ཐོར་རྒོད་པ་སྐྲན།
་་་་་་་་་་་་ཕྱི་ལོ་༢༠༡༡ལོའི་གནམ་ལོ་གསར་ཚེས་སུ་སྙིང་ཉེ་བའི་སྤུན་གྲོགས་ཡོངས་ལ།
བསམ་གཞིག་གི་མནར་གཅོད་བཟེད་པའི་སེམས་པ་འདིའི་རང་ཉིད་ལ་ཉེས་ཆད་གཅོད་དུས།
ང་ནི་རུས་རྐང་གི་སྣུམ་ཁ་དྲོན་མོ་དེ་ཡིན་པ་མ་རྟོགས་ལ།
ང་ནི་སྣུམ་ཁ་དེའི་སྙིང་ཁྲག་ཁོལ་མ་དེ་ཡིན་པའང་ཤེས་མེད།
ཡིན་ན་ཡང་། འཚོ་བ་འཚོ་བ་ཞེས་པའི་དམྱལ་བའི་སླ་ང་དེའི་ནང་དུ།
འདོད་པ་འདོད་པ་ཞེས་པའི་ཁྲག་གི་འཁོར་ལོ་དེ་མྱུར་མོར་འཁོར་བས།
ངའི་སྙིང་ཉེ་བའི་འཁོར་བ་བ་ཁག་ཅིག་གང་ཞིག་ཏུ་བོར་སོང།
སྙིང་ཉེ་བའི་ན་ཟླ་ཚོ། ང་ཡོད་པས་ངའི་ཁྱོད་རང་ཡོད་པའི་བདེན་པ་འདི།
གཤོག་པ་དང་འཕྲུལ་ཆས་སུ་ཆག་འཇིག་མེད་པའི་སེམས་ཤ་གསོན་པོ་འདི།
བདེ་སྐྱིད་དང་མྱ་ངན་ཀྱི་ཁ་དོག་མཐུན་པོར་སྦྱོར་བའི་ཤེས་པ་གནད་མ་འདི།
ང་ལ་འདི་དག་ཐམས་ཅད་ཡོད་པས་ངས་རང་ཉིད་ཡོད་པོར་བཀུར་ཡོད།
ངས་རང་ཉིད་སྤྱི་བོར་བཞག་ཡོད།
སྙིང་ཉེ་བའི་ན་ཟླ་ཚོ། ཞེ་སེམས་སྐྱོ་པ་མ་གནངས་དང།
ང་སྔར་བཞིན་དགའ་དུས་དགོད་ཕོད་ཅིང་སྡུག་དུས་ངུ་ཤེས་པའི་རྟུལ་ཞུགས་ཀྱིས་འོང་གིན་ཡོད།
ད་དུང་། འོ་སྐོལ་གྱི་འཚོ་བའི་རྣམ་འགྱུར་ཕྱི་རུ་བཤམས་ནས་འོང་གིན་ཡོད །
ད་དུང་། འོ་སྐོལ་གྱི་འཁོར་བའི་བདེ་སྡུག་དབྱངས་སུ་གྱེར་ནས་འོང་གིན་ཡོད །
སྙིང་ཉེ་བའི་ན་ཟླ་ཚོ། ང་ད་དུང་གང་དུ་ཕྱིན་མེད།
ངའི་སྐད་ཆ་དང་སེམས་པའི་སྒེག་འགྲོས་རེ་རེས་ཁྱེད་ཚོར་ཅི་ཞིག་བཤད་ཀྱིན་ཡོད་ལ།
ངའི་རྣམ་འགྱུར་དང་གོམ་སྟབས་ཀྱག་ཀྱོག་རེ་རེས་ཁྱོད་ཚོར་ཅི་ཡང་གླན་ཡོད་པས།
ང་ད་དུང་གང་དུ་ཕྱིན་མེད་ལ་ང་ད་དུང་གང་དུའང་མི་འགྲོ།
སེམས་པ་དང་སེམས་པའི་སྡེབ་དྲོད་ཁོ་ནས་ང་ད་དུང་གསོན་ནུས།
2010.12.11
ངའི་འཇིག་རྟེན་མུན་པའི་བཟོ་མཁན།(Rockགཞས་ཚིག་ཅིག)
ཐོར་རྒོད་པ་སྐྲན།
སེམས་ལ་རྨ་ཞིག་བཟོས་སོང་།།
གླུ་གཞས་ལེན་ཕྱོགས་ཞིག་གིས།།
ཁ་ནས་ཚིག་ཅིག་ཤོར་སོང་།།
སུ་ལའང་མ་བཤད་པའི་གསང་བ་དེ།།སུ་ཡིས་ཀྱང་མི་ཤེས་པའི་གསང་བ་དེ།།གསང་བ་དེ།འུ་གཉིས་ཀྱི་གསང་བ་དེ།ཁྱོད་དང་ངེད་གཉིས་བར་གྱི་གསང་བ་དེ།།ང་རང་ཁྱོད་ལ་ཞེན་པའི་གསང་བ་དེ།།ཁྱོད་རང་ང་ལ་འདྲོགས་པའི་གསང་བ་དེ།།ང་ཡིས་བརྗེད་ཐབས་མེད་པའི་གསང་བ་དེ།།ང་ཡིས་་་་དུས་རྟག་ཏུ།ནམ་རྒྱུན་དུ།ཁེར་རྐྱང་དུ།སྐྱོ་བཞིན་དུ་།དགོད་བཞིན་དུ།སྡུག་བཞིན་དུ།ངུ་བཞི ན་དུ།ཁྱོད་རང་བསམ་ནས་་་ཁྱོད་རང་སྒོམ་ནས་་་ཁྱོད་རང་དྲན་ནས་་་ཁྱོད་རང་གླེང་ནས། ཐ་ན་ཁྱོད་ལ་མ་སྒུག་པའི་ཉིན་མོ་དང་སྐར་ཆ་ག་ཚོད་ག་ཚོད་ཡོད་དམ།།ཐ་ན་ཁྱོད་རང་མ་རྨིས་པའི་མཚན་མོ་དང་གཉིད་ཐུན་ག་ཚོད་ག་ཚོད་ཡོད་དམ།།ང་རང་གིས་བགྲང་ཐུབ་པའི་་་་་ཁྱོད་ལ་ཞུས་མེད་པའི་་་་ཞུས་ཀྱང་ཆོད་མེད་པའི་་་་་རེ་ཆད་དང་དཀའ་སྡུག་གང་མང་གང་མང་།།མིག་ཆུ་དང་ངུ་ངག་གང་མང་གང་མང་།།དངན་པ་དང་ཨུ་ཤུ་གང་མང་གང་མང་།།་་འདི་དག་ཐམས་ཅད་ཀྱི་ཡ་ལན་སུ་ཞིག་ལ་ས ྤྲོད་དམ།།འདི་དག་ཐམས་ཅད་ཀྱི་ཤ་འཁོན་སུ་ཞིག་ནས་ལེན་ནམ།།ངའི་འཇིག་རྟེན་མུན་པའི་བཟོ་མཁན་སུ་ཡིན།།ངའི་འཚོ་བར་མྱ་ངན་སྐྲུན་མཁན་སུ་ཡིན།།གནམ་སྔོན་པོ་ཁྱོད་ལ་མིག་ཞིག་ཡོད་དམ།།མི་གསོན་པོ་ཁྱོད་ལ་སེམས་ཤིག་ཡོད་དམ།
ངའི་འཇིག་རྟེན་མུན་པའི་བཟོ་མཁན་སུ་ཡིན།།ངའི་འཚོ་བར་མྱ་ངན་སྐྲུན་མཁན་སུ་ཡིན།།གནམ་སྔོན་པོ་ཁྱོད་ལ་མིག་ཞིག་ཡོད་དམ།།མི་གསོན་པོ་ཁྱོད་ལ་སེམས་ཤིག་ཡོད་དམ།
སེམས་པས་ཉན་སྟངས་ཤིག་གིས།།
མིག་ལ་ཁྲག་ཞིག་བསྐྱིལ་སོང་།།
མིག་ཆུ་འབྱིད་སྟངས་ཤིག་གིས།།
མཆུ་མ་ངག་ལས་བཞུར་སོང་།།
སུ་ལའང་མ་ཞུས་པའི་གསང་བ་དེ།།སུ་ཡིས་ཀྱང་བཤད་ཟིན་པའི་གསང་བ་དེ།།གསང་བ་དེ།འུ་གཉིས་ཀྱི་གསང་བ་དེ།ཁྱོད་དང་ངེད་གཉིས་བར་གྱི་གསང་བ་དེ།།ང་རང་ཁྱོད་ལ་ཞེན་པའི་གསང་བ་དེ།།ཁྱོད་རང་ང་ལ་འདྲོགས་པའི་གསང་བ་དེ།།ང་ཡིས་བརྗེད་ཐབས་མེད་པའི་གསང་བ་དེ།།ང་ཡིས་་་་དུས་རྟག་ཏུ།ནམ་རྒྱུན་དུ།ཁེར་རྐྱང་དུ།སྐྱོ་བཞིན་དུ་།དགོད་བཞིན་དུ།སྡུག་བཞིན་དུ།ངུ་བཞིན་དུ།ཁྱོད་རང་བསམ་ནས་ཁྱོད་རང་སྒོམ་ནས་ཁྱོད་རང་དྲན་ནས་ཁྱོད་རང་གླེང་ནས། ཐ་ན་ཁྱོད་ལ་མ་སྒུག་པའི་ཉིན་མོ་དང་སྐར་ཆ་ག་ཚོད་ག་ཚོད་ཡོད།།ཐ་ན་ཁྱོད་རང་མ་རྨིས་པའི་མཚན་མོ་དང་གཉིད་ཐུན་ག་ཚོད་ག་ཚོད་ཡོད།།ང་རང་གིས་བགྲང་ཐུབ་པའི་་་་་ཁྱོད་ལ་ཞུས་མེད་པའི་་་་་ཞུས་ཀྱང་ཆོད་མེད་པའི་་་་་རེ་ཆད་དང་དཀའ་སྡུག་གང་མང་གང་མང་།།མིག་ཆུ་དང་ངུ་ངག་གང་མང་གང་མང་།།དངན་པ་དང་ཨུ་ཤུ་གང་མང་གང་མང་།།་་འདི་དག་ཐམས་ཅད་ཀྱི་ཡ་ལན་སུ་ཞིག་ལ་སྤྲོད་ དམ།།འདི་དག་ཐམས་ཅད་ཀྱི་ཤ་འཁོན་སུ་ཞིག་ནས་ལེན་ནམ།།ངའི་འཇིག་རྟེན་མུན་པའི་བཟོ་མཁན་སུ་ཡིན།གནམ་སྔོན་པོ་ཁྱོད་ལ་མིག་ཞིག་ཡོད་དམ།།མི་གསོན་པོ་ཁྱོད་ལ་སེམས་ཤིག་ཡོད་དམ།
ངའི་འཇིག་རྟེན་མུན་པའི་བཟོ་མཁན་སུ་ཡིན།། ངའི་འཚོ་བར་མྱ་ངན་སྐྲུན་མཁན་སུ་ཡིན།། གནམ་སྔོན་པོ་ཁྱོད་ལ་མིག་ཞིག་ཡོད་དམ།།མི་གསོན་པོ་ཁྱོད་ལ་སེམས་ཤིག་ཡོད་དམ།
ངའི་འཇིག་རྟེན་མུན་པའི་བཟོ་མཁན་སུ་ཡིན།།ངའི་འཚོ་བར་མྱ་ངན་སྐྲུན་མཁན་སུ་ཡིན།།གནམ་སྔོན་པོ་ཁྱོད་ལ་མིག་ཞིག་ཡོད་དམ།།མི་གསོན་པོ་ཁྱོད་ལ་སེམས་ཤིག་ཡོད་དམ།
24/01/2011