ཁྲོ་གཏུམ།
འུར་ཟིང་གི་མགོ་བོ་བཏུམས་མཁན
མཚན་སྨག་གི་ཡོལ་བ་དེ་དག་ཡིན་ལ
མིག་ཟུང་གི་འཁྲུལ་བ་དང
ཉན་བྱེད་ཀྱི་ནོར་བ་དེ་དག
མཚན་ལྗོངས་ཀྱིས་བཀག་ཡོད
ངས་རང་སྣང་གང་ཤར་གྱི་འགུལ་བསྐྱོད་ལ
འཕྱ་སྨོད་བྱས་མ་མྱོང་བ
མཚན་མོ་ཡིན་ལ
ངས་ཀྱང་སྨག་རུམ་གྱི་སེང་རས་གྱོན་ནས
མཚན་མོར་འཁྱུད
སྐད་ངག་མེད་པའི་དུག་སྦྲང་འགས
ང་ལ་སུན་གཙེར་བྱེད་པར
རྣ་ལམ་དུ་ཀུ་ཅོ་རོལ་ཀྱང
སྦི་རག་གི་ཞིམ་ཤ་ཡིས
ང་ལ་སྣང་དོགས་མི་བདོ
སྙན་ངག་སྦི་རག་ལ་འཐིམས་ཤིང
སྦི་རག་གིས་སྙན་ངག་མིད་དུས
ང་རང་ཆེས་ཁུ་སིམ་པའི་གློག་འོད་དེའི་དཀར་ངོགས་སུ་ཙོག
གྲོགས་པོ་སྙན་ངག་གི་ཡུལ་སྐོར་ནས་བཟི་དུས
ངས་ཀྱང་སྨྱུ་གུ་ལ་གྲོས་དན་བཞག
སྨྱུ་གུ་སོར་མོས་རུམ་པས་ན
བསམ་གཞིགས་ཀྱང་སྙན་ངག་གིས་ཁུར
ང་རང་འདི་ལྟར་རང་གི་སྙན་ངག་ལས་འཕྱུར་ན
ཁྱེད་ཚོ་མ་དགོད་རོགས
སྙན་ངག་སྦིར་རག་ཏུ་ཐིམ་ཞིང་སྦིར་རག་སྙན་ངག་ཏུ་ཐིམ་པས། ངས་སྙན་ངག་དང་སྦིར་རག་་གི་དབྱེ་འབྱེད་མ་ཤེས་གོང་ནམ་ལངས་ཟིན་འདུག་ལ། སྐར་མ་འགའ་ཤས་ཀྱི་རྗེས་ལ་བཟི་དྭངས་བས་ད་གཟོད་ངས་སྙན་ངག་སྙན་ངག་དང་། སྦིར་རག་སྦིར་རག་ཏུ་གཞི་ནས་ཤེས་བྱུང་།
“སྨྱུ་གུ་སོར་མོས་རུམ་པ་ན
བསམ་གཞིགས་ཀྱང་སྙན་ངག་གིས་ཁུར
ང་རང་འདི་ལྟར་རང་གི་སྙན་ངག་ལས་འཕྱུར་ན
ཁྱོད་ཚོ་མ་དགོད་རོགས” ངོ་མ་ཚོར་འདུ་བརྗེ་སྤོར་གྱི་སྒྱུ་རྩལ་གྱི་བར་སྟོང་ནས་བསམ་གཞིག་ཀྱི་བྱང་ཐང་ངང་གིས་བསྟན་འདུག ཁྱོད་ཀྱི་སྙན་ངག་འདི་ནི་ཚོར་བ་རྣོན་པོས་བསྐྲུན་པའི་སྐབས་དེའི་བྱུང་བ་ཞིག་སྦྲུམ་ཡོད་པས་བཞེངས་སྟངས་ཀྱི་ངོ་བོ་ནི་སྙན་ངག་སྙན་ངག་ཏུ་རློམ་པའི་མི་བུ་ཁ་ཤས་ཀྱི་ཁ་སྐྱེངས་བར་བཟོས་སོང་། ཁྲོ་གཏུམ་དང་དགོད་གཏམ་གྱི་བར་གླགས་ནས་རང་ཉིད་ཀྱིས་བརྗོད་འདོད་པ་ཞིག་དང་། སྤྱི་ཚོགས་ཀྱི་སྒེའུ་ཁུང་ལས་མཐོང་བའི་དངོས་བྱུང་གི་སྣང་བརྙན་ཡོད་ཚད་སྨྱུ་གུའི་རྩེ་རུ་དྲངས་སྟེ། ཉམས་དམའ་བའི་བོད་སྐད་ཡིག་གནས་བབས་ལ་རྟགས་ཤིག་རྒྱག་རོགས། ་་་་་་་་་་་་་་་་་་་་མུ་མཐུད་དུ་ཕྲིས་དང་ཀློག་ངེས་ཡིན་་་་་་་་་་་ངོ་མ་སྙན་ཀི