འཇམ་གཅེས།
སྙིང་ནས་བརྩེ་བའི་བདག་གི་གྲོགས་མཆོག་དམ་པ་སྤྲོ་ཚིགས་ཆོས་གྲགས་ལགས། ཁྱེད་ནི་གུས་རང་ངོས་ནས་བཤད་ན་ཁ་མིག་ཡར་བལྟ་བྱ་ཡུལ་གྱི་གྲོགས་བཟང་མི་ཉུང་བ་ཞིག་ཡོད་པའི་ནང་ནས་གཅིག་ཡིན། ཁྱེད་ནི་བོད་མི་རིགས་དང་། ལྷག་པར་དུའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་ཤེས་རིག་གི་སྒྲོན་མེ་དང་། ལོ་རྒྱུས་ཀྱི་ལྡེ་མིག ལ་རྒྱ་ཡི་བ་དན། བསམ་བློ་ཡི་སྣེ་ཁྲིད་པ་ངོ་མ་དེ་ཡིན། འོན་ཏང་བསམ་ཡུལ་འདས་པའི་གོད་ཆགས་བྱུང་ཚུལ་གྱི་གཏམ་ངན་དེར་དང་པོར་ཡིད་མ་ཆེས། བར་དུ་ཧོན་འཐོར། མཐར་སྙིང་དམར་དུམ་བུར་བཤགས་འདྲའི་ན་ཟུག་དྲག་པོ་ཞིག་དང་ལྷན་དུ་ཁྱེད་ཉིད་འཇིག་རྟེན་འདི་ནས་གཏན་དུ་ཁ་བྲལ་སོང་བ་ཤེས། རྐྱེན་ངན་གྱི་དབང་ལས་ཁྱེད་ཉིད་འཇིག་རྟེན་འདི་ནས་བཞུད་སོང་མོད། བོད་མི་རིགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིག་གནས་རྣམས་ས་ཆེན་པོ་འདིར་ཇི་སྲིད་ནམ་གནས་བར་དུ་ཁྱེད་ཀྱིས་བཞག་པའི་མཛད་རྗེས་རྣམས་ཀྱང་དེ་སྲིད་དུ་གནས་པར་ངེས།
བདག་ལ་མཚོན་ན། ཆེས་དྲན་གདུང་ལྕི་བ་ཞིག་ནི་ཁྱེད་ཉིད་ལ་རྐྱེན་ངན་དེ་མ་འཕྲད་པའི་ཉིན་གཉིས་ཀྱི་ཡར་སྔོན་དེར། ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཏག་ཏག་ལ་སྐད་འཕྲིན་གྱི་ལམ་ནས་བདག་ལ་ཁམས་བདེའི་འཚམས་འདྲི་དང་ལྷན་དུ་ལོ་ངོ་གཅིག་ཙམ་གྱི་གོང་རོལ་དུ་བྲིས་གནང་བའི་བོད་ཀྱི་ལོ་རྒྱུས་རིག་པའི་ཤེས་བྱ་མཛུབ་མོ་རི་སྟོན་ཞེས་པ་དེ་བཞིན་བཙན་པོའི་དྲྭ་བར་བཀོད་ཡོད་པས་གཟིགས་རོགས་གསུངས་པ་ལྟར། ངས་ཀྱང་རྩོམ་ཡིག་རིང་པོ་དེ་བཞིན་ཆ་ཚང་བཀླགས།http://www.tsanpo.com/debate/9004.html
ད་དུང་གལ་ཆེའི་རིགས་འགའ་ཤས་ཚར་གཉིས་ཙམ་གསུམ་ཙམ་རེ་བསྐྱར་ཀློག་བྱས་པས་བློ་སྐྱེད་ཀྱང་ཧ་ཅང་མང་པོ་བྱུང་། ཉིན་དེའི་དགོང་མོར་ངས་ཁྱེད་ཀྱི་རྩོམ་ཡིག་གིས་སྤྲད་པའི་མྱོང་ཚོར་དང་། བློ་སྐྱེད་གང་ཐོབ་པ་རྣམས་གསལ་བཤད་དང་འབྲེལ་ནས་བཀའ་དྲིན་ཆེ་ཞེས་ཞུས། སྐབས་དེར་ཁྱེད་ཀྱིས་རྗེས་སོར་ལས་ཀ་གང་ཡོད་ན་ཐད་ཀར་བདག་ལ་འབྲེལ་བ་གནང་ཤོག ད་ལྟ་ང་ལ་ལས་བྲེལ་ཏོག་ཙམ་འདུག རྗེས་མར་དུས་ཚོད་ཡོད་དུས་མཇལ་ཡོང་ཟེར།
སྤྱིར་བཏང་ཁྱེད་ཀྱིས་བརྩམས་ཆོས་དག་ནི་སྐད་ཡིག་དང་། རྒྱལ་རབས་ལོ་རྒྱུས་སོགས་དགག་སྒྲུབ་གཉིས་ཀྱི་ལམ་ནས་སྤེལ་བ་ཧ་ཅང་མང་། ད་དུང་ཁྱེད་ཀྱིས་སྔར་ལོར་མཚན་རྟགས་དང་ལྷན་དུ་བདག་ལ་ལག་རྟགས་སམ་པར་ཕུད་དུ་གནང་བའི་བོད་རིག་པ་ཞིབ་འཇུག་དུས་དེབ། ཕྱི་ལོ་༢༠༡༣ ལོར་འདོན་ཐེངས་དང་པོ་གནང་བ་དེ་ཡང་ངས་ཁྱེད་ཉིད་དྲན་རྟེན་དུ་བདག་གཅེས་བྱེད་ངེས་ཡིན་ལ། ངས་སྐུ་ཉིད་ཀྱི་ཕྱིར་དུ་མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་དང་། འདུས་སྡེ་ལ་བསྔོ་རྟེན་དང་སྐྱབས་ཞུ་གང་ནུས་འབུལ་ངེས་ཡིན། ངོ་མ་ཡིན།
ངས་ཉིན་འདི་དག་གི་རིང་དུ་ཁྱེད་ཀྱིས་བདག་ལ་བསྐུར་གནང་བའི་གསུང་བཤད་དག་ཡང་ཡང་ཉན་གྱིན་ཡོད་ལ། གུས་པས་རེ་བ་ཞུས་དོན་བཞིན་སྐབས་སོ་སོར་རོགས་རམ་གནང་བའི་ལོ་རྒྱུས་ཡིག་ཆ་ཁག་ལ་མིག་ཟུང་མཆི་མས་ཁེངས་བཞིན་ཡང་ཡང་ལྟ་བཞིན་ཡོད། ད་ནི་འདི་ཙམ་ལས་མང་པོ་ཞིག་འབྲི་འདོད་ཀྱི་འདུན་པ་དང་ཡི་ག་ཡོངས་རྫོགས་འགག་ནས་འདུག མཐར་རིང་མིན་དལ་བརྒྱད་འབྱོར་བཅུ་ལྡན་པའི་རྟེན་བཟང་རིམ་པར་བརྒྱུད་ནས་གཏན་བདེའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་སྨོན་འདུན་གྲངས་མེད་ཞུ།། །།
ངས་ཀྱང་།
དལ་བརྒྱད་འབྱོར་བཅུ་ལྡན་པའི་རྟེན་བཟང་རིམ་པར་བརྒྱུད་ནས་གཏན་བདེའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་སྨོན་འདུན་གྲངས་མེད་ཞུ།། །།
བོད་ཀྱི་མཁས་དབང་སྤྲི་ཚིགས་ཆོས་གྲགས་མཆོག་སྐུ་ཚེ་རྫོགས་པར་སྐུ་གཤེགས་ཀྱི་སླུ་མེད་ཀྱི་མཛའ་བོ་འཇམ་གཅེས་ལ་གདུང་སྐྱེད་མཉམ་ཞུ་དང་། སྐུ་ཚེ་ལས་འདས་པོ་སྤྲོ་ཚིགས་ཆོས་གྲགས་ལ་གནས་སྐབས་བདེ་འགྲོ་དང་། མཐར་བྱང་ཆུབ་ཆེན་པོ་ཐོབ་པའི་ཡིད་སྨོན་ཞུ།
མྱ་ངན་དང་བསྔོ་སྨོན་ཞུ།
༡༽མྱ་ངན་ཞུ་བ་ལས་རྗེས་དྲན་ཞུ་མི་རུང་། རང་ཉིད་ཀྱི་ཞེ་སྡང་མ་ཐུལ་བས། བོད་ཀྱི་གཞོན་པའི་མིག་དཔེ། བོད་ཀྱི་སྤྱི་ཚོགས་དང་།རྩོམ་པ་པོའི་མཐུན་ཚོགས། ཤེས་ཡོན་པའི་ཆེ་བ། ནང་པ་སངས་རྒྱས་པའི་བསྟན་པ་རྟགས་ཀྱི་ཆེ་བ་གང་ལ་བསམ་ཀྱང་རྗེས་དྲན་ནམ་ཡང་བྱེད་མི་འོས། །
༢༽བསྔོ་སྨོན་བྱ་བ་ལས་རྗེས་སུ་ཡི་རང་བྱ་མི་འོས། སྙིང་རྗེའི་ཡུལ། གཤིན་པོ་རྣམ་ཤེས་གསར་བ་ཡིན་པས་ཕྱོགས་གང་ཐད་ནས་བསྔོ་སྨོན་གང་ཐུབ་བྱེད་དགོས། སྒེར་དོན། གྲི་ཤི། བོད་ཉམ་ངའི་ནང་དུ་ལྷུང་ཡོད་དུས་ཆེ་ས་ནས་བསམ་བློ་མ་བཏང་བར་ཤི་བ་ཡིན་པས་དཔའ་བོ་མིན་ལ། སྤྱི་དོན་དུ་ཤི་བ་མིན། ཤི་ཚུལ་ངན་པས་རྗེས་སུ་ཡི་རང་བྱ་མི་འོས་སོ། །ༀ་མ་ཎི་པདྨེ་ཧཱུྃ། །
དགེ་འདུན་མཐུན་པ་བདེ་བ་སྟེ། །
བོད་རིགས་མཐུན་པའང་བདེ་བའོ། །
སྐྱོ་གནས་འདིའི་ལྟག་རྒྱབ་ན་མི་མངོན་པའི་གསང་བ་རྒྱ་ཆེན་ཞིག་གབ་སྤས་ཡོད་པ་ཇི་ལྟར་བསམ་ཀྱང་མངོན་ཡོང་གི
བསྔོ་སྨོན་བྱེད་མི་བྱེད་ཚོ་མི་ཤེས། འདིའི་རྒྱབ་ལོགས་ན་འདི་ལས་ལྷག་པའི་གསང་བ་འཇིགས་སུ་རུང་བ་ཞིག་སྦས་ཡོད་པ་ཐག་ཆོད་རེད། རྔ་བ་ཆོས་གྲགས་ཀྱིས་འདི་མི་གསོད་པ་གསལ་པོ་གསལ་རྐྱང་རེད། སྐུ་མཁྱེན་གསུང་མཁྱེན། བཙན་བྱོལ་བོད་མིའི་ཚོགས་སྡེ་ཚོཔས་འདིའི་རྒྱབ་ལོགས་ན་གང་ཡོད་པའི་གསང་བ་དེ་ལ་ཞིབ་འཇུག་རིག་པ་རྣོན་པོས་མ་བྱས་ཚེ་འདི་དང་འདི་འདྲ་བ་མུ་མཐུད་དུ་འབྱུང་རྒྱུ་རེད་བསམ་གི།
དོན་སྐྱེན་དེ་ཚོརཞིབ་འཇུག་ནན་པོ་བྱ་དགོས་པ་རེད་། ས་གནས་འགོ་འཛིན་དང་ས་གནས་སྐོར་སྲུང་སོགས་ནས་ཁྱི་འཁྲིད་ནས་ཞིབ་འཇུག་གནང་དགོས་པ་རེད་། དེ་བྱས་ཡོད་པ་རེད་པས་། བོད་མིའི་ཞབས་འདྲེན་རེད་། ནང་གསོད་གཏོང་། དགྲ་ལ་ངོ་ཚ།
སྤོབས་མཐའ་ལགས། རྔ་བ་ཆོས་གྲགས་ཀྱིས་བསད་པ་ཁྱེད་ཀྱིས་ག་འདྲ་སེ་མཐོང་སོང་། སྐད་ཆ་སོམ་ལ་ཤོད། རྩམ་པ་ལྡོད་ལ་མིད་ཟེར་བ་དང་གཅིག་མཚུངས་མ་རེད་དམ། ཁྱེད་ལ་རྣམ་དཔྱོད་དང་སྤོབས་པ་ཡོད་ན་ཁོང་གཉིས་ཀྱི་འདས་རྐྱེན་ལ་སྔོན་དཔག་གནང་རོགས། དེ་མིན་ཁོས་བསད་ཟེར་བའི་ཚིག་གཅིག་གིས་ཐག་གཅོད་རྩ་ནས་ཡོང་གི་མ་རེད། མ་གཞི་ནས་ཁོང་གཉིས་སྐད་ཆ་གཅིག་གིས་ལག་པར་གྲི་འཛིན་མཁན་རྩ་ནས་མ་རེད། དེ་ན་ག་རེ་བྱས་ནས་ཁོང་གཉིས་བསད་པ་རེད། སུས་བསད་པ་རེད། གང་འདྲ་སེ་བསད་པ་རེད།
རྩོམ་པ་པོ་ཤེས་ཡོན་ཅན་ཅིག་འདི་ནས་བཞུད་པར་མྱ་ངན་དང་བསྔོ་སྨོན་ཡོད། དྲི་མེད་ཀྱིས་གསུངས་པ་ལྟར་འཆི་ལུགས་འདི་འདྲ་ནང་གསོད་བྱས་པ་ཡིན་ན་ངོ་ཐོག་ངོ་གནོང་དགོས་པ་རེད་དེ་མིན་རྐྱེན་ངན་གོད་ཆགས་འབྱུང་སྲིད་པ་རེད། མ་གཞི་ནས་དེང་སང་གི་རྩོམ་པ་པོ་མང་ཆེ་བ་ཞིག་རྩ་མ་ཚང་བ་ཞིག་ཆགས་ཡོང་གི་འདུག་གཟབ་དགོས་པ་འདུག་ག་རེ་བྱས་ནས་འབྱུང་གི་ཡོད་མེད་ཕལ་ཆེ་བ་ཞིག་རང་འདོད་ང་རྒྱལ་མིང་སྐམ་གྱི་ཆེད་དུ་ཡིན་པའི་བཟོ་འདྲ་ཞིག་འདུག་བསམ། ད་རེས་ཀྱིས་འཆི་རྐྱེན་གྱི་གནས་ཚུལ་འདི་ལ་གསང་བ་ལྐོག་འགྱུར་ཞིག་གམ་ཡང་ན་་གནས་ཚུལ་ཤོད་མི་ཕོད་པ་ཞིག་ཡིན་པའི་བཟོ་འདྲ་ཞིག་གནས་ཚུལ་བྱུང་ནས་ཉིན་མ་མང་པོ་ཕྱིན་རུང་དུས་བབ་ལས་སོགས་ཀྱིས་གསར་འགྱུར་ནང་དུ་གོ་རྒྱུ་ཚོར་རྒྱུ་མེད་པའི་རྒྱུ་རྐྱེན་གང་ཡིན་ནམ། འདིའི་རིགས་ནང་དམེ་ཡིན་རུང་གཞན་གྱིས་བྱས་རུང་ཞིམ་བུའི་སྐྱག་སྐུང་ནང་བཞིན་མ་བྱས་ནས་གསལ་གསལ་ཐིང་ཐིང་བཤད་ན་མ་འོངས་པར་འདི་རིགས་མི་འབྱུང་བའི་དགེ་མཚན་ཡོད་ལྷག་པར་དུ་གཞན་གྱིས་བསད་པ་ཡིན་ན་རྗེས་མར་མ་ཇུང་ཏྲི་ལར་དྭོགས་ཟོན་བྱེད་དགོས་པའི་གནས་རེད།
ངོ་མ་ཡིད་ཕངས་དགོས་བ་དང་བློ་ཡིད་དུ་ཤོངས་དཀའ་བའི་དོན་རྐྱེན་ཞིག་རེད་འདུག་ལ། སྤྱིར་ན་བཙན་བྱོལ་ཤེས་ཡོན་པའི་སྡེ་ཡི་གྱོང་གུད་ཞིག་རེད་ལ་སྒོས་སུ་ཕྱི་སྡོད་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀ་ཆེན་ཞིག་འགྱེལ་སོང་བར་ངོས་འཛིན་བྱེད་ཆོག་པར་སྙམ།
རྩོམ་པ་པོ་སྤྲོ་ཚིགས་ཆོས་གྲགས་ལགས་སུ་མྱ་ངན་ཞུ།
གནས་ཚུལ་འདི་བློ་ཕམ་ཚོད་མེད་ཡོད། ཡིད་ཆེས་དཀའ་བ་ཞིག་རེད།
གནས་ཚུལ་ཁ་གསལ་ཞིག་མ་གོ་ན། ངས་འདི་གཉིས་ཀ་ཤི་འིར་བཅུག་ན་མི་འདོད་ཀི། ཅི་ཞིག་བྱུང་སོང་། ག་རེ་བྱས་སོང་།
མཁན་རིན་པོ་ཆེན་ལྷ་ལུང་གིས་བོད་ཆེན་པོའི་རྒྱལ་མཆོག་དམ་པ་འུ་དུམ་བཙན་པོ་བསད་པ་ནས་བཟུང་་ཕུ་ནུ་ནང་བསད་བཏང་རེས་ཀྱི་ལུགས་སྲོལ་ངན་འདི་བོད་ལ་དར། ཕུ་ནུ་ནང་གསོད་བཏང་རེས་ཀྱི་ལུགས་ངན་འདི་མཚམས་ཆད་པར་བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་བློ་གསོ་གཏོང་དགོས་པ་རེད།
བོད་ནང་དུ་ཚུལ་ཁྲིམས་བློ་གྲོས་གྱིས་མཚོན་འཛིང་བྱེད་མི་ཆོག་པའི་ཁྲིམས་བཙུགས་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། ས་སྐྱ་གོང་མ་དང་ཀརྨ་པ་འཕྲིན་ལས་རྡོ་རྗེས་རྣམ་གཉིས་ཀྱིས་ཀྱང་བོད་མི་ནང་གསོད་གཏོང་རེས་མི་བྱེད་པའི་ཆེད་དུ་བཀའ་སློབ་གསལ་པོ་གནང་མྱངས་ཡོད།
བཙན་བྱོལ་བའི་ཤེས་ཡོན་པའི་སྡེ་ཟེར་ནའང་འདྲ། རྩོམ་པ་པོའི་མཐུན་ཚོགས་ཟེར་ནའང་རེད། ཕུ་ནུ་ནང་གསོད་གཏོང་རེས་བྱས་བསྡད་པའི་ལུགས་ངན་འདི་ལ་དགག་བརྒྱབ་དང་། ལུགས་ངན་འདི་མཚམས་གཅོད་ཆེད་དུ་རྩོམ་ཡིག་འབྲི་མཁན་དང་བློ་གསོ་བཏང་མཁན་བྱུང་མྱངས་ཟེར་ནའང་མ་ཆོག་པ་མེད།
བསམ་ཡུལ་འདས་པ་ཞིག་ལ་རྩོམ་ཡིག་འབྲི་མཁན་མཆན་བུ་འདེབས་མཁན་ཚོས་བོད་མི་ནང་ཁུལ་དུ་གསོད་གྱི་ཡིན་ཟེར་བ་དང་། སྐེ་གཅོད་ཀྱི་ཡིན་ཟེར་ནས་དྲ་ཐོག་ཏུ་བྲིས་དང་འབྲི་བཞིན་པ་རེད། ལག་ལེན་གྱི་ཐོག་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཁོ་རང་དམར་འཛིང་བྱས་མཁན་ཕྱིན་པ་རེད།
ཁ་བརྡའི་ཐོག་གི་ཤེས་ཡོན་ཅན་ཡིན་བསམ་མཁན་དང་རྩོམ་པ་པོ་ཡིན་བསམ་མཁན་ཚོས་བསམ་བློ་ཡག་པོ་ཞིག་ཐོངས་དང་། སོ་སོས་ངོས་ནས་བོད་མི་རིགས་ནང་ཁུལ་དུ་གསོད་རེས་མི་ཡོང་ཆེད་དུ་རྩོམ་ཡིག་བྲིས་མྱངས་ཡོད་པེ། སྙན་ངག་བྲིས་མྱངས་ཡོད་པེ། མཆན་བུ་བཏབ་མྱངས་ཡོད་པེ།
སྤྱི་ཚོགས་ལེགས་ལམ་དུ་ཁྲིད་མཁན་ཤེས་ཡོན་པའི་སྡེ་ཡིན་པར་བདེན་ན་ཤེས་ཡོན་ཅན་ཚོས་ངོས་ནས་སྤྱི་ཚོགས་ལ་ཕན་པའི་སྐད་ཆ་ག་རེ་བཤད་མྱངས་ཡོད། བསམ་བློ་ཐོངས། བོད་པའི་ཤེས་ཡོན་ཅན་མང་ཆེ་བ་དྲང་བདེན་མེད་པ། བསམ་པ་ངན་པ། ཉམ་ཆུང་ལ་བརྙས་བཅོས་བྱེད་མཁན། སྤྱི་ཚོགས་མཐུན་ལམ་བྱེད་དགོས་རེད་ཟེར་དུས་མི་ཉན་མཁན། དེ་འདྲ་མང་པོ་ཡོད་པ།
མ་ཐུབ་གུན་ཁྲན་དམར་པོ་དང་ཐུག་དུས་འཚེ་མེད་ཞི་བདེ་བཤད་མཁན་ཤེས་ཡོན་ཅན་མང་པོ་ཡོད་པ། ཉམ་ཆུང་བོད་མི་དང་ཐུག་དུས་གསོད་ཀྱི་ཡིན་དང་རྡུང་གི་ཡིན་ཟེར་གྱི་ཡོད་པ། དངོས་ཡོད་གནས་ཚུལ་རེད། དཀྲུགས་ཤིང་བརྒྱབ་ཀྱི་ཡོད་པ། ཁ་བརྡའི་་དྲ་རྒྱ་འདིའི་ཐོག་ཏུ་གསོད་ཀྱི་ཟེར་ནས་འབྲི་མཁན་ཡོད་པ། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཚོས་མྱི་སྐེ་བཅད་པ་ལྟར་སྐེ་བཅད་ཀྱི་ཟེར་མཁན་ཡོད་པ། བསམ་བློ་ཞིག་ཐོངས་དང་། ཁྱོད་རང་ལ་མྱི་གཞན་གིས་ཁྱོད་ཀྱི་སྐེ་གཅོད་ཀྱི་ཟེར་ན་ཁྱོད་ཀྱིས་ཅི་བསམ་ས་རེད་དམ། ཁྱོད་ཀྱི་སེམས་ལ་མཐུན་ལམ་ཡོང་བའི་རེ་བ་ལྷག་ས་རེད་དམ་མ་རེད། བསམ་བློ་ཐོངས།
བོད་མི་རིགས་ནང་གསོད་བཏང་རེས་ཀྱི་ལུགས་སྲོལ་ངན་པ་འདི་མཚམས་ཆད་ཆེད་དུ་ཤེས་ཡོན་པའི་སྡེ་ཡིས་བློ་གསོ་ཡག་པོ་བཏང་མེད་པར་བློ་ཕམ་ཡོད། མ་འོངས་པ་ཤེས་ཡོན་ཅན་ཚོས་ནང་གསོད་བཏང་རེས་འདི་མཚམས་གཅོད་ཐུབ་པའི་ཐབས་འབད་རོགས་བྱོས། ང་ནི་ནང་བསད་བཏང་རེས་འདི་ཐང་ཅད་སོང་། ངའི་ཤ་ཉེ། ངའི་གྲོགས་པོ། ངའི་ངོ་ཤེས་དེ་དག་གིས་བསད་རེས་བྱས་བྱས་ནས་ཡིད་ཐང་ཆད་སོང་། སེམས་བསམ་པའི་གཏིང་ནས་བོད་མི་ནང་ཁུལ་དུ་བསད་རེས་གཏོང་བ་འདི་ནོར་འཁྲུལ་རེད་བསམ་བཞིན་ཡོད།
xxxx
ཨོཾམནིཔདྨེཧཱུཾ ཨོཾམནིཔདྨེཧཱུཾ ཨོཾམནིཔདྨེཧཱུཾ ཨོཾམནིཔདྨེཧཱུཾ ཨོཾམནིཔདྨེཧཱུཾ ཨོཾམནིཔདྨེཧཱུཾ ་་་་་་་་་་་་་་་་
ཁོང་གཉིས་ནང་འཁྲུག་ཤོར། མངའ་བ་ཆོས་གྲགས་ཀྱིས་སྤྲོ་ཚིགས་ཆོས་གྲགས་ལ་དང་པོར་གྲི་ལན་མང་བསྣུན། མཐར་སོ་སོའི་རང་ཤི་རྒྱག་ཡོད་ལུགས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལྡི་ལི་ས་གནས་གསར་འགོད་པས་བཤད། བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་ནས་ཀྱང་བཤད། ད་དེར་བདེན་གཏམ་ཡིན་པར་ངོས་འཛིན་དགོས་ངེས་རེད། དེ་མིན་འུར་རྒྱག་མ་ཡོང་།
སྤོབས་མཐའ། གསར་འགྱུར་ཉོན་དང་། རྔ་བ་ཆོས་གྲགས་དང་སྤྲོ་ཚིགས་གཉིས་ཀྱིས་དམར་འཛིང་བྱས་པར་རྒྱ་གར་བའི་ས་གནས་ལས་ཀ་བྱེད་མཁན་ཚོས་ཟམ་པའི་ཐོག་ནས་མཐོང་པ་རེད་ཟེར་ནས་བཤད་བཞིན་འདུག་ག རྒྱ་གར་བའི་ཉེན་རྟོག་པ་ལ་ཡང་ཁ་དཔར་བཏང་མཁན་ས་གནས་ལས་ཀ་བ་ཚོ་རེད་ཟེར་ནས་གསར་འགྱུར་བཤད་འདུག
དྲ་གྲོགས་ལ་ལས་དོན་ངན་འདིའི་བྱུང་རྐྱེན་དང་བརྒྱུད་རིམ་བདེན་དཔང་མ་བྱས་སྔོན་ནས། དམའ་འབེབ་ཀྱི་འཆལ་གཏམ་འུར་རུ་རུ། གཞན་སྡུག་སྙིང་ཚིམ་གྱི་གར་སྟབས་ལངས་སེ་ལང་། བབ་ཅོལ་གླེང་ལོག་གི་འབྲུག་སྒྲ་ལྡིར་རུ་རུ།
མི་དེ་ཚོ་ངོ་མ་འཇིགས་སུ་རུང་བ་ཞིག་འདུག་གོ།
སྤྱིར་བཏང་ཉོན་མོངས་དུག་གསུམ་གྱིས་དབང་བསྒྱུར་འོག་ཏུ་ཚུད་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། ངོ་བོ་དང་རྣམ་པ་སྣ་ཚོགས་པའི་སྒོ་ནས་མི་འདོད་པའི་རྐྱེན་ངན་ཡང་ཆུ་བུར་བཞིན་རྡོལ་བ་ནི་ཡོང་བ་ནི་ཆོས་ཉིད་ལྟ་བུར་རེད། རྐྱེན་ངན་ཞིག་འཕྲད་པའི་མི་ཞིག་གི་འདས་མ་ད་གསུམ་དང་། སྔར་ཕྱི་བར་གསུམ་གྱི་ལོ་རྒྱུས་དང་བརྒྱུད་རིམ་ངེས་ཅན་ཞིག་ཤེས་པའི་སྒོ་ནས་མི་ལ་ཚད་ཐིགས་འཕེན་དགོས་པ་ལས། རང་སྣང་གང་ཤར་གྱི་སྒོ་ནས་གཡག་ཞར་གྱིས་རྩྭ་ཟ་བ་བཞིན་བྱས་བསྡད་པ་ཡིན་ན་བླུན་པོ་རང་མཐོང་ཅན་གྱིས་རྟགས་གསལ་པོ་ཞིག་ལས་སུས་ཀྱང་ཆེ་མཐོང་འཇོག་མི་སྲིད། སྐུ་གཤེགས་སྤྲོ་ཆོས་གྲགས་ལྟ་བུ་ན་གཞོན་བསམ་བ་དང་། མཛད་རྗེས་ཅན་ཁོང་ལྟ་བུ་ང་ཚོ་དང་ཁ་བྲལ་བ་ནི་བོད་མི་སྤྱི་ཡོངས་ལ་གྱོང་གུད་ཚད་ལས་བརྒལ་བ་རེད།xxxxx
མི་ཟེར་བ་འདི་ལས་བགོད་དྲོ་བ་མེད། རང་དང་ལྟ་བ་མཐུན་ས་དེ་ལ་བསམ་ལོང་དཔྱོད་ལོང་མེད་པར་ལྷ་རུ་འདོད། རང་ཉིད་དང་མི་མཐུན་པའི་རིགས་ལ་འདྲེ་འབོད་ཁྱི་འབོད་བྱེད་སྟངས་འདི་གཞིགས་ན་མནོ་བསམ་གང་ཡང་མ་བཏང་བའི་སྐད་ཆ་རང་རེད།
ཧ་ཅང་ཡིད་ཆེས་དཀའ་བ་ཞིག་རེད། ཤེས་ལྡན་པ་ནི་མི་རིགས་ཀྱི་བླ་སྲོག་རེད།
རྩོམ་པ་རྣམ་གཉིས་སྟབས་མ་ལེགས་པར་སྲོག་ཤོར་པར་སེམས་ཕབ་ཆེ། སུ་ཡག་དང་སུ་སྡུག་སྐད་ཆ་དེ་ཚོ་ཕྱོགས་ཞེན་དང་དཀྲུགས་ཤིང་རང་རེད། དེ་ལྟ་བུའི་སོ་སོའིཚེ་སྲོག་བཏང་བའི་གནས་དོན་ཁོང་རྣམ་གཉིས་མ་གཏོགས། ང་ཚོས་ཁ་ཚོན་བཅོད་མི་ཐུབ། གཅིག་ལ་མྱང་ངན་ཞུ་བ་དང་གཅིག་ལ་ལག་དམར་རྩི་མི་རུང་། སྲོག་བློས་གཏོང་དགོས་པའི་སྡུག་བསྔལ་ལྕི་མོ་ཞིག་ཁོང་ལ་སླེབས་ཡོད་པ་ཤེས་གསལ་རེད། ང་ནི་སེམས་ཕམ་ཆེ།
བློ་ཕམ་གྱིས་སེམས་བློང་བློང་པར་འགྱུར་སོང་། གནད་དོན་དེར་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་ངེས་པར་བྱ་རྒྱུ་ཕྱི་རབས་པ་གྲོགས་པོ་ཚོོའི་འོས་འགན་ཉག་གཅིག་ཡིན་པ་ཤེས་དགོས།
ཚེ་འདས་གཉིས་པོ་ལས་རྔ་བ་ཆོས་གྲགས་ལགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་རྩོམ་རིག་གི་ལྡིང་ཁང་དུ་དུས་ཚོད་སྔ་ཙམ་ཞིག་ནས་ལག་རྗེས་གང་ཙམ་འཇོག་ཡོད། ཁོང་གི་རང་གི་རྩོམ་དེབ་མཚོན་པའི་བསྒྱུར་རྩོམ་གོ་ར་སོགས་ཡོད། ལྷག་པར་ཁོང་ཉིད་རབ་བྱུང་བ་རྣམ་དག་ཅིག་རེད། ཁོང་གཉིས་ནང་འཁྲུག་ཤོར་ཟེར་ན་ཁས་མི་ལེན། ད་དུང་གཅིག་གི་ཚེ་སྲོག་གཅིག་གིས་བཅོམ་ཟེར་བ་དེ་བས་བློ་ཡུལ་ལས་འདས། ལྐོག་འགྱུར་གྱི་གཞལ་བྱ་ཞིག་རེད།
འདི་གྲི་ཤིར་འདི་དག་ནི་བོད་མཐའ་ཁོབ་དག་ལ་གྲགས་པའི་དཔའ་བོ་རེད། མདོ་སྟོད་སྨད་ཀྱི་གྲོང་གསེབ་དག་ལ་གྲགས་པའི་དཔའ་བོའི་འཆི་སྟངས་རེད། མི་ཞིག་གིས་ཚད་ལས་བརྒལ་བའི་སྐད་ཤུགས་དང་རྣམ་འགྱུར་ངན་པ་སྤྱད་པ་ཡིན་ན་དེ་མཚུངས་ཀྱི་ལན་མ་བཏབས་པ་ཡིན་ན་སྐྱེས་བུ་ནུས་མེད་དང་རྡར་མར་བརྩི་ཞིང་རང་ཉིད་ངོ་ཚར་བྱེད། སུ་ཞིག་གིས་རང་གིས་མི་འདོད་པའི་ཁ་གཏད་ཀྱི་རྣམ་འགྱུར་དག་ལ་བཟོད་བསྲན་སྤུ་ཙམ་མེད་པར་ལན་བཏབས་པ་ཡིན་ན་དཔའ་བོར་བརྩི་ཞིང་སྐྱེས་བུ་ནུས་ལྡན་ལྟ་བུར་ཆ་འཇོག་བྱེད་ཀྱི་ཡོད། བོད་ནས་གསར་དུ་སླེབས་པ་འགའ་རེས་རྒྱ་གར་དང་དབུས་པས་ཤན་ཤུགས་ཀྱིས་ཁམས་དང་ཨ་མདོའི་མི་གཤིས་སྐད་བཅས་ལ་བག་ཆགས་ངན་པ་ཐེབས་འདུག་གླེང་མཁན་མང་། མཇུག་མཐར་ངའི་ལྟར་ན་འདས་པོ་ཁོང་གཉིས་ཡིག་རྫི་རེ་ཡིན་པ་མ་གཏོགས་པ་མཐའ་འཁོབ་ཀྱི་མིའི་བག་ཆགས་ངན་པ་དོང་སྤྲུགས་བྱེད་བཞག་པ་དེ་འདྲ་མིན་པ། རྩོམ་ཙམ་འབྲི་ནུས་པས་བག་ཆགས་ངན་པ་དོང་སྤྲུགས་བྱ་ག་ལ་ནུས་ཏེ་མི་ནུས་སོ། ༧གོང་ས་མཆོག་དང་སྟོན་པ་ཐུབ་པའི་དབང་པོ་མཁྱེན། ཁྱེད་ཀྱིས་ལམ་སྟོན་རྣམས་ལ་ང་དང་བོད་ཀྱི་ཤེས་ཡོན་པའི་སྡེས་དོན་དག་ཆུང་ཚགས་ཆང་ཚགས་རེའི་ཆེད་དུ་ངག་སྐྱོར་བཏང་བ་མ་གཏོགས་བསམ་བློ་ཞིབ་ཚགས་གཏན་ནས་བཏང་མྱོང་མེད་ཐུགས་དགོངས་དྭངས་རོགས་ད་དུང་ཡང་ང་ཚོ་མུ་མཐུད་དུ་རྗེས་སུ་འཛིན་རོགས། སྐྱབས་འོག་ནས་མ་འདོར་རོགས། རང་གི་བག་ཆགས་རང་གིས་དཀྲུག་རོགས།
རིག་པའི་ཡེ་ཤེས་དང་ཚེ་བཀྲ་གཉིས་ཀྱི་དགོངས་ཚུལ་དེ་དྲང་བདེན་རེད། ཚེ་སྲོག་ཤོར་པའི་ཁོང་གཉིས་ཀྱི་བསམ་ཡུལ་འདས་པའི་དོན་རྐྱེན་དེ། ཁ་གསལ་མེད་པའི་གསར་ལམ་ཁག་གི་ཚོད་དཔག་དང་ཟེར་སྒྲོས་དེ་འདྲ་ཙམ་ཞིག་ནམ་ཡང་མིན་པར་སྨོན་ནོ།
དྲྭ་གྲོགས་ཚོས་རང་གི་བག་ཆགས་རང་གིས་དཀྲུག་རོགས།
མི་བུ་གཉིས་བུད་སོང་།
གཏམ་ངན་དེ་ལ་ལུང་ཁྲི་ཕྲག་གི་ཕ་རོལ་ནས་སྐད་འཕྲིན་བརྒྱུད་གོ་སོང་།
བརྒྱུད་གཏམ་ནི་བརྒྱུད་ཡོང་བ་རང་རེད། ཁ་གསལ་བོའི་དོན་རྐྱེན་བྱུང་རིམ་ཞིག་མི་འདུག།
གང་ལྟར་ངོ་མི་ཤེས་བའི་མི་བུ་འདི་གཉིས་འདི་ལྟར་ཕེབས་པ་ལ་ཡིད་སྐྱོ་བོ་བྱུང་། རྒྱུ་མཚན་གསལ་བོ་ཞིག་ཟེར་བ་ད་ནི་ཧ་གོ་ཁག་པོ་རེད་ལ་ཁྱད་པར་ཡང་མི་འདུག། མཐོ་སྒང་བ་གཅིག་པ་ཡིན་ཙང་གཉིས་ཆ་འཕང་དགོས་བ་རེད། རེ་བ་ཞིག་ཡོད་པ་ནི་ཁོང་གཉིས་ཀྱི་ཤུལ་བཞག་གི་ནང་མི་ཚོས་གཅིག་གིས་གཅིག་ལ་དགྲ་མི་འཛིན་པ་དེ་ཡིན། ཞེས་བ་འདི་ཡང་རྒད་པོ་མགོ་དཀར་ནས་ས་མཐའི་རི་མགོ་ཞིག་ནས་རྔ་བའི་ཆོས་གྲགས་གཉིས་ཀྱིས་དོན་རྐྱེན་གསལ་ལ་མི་གསལ་བ་ཞིག་གོ་བར་༢༠༡༥་༢་༡༤་ཉིན་བྲིས།
གནད་དོན་འདིའི་རྒྱབ་ན་འཇིགས་སུ་རུང་བའི་གནད་དོན་ཚབ་ཆེན་ཞིག་ཡོད་ཐག་ཆོད་རེད། མི་འདི་གཉིས་རྒྱག་རེས་ཤོར་ནས་ཕན་ཚུན་བསད་པ་རེད་ཟེར་བ་དེ་རྣ་བར་འགྲོ་ཐབས་མེད་པའི་སྐད་ཆ་རེད། ད་བར་དུ་རྒྱ་གར་པུ་ལི་སིའི་བརྟག་དཔྱད་གྲུབ་འབྲས་འདི་རེད་ཟེར་ནས་བཤད་མཁན་བྱུང་མ་སོང་། དྲ་ལམ་བརྒྱུད་ནས་ཡིག་འཁྱར་མང་པོ་འབྱོར་ཡོང་གིན་འདུག ངའི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་རང་ལ་ཡང་ཡིག་འཁྱམས་བཞི་ལྔ་ཞིག་འབྱོར་སོང་། ཁུངས་འདི་ཟེར་བ་ཞིག་མི་འདུག འདི་ཡིད་ཆེས་བྱེད་མི་ཐུབ་པའི་གནད་དོན་གཅིག་རེད།
བོད་ཀྱི་གསར་ལམ་ཁག་ལ་དྲ་ལམ་གྱི་སྐད་འཁྱར་དེ་ཚོ་ལས་ལྷག་ཅིག་མི་འདུག ཅུང་ཟད་ཁུངས་དག་ཤོས་དེ་བོད་ཀྱི་བང་ཆེན་རེད། རྡི་ལི་རང་ལ་ས་གནས་གསར་འགོད་པ་ཡོད་ཐོག་ས་གནས་ཀྱི་འབྲེལ་ཡོད་མི་སྣར་སྐད་ཆ་འདྲི་རྩད་བྱས་ཚུལ་ཀྱང་འདུག བོད་ཀྱིས་བང་ཆེན་གྱིས་སུས་བསད་གསལ་ཁ་མི་འདུག་ཅེས་བཤད་འདུག ཕུང་པོ་ལ་རྒྱ་གར་པུ་ལི་སིའི་བརྟག་དཔྱད་བྱེད་ཀྱིན་ཡོད་ཚུལ་ཙམ་ལས་མི་འདུག དེ་ཡིད་ཆེས་མི་ཐུབ་པའི་གནད་དོན་གཉིས་པ་དེ་རེད།
གནད་དོན་གསུམ་པ་དེ། དྲ་ལམ་གྱི་སྐད་འཁྱར་དེ་ཚོས་རྔ་བ་ཆོས་གྲགས་ཀྱིས་གནད་དོན་འདི་བསླངས་ཚུལ་བཤད་ཡོད་མོད། དོན་དུ་བཤད་སྟངས་དེ་རྔ་བ་ཆོས་གྲགས་མི་ངོ་ཤེས་མཁན་ཞིག་ཡིན་ན་རྔ་བ་ཆོས་གྲགས་ཀྱི་མི་གཤིས་དང་ཁོའི་སྤྱོད་ལམ་དང་རྦད་དེ་མི་མཐུན་པ་ཞིག་རེད། རྔ་བ་ཆོས་གྲགས་ཟེར་བ་འདི་མི་ཚེ་གང་བོར་ཆོས་དང་རིག་གནས་སློབ་སྦྱོང་། རྩོམ་འབྲི་ཡིག་སྒྱུར་སོགས་ཀྱིས་མི་ཚེ་སྐྱེལ་མཁན་ཞིག་རེད། ལྷག་པར་ཡང་ལོ་ན་ཡང་བཞི་བཅུའི་ནང་ལ་སླེབས་བསྡད་ཡོད་པ་རེད། ད་བར་དུ་མི་འདིའི་མི་ཞིག་ལ་ཐལ་ལྕག་ཅིག་བརྒྱབ་པའི་ལོ་རྒྱུས་མེད་མཁན་ཞིག་རེད། འབྲས་སྒོ་མང་དང་། རྣམ་རྒྱལ་གྲྭ་ཚང་། དབྱིན་ལན་གྱི་ཨོག་སི་ཧྥོར་ཌི་སློབ་ཆེན། རྡི་ལིའི་དབྱིན་ལན་རིག་གནས་སློབ་གླིང་The British Councilསོགས་སུ་སློབ་སྦྱོང་མི་དམན་པ་དང་རིག་གནས་མཐོན་པོའི་མི་ཞིག་རེད། དོན་དངོས་ཡོད་ལ་མི་འདིའི་མི་གསོད་སྤྱད་ཀྱི་གྲི་ཞིག་ལ་ལག་པ་ཡང་འཆངས་མི་སྲིད་པ་ལྟ་བུ་ཞིག་རེད།
ལྷག་པར་ཡང་། ད་ཐེངས་གནད་དོན་འདི་བྱུང་མ་ཐག་ཏུ་ཁུངས་སྣེ་གསལ་པོ་མེད་པའི་འདྲ་པར་དང་། སྐད་ཆ་འགྲེལ་བཤད་སྣ་ཚོགས་ཤིག་སྤྱི་ཚོགས་དྲ་ལམ་ཁག་ལ་བཀྲམ་ཡོང་སྟངས་ལ་བལྟས་ན་འདིའི་རྒྱབ་ན་གྲ་སྒྲིག་ཆེན་པོ་ཡོད་པ་རང་ཤུགས་ཀྱིས་མཐོང་གིན་འདུག
འདི་རྒྱབ་ན་ཆབ་སྲིད་ཀྱི་སྒྲིག་འཛུགས་སམ་ལས་འགུལ་གཏིང་གནག་ཐག་ཆོད་ཅིག་ཡོད་ཐག་ཆོད་རེད། འདིས་བོད་མིའི་སྤྱི་ཚོགས་ནང་ལ་འབར་རྫས་འགད་ཀྱིན་ཡོད་པ་རེད། ཡིན་ན་ཡང་། ང་ཚོ་ལ་གནད་དོན་འདི་གསལ་པོ་གསལ་རྐྱང་གོ་ནུས་པའི་བསོད་ནམས་ཤིག་ཡོད་རྒྱུ་མ་རེད། དཔེར་ན། མཚན་ཉིད་རྒན་བློ་བཟང་རྒྱ་མཚོ་བཀྲོངས་སྟངས་དང་། ཁྲེང་ཏུའུ་རུ་ཨ་དཀོན་རིན་པོ་བཀྲོངས་སྟངས་སོགས་ཀྱང་ཆབ་སྲིད་ཀྱི་ཡོལ་བའི་ཕག་ཏུ་བསྒྲིབས་ནས་སུས་བསད་འདིས་བསད་གསལ་ཁ་མེད་ཐོག་ནང་འཁྲུགས་ཀྱི་གཞི་རེ་བཏིངས་སོང་བ་ལྟ་བུ་རེད། ང་ཚོས་བོད་མི་ནང་ཁུལ་ལ་སྙད་འདོགས་ནག་འཛུགས་བྱེད་རེས་བྱེད་པ་ལས་ལྡོག་སྟེ་རིག་པ་གྲུང་པོ་དང་ལངས་ཕྱོགས་བརྟན་པོ་མ་བྱས་ན་འདི་འདྲ་བ་མང་པོས་ང་ཚོར་བསྒུག་བསྡད་ཡོད་རྒྱུ་རེད་བསམ་གི།
ཨ་ཁ་ཁ། རྩོམ་པ་པོ་རྣམ་གཉིས་ལ་རྩོད་གཞི་ཅི་ཞིག་ཡོད་དམ། སྒོར་མོ་ཡིན་ནམ། ཡང་ན་བུད་མེད་ཡིན། དེ་མིན་ན་གཞན་ཞིག་གིས་བསད་ནས་ཁོང་གཉིས་ནང་འཛིངས་བྱས་པར་སྒྲོ་བཏགས་པ་ཡང་ཡིན་སྲིད། དཀོན་མཆོག་མཁྱེན། སྐྱེ་བ་རྗེས་མ་རྙོག་འཛིང་འདིའི་ནང་དུ་མི་སྐྱེ་བར་སྨོན།།
ཁོང་གཉིས་ཀའི་ལག་ཏུ་ལག་འཁྱེར་ཁ་པར་ནི་བཟུང་ཡོད་མདོག་རེད། གལ་སྲིད་ཁོང་གཉིས་ཀྱི་བར་ན་ཞེ་འཁོན་འདྲ་རྩོད་རྒྱུ་ཡོད་ན། ཁ་པར་དང་ཨེས་མེལ། དེ་མིན་པའི་བརྒྱུད་ལམ་དེ་དག་བསྔོགས་ན་ཁུངས་སྣེ་ཇེ་གསལ་དུ་འགྲོ་གི་རེད། རྒྱ་གར་ཉེན་རྟོག་པས་ཀྱང་རྒྱ་གར་ཀུའུ་ལིས་དེ་ཚོའི་ཀུ་ཅོ་གཅིག་པོར་ཆ་འཇོག་བྱེད་སྲིད་གི་མ་རེད། ད་ལྟའི་ཆ་ལ་གནས་ཚུལ་འདི་ལ་ཁུངས་སྣེ་གཅིག་ཡོད་པ་ནི། མན་ཇུ་ཀྲེ་ལའི་བརྒྱ་དཔོན་དེའི་སྐད་ཆ་རེད། གསར་འགོད་པ་ཚོས་ནི་སྐད་ཆ་སྐྱར་ཟློས་བྱས་པ་ཙམ་རེད། བརྒྱ་དཔོན་དེའི་སྐད་ཆ་ལ་ཁུངས་འདེད་རྒྱུ་མེད་པ་གསལ་པོ་རེད། རྒྱ་གར་ཉེན་རྟོག་པས་ནི། གནས་ཚུལ་གསལ་པོ་མ་ཆགས་བར་དུ། རྒྱུ་རྐྱེན་ཕྱིར་སྒྲོག་བྱེད་སྲོལ་ཞིག་ག་ལ་ཡོད། དེར་བརྟེན་ད་ལྟའི་ཆ་ལ་དོན་རྐྱེན་དེའི་བྱུང་རྐྱེན་ནི་མན་ཇུ་ཀྲེ་ལའི་བརྒྱ་དཔོན་དང་གསར་འགོད་པ་ཚོའི་ཚོད་དཔགས་དང་རྗེས་དཔགས་ཁོ་ན་ཙམ་རེད།
མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་འདི་འདྲ་བྱུང་དུས། དེའི་འབྱུང་རྐྱེན་ཅི་ཡིན་གསལ་བཤད་བྱེད་ཐུབ་མཁན་ནི་ཉེན་རྟོག་པ་ཚོ་རེད་མ་གཏོགས། གསར་འགོད་པ་ཚོ་མ་རེད།
བོད་ཀྱི་གསར་འགོད་པ་ཚོས་དོན་རྐྱེན་བྱུང་བའི་སྔ་རྗེས་ཀྱི་གནས་ཚུལ་ཙམ་མ་གཏོགས། ལམ་སེང་འབྱུང་རྐྱེན་ནམ་ཡང་ན་ “ལག་དམར” ངོ་རྟགས་ཆོད་ཐབས་བྱེད་པ་དེ་ནི། ལྐུག་རྟགས་རེད། ལྐུག་རྟགས། ཧ་གོ་སོང་ངས།
སྤོབས་པ་མཐའ་ཡས་ལགས་དང་། རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས། མི་གསོད་ལག་དམར་གསུམ་པ་ཞིག་ཡོད་པར་ཡིད་ཆེས་བྱེད་བགྱིད་འདུག ང་ཚོ་ལ་ནང་དགྲ་དོལ་རྒྱལ་རྗེས་འབྲངས་པ་དང་། ཕྱི་དགྲ་རྒྱ་གཞུང་གི་ལས་བྱེད་བསམ་ནག་པ་འགའ་རེ་མ་གཏོགས་མེད།
ཀརྡོ་ལགས།
མི་གསོད་ལག་དམར་གསུམ་པ་ཞིག་ཡོད་མེད་ལ་ཡིད་ཆེས་སམ་ཡང་ན་དོགས་པ་ཟ་མིན་གྱི་གནད་དོན་མ་རེད།
ང་ཚོ་ཚང་མས་ཡིད་ཆེས་བྱེད་དགོས་ས་དང་ཡིད་ཆེས་བྱེད་འོས་ས་དེ། ཉེན་རྟོག་པའི་བརྟག་དཔྱད་ཞིབ་འཇུག་གི་བཅད་ཁྲའམ་ཐག་གཅོད་གསལ་བསྒྲགས་དེ་རེད་ཟེར་གྱི་ཡོད། ཡིན་ནའང་ད་ལྟའི་ཆ་ལ་ཉེན་རྟོག་པས་ དོན་རྐྱེན་འདིའི་ བྱུང་རིམ་ལ་ བརྟག་དཔྱད་ཞིབ་འཇུག་བྱས་ཚར་པའི་མཐའ་མའི་ཐག་གཅོད་བྱས་མེད་པ་འདྲ་བས། ང་ཚོས་གནས་ཚུལ་འདིའི་འབྱུང་རྐྱེན་གྱི་སྐོར་ལ་མན་ཇུ་ཀྲེ་ལའི་བརྒྱ་དཔོན་དང་ཡང་ན་བོད་པ་དང་རྒྱ་གར་གྱི་གསར་འགོད་པ་སུའི་སྐད་ཆ་ལའང་ཡིད་ཆེས་དང་ཆ་འཇོག་བྱེད་རྒྱུ་ཡོད་མ་རེད་ཟེར་གྱི་ཡོད་རེད། ཉེན་རྟོག་པའི་གསལ་བསྒྲགས་ལ་བསྒུག་དགོས་རེད་ཟེར་གྱི་ཡོད། དེ་མ་གཏོགས་རྣམ་རྟོག་གི་རི་མོ་འདྲ་མི་འདྲ་བྲིས་བསྡད་ན་ཆོ་ཡོད་མ་རེད་ཟེར་གྱི་ཡོད།
ཀརྡོ་ལགས།
གོང་དུ་ # 28 ཆོས་འཕེལ་དར་རྒྱས་་ལགས་ཀྱིས་མཆན་བཏབ་པ་མཐོང་སོང་ངས།
“རེ་བ་ཞིག་ཡོད་པ་ནི་ཁོང་གཉིས་ཀྱི་ཤུལ་བཞག་གི་ནང་མི་ཚོས་གཅིག་གིས་གཅིག་ལ་དགྲ་མི་འཛིན་པ་དེ་ཡིན།” ཞེས་བཤད་ཡོད་པ་ལྟར་རེད།
རྒྱ་གར་ཉེན་རྟོག་པས་ཚད་ལྡན་གྱི་བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་བྱས་མ་ཚར་གོང་ལ། ང་ཚོས་འདི་ཕྱོགས་སུ་ “ཆོས་གྲགས་ཀྱིས་ཆོས་གྲགས་བསད་པ་རེད་” ཅེས་ཁུངས་མེད་ལུང་མེད་ཀྱི་གཏམ་ཡན་ཡིན་མདོག་ཁ་པོ་སྤེལ་ན། ཁོང་རྣམ་པ་གཉིས་ནི་ཡུལ་ཕྱོགས་གཅིག་གི་མི་རེད། ཡུལ་ཕྱོགས་སུ་ནང་མི་སྤུན་ཟླ་མང་པོ་ཡོད་མཁན་རེད། མི་ལ་མི་བདག་དང་རོ་ལ་རོ་བདག་ཡོད་མཁན་དེ་འདྲ་རེད། ཁོང་ཚོའི་བར་ལ་འགལ་རྐྱེན་ཅི་ཤོར་ལ་ངེས་ཆ་མེད་པ་རེད། དེ་བས་ སེམས་ལ་དྲན་ཚད་ཁ་ནས་མ་བཤད་ན་ཡག་གི་རེད་ཟེར་གྱི་ཡོད།
ལགས། ལགས་སོ།། རྡོ་རྒྱལ་ལགས། འདིར་ཡང་སྤྱན་ཟུར་ཕོབས་ཤིག
http://m.timesofindia.com/city/delhi/Tibetan-monk-kills-man-self-in-Delhi/articleshow/46248602.cms
རྒྱ་གར་གསར་ཤོག་ཁང་ལ་ལས་བོད་མིར་མཐོང་ཚུལ་ངན་པ་བཟོ་ཆེད་དུ། བདེན་དཔང་མེད་པར་བོད་མིའི་གནད་དོན་དྲིལ་བསྒྲགས་བྱེད་པ་རེད། རྒྱ་གར་གསར་འགོད་པ་མང་ཆེ་བའི་འཇོན་ཐང་ཇི་འདྲ་ཡིན་མིན་དེ། རྡོར་གདན་འབར་གས་ཀྱི་དོན་རྐྱེན་སོགས་ལས་གསལ་བོར་བསྟན་སོང་། གསར་ཁང་མང་ཆེ་བས་དུས་ཚོད་གཅིག་ཙམ་ལ་གློག་བརྙན་དུམ་པ་གཅིག་རང་བསྐྱར་ཟློས་ཀྱིས་གསར་འགྱུར་བཏང་པ་མི་དྲན་ནམ། གོང་ན་དྲ་གྲོགས་འགས་བསམ་ཚུལ་གསུངས་པ་ལྟར། བོད་མི་ཚོས་ཁུངས་མེད་བཤད་སྒྲོས་རིགས་ལ་གཡམ་རྒྱུག་མ་བྱས་ན་བཟང་བསམ།
མྱ་ངན་ལུས་ཞུ། ཡིན་ན་ཡང་འདི་ནི་རྩམ་པ་ཟོས་ནས་རྩམ་ཁུག་གཞན་ལ་གཡོགས་པ་ཞིག་མིན་ནམ་སྙམ། བཙན་བྱོལ་བོད་མིས་ཞིབ་འཇུག་ངེས་པར་དགོས་རྒྱུ་རེད་དྲན། དེ་མིན་གྲྭ་བས་གྲྭ་བ་བསད་པ་རེད་ཟེར་ནས་དྲ་ཐོག་ནས་འུར་ཚོད་འདི་ཉེ་འབྲེལ་ཁག་དང་བསྟན་འཛིན་ཚོ་དང་བོད་གཞུང་ལ་ལས་འགན་ཞིག་ཡོད་པར་སེམས་སོ། །
ད་རེའི་སྐྱོ་གནས་འདིའི་གནད་དོན་ལྷང་ལ་འབུད་རྒྱུ་ཧ་ཅང་གི་དཀའ་མོ་རེད། གལ་སྲིད་ཁོང་གཉིས་ཀའི་ཅིག་གྲོངས་མེད་པ་ཡིན་ན་གནས་ཚུལ་ཁ་གསལ་བཟོ་བ་ལས་སླ་བོ་རེད། ཡིན་ནའང་། ཁོང་གཉིས་ཀའི་སྐད་ཆ་ཚིག་གཅིག་ཀྱང་གོ་དབང་མེད་པར་སྔ་གཞུག་ཏུ་འདས་ཟིན་པས་གསལ་འགོད་པས་ཉེན་རྟོག་ཕྱོགས་དང་སྨན་པས་འགྲེལ་བཤད་ལྟར་ཕན་ཚུན་གསོད་རེས་ཀྱི་གནས་ཚུལ་བཀོད་པ་འཛམ་གླིང་ཕྱོགས་གང་སར་ཁྱབ་འགྲོ་ལ་དམངས་ཀྱིས་ཀྱང་གནས་ཚུལ་དེ་རིགས་ལ་ཆ་འཇོག་བྱ་དངོས། འོན་ཀྱང་། དོན་ངོ་མའི་གནས་ཚུལ་གང་འདྲ་ཞིག་ཡིན་ནམ།
ཡ་མཚན་པ་ཞིག་ལ། མཚོ་སྣ་རིན་པོ་ཆེ་ཡང་རང་ཤི་བརྒྱབ་པར་བཤད་པ་རེད། ཁོ་གཉིས་ཀྱང་གསོད་རེས་བྱས་པ་རེད་ཟེར། འདི་ལྟར་གནད་ཡོད་ཚང་མར་འབྱུང་རྐྱེན་གཅིག་པ་འདི་འདྲ་ཞིག ནམ་ཞིག་བོད་མི་ཤེས་ལྡན་པ་རྣམས་མིང་འདྲ་མིན་གྱི་འོག་ཏུ་ཚར་ཉན་ཆེ། ཡིད་བརྟན་མེད་པའི་གསར་འགྱུར་འདི་དག་ལ་ཇི་ལྟར་ཡིད་ཆེས་བྱ་ཐུབ། ད་རེས་བོད་མི་ཚང་མས་དམངས་གཙོའི་ལྟ་གྲུབ་ཀྱི་ཐོག་ཁུར་མཉམ་རུབ་ཀྱིས་གནས་ཚུལ་བརྡ་དེད་ཅིག་མ་བྱས་ཚེ་འབྱུང་འགྱུར་དེ་བས་ཀྱང་ཉེན་ཁ་ཉན་དུ་འགྱུར་སྲིད།
རང་རེའི་མིག་དང་རྣ་བ་ཚད་མ་མིན་པར་སྨོན། གཏམ་དང་སྣང་བརྙན་རྫུན་པ་ཡིན་པར་ཤོག །ཁོང་གཉིས་ཀྱིས་གསོད་རེས་བྱས་པ་འདི་སོ་སྐྱེ་ཉོན་མོངས་ཅན་ལ་འབྱུང་སྲིད་པ་ཞིག་ཡིན་མོད། སུས་བསད་མ་ཤེས་པར་གསོད་རེས་བྱས་སོ་ཞེས་གནས་ཚུལ་བསྡུ་ཐབས་དང་། ཞིབ་གཤེར་ལ་ཁ་གཡར་ནས་ཉེས་མེད་ལ་སྐྱོན་འཛུག་སོགས་ཡོང་སྲིད་པས་། ཚང་མས་རྣམ་དཔྱོད་གྲུང་པོ་བྱེད་དགོས་པར་སྣང་། སྤོབས་པའི་དོགས་པ་དེ་ལའང་གནས་ཚུལ་མེད་པ་ཞིག་གཏན་ནས་མ་རེད། བོད་ཀྱི་ཤེས་ཡོན་པ་དག་་ལ་བར་ཆད་ཆེ་ཚུལ་འདི་ཨ་ཁ་ཁ་་་་་་།
Dolker tso 2014 ~ Tibetan Song 2 .མྱ་ངན་ཞུ་བའི་གླུ་དབྱངས། །
དོལ་ཚོགས་ཀྱིས་ང་ཚོར་འཇིགས་སྐུལ་དང་དྲང་བདེན་མེད་པ་རྐྱང་བྱས་པ་ལས་གཞན། ང་ཚོས་དོལ་ཚོགས་ལ་ད་བར་དུ་དྲང་བོ་མེད་པའི་ལས་ཀ་གཅིག་ཀྱང་བྱས་མྱོང་མེད་པ་འདི་ཁོ་ན་ང་ཚོའི་གཟི་བརྗིད་ཡིན་པ་མཁྱེན་པ་གནང་རོགས། ཁུངས་མེད་ན་དོལ་ཚོགས་ལ་ཡང་སྐྱོན་བརྗོད་ནམ་ཡང་བྱ་མི་རུང་།
མཚན་ཉིད་རྒན་བློ་བཟང་ལགས་ནི་གསོད་མཁན་དོལ་ཚོགས་ཀྱི་མི་འགས་པར་བཅས་བཤམས་ཡོད། ཁུངས་སྣེ་འཚོལ་མཁན་རྒྱ་གར་གསང་བའི་ལས་ཁུངས་རེད།
ཨ་དཀོན་ནི་ཕལ་ཆེར་བུན་འདེད་ཡིན་པར་གྲགས་པ་ཙམ་ལས་རྒྱ་གཞུང་གི་ཆི་བཟོ་ལྟ་བུ་ཡིན་པས་ཤེས་ཐབས་བྲལ།
ནང་དམེ་གང་ཡིན་ལ་མི་ཐམས་ཅད་ཀྱི་དྲང་བདེན་ཀྱི་སྐད་ཆ་བཤད་ན་ད་བཟོད་གསལ་བོ་ཡོང་ངེས། སྦས་གསང་བྱས་ན་འབམ་ནང་བཞིན་ནམ་ཞིག་གས་འཐོར་དུ་འགྲོ་ངེས། ཡིག་རྫི་འདི་གཉིས་ཁོང་ཁྲོས་འཆི་བའི་ཡིན་པ་འདྲ་འོ། ཁུངས་སྣེ་མེད་ན་གྲི་ཤི་པ་གཉིས་དམ་པར་བསྒྲུབ་མི་རུང་ལ། གཙོ་བོ་ས་གནས་ས་ཐོགས་ཀྱི་མིའི་མིག་ལ་བརྩི་འཇོག་བྱ་དགོས། ཁོང་ཤི་ཟིན་པ་ཡང་ཁོང་ཚོར་ཡིད་ཆེས་བྱས་པས་སོ།
འདས་པོ་ཁོང་གཉིས་ཆོས་ཅན། སྤྲོ་འཆམ་དུ་ཕེབས་པ་མིན་ཏེ། གྲོགས་པོ་ཡིན་པའི་སྒྲུབ་བྱེད་མེད་པས་སོ།
འདིའི་རྒྱབ་ལོག་ན་གསང་བ་ནག་ཧུ་རེ་བ་ཞིག་ཡོད་ཁུལ་མ་བྱེད། ཁོང་གཉིས་ཀྱི་སྔ་ཕྱའི་འབྲེལ་བ་དག་ཤེས་ན་དེས་ཡོད་ཚད་གསལ་བཤད་བྱེད་ཐུབ། གསར་པ་གསར་རྐྱང་ཞིག་ལ་རྒྱུས་ཡོད་རྒྱུས་ཡོད་ཅིག་ཡིན་ཁུལ་དང་དབང་པོ་རྣོན་པོ་རྣོན་པོ་ཞིག་ཡིན་ཁུལ་དེ་བས་ཀྱང་མ་བྱེད། དེ་བས་འདིའི་སྐོར་ལ་སྐད་ཆ་བཤད་འདོད་ན་ཁོང་གཉིས་ཀྱི་འབྲེལ་བའི་བརྒྱུད་རིམ་ལ་རྒྱུས་ལོན་ཡག་པོ་ཞོག་བྱོས།
དྲན་དཀར་ལགས། ཁ་རྒྱག་པ་དང་ཤེས་མདོག་གིས་སྐད་ཆ་བཤད་མ་ཡོང་། (ཡིག་རྫི་འདི་གཉིས་ཁོང་ཁྲོས་འཆི་བའི་ཡིན་པ་འདྲ་འོ། ཁུངས་སྣེ་མེད་ན་གྲི་ཤི་པ་གཉིས་དམ་པར་བསྒྲུབ་མི་རུང་ལ། ) ཁྱོད་ཀྱིས་ཁོང་གཉིས་གསོད་རེས་བྱས་པ་ཇི་ལྟར་ཤེས་སམ། གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཁྱེད་ཀྱིས་རང་གི་རྩོམ་གྲོགས་ཤིག་ལ་གྲིས་ཐེངས་དགུ་བསྣུམ་རྗེས་རང་སྐེ་གཅོད་ཐུབ་ས་རེད་དམ། ཐུབ་པའི་དབང་དུ་བྱས་ན་ཐུབ་ན་ཐུབ་ལུགས་རེ་འགྲེལ་བཤད་ཅིག་བསྐྱོན་དང་། འདིའི་ཕུགས་ན་གསང་བ་གལ་ཆེན་ཞིག་སྤས་ཡོད་པ་རྣམ་དཔྱོད་ཅན་གྱི་མི་ཞིག་ཡིན་ན་ལྷང་ངེ་མངོན་ཡོང་། ཡིན་ཡང་། གསར་ཁང་དག་གིས་བརྗོད་པ་ལྟར་ཕར་བསད་རང་ཤིའི་གྱོད་དོན་ཞིག་ལ་བརྩི་རྒྱུ་ལས་གསང་བའི་ཁུངས་སྣེ་ཞིག་རྙེད་རྒྱུའང་ལས་སླ་སེ་མི་འདུག་གོ
ལུས་ཅན་དག་གི་ལས་རྣམས་ནི།
བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
ཚོགས་ཤིང་དུས་ལ་འབབས་པ་ན
འབྲས་བུ་ཉིད་དུ་སྨིནཔར་འགྱུར།།
་
རང་རེ་རྣམས་ཀྱི་ལས་ལ་གང་བསྐོས་ཡོད་པ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ།
རྒྱ་གར་དུས་བབ་ཀྱི་གནས་འཕྲིན་དེའི་མཇུག་ན་འདི་འདྲ་ཞིག་བཀོད་འདུག (བློ་བཟང་ནི༼སྤྲོ་ཚིགས་ཆོས་གྲགས༽རྡ་རམ་ས་ལར་བསྡད་ཡོད་ལ། ཉིན་གཉིས་ཀྱི་གོང་ལྡི་ལི་སླེབས་ཡོད་འདུག ཁོང་གཉིས་ཀ་མ་འཇུ་ཀ་ཊི་ལའི་དགོན་པའི་ཉེ་འཁྲིས་ཀྱི་སྒོ་མང་གྲྭ་ཚང་གི་མགྲོན་ཁང་ནང་བསྡད་ཡོད་པ་མ་ཟད། བསྟན་འཛིན་གྱིས༼རྔ་བ་ཆོས་གྲགས༽ནང་པའི་དཔེ་ཆ་ཞིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པར། བློ་བཟང་གིས་ཁོ་ལ་དཔེ་ཆ་དེ་དག་ཡིག་སྒྱུར་བྱེད་རྒྱུར་རོགས་པ་བྱེད་བཞིན་ཡོད་འདུག) འདིའི་སྐོར་ལ་ཤེས་འདོད་ན་གོང་གི་ཚིག་དུམ་འདིས་ག་རེ་སྟོན་གྱི་ཡོད་པར་བགྲོ་གླེང་ཞིག་གནང་རོགས།
ལུས་ཅན་རྣམས་ཀྱི་ལས་རྣམས་ནི་།
སྐལ་བ་བརྒྱར་ཡང་ཆུད་མི་ཟ་།
ཚོགས་ཤིང་དུས་ལ་བབས་པ་ན་།
འབྲས་བུ་སྨིན་པ་ཉིད་དུ་འགྱུར་།
ཀུན་བཟང་བླ་མའི་ཞལ་ལུང་ནས་བཏུས་།
ཁྱུང་དཀར་ལགས།
རྒྱ་གར་དུས་བབ་ཀྱི་ཚིག་འདིར་བཀོད་དང་།
ཁོང་གཉིས་རྩོམ་གྲོགས་རེད་དམ།
དུས་བབ་ཀྱི་དེ་སུས་སྐད་ཆ་རེད།
ངས་ནང་དམེ་ཡིན་པའི་གསར་འགྱུར་ལ་ཡིད་ཆེས་པ་ཙམ་ཡིན། ནང་དམེ་མི་བྱེད་པའི་དམ་པ་གཅིག་ཡིན་པར་མ་ཆེས་པ་དེ་ཡིན།
བདག་གི་ནང་དམེ་བྱ་སྲིད་པ་ཞིག་རེད་ལགས། མེ་མདའ་གྲིའི་གྲངས་ཀར་རྩོད་པ་བྱ་དགོས་ཀྱི་མ་རེད་པ།
དྲ་འབུ་ནག་ནར་དང་ཆོལ་ཁའི་དུག་ཆང་གི་སྒྱེ་མོ། མི་རིགས་གཏོར་བཤིག་གི་གཏེ་བོ། ཡང་ན་འོ་ཁྲག་མཉམ་བསྲེ་ལ་དགའ་བའི་བོད་ཀྱི་སྐབས་འཚོལ་རིང་ལུགས་པ་ཁག་ཅིག་གིས་རྩོམ་པ་པོ་རྣམ་གཉིས་དམར་གསོད་གཏོང་མཁན་མི་གཞན་ཞིག་ཡོད་ཚུལ་གླེང་དང་འབྲི་བཞིན་གདའ། ཡིན་ན་ཡང་། འདི་ལ་བསམ་བློ་ཐོངས། རྔ་བ་ཆོས་གྲགས་ཀྱིས་༧གོང་ས་མཆོག་གི་མཚན་གནས་སྤྱད་དེ་བོད་རྔ་བའི་ཕྱོགས་ནས་བསྔོ་རྟེན་སྒེར་བདག་བྱས་པའི་གཞི་མེད་སྐྱོན་འཛུགས་ཞིག་རྡ་ས་ཀིརྟའི་གྲྭ་ཟུར་ཞིག་གིས་བོད་ཀྱི་གསར་ལམ་ཁག་ཏུ་སྤེལ་རྗེས་འདས་པོ་རྔ་བ་ཆོས་གྲགས་དབྱིན་ཡུལ་ནས་རྡ་སར་ཆེད་དུ་འོང་སྟེ་གནས་ཚུལ་དེ་བདེན་པ་མིན་པའི་ར་སྤྲོད་གནས་ལམ་ཁག་ཏུ་ས་རིས་ཐང་གསལ་བྱས། དུས་སྐབས་དེ་ནས་སྤྲོ་ཚིགས་ཆོས་གྲགས་སོགས་ཀྱིས་རྔ་བ་ཆོས་གྲགས་ཀྱི་སེམས་ལ་སང་དུ་མེད་པའི་སྒེར་ནད་ཅིག་བཞག་ཡོད་པ་རྒྱུས་ཡོད་འགའི་ངག་ལས་ཐོས། དེས་ན་གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་ཆེས་ཐབས་སྡུག་པའི་སྐྱོ་གདུང་གི་མུན་པ་ནག་པོ་དེ་བོད་རིགས་སྤྱི་དང་སྒོས་སུ་བོད་ཀྱི་རྩོམ་པ་དག་གི་མཁའ་དབྱིངས་སུ་འཐིབས་པ་རེད་སྙམ། །
ཨོཾ་མ་ཎི་པདྨེ་ཧུཾ། བསམ་ཡུལ་ལས་འདས་པ། འདི་འདྲས་ད་གང་བྱེད་དགོས་སམ། ང་རང་བསམ་མི་ནུས་པ་འདི། ཁོང་གཉིས་ཀས་ལག་ཏུ་གྲི་རེ་བཟུང་ནས་ཟམ་པའི་འོག་ལ་འགྲོ་དགོས་པ་འདིས་ནོར་འཁྲུལ་དང་པོ་ཤོར་ཟིན་པ་རེད། དབུས་པ་ཚོ་ག་ཚོད་སྡུག་རུང་གྲི་ཞིག་འཁྱེར་ནས་འགྲོ་མཁན་ཤིན་དུ་ཉུང་། ལྷག་པར་དུ་ཨ་མདོ་གྲྭ་པ་ཞིག་གི་རུམ་ལ་གྲི་ཞིག་འཁྱེར་ནས་འགྲོ་བ་འདི་བསམ་ཡུལ་ལས་འདས།
རྙོག་ཁྲ་གཙོ་བོ་འདི་སྐུ་སྒེར་གྱི་གསལ་པོ་བཟོ་དགོས་འདུག གནས་ཚུལ་གཅིག་ལ་རྔ་བ་ཆོས་གྲགས་བོད་ལ་ཕྱིན་ནས་གོང་ས་མཆོག་གི་བཀའ་བཞིན་བོད་ལ་འོང་ཟེར། བོད་མིས་འབུལ་བ་མང་པོ་བསྐུར། དེ་སྐུ་སྒེར་ལ་མ་སྤྲད། རྙོག་ཁྲ་འདི་ནས་མགོ་ཚུགས་སོང་ཟེར་མཁན་འདུག སྐུ་སྒེར་ནས་འདི་བདེན་པ་ཡིན་མིན་གསལ་བཤད་གནང་དགོས་འདུག
གནས་ཚུལ་འདིའི་རྒྱབ་ལ་གསལ་པོ་ཤེས་མཁན་སྐྱེ་གསར་ཀླུ་སྒྲུབ་ཡོད་ཟེར། ཁོང་ཕ་རན་སི་ལ་ཡོད་པས་གསལ་བཤད་གནང་ན་ལེགས། དེ་མིན་གཞན་པ་རྣམས་ནག་ཁུང་ལ་མདའ་འཕེན་པ་འདྲའཽ།
ཀརྡོ་ལགས།
Times of India གི་གསར་འགྱུར་མཐོང་བྱུང་། དེ་ནི་གསར་འགོད་པའི་སྐད་ཆ་རེད། རྒྱ་གར་ཉེན་རྟོག་པས་ད་ལྟ་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད་ཅེས་ལབ་འདུག་ག ཉེན་རྟོག་པས་བརྟག་དཔྱད་ཞིབ་འཇུག་བྱས་མ་ཚར་སྔོན་ལ་སྤྱི་སྡོམ་བརྒྱག་པ་འདི་སུའི་ལུགས་སྲོལ་ཡིན་ནམ།
རྔ་བ་ཆོས་གྲགས་དང་སྐྱེས་སར་ཀླུ་སྒྲུབ་གཉིས་སྨྱུ་གུའི་རྩེ་ནས་ཁ་རྒྱགས་གཏམ་རེས་བྱས་མྱོང་བ་ཞིག་བདེན་ན་ཡང་། ཁོང་གཉིས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་རེད། ཁོང་གཉིས་ཀ་རྡ་རམ་ས་ལ་རུ་ལོ་ནས་ལོ་མཐུད་དེ་དཔུང་པ་མཉམ་གཤིབས་ཀྱིས་བསྡད་པ་རེད། ཕན་ཚུན་ཚིག་ངན་བཤད་རེས་བྱས་པ་ཞིག་ཡོད་རབས་མེད། ལྷག་པར་ཡང་དེའི་བར་ན་སྤྲོ་ཚིགས་ཆོས་གྲགས་ཀྱིས་ཇུས་གཏོགས་གང་ཡང་བྱས་རབས་མེད། མ་གཞི་ཀླུ་སྒྲུབ་ལགས་ད་ལྟ་གསོན་པོར་བཞུགས་བཞིན་པ་རེད། མ་གཞི་རྔ་བ་ཆོས་གྲགས་ལགས། རིག་གནས་ལ་དོ་སྣང་ཆེན་པོ། ཆོས་གཞུང་ལ་དོ་སྣང་ཆེན་པོ། སྒོམ་གྱི་སྐོར་ལ་དོ་སྣང་ཆེན་པོ། དེ་འདྲ་ཞིག་རེད། འདིས་སྤྱི་ཚོགས་དཀྲུག་གཞི་དང་གཞན་ལ་ཕོག་ཐུག་ཟུར་ཟ་འགྲོ་གཞིའི་རིགས་ལ་ཧ་ཅང་འཛེམས་མཁན་གྱི་མི་ཉམ་ཆུང་ཞིག་རེད། འདི་གྲི་ལ་ལག་པ་འཆངས་མཁན་གྱི་རིགས་དེ་མ་རེད།
རྔ་བ་ཆོས་གྲགས་ལགས་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཆེན་པོ་ཡོད་མཁན་ཞིག་རེད། བོད་དུ་གཉེན་འཕྲད་དུ་འགྲོ་སྐབས་སུ་ཡུལ་མིའི་དེ་ལ་ཆ་འཇོག་གིས་བསྔོ་རྟེན་སོགས་བསྐུར་བ་ཡིན་ཆོག་པ་རེད། དེ་ལ་འཛིན་ཡིག་སོགས་སོགས་མེད་སྟབས་ཡར་ཕུལ་མ་ཕུལ་གྱི་སྐོར་དེ་གསལ་བཤད་བྱེད་ཁག་པོ་རེད། ཡིན་ན་ཡང་།
རྔ་བ་ཆོས་གྲགས་ལགས་དབྱིན་ཡིག་སོགས་ལ་མཁས་པ། སློབ་སྦྱོང་ཡག་པོ་ཡོད་མཁན། ལོ་ན་གཞོན་པ་དེ་འདྲ་ཡིན་ན་ཡང་ཕྱི་རྒྱལ་དུ་མ་བསྡད། གྲྭ་བ་མ་ལོག ཕྱིར་གྲྭ་སར་སོང་ནས་བསྡད་པ་རེད། དེ་འདྲ་ད་བར་དུ་བོད་མིའི་སྤྱི་ཚོགས་སུ་མང་པོ་མཐོང་རྒྱུ་མེད་པ་རེད། འདི་མཚོན་ཆ་བེད་སྤྱད་ནས་མི་གསོད་མཁན་དང་དེ་ནས་རང་གསོད་མཁན་དེ་འདྲའི་རིགས་དེ་མ་རེད།
སྤོབས་མཐའ། ཨུ་ཚུགས་རྒྱབ་སྟེ་དོན་རྐྱེན་གཞན་ཞིག་ཡོད་མདོག་མ་བྱེད། འདི་ཞེས་སྟོན་རྒྱུ་ཡོད་ན་ཤོད་རོགས། སྐྱེས་སར་གླུ་སྒྲུབ་ཀྱིས་འདིའི་སྐོར་གྱི་གནས་ཚུལ་དྲང་པོ་དྲང་བཞག་ཅིག་འབྲི་བར་སྒུག་ཡོད། གང་ཡིན་ཟེར་ན་རྔ་བ་ཆོས་གྲགས་ཀྱིས་ཁོག་ཏུ་ཉར་མ་ཐུབ་པའི་ཞེ་སྡང་གི་རྒྱུ་རྐྱེན་མང་པོ་ཞིག་ཁོ་ལ་ཐུག་ཡོད་པ་འདྲ། ཉིན་ཤས་སྔོན་ངས་རྔ་བ་ཆོས་གྲགས་ཀྱི་གྲོགས་པོ་ཞིག་ལ་སྐད་ཆ་དྲིས་པ་ཡིན། ཁོང་གིས་བཤད་ན་རྒན་ཆོས་གྲགས་ལགས་རླུང་ཚ་བོ་དང་། གལ་སྲིད་མི་གཞན་ཞིག་དང་ཅུང་མ་འགྲིག་ཚེ་ཧག་ལ་འགྲོ། (རྔ་སྐད། དཔའ་ཡོད་ན་མིས་མི་མཐོང་སར་འགྲོ་ཟེར་བའི་དོན།) མ་གཞི་དེ་ནི་རྔ་བ་ཆོས་གྲགས་ཀྱི་གྲོགས་པོ་དེ་དང་ཁོང་གཉིས་རྒྱ་གར་དུ་བཙན་བྱོལ་སྐབས་ཀྱི་སྐད་ཆ་རེད། ལོ་མང་པོ་སྔོན་རེད། སྤྱིར་གདན་ས་ནས་སློབ་སྦྱོང་གང་འཚམས་བྱས་པས་རྒྱུད་ཀྱི་ཞེ་སྡང་དང་ང་རྒྱལ་མངོན་གྱུར་བའི་མགོ་བོ་ཅུང་ཐུལ་དགོས་པ་ཆོས་ཉམས་ལེན་བྱས་པའི་འབྲས་བུ་ཡིན་ཡང་། ཁག་པོ་རེད། དཔེ་ཞིག་འཇོག ཆོས་ཉམས་ལེན་བྱས། གདན་ས་ནས་དགེ་བཤེས་ཐོན། ལྷ་རམས་པ་ཐོན། ད་དུང་འདོད་ཆགས་ཀྱི་མགོ་མ་ནོན་པར་སྐྱ་སར་ཕབ་མཁན་ཅི་ལྟར་ཁྱོད་ཀྱིས་རང་ལ་དཔེ་རེ་ལོངས། ཆོས་གྲགས་གཉིས་ཀྱིས་ཞེ་སྡང་གི་མགོ་མ་ནོན་པ་དཔེ་དེ་བཞིན་ནོ། ཆོས་གྲགས་གཉིས་ཀྱིས་བོད་ཀྱི་ཤེས་རིག་སྦྱང་བརྩོན་ལོ་མང་རིང་བྱས་པ་དང་། ལྷག་པར་རྔ་བ་ཆོས་གྲགས་ཀྱིས་ཕྱི་གླིང་བའི་སྐད་ཡིག་ལ་སྦྱང་བ། གྲྭ་ས་ནས་དགེ་བཤེས་ཀྱི་དམ་བཅའ་འཇོག་འདོད་པ་སོགས་བདེན་པ་རེད། ཡིན་ན་ཡང་། རང་རྒྱུད་ཀྱི་དུག་ལྔའི་གཡོ་འཕྲུལ་ནི་སུས་ཀྱང་བཟློག་དཀའ་བ་མ་ཞིག་རེད་དམ། །
སྟོན་རྒྱུ་ཅི་ཞིག་ཡོད་ན། Police གིས་སྟོན་གི་རེད། རྔམ་དགོས་མ་རེད།
རྒྱ་གར་དུས་བབ་ནང་རྔ་བ་ཆོས་གྲགས་ཉིན་དེར་ལྡི་ལིར་འབྱོར་བ་དང་ནང་བའི་ཆོས་དཔེ་ཞིག་སྒྱུར་བཞིན་ཡོད་སྐོར་འཁོད་འདུག ཅི་ཙམ་བསམ་བློ་བཏང་ཡང་ཁོ་གཉིས་ནང་འཛིངས་བྱུང་བར་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག
རྒྱ་གར་བརྙན་འཕྲིན་ཚན་པ་ཁག་ཅིག་གི་ནང་ཉིན་ལྟར་སྟོན་བཞིན་པའི་དངོས་བྱུང་གི་གནས་ཚུལ་དག་ལ་བལྟས་ཚེ། བདེན་དཔང་རྫུས་མ་བཟོ་རྒྱུ་ཧ་ཅང་ལས་སླ་མོ་ཞིག་རེད། ཡང་སྙིང་ཁོ་གཉིས་ལ་ཅི་བྱུང་གི་གནས་ཚུལ་གསལ་བོ་ཞིག་དགོས་པ་དེ་གལ་ཧ་ཅང་ཆེ། ཤེས་ལྡན་པ་ཞིག་གིས་མ་མཐའ་མི་གསོད་པར་སྤྱི་བའི་ཆ་ནས་ཁག་ཐེག་བྱེད་ཐུབ་པ་ཞིག་རེད།
ཤེས་ལྡན་པ་ཞིག་གིས་མ་མཐའ་མི་མི་གསོད་པར་སྤྱི་བའི་ཆ་ནས་ཁག་ཐེག་བྱེད་ཐུབ་པ་ཞིག་རེད།
ངས་ཀྱང་དེ་འདྲ་ཞིག་སྔོན་མ་ནས་གོ་བྱུང་རྔ་བ་ཆོས་གྲགས་སྔོན་མ་བོད་ལ་འགྲོ་དུས་༧ གོང་ས་མཆོག་གིས་བཏང་རབས་དང་དེ་ནས་ཁོང་ལ་བོད་མི་དད་ལྡན་པ་ཚོས་གོང་ས་མཆོག་ལ་བསྔོ་རྟེན་སོགས་བསྐུར་རབས་དང་དེ་སྐུ་སྒེར་ལ་མ་ཕུལ་རབས་དེ་རྗ྄ེས་སྐྱེས་གསར་ཀླུ་གྲུབ་ཀྱིས་ཧ་གོ་ནས་སྐུ་སྒེར་ལ་ཞུས་རབས་དང་དེ་སྐབས་རྔ་བ་ཆོས་གྲགས་སྐུ་སྒེར་གྱིས་དབྱིན་ཡུལ་དུ་དབྱིན་འཇི་སྦྱོངས་བར་བཏང་རབས་དང་དེ་རྗེས་བསྔོ་རྟེན་ཁག་ཡར་མ་ཕུལ་བར་རྟེན་དབྱིན་ཡུལ་ནས་ཚུར་སྐད་བཏང་རབས་དང་་་་་་སྤྲོ་ཚིགས་ཆོས་གྲགས་ནི་སྐྱེས་གསར་ཀླུ་གྲུབ་ཀྱི་གྲོགས་པོ་ཡག་པོ་ཡིན་རབས་དང་སྐྱེས་གསར་ཀླུ་གྲུབ་ཕྱི་རྒྱལ་ལ་བསྐྱོད་རྗེས་སྤྲོ་ཚིགས་ཆོས་གྲགས་རྒྱ་གར་དུ་ལུས་ནས་ད་ལྟའི་གནས་སྟངས་དེ་བྱུང་རབས་སོགས་མང་པོ་གོ་རྒྱུ་འདུག གང་ལྟར་དེ་དག་ཐམས་ཅད་མི་བརྒྱུད་ནས་གོ་ཐོས་བྱུང་བ་ལས་ངོ་གདོང་ཐུག་པའི་སྐད་ཆ་མིན་པར་བརྟེན་ཐག་ཆོད་པའི་གཏམ་མ་རེད། དེ་བཞིན་དེ་དག་གི་གནད་དོན་ལ་རྒྱ་གར་བས་ཧ་ཀས་ཧོན་འཐོར་བའི་གསར་འགྱུར་ལ་གཏོང་བ་དེ་ཡང་ཡ་མཚན་རེད། ད་དུང་ཁོང་གཉིས་ཽན་ཚུན་གསོད་རེས་བྱས་པ་ལས་གསོད་པའི་རྒྱུ་རྐྱེན་དང་ཚུལ་ཇི་ལྟར་བྱས་ནས་བསད་རབས་སུས་མིག་མཐོང་ལག་ཟིན་གྱི་ཁུངས་འཕེར་གྱི་དཔང་པོ་སུ་ཡིན་མིན་ལས་སོགས་གང་ཡང་མི་འདུག དེ་ཚོ་ཁོང་གཉིས་འཁྲུགས་འཛིང་གིས་གསོད་རེས་བྱས་པའི་གནས་ཚུལ་གྱི་ཆ་རྐྱེན་ཨང་དང་པོ་དེ་རེད་འོན་ཀྱང་དེ་འདྲའི་གནས་ཚུལ་གང་ཡང་མི་འདུག ལྷག་པར་དུ་བོད་ཀྱི་དུས་བབ་ལས་སོགས་བོད་ཀྱི་གསར་འགྱུར་དེ་ཚོའི་ནང་དུ་བང་ཆེན་ལས་སོགས་ཉུང་ཤས་ཞིག་ལས་གནས་ཚུལ་གང་ཡང་མི་བཀོད་པ་འདི་ཡ་མཚན་རེད། ངོ་གནོང་དགོས་ོ་མ་རེད་དྲན་གནས་ཚུལ་ས་གནས་ས་ཐོག་ཏུ་ཕྱིན་ནས་ནམ་མཁའ་གཡའ་དག་ས་གཞི་རྡུལ་དག་བཟོས་ན་རྗེས་ལུས་ནང་མི་དང་གྲོགས་པོ་སོགས་ལ་བསམ་བློ་གཏོང་གཞི་ཞིག་དང་གནས་ཚུལ་གཙང་མ་ཆགས་པའི་དགེ་མཚན་ཡོད་པ་ལས་དེས་རྙོགས་འཛིང་ཆེ་རུ་གཏོང་གི་མ་རེད། དེ་ལྟར་ཞིམ་བུས་སྐྱག་པ་སྦས་སྦས་བྱས་ནས་འདི་ལྟར་མང་ནས་མང་དུ་འགྲོ་བའི་ཉེན་ཁ་ཡོད་རེད་དྲན། གྲྭ་བ་ཞིག་གིས་མི་སྐྱ་བསད་རུང་དེ་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་བ་དང་པོ་མ་རེད་ཡ་མཚན་དགོས་པ་མ་རེད་དྲན། གོང་དུ་བཤད་པ་བཞིན་འདོད་ཆགས་ཀྱི་དབང་གིས་གྲྭ་ལོག་བྱས་པ་དང་གཏི་མུག་དབང་གིས་གྲྭ་བས་སྐུར་འདེབས་བྱས་པ་སོགས་མང་དུ་ཡོད་་་་གྲྭ་བ་མཁན་པོ་ཡིན་པ་ལྷ་ལུང་གིས་རྒྱལ་པོ་ལྐོག་གསོད་བྱས་པ་ལ་བསྟོད་བསྔགས་བྱེད་བཞིན་ཡོད། གྲྭ་རྐྱང་དཀྱུས་མ་ཞིག་གིས་མི་སྐྱ་དཀྱུས་མ་ཞིག་བསད་རུང་དེ་ལ་ཡ་མཚན་དགོས་པ་གང་ཡང་མ་མཐོང།
ཤེས་ཡོན་ཅན་ཚོས་འདི་ལྟ་བུའི་བླུན་རྟཊ་མི་སྟོན་པའི་དམ་བཅའ་དགོས། ་་་་་ཟེར།
http://www.tibettimes.net/news.php?showfooter=1&id=9780
ལྡོང་གསེར་མིག་གིས་བསམ་ཚུལ་ཡིན་ན་ནང་འཛིངས་ཤིག་ལས་གྱོད་དོན་གཞན་ཞིག་མེད་པར་བཤད། དེ་ལྟར་ཡིན་ན་ནི་གནས་ཚུལ་དེ་ཁ་དཀྲི་ས་གང་ཡང་མེད་པར་ནང་གྱོད་ཀྱི་ངོ་བོ་ལས་མཇུག་བསྡུས་ན་རབ་རེད། ཡིན་ནའང་། རྒྱབ་ལྗོངས་ལ་གསང་བ་ཞིག་ཡོད་པའི་དབང་དུ་བྱས་ན་དེ་འདྲའི་གཞོན་སྐྱེས་ཤེས་ཡོན་ཅན་གཉིས་གོ་མེད་ཚོར་མེད་དུ་བསད་བཞག་ན་གནས་སྟངས་འདིར་དོགས་པ་དང་ཐེ་ཚོམ་ཞིག་རང་བཞིན་གྱིས་ཡོང་གི་རེད། ཤེས་ཡོན་པའི་མིང་བྱང་འོག་མི་གསོད་ཀྱི་ནག་ཉེས་འཁུར་ནས་འདས་མཆོད་བསྒྲུབ་དགོས་ན་བདེ་བདེ་རང་ཨེ་ཡོད་ན།
གནད་དོན་འདི་བྱུང་མ་ཐག་ཏུ་འདྲ་པར་གསལ་པོ་མང་པོ་ཞིག་དང་འགྲེལ་བཤད་ཁ་གསལ་གཏིང་གསལ་ཡིན་མདོག་མང་པོ་ཞིག་འབྱོར་ཡོང་གིན་འདུག འདྲ་པར་དེ་ཚོ་སུས་བསྐུར་འདིས་བསྐུར་ལ་གསལ་ཁ་མི་འདུག འགྲེལ་བཤད་དེ་ཚོ་སུས་བྱས་འདིས་བྱས་ལ་གསལ་ཁ་མི་འདུག འདི་ལ་བསམ་བློ་བཏང་དུས་འདིའི་རྒྱབ་ན་གྲ་སྒྲིག་ཆེན་པོ་ཞིག་ཡོད་པ་གསལ་སྟོན་བྱེད་ཀྱིན་འདུག
དཔེར་ན། པར་རྒྱག་མཁན་དེ་འདྲ་སུ་ཡིན་ནམ། པར་སྤུས་ཚད་ཡག་པོ་གསལ་པོ་ཧ་ཅང་འདུག iPhone དང་Samsung ལྟ་བུའི་ཁ་པར་གྱི་པར་ཆས་ནང་དུ་ཡང་མཚན་མོར་པར་དེ་འདྲ་གསལ་པོ་ལེན་ཐུབ་གི་མ་རེད། མི་གཉིས་བསད་ཡོད་སར་སོང་ནས་པར་རྒྱག་ཕོད་ཀྱང་ཨེ་ཕོད་ན། གཀ་སྲིད་པར་བརྒྱབ་ན་དེ་སྤྱི་ཚོགས་དྲ་འབྲེལ་བརྒྱུད་ནས་གཏང་སྲོལ་ཞིག་དེ་ལས་ཀྱང་གང་དུ་ཡོད། ལག་འདུག་མི་ཐུབ་མཁན་ཞིག་གིས་བཏང་བསམ་རུང་དེ་འདྲ་མགྱོག་པོ་དྲ་བ་མང་པོར་ཁྱབ་ཀྱང་ཐུབ་གི་མ་རེད།
ཉེན་རྟོག་པ་སླེབས་ཚར་རྗེས་སུ་བཅར་བསམ་ན་དེ་འདྲ་ཐག་ཉེ་ལ་བཅར་ཡང་འཇུག་རྒྱུ་མ་རེད། ང་ལ་སུས་བསད་འདིས་བསད་སོགས་གསལ་པོ་གང་ཡང་བཤད་རྒྱུ་མེད། ཁོང་རྣམ་པ་གཉིས་ཀས་དོལ་རྒྱལ་ཤུགས་ལྡན་དགག་པ་སོགས་བྱས་རབས་མེད། མདོར་ན་ཁོང་གཉིས་ཀ་ནང་ཁུལ་འཁྲུགས་གཞིའི་རྩོམ་ཡིག་གཏན་ནས་མི་འབྲི་མཁན་གྱི་གྲས་རེད། རྩོད་གཞི་ཅན་གྱི་སྐད་ཆ་མི་བཤད་མཁན་གྱི་གྲས་རེད། མི་ཉམ་ཆུང་རེད།
སྒྲུང་གཏམ་ཁ་གསལ་པོ་ཏག་ཏག་དང་ཐ་ན་ཁོང་གཉིས་མགྲོན་ཁང་ནང་དུ་ཁ་རྩོད་ཤོར་ནས་ཕྱིན་ཐོན་སོང་ལྟ་བུ་མི་ཞིག་གིས་མགོ་རྔ་ཡོངས་རྫོགས་ལ་བལྟས་བསྡད་ཡོད་པ་ལྟ་བུ་བྲིས་ནས་གཏོང་མཁན་འདུག ད་སུས་མཐོང་བ་རེད་ལབ་དུས་ཐོག་མར་རྒྱ་གར་བ་ལས་ཀ་བ་ཁ་ཤས་ཀྱིས་མཐོང་བ་རེད་ཟེར། མཚན་མོ་དེ་འདྲ་ཞིག་ལ་ལས་ཀ་བ་ཞིག་ཡོད་མེད་ཀྱང་མི་ཤེས། སྤྱིར་རྒྱ་གར་བ་འགས་མཐོང་བ་ཡིན་ན་ལས་ཀ་བ་ཟེར་དོན་ཡང་མི་འདུག དེ་ལྟར་ན་སྐད་ཆ་དེ་ལ་མ་འགྲིགས་པའི་སྐྱོན་ཞིག་འདུག
རྒྱབ་ཁུག་ནང་གི་སྒོར་མོ་བདུན་ཁྲི་དེ་མ་ཁྱེར་ལུགས་ཀྱིས་དེ་རྒྱ་གར་བ་རྐུན་ཇག་གིས་བསད་པ་མིན་པར་ཁ་གསལ་པོ་ཆགས་པ་རེད། དོལ་ཚོགས་ཀྱིས་བསད་ཟེར་བའི་དཀྲོག་གཏམ་ད་བར་དུ་གོ་མ་སོང་། ཡིན་ཡང་། ཁོང་གཉིས་ཀ་སུས་ཀྱང་དོལ་རྒྱལ་དང་དོལ་རྒྱལ་བ་ལ་སྐྱོན་རྗོད་བྱས་ཚུལ་གཏན་ནས་གོ་མ་མྱོང་བས་དེ་འདྲའི་དོག་པ་སྐྱེས་དོན་ཡང་མི་འདུག
འོན་སྤོབས་ལ་མཐའ་ཡས་རང་ལ་དོགས་གཞི་གང་འདུག གསལ་པོ་ཞིག་འགྲེལ་བརྗོད་གནང་དང་།
མི་བུ་དེ་གཉིས་ལ་གསང་བའི་གཏམ་རྒྱུད་གང་ཞིག་ཡོད་ན། སྐབས་དེར་རྔ་བ་དང་མཉམ་དུ་མགྲོན་ཁང་ལ་ཐོ་འགོད་མཁན་དེ་ལ་བཤད་རྒྱུ་གང་ཞིག་ཡོད་ན།
རྔ་བ་སྟག་མོའི་རྫོང་གི་བྱས་རྗེས་མི་གཉིས་ཀྱིས་བྱས་པས་མེད་པར་འགྱུར་མི་སྲིད། ཨ་མདོ་རྔ་བའི་མི་རིག་ས་ཀྱི་ལ་རྒྱ། སློབ་སྦྱོང་། སྤྱི་སེམས། འཇོན་ཐང་སོགས་མི་འགྱུར། མི་ཉམས། སྔར་ལས་ལྷག་པར་གྱུར་ཅིག