི་ཞལ་སྔ་ནས།
བུ་ང་རྒྱལ་གྱི་སྒང་བུ་ལ།
ཡོན་ཏན་གྱི་ཆུ་མི་ཆགས་བྱ་བ་ཡིན།། ཞེས་གསུངས་སོ།།
བློ་སེང་སྙིང་གཏམ་ཚིག་གསུམ་ནི། །
རང་ཁ་རང་གསོ་གསར་གཏོད་དང་། །
ཆིག་སྒྲིལ་འདི་གསུམ་ཡིན་པ་ལ། །
ང་ཚོས་ག་ཚད་ལག་བསྟར་ཡོད། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས་་་་ང་རྒྱལ་བྱེད་མི་རུང་ན་ཁྱེད་རང་གིས་རྒན་པོ་ཡིན་པའི་ཆ་ནས་བསླབ་བྱ་ལ་མཁས་མདོག་གིས་ང་རྒྱལ་དེ་གོང་གི་གསུང་དུམ་དེ་དངཧཧཧཧང་རང་གིས་ང་རྒྱལ་བྱས་ད་དུང་མི་ལ་་་གཅིག་བཤད་་མི་ངོ་ལ་ཤིག་མཐོང་ཡང་རང་ངོ་ལ་གཡག་མི་མཐོང་ཞེས་པའི་གནའ་གཏམ་དེ་ཅི་འདྲའི་སྙན་པ་ལ་་་འདི་ལྟ་བུའི་རིགས་ལ་་་་་
ཡིན་དང་ཡིན། གསུམ་པོ་དག་ལ་ང་རྒྱལ་བྱ། གསུམ་དེ་གང་གང་ཡིན་མི་དྲན། ཁྱེད་ཀྱིས་དྲན་ནམ ཡང་ན། སུས་དྲན་ཀྱང་འབྲི་བར་མཛོད། ཅེས་སོ།
ཉི་འོད་གྲོངས་ཀྱིས་བཤད་པ་བཞིན་ཁོ་བོའི་རྩོམ་ཡིག་ཐབས་ཆག་འདིར་གླེང་རིན་ཅི་ཡང་མེད་མོད། རྣམ་པ་ཚོས་མཆན་བུ་བཏབ་པར་བཀའ་དྲིན་ཆེ་ཞུ།