ཟླ་ཀླུང་།
སྙིང་ཉེ་བའི་གྲོགས་མོ་ལགས། ད་ནི་ང་རང་གཉིས་ཐུག་འདོད་ཤིན་ཏུ་ཆེ་ཞིང་། ཐུག་ན་ཚོར་བ་དམིགས་བསལ་བ་རེ་སྐྱེ་བར་ཕན་ཚུན་བཤད་པའི་དུས་སྐབས་སུ་བསླེབས་ཡོད། འདི་འདྲ་བྱུང་དགོས་པའི་གནས་ཚུལ་ག་རེ་ཡིན་པ་དང་། ག་དུས་བྱུང་བ་ཡིན་ཞིབ་ཕྲ་ངས་ཀྱང་མི་ཤེས་ལ། ཁྱོད་རང་གིས་ཀྱང་ཕལ་ཆེར་ཤེས་ཀྱི་མ་རེད།
གྲོགས་མོ་ལགས། ངས་ཁྱོད་རང་ཐོག་མར་མཐོང་བ་ནི་སྟོང་ལོ་གསར་པའི་ལོ་འགོ་ཡིན་སྣང་ཤར་ཏེ། རིན་པོ་ཆེ་བལ་ཡུལ་གནས་སྐོར་དུ་ཕེབས་པ་མཇལ་ཕྱིར། ང་རང་ཡམ་བུར་ཡོང་བ་ན་སྡོད་གནས་ཁྱོད་རང་གི་ཁང་པ་འཕགས་པ་ཤིང་ཀུན་དུ་ཡོད་པ་དེར་བྱས། ང་ནི་ཐག་རིང་ནས་ཡོང་བའི་ཤེས་ཡོན་པའི་མིང་ཅན་ཞིག་ཡིན་སྟབས། ཁྱོད་རང་གིས་དགོས་ན་ང་ལ་རོགས་པ་བྱེད་ཀྱི་ཡིན་གསུང་གི་འདུག་ཅེས་ཁྱོད་རང་རོགས་པ་གཉི་ཤངས་བུ་མོ་དེ་ཚོས་ངའི་རོགས་པར་བཤད་ཤག །དེའི་སྐབས་ན་ཁྱོད་ནི། ལོ་ན་ཆུང་ལ་གཟུགས་བྱད་ཀྱི་ཆ་ཤས་ཀུན་ནས་མཛེས་པ། ཁ་དོག་དཀར་དམར་གྱི་མདངས་གསལ་ཞིང་གཙང་སྦྲར་གནས་པ། བྱུག་རྫས་འདྲ་མིན་གྱི་དྲི་བཟང་ཆི་ལིར་བྲོ་བ། ཕྱུག་པོའི་གཅེས་ཕྲུག་ཏུ་སོང་བས་རྒྱུ་དངོས་མང་ལ་ཤེས་འཇོན་ཆེ་བ། གཞོན་ནུ་མའི་འཁོར་གྱིས་བསྐོར་ཏེ་སྒེག་ཉམས་ཀྱིས་འགྲོ་བ་ཞིག་འདུག །
གྲོགས་མོ་ལགས། སྤྱིར་ང་རང་བུའི་གཟུགས་སུ་གྲུབ་པ་དང་། གྲྭ་པ་བྱས་ནའང་ཉོན་མོངས་མ་སྤངས་པས་བློ་ཁ་བུད་མེད་ལ་རང་བཞིན་གྱིས་ཕྱོགས་ཀྱི་ཡོད་ཅིང་། སྒོས་ཁྱོད་རང་ཧ་ཅང་མཛེས་དྲགས་པས་སྐད་ཆ་བཤད་སའི་གོ་སྐབས་ཙམ་ཐོབ་ཀྱང་དགའ་ཚོར་སྐྱེ་ངེས་ནའང་། ང་རང་ལ་བུ་མོའི་ཡིད་ངོར་འབབས་པའི་ལེགས་ཆ་གང་ཡང་མེད་པ་དང་། གཞན་པས་ཁྱོད་ལ་རླུང་ཚ་བོ་ཡོད་རབས་བཤད་རྐྱེན་ཉེ་སར་མ་སོང་། རྗེས་སུ་ཝཱ་རཱ་ཎ་སཱིར་སྐུ་མདུན་དུ་ང་ཚོ་ལས་ཀའི་ཆེད་ཐེངས་འགའ་འཛོམས་པ་ན་དོན་ལྡན་གྱི་གླེང་མོ་ཉུང་ངུ་བྱས་པ་ལས་གང་བྱུང་བཤད་མེད། རྡོར་གདན་སྨོན་ལམ་ཞིག་གི་ཚེ། སྐུ་མདུན་ནས་ང་ཚོར་ཁོང་གིས་བརྩམས་པའི་བླ་མ་མཆོད་པ་བདུན་ཕྲག་གཅིག་གི་ནང་། རྒྱ་ཡིག་ཏུ་བསྒྱུར་ཐུབ་པ་དགོས་པའི་བཀའ་ནན་བསྩལ་བ་ན། ང་རང་གིས་རྒྱ་སྐད་མི་ཤེས་པ་དང་། ཁྱོད་རང་ཚོའི་རྒྱུས་མངའ་མེད་ཕྱིར། ཐུབ་མིན་གང་ཤེས་སྙམ་ནས་ཐོག་མར་ཞེད་སོང་། སྒྱུར་མཁན་གཙོ་བོ་ཁྱོད་རང་ཡིན་པ་ཤེས་རྗེས། བུ་མོར་སྐད་ཆ་སྙན་པོ་རང་བཤད་ན་ལེགས་རབས་ཐོས་མྱོང་ཡོད་པས། བར་གསེང་ནམ་བྱུང་ལ་རྣམ་འགྱུར་བཟང་པོས་བུད་མེད་སྤྱི་དང་ཁྱོད་རང་གི་ཡོན་ཏན་གང་ཤེས་དག་གཙོར་འདོན་དུ་བཤད་དེ་དུས་ཚོད་དམ་བཟུང་བྱས་ཤིང་། ཁྱོད་རང་གིས་ཀྱང་གུ་ཡངས་དང་ཧུར་བརྩོན་གྱིས་སྒྱུར་སྟབས། ཉིན་ལྔའི་ནང་དུ་གྲུབ་པ་དེས་ང་ཧ་ཅང་དགའ་ནས་ཁྱོད་རང་ཕན་གྲོགས་བཟང་ཤོས་ཀྱི་གྲས་ཤིག་ཡིན་པའི་བག་ཆགས་བརྟན་པོ་བྱུང་། སྐུ་མདུན་རྡོ་རྗེ་གླིང་དུ་ཕེབས་སྐབས་ཤིག་ཏུ་ཁྱོད་ནས་སྨོན་ལམ་འདོན་ཆ་རྒྱ་ཡིག་ཏུ་སྒྱུར་བའི་འཕྲོ་སྐྱོང་བའི་ལས་རོགས་སུ་ང་ཡོང་བ་ན་ཡང་བཟང་ཕྱོགས་ཡོད་ཚད་བསྟན་ནས། ཚན་པ་རེ་མཐའ་ཞོགས་པར་ལག་པ་རེ་བཏང་སྟེ། དགའ་སྤྲོའི་རྣམ་འགྱུར་མངོན་པ་དང་རེག་པ་ཉམས་སུ་མྱོང་བཅུག་པ་ཡིན།
གྲོགས་མོ་ལགས། སྔ་ལོ་ང་ཚོ་དྷ་སར་ཡུན་རིང་སྡོད་པ་ན། ང་ལ་མཛེས་པོ་མེད་རབས་བཤད་པར། ཁྱོད་ནས་བུའི་ཁྱད་ཆོས་མཛེས་པོ་མིན་པར་ཐག་ཆོད་ཐུབ་པའི་སྤོབས་པ་དང་རྣམ་འགྱུར་སོགས་ཡིན་ཅིང་། དེ་དག་ཁྱོད་རང་ལ་འདུག་པས་ངས་ནི་ཡག་པོ་མཐོང་གི་འདུག་ཟེར་བ་དང་། པར་ཆས་གསར་པ་བེད་སྤྱོད་བྱེད་སྟངས་སློབ་ཆེད། ང་ཁྱོད་རང་གི་ཤག་ཏུ་ཞོགས་པ་ཞིག་ཏུ་ཡོང་བ་ན། ཁྱོད་རང་གི་སྐད་གདངས་དང་རྣམ་འགྱུར་མ་འདྲ་བ་ཐོན་གྱི་འདུག་པ་དེས། ངས་ཁྱོད་རང་ལ་ཡག་པོ་མཐོང་བ་གཅིག་པུ་མིན་པར། ཁྱོད་རང་གིས་ཀྱང་ང་ལ་ཡག་པོ་ཞིག་མཐོང་འདུག་ཡོད་ལས་ཆེ་སྙམ་པ་བྱུང་ཞིང་། ལྷག་པར་འདུག་སྟངས་ཤིག་གིས་ཁྱོད་རང་གི་མཚན་མ་མཐོང་ཙམ་བྱུང་བས། ངའི་ལུས་ཡོངས་ཚ་ཟིང་ངེར་སོང་སྟེ་དབུགས་ཀྱང་གཏོང་དཀའ་བའི་ཚོར་བ་ཁྱད་མཚར་སྐྱེས་ནའང་གཟབ་གཟབ་བྱས་ནས་བསྡད་པ་ཡིན།
གྲོགས་མོ་ལགས། ད་ལོ་ང་ཚོ་ནེའུ་ཡོག་ཏུ་ཐུག་པ་ན་དགའ་སྣང་ཆེ་བའི་ཉམས་འགྱུར་ཕྱིར་མངོན་ཏེ། ཕན་ཚུན་ཡང་སེ་བལྟས་པ་མ་ཚད། སེའར་ཊེར་ནས་ཁྱོད་ཀྱིས་ཁྱོད་རང་གར་སོང་མི་འདུག་ཐོས་པ་ན་གྲྭ་པ་ལོག་ནས་གཞན་ཞིག་ཏུ་སོང་ངམ་སྙམ་སྟེ་ང་ཧོན་འཐོར་སོང་། ཁྱོད་རང་གིས་ང་ལོ་ན་ཆུང་ཆུང་དང་རྣམ་པ་ཡོད་པ་ཞིག་ཏུ་མཐོང་གི་འདུག་གམ་ཟེར་བར། ངས་གྲོགས་མོ་མེད་པར་སུ་ལ་ལོག་དགོས་རེད། ཁྱོད་རང་ག་དུས་ཀྱང་ཡག་པོ་ཞིག་ཏུ་མཐོང་གི་འདུག་ཅེས་འདྲི་རྨེད་བྱས་པ་དང་། ང་རང་གཉིས་གྱེས་ཁར་ཕན་ཚུན་ལག་པ་དམ་བཟུང་གིས་མགྱོགས་པོ་ཐུག་པའི་སྨོན་ལམ་བྱས་པ་ན། གཉིས་ཀའི་གདོང་མདོག་དང་སྐད་གདངས་འགྱུར་བ་དེ་དག་གིས་དགའ་འདྲིས་ཇེ་ཆེར་སོང་སྟེ། འདི་འདྲའི་ཡང་སེ་དྲན་པ་དང་ཐུག་འདོད་བྱུང་བ་ཡིན་ལས་ཆེ་སྙམ།
གྲོགས་མོ་ལགས། གང་ལྟར་ཁྱོད་ནི་ངའི་ཡིད་ངོར་རྒྱུན་པར་ཤར་ཏེ་ཐུག་འདོད་ཧ་ཅང་ཆེ་བའི་གྲོགས་མོ་དེ་རེད་ལ། ང་ཡང་ཁྱོད་ལ་དམིགས་བསལ་གྱི་ཚོར་བ་བསྐྱེད་མཁན་གྱི་གྲོགས་པོ་སྙིང་ཉེ་དེ་ཡིན་པར་ཁྱོད་ཀྱི་སྐད་ཆ་ལས་ཤེས་ཀྱི་འདུག །འོན་ཏེ་ང་རང་གཉིས་གལ་སྲིད་ཐུག་ནའང་། ལག་པ་གཏོང་བ་དང་མཉམ་འགྲོ་མཉམ་འདུག་གིས་ཟ་འཐུང་བྱེད་པ་ཙམ་མམ། ཆེ་ན་ཕན་ཚུན་འཐམས་ནས་འོ་བྱེད་པ་དང་། དེ་ལས་ཆེ་ན་ཉལ་ཁྲི་གཅིག་གི་ཐོག་ཏུ་ཉལ་བ་ཙམ་ལས། ཕོ་མོ་གཞན་ལྟར་ལུས་འབྲེལ་ཡོང་ཐབས་མེད་དེ། གཉིས་ཀའི་རྒྱུད་སྡོམ་པས་བསྡམས་པ་དང་། འབྱུང་འགྱུར་དཀའ་ངལ་འཕྲད་ངེས་རེད། དེས་ན་ང་རང་གཉིས་ནི་སེམས་ཀྱི་མཛའ་གྲོགས་ལས་ལུས་ཀྱི་མཛའ་གྲོགས་ཡོང་མི་ཐུབ་པ་ལྟ་བུ་ཡིན་པ་ཡིད་ལ་བཞག་ན་སེམས་ངལ་ཅུང་ཆུང་དུ་འགྲོ་སྲིད།
གྲོགས་མོ་ལགས། ངས་སྔོན་གྱི་མྱོང་ཚོར་དམིགས་བསལ་བ་རྣམས་གོ་བདེ་བའི་ཚིག་སྦྱོར་སྙན་པོས་དམར་རྗེན་དུ་བཤད་ཡོད་པས། སུ་གཅིག་ལའང་སྟོན་བཤད་མ་བྱེད་པར་གསང་སྐུངས་ཡག་པོ་གྱིས། ང་རང་གཉིས་སྤྱི་ཚོགས་ཀྱི་མདུན་དུ་དོན་མེད་ཤུན་པ་ཞི་ཡི་རེད། ང་ནི་གནས་ཚུལ་ཕལ་ཆེ་བ་རྣམས་གང་བྱུང་དུ་བཤད་མོད། གསང་དགོས་ཀྱི་གནད་དོན་ཡིན་ན། གཞན་པས་ཤེས་ཟིན་ནའང་མི་བཤད་པའི་གོམས་སྲོལ་ཡོད་ཅིང་། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་སེམས་ཅན་སུ་གཅིག་ལའང་ཕན་མ་ཐོགས་ན་ཡང་གནོད་མི་སྐྱེལ་བར་ཤོག་སྙམ་པའི་སྨོན་འདུན་ཤུགས་དྲག་ཡོད་ཕྱིར། གནས་སྐབས་ག་འདྲ་ཞིག་ཏུ་སླེབ་ཀྱང་བཤད་ཡོང་སྙམ་པའི་སེམས་འཁྲལ་མི་དགོས། མྱོང་ཚོར་འདི་དག་གང་ཟག་གཉིས་པ་ཞིག་ལ་བཤད་པ་ཐེངས་དང་པོ་ཡིན་ཅིང་། རྗེས་མ་གང་ཞིག་བཤད་འདོད་ཡོད་ནའང་མ་སྦས་ལྷུགས་པོར་ཤོད་དང་ངས་ཀྱང་གང་དྲན་ཐམས་ཅད་ལབ་ཀྱི་ཡིན།
གྲོགས་མོ་ལགས། ངའི་ཡི་གེ་འདི་མཐོང་དུས་ཁྱོད་རང་ཧོན་འཐོར་སྲིད། ཡིན་ནའང་། ང་ནང་ཆོས་ལ་སློབ་སྦྱོང་མྱོང་བས་སྤྱོད་ལམ་གཟབ་གཟབ་ཀྱིས་སྡོད་པའི་གང་ཟག་ཅིག་ལས། ཉོན་མོངས་གཏན་མེད་དུ་སོང་བའི་འཕགས་པ་ཞིག་མིན་པར་ཤེས་ན་དེས་ཆོག །ཁྱོད་རང་ཡང་ངས་ཉོན་མོངས་ཆེ་བ་དང་མེད་པ་གང་རུང་ཞིག་ཏུ་རིས་སུ་མ་བཅད་པར། གང་ཟག་དཀྱུས་མ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་སྟབས། གནས་ཚུལ་ག་རེ་ཡིན་ནའང་ངའི་སེམས་ལ་ཤོང་གི་རེད།
གྲོགས་མོ་ལགས། ངས་ཁྱོད་རང་ནམ་དྲན་གྱི་དུས་སུ། རང་གི་མཐོང་ཚུལ་དག་ན་ནིང་ཁྱོད་རང་གི་འཁྲིས་ནས་སྙན་ཚིག་ཏུ་སྤེལ་བ།
ཟླ་ཤེལ་གསར་པའི་མདངས་བཞིན། །
མཛེས་སྡུག་ལང་ཚོ་ངོམས་པའི། །
སྙིང་གྲོགས་བུ་མོའི་གཤིས་སྤྱོད། །
ཇི་འདྲའི་ཡིད་དུ་འོང་བ། །
ཞེས་པ་འདི་སྐྱོར་གྱི་ཡོད་པ་བཞིན། བསྐུར་ཡིག་འདི་ཉིད་འབྲི་སྐབས་ཀྱང་ཁྱོད་རང་ཧ་ཅང་ཡིད་ལ་འཁོར་གྱི་འདུག་པས་འདིར་བཀོད་པ་ཡིན། སྙན་རྩོམ་འདི་གཅིག་པུར་ཡང་སེ་བལྟས་ནའང་ངས་ཁྱོད་རང་ལ་ག་འདྲ་མཐོང་གི་ཡོད་པ་ཕྱོགས་ཙམ་རྟོགས་ཐུབ་པས་དྭོགས་འགྲོགས་མ་བྱེད་པར་ཡིད་ཆེས་གྱིས། ངས་བཤད་པ་འདི་དག་ཕྱོགས་གཅིག་ནས་སྙན་ངག་པའི་སྒྱུ་རྩལ་ཡིན་སྲིད་ལ། ཕྱོགས་གཅིག་ནས་དངོས་ཡོད་གནས་ཚུལ་ཀྱང་ཡིན་སྲིད་པས་རང་དགར་མ་འཇོག་པར་ཡང་ཡང་གཟིགས་ཏེ་བརྩེ་དུངས་ཀྱི་བྲོ་བ་ཉམས་སུ་མྱོང་བར་མཛོད་ཅིག ། 31/10/2008
སྒྲུང་སྙན་མོ་བྱུང་། དོན་དག་འདི་འདྲ་རྟག་པར་འབྱུང་གིན་ཡོད་ཀྱང་། དགེ་ཆོས་ཀྱིས་གསུངས་པ་བཞིན། གཞོན་པ་རྣམས་ལ་ནད་དུ་ཆེ་ལགས་ཀྱང་། །རྒད་པོ་རྣམས་ཀྱིས་རྟག་ཏུ་སྣང་ཆུང་བྱེད། །
གཟན་དང་ཤམ་ཐབས་དམར་པོ་འདི་ཡིས་འདོད་ཆགས་མེ་བཞིན་འབར་བ་མཚོན། །
བུ་དང་བུ་མོའི་མིག་མདངས་དེས་ཀྱང་སེམས་ཀྱི་རི་མོ་སྣ་ཚོགས་མཚོན། །
ཚིག་དང་ཚིག་གི་ཕྲེང་བའི་འོད་ཀྱིས་དགའ་སྐྱོ་ཆགས་སྡང་གང་ཞིག་མཚོན། །
མཚོན་དོན་མང་ཡང་འགྲུབ་རེ་དཀོན་པའི་འཇིག་རྟེན་འདི་ནི་དམྱལ་བའི་ཁམས། །
བལ་ཡུལ་ཡམ་བུའི་འདུ་འཛི་སྟུག་པོས་སྙན་ངག་པ་ཡི་སེམས་ཁམས་མཚོན། །
ཝ་ར་ཎ་སིའི་ལྷིང་འཇགས་དེས་ཀྱང་བུ་མོའི་སེམས་ཀྱི་ཟུར་ཞིག་མཚོན། །
རྡོ་རྗེ་གླིང་གི་སྨུག་སྤྲིན་བན་བུན་དེས་ཀྱང་འདོད་བརྩེའི་ཞིང་ཁམས་མཚོན། །
མཚོན་བྱེད་མང་ཡང་དྲན་གདུང་ཁོ་ནས་མི་ཚེ་འདི་ཡི་བྲོ་བ་ཡལ། །
འདོད་ལྡན་བུད་མེད་རྣམས་ནི་སྡིགས་ཅན་ལགས་ཏེ་ཆགས་ལྡན་གླང་ཆེན་སྙིང་ལ་ན་ཟུག་སློང་བ་གྲངས་ཀྱིས་ག་ལ་ཆོད།།
རྐང་བའི་མཐིལ་ནས་འདོམས་དང་སྒལ་གཞུང་དང་ནི་ཀླད་པའི་སྦུག་ལ་འདོད་པའི་མེ་ལྕེ་འདྲེན་པའི་ཉེས་པ་སུ་ཡིས་འཁུར།།
བུ་ག་ཆེ་ཕྲ་མང་པོར་ཡང་ཡང་རྡེག་ཏེ་ན་ཟུག་བཅག་པར་བྱས་ཀྱང་ད་དུང་མི་ཞི་གདུང་བ་འདི་ཅི་ཞིག།
ཡན་འདབ་ལྔ་བས་བསྲུབ་ལས་འདོད་ཆེན་ཀ་བར་ཚིམ་པར་འགྱུར་ན་བུད་མེད་རྗེས་ལ་སྨྲེ་ངག་ཟུག་ངུ་ཤོར་དགོས་མེད།།
བལྟས་ནས་ཚིམས་ན་འཆང་ནས་ཅི་ཞིག་བྱ། །
འཆང་ནས་ཚིམས་ན་འཁྱུད་ནས་ཅི་ཞིག་བྱ། །
འཁྱུད་ནས་ཚིམས་ན་ཉར་ནས་ཅི་ཞིག་བྱ། །
ལྟ་འཆང་འཁྱུད་ཉར་མི་དགོས་དེ་ལྷག་ཅི། །
བོད་ཀྱི་བུ་འདིའི་ཚིག་རྐང་ཐ་མ་དེས་ཅུང་ཙམ་བརླགས་འདུག་མ་གཏོགས་གོང་མ་གསུམ་པོ་དེ་ད་ཨུམ་ཨུམ། ངའོ་འདོམ་ལ་གཏད་ནས་བརྒྱབས་བཞག་ཡོད་ཀི རང་ང་གཟེར་གམ་མེར་བཏང་སོང་ང་།
གཞས་མ་འདི་རྩད་གཅོད་གནང་གིན་ཡོད། ཁོ་མོའི་སྐོར་ཤེས་མཁན་ཡོད་དམ།
http://www.youtube.com/watch?v=k_ZLDn1yDv0&feature=related
གཟུགས་ངོ་མ་མཛེས་ཀི སྐད་དེ་ཙམ་མི་དག་གི
ཡང་ཁོ་རི་ཡའི་གཞས་ཤིག་ལ་ལད་མོ་བྱས་འདུག་པ་འདྲ་ཞིག་རེད་པ། དེ་བས་གླུ་བ་འོ་བཞུགས་སྐྱིད་ཀྱི་སྙན་མོ་ངག་གི་འགྱུར་ཁུག་དང་མཛེས་པོ་གཟུགས་ཀྱི་ལྡེམ་མྱུར་དེ་ད་ཨ་ཨ་ཨ། ད་སོ་མ་རང་དབང་དྲ་བར་བར་བཀོད་ཡ། ཨ་ཁུ་སོང་ནས་དེར་གཅིག་གཟིགས་དང་། བོད་མོའི་དྲི་མ་འཐིལ་ལི་ལི་བྱེད་ཀི་ཡ།
རྒྱལ་རབས་དེབ་ཐར་དཀར་པོའི་ཁ་སྐོང་མེས་པོའི་ཞལ་ལུང་། ཞེས་པ་
རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་མེས་བློན་གོང་མའི་ཞལ་ཆེམས་ཞེས་སུ་བཅོས་རོགས།
མེ་ཏོག་དཀར་པོ་ཁྱོེད་ཅི་འདྲའི་མི་སེམས་པ་ནག་པོ་ཞིག
ང་ཚོས་འདིར་རྒུན་ཆང་འཐུང་ཞོར་མཛེས་མར་རོལ་མྱོང་ལུས་སེམས་གཉིས་ཀ་ཚ་སྦུར་སྦུར་བྱེད་སྒང་། ཁྱོད་ཀྱིས་རག་ར་རྒད་པོའི་འདམ་ཉོག་ང་ཚོའི་མདུན་ཅོག་སྒང་མ་བྱོ་འ། ཨ་ལ་སྐུ་རྩེད་རང་ཡིན་ད།
བཟོད་རྒྱམ་ལགས།
ཁྱེད་ཚང་གི་འོ་གཞུག་རྣམ་པ་ཡག་མོ་ཡོད་ཡོད་འདྲ་ཡང་། ལུས་སྟོད་སྨད་གཉིས་ཀ་རས་མཐུག་པོ་དཀྲིས་ནས་བུད་མེད་ཀྱི་མཛེས་ཆ་ཡོངས་སུ་བསྒྲིབས་འདུག
དེ་ལས། གླུ་མ་དཔལ་མོ་ རང་དབང་ གར་སྟེགས་སུ་གདན་འདྲེན་ཞུས་དང་། ཆགས་གླང་སྨྱོན་པའི་གདུང་བ་ཞི་བྱེད་ཉིད།
སྡེ་ངོ་མ་བསོད་ནམས་ཆེ་གི འདུག་སྟངས་ཤིག་གིས་མཚན་མ་མཐོང་བཟོ་མཐོང་སོང་ཟིག ཨོ་་་ད་བསྲན་ནས་ག་རེ་བྱས་ག འཛུགས་དགོས་པ་རེད།
ཨོམ་བདེ་ལེགས་སུ་གྱུར་ཅིག
གང་དུ་བུད་མེད་དག་དང་ལྷན་ཅིག་སྡོད་པའི་ཚེ།
ཟླ་ཀླུང་ནང་བཞིན་མོ་མཚན་མཇལ་བའི་སྐལ་ཐོབ་ཤོག།
ལུས་ཡོངས་ཚ་ཟིང་འདོད་ཆགས་སྙིང་ལ་ཞུགས་པའི་ཚེ།
དབུགས་ཀྱང་གཏོང་དཀའ་ངོ་ཚ་སྐྲག་སྣང་མི་བྱེད་པར།
དཀོན་ཅོག་སྐམ་པོའི་ཞལ་གདམས་ཉམས་སུ་ལེན་ཐུབ་ཤོག
བོད་ཀྱི་བུ། ངས་ཁ་བརྡར་མཆན་བུ་ནས་བསུབ་རོགས་ཞེས་བསྐྲུལ་མིན་འདུག་གམ། ངས་ཀྱང་འདོད་ལྡན་གྱི་རྩེད་ར་ན་རྒད་པོའི་གོབ་འགྲོས་འདི་ཤིན་ཏུ་མི་འོས་པ་སྔར་ནས་ཤེས་སོ།།
རྩེད་མོ་དང་མཉམ་དུ་ཡིན།
འདུག་སྟངས་གཅིག་གིས་མཚན་མ་མངོན་པའི་ཚུལ་ལ་དཔག་ན་དེང་དུས་འགྲོ་སྟངས་མི་ཤེས་པ་ཞིག་ཡིན་གྱིསས་དོགས། །
བཀའ་ཆོས་སྨོན་ལམ་གང་དུ་ཡོད་སར་སླེབས་པའི་ཚུལ་ལ་བསམ་ན་ལན་བུ་བྲེག་པའི་མོ་ཞིག་ཡིན་པ་འདྲ། །
སྐྱེས་པ་ཕོ་ཡི་ངང་ཚུལ་གང་ལ་གདིང་གི་གོ་བ་ལེན་སྟངས་འདི་ཡིས་བསྒམ་རླིང་ལྡན་པའི་བུ་མོ་ཞིག །
གང་ལྟར་ཟླ་ཀླུང་གྲགས་པའི་གཞོན་ནུ་གང་འདིའི་ཡིད་བརྟན་འཕྲོག་པའི་བྱུང་བའི་རབས་འདི་རྣ་བར་འཇེབ། །
རྩོམ་འདི་བཀླགས་གིན་མཇེ་གོག་གྱེན་དུ་འགྲེངས།།
ཟླ་ཀླུང་ཆགས་རྒན་བསོད་དེ་ཆེ་གི་སྙམ།།
འདུག་སྟངས་ཤིག་གིས་མཚན་མ་མཐོང་སོང་བ།།
སྙན་ངག་མེ་ལོང་དར་ནས་ད་བར་དུ།།
གངས་ཅན་བོད་དུ་མ་བྲིས་སྙན་ངག་ཞིག
འདུག་སྟངས་ཞིག་གིས་མཚན་མ་མཐོང་ཡང་སྡུག་སྲན་སྒོམ་ནུས་དཔའ་བོ་ཞིག །
འདོད་པའི་འདོད་ཆགས་ཁོག་ནས་འབར་ཡང་འདོད་རྟགས་སྦ་ནུས་གྲུང་པོ་ཞིག །
སྙིང་གི་ནང་གི་སྙིང་གཏམ་དམར་ཡང་ཡི་གེ་ནག་པོར་སྟོན་མཁས་ཞིག །
དེང་སང་སྐྱེས་པའི་ན་གཞོན་ཡིན་ཡང་བློ་གྲོས་སྔོན་གྱི་རྒན་རབས་ཞིག །
གཡག་ཤ་ཟོས་པའི་ལན་པ་མ་ལགས་ལུག་ཁོལ་ཚ་པོ་འཐུང་པས་ལན་པ་ག་ལ་ཡིན། །
གཡག་ཤ་ཟོས་པའི་ལན་པ་ཡིན་ན་བརྒྱད་བཅུའི་རྒད་པོ་མཇེ་རྒན་ལངས་ནས་ཤི་ན་ཐང་། །
ལུག་ཁོལ་འཐུང་པའི་རྐྱེན་གྱིས་ཡིན་ན་བཅུ་གཉིས་བུ་ཚ་ར་འཛགས་ལུག་འཛགས་ཅིས་མི་བྱེད། །
དེ་ཡི་ཕྱིར་ན་བོད་ཀྱི་བུ་ཁྱོད་དཔལ་མོའི་བདག་པོ་དབང་ཕྱུག་ལྷ་ཡིས་ཟིན་པའིི་རྟགས། །
གཡག་ཤ་ཡིན་ན་མཁྲེག་པོ་ཞིག་རང་ཡིན་དགོས་ཨ་ཡོད་ལེགས་པར་བཙོས་ནས་ཟ་ཆོག་རྒྱུ། །
ལུག་ཁོལ་འཐུང་བའི་བཅུ་གཉིས་ནེ་ནེ་ངར་དང་ལྡན་ཡང་ར་འཛགས་བོང་འཛགས་ག་ལ་བྱེད།།
བཅུ་དྲུག་ལོ་ནས་ཆུང་གྲོགས་བཙལ་ཏེ་བ་འཛགས་བོང་འཛགས་ཆད་མྱོང་མེད་པའི་བོད་ཀྱི་བུ།།
མེཏོག་དཀར་པོ་ཚ་བས་མ་ཉེས་གྲང་བས་བརྡུང་བཟོ་འདོག་བདེ་བར་མཆིས་སོ་ཀྱེ། །
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
གོང་དུ་བོད་ཀྱི་བུའི་མཆན་འགའ་བསུབ་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།