—–ལྷ་རྒོད།
དེ་རིང་ངས་དོན་ཚན་བཞིའི་སྒོ་ནས་དགོངས་སེལ་དང་བཅས་ཏེ་ཁྱེད་ཅག་ལ་འདི་ལྟར་མོལ།
དང་པོ། དེ་རིང་ནི་སྐྱེ་བོ་འབུམ་ཕྲག་མང་པོའི་སྐྱོ་གདུང་དང་ངུ་འབོད་ཀྱིས་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཕེབས་སྐྱེལ་ཞུས་སོང་། ངོ་མ་ཁྱེད་ཀྱི་བློས་བཏང་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས། ཁྱེད་ཀྱི་རྗེས་ཤུལ་དུ་ཅི་ཡང་མི་ནུས་གང་ཡང་མི་འཇོན་པའི་ངས་ནི་མིག་ཆུ་དང་དབུགས་རིང་ཙམ་ལས་ཐབས་ཤེས་ཟད། སྐབས་རེར་རང་ཉིད་ཀྱི་ངང་ཚུལ་འདིར་ཡང་ཡང་བསམ་སྐབས་འགྲོ་བ་མིའི་ལུས་བླངས་པར་མཚུངས་ཀྱང་། རྒྱ་སྟག་གི་སྙིང་ཁམས་ལ་འགྲན་པར་ནུས་པའི་ཁྱེད་ཀྱི་བློས་བཏང་དང་ནམ་ཡང་བསྡུར་ཐབས་མེད་པ་རིག་དུས་ངའི་སྤོབས་པ་ཝ་མོའི་མཇུག་མ་ལྟར་ཞུམ།
གཉིས་པ། ད་དུང་སྐུ་ཉིད་ཀྱིས་མཚོན་པའི་གཅེས་སྲོག་མི་རིགས་ཀྱི་དོན་དུ་ཤོར་བའི་དཔའ་བོ་དཔའ་མོ་དག་ཡིད་ལ་དྲན་པ་དང་ལྷན་དུ་ཁྱེད་ཅག་གི་བློས་བཏང་དང་ཐག་གཅོད་དེ་ལྟ་བུ་ཤུལ་ལུས་རྒྱལ་གཅེས་པ་ཚོས་མ་གནང་ན་བསམ་པའི་སེམས་ཁོང་གི་རེ་སྨོན་ཙམ་ལས། ལེགས་ཉེས་དང་བླང་དོར་སོགས་ཀྱི་བསམ་འཆར་དང་ལམ་སྟོན་ནི་སུས་ཀྱང་བྱེད་འོས་སུ་མ་མཐོང་།
རྒྱུ་མཚན་ནི། ཁྱེད་ཅག་གི་སྙིང་དུ་བཟོད་པར་དཀའ་བའི་སྡུག་བསྔལ་དང་། དཔོག་པར་དཀའ་བའི་ཕུགས་བསམ་ལ་འགན་ཁུར་དང་བློས་བཏང་གང་ཡང་མི་ནུས་པའི་བདག་དང་བདག་ལྟ་བུའི་སྐྱེ་བོ་དག་གིས་འདི་ཡིན་འདི་མིན་བཤད་ཁུལ་བྱས་ཚེ་དེ་ནི་ཁྱེད་ཅག་གི་སེམས་ཁོང་དུ་ཡོད་པའི་སྡུག་བསྔལ་དང་། ཁྱེད་ཅག་གི་ཤ་ཁྲག་རུས་རྐང་ལ་ཐིམ་ནས་ཡོད་པའི་སྙིང་སྟོབས་དང་ལྷག་བསམ། ཆོད་སེམས་སོགས་དང་དོ་མཉམ་པའི་བསམ་ཤེས་མེད་པའི་རང་རྟགས་སུ་འགྱུར་བར་ངེས།
གསུམ་པ། ངས་བསམ་ཤེས་ཐུབ་པ་ནི། ཁྱེད་ཅག་གིས་ཐབས་ལམ་དེ་ལྟ་བུ་ཞིག་མི་འདེམས་ཀ་མེད་ཡིན་པ་དང་། ཁྱེད་ཅག་གིས་ཐག་གཅོད་དེ་ལྟ་བུ་ལག་བསྟར་མ་ཐུབ་ན་སྙིང་དབུས་སུ་བཟོད་པར་དཀའ་བའི་ན་ཟུག་དྲག་པོ་ཞིག་དང་། སྡུག་བསྔལ་ལྕི་མོ་ཞིག་གིས་མནར་གྱིན་ཡོད་པ་གསལ་པོར་ཤེས་ཀྱིན་འདུག །
བཞི་པ། མདོར་ན་ངས་ཁྱེད་ཅག་གི་དོན་དུ་ཡིག་དྲུག་དང་བསྔོ་སྨོན་ཙམ་ལས་ཅི་ཡང་མི་ནུས་པས་དགོངས་དག ། སྙིང་ནས་དགོངས་དག་ཞུ།།
ལྷ་རྒོད་ལགས། མྱ་ངན་དང་སེམས་ཚོར་དམར་རྗེན་དུ་བྲིས་འདུག ???
ལྷ་རྒོད་ལགས་ལ་རྗེས་སུ་ཡིད་རངས་ཞུ།
དཔའ་བོ་ཆུང་ཆུང་གཉིས་ལ་དགོངས་དག་ཞུ་དགོས་བའི་མི་དེ་བློ་བཟང་སེང་གེ་རེད།
ཐེ་ཝེན་སྐུ་ཚབ་དོན་གཅོད་ཀྱིས། ཕྱག་ལས་ཡག་པོ་གནང་བཟོ་འདུག འདིར་གཟིགས་དང་།
http://www.rfa.org/tibetan/sargyur/tibetan-supporters-march-in-taipei-03052016144452.html
བོད་ཀྱི་གཞོན་སྐྱེས་ཀྱི་རང་ལས་མེར་སྲེགས་གནང་།
སྲིད་སྐྱོང་ནས་གསུང་གཞས། སྙིང་རེ་རྗེ།
འདི་འདྲའི་སྲིད་སྐྱོང་ང་ཚོ་ལ་མི་དགོས།
བོད་ཀྱི་གཞོན་སྐྱེས་ཀྱི་རང་ལས་མེར་སྲེགས་གནང་།སྲིད་སྐྱོང་ནས་གསུང་གཞས། སྙིང་རེ་རྗེ།འདི་འདྲའི་སྲིད་སྐྱོང་ང་ཚོ་ལ་མི་དགོས།
སྙིང་སྟོབས་ལྡན་པའི་རླབས་ཆེན་གྱི་དཔའ་བོ་གཉིས་ལ་གུས་འདུད་ཞུ་ཁྱེད་གཉིས་ཀྱི་བོད་མི་རིགས་ཀྱི་བདེ་སྡུག་གི་གནས་སྟངས་ཆེད་དུ་སྐུ་ལུས་མེ་མཆོད་གནང་བ་ནི་བསམ་བརྗོད་ལས་འདས་པ་ཞིག་རེད་མ་ཟད་ཁྱེད་གཉིས་ནང་མི་སྤུན་ཟླ་རྣམས་ལ་གུས་འདུག་ཡོད་པར་མ་ཟད་དགོངས་དག་ཞུ་འུ་ཅག་གིས་སྲིད་ཀྱི་གིས་འདི་མྱ་ངན་བྱེད་པ་ལས་གླུ་གཞིས་ལེན་བཞིན་འདུག་འདི་མཐོང་ན་ཁྱེད་ཅག་བློ་ཕམ་ངེས་པར་ངས་དགོངས་དག་ཞུ་ཁོང་གིས་བོད་མིའི་འགྲོ་སྟངས་མ་ཤེས་པ་རེད་ཁོང་གཙོ་བོ་ཕྱི་རྒྱལ་ནས་འཚལ་བ་ཡིན་ཙང་བོད་མིའི་རིག་གཞུང་དང་ཡ་རབས་བཟང་སྤྱོད་མ་ཤེས་པ་རེད། ང་བོད་མི་ཞིག་ཡིན་པས་ཆ་ནས་དགོངས་དག་ཞུ།