———–དོམ་མེ།
སེམས་གཏམ་མིག་ཆུ་ནས་བཤད
ན་ཟུག་རི་མོ་ལ་བྲིས་ཡོད
ཕངས་སེམས་སུ་ལ་བཤད
གྱོང་གུན་སུ་ཡིས་འཚབ
ཁ་བ་སྙིང་ལྕགས
མཚོ་སྔོན་པོའི་མཚོ་འགྲམ་དང
རི་ཁ་བའི་སེམས་ལ་བཀོད་པའི་ཞབས་རྗེས
སུ་ཞིག་གིས་ང་ཚོའི་ཉ་ཟ་བཞིན་འདུག་ལ
གང་ཞིག་ལ་ང་ཚོའི་གསེར་ཉ་འཁྱེར་འགྲོ་ཡི་འདུག
མཚོ་སྔོན་པའི་རླབས་སྒྲ་ཇེ་ཆུང་ཡིན་ཡང་
དུང་དཀར་པོས་རང་སྒྲ
བོད་ཆེན་པོའི་གླིང་ལ་གྲགས
འབུ་མེ་ལྕེབས་མེ་ན་ཡོད་ཡང
ཐང་དཀར་རྒོད་པོ་ནམ་མཁའ་ན་ཡོད
རྒོད་པོ་འཕུར་སོང་ཡང
གསུང་སྙན་བོད་ལ་གནང་ཡོད་པ
སུ་ཞིག་གིས་ང་ཚོའི་ཕ་ས་ན གང་ཞིག་འཁྱེར་འགྲོ་ཡི་འདུག
༢༠༡༥ ༦ ༢༨ ཉིན།
རྩོམ་པ་པོ་སྙིང་ལྕགས་ལགས་ཁྱེད་ཉིད་མཚོ་སྔོན་པོའི་ཁོར་ཡུག་གི་ཆེད་དུ་ཚེ་སྲོག་ཤོར་བར་རྗེས་དྲན་ཞུ།