གངས་ཉི།
ཡོད་ཚད་ལ་ཁ་དོག་རྒྱས་ཞིང་།།
གསར་བྱུང་གི་མྱུ་གུ་འབུས་ཏེ།།
འཇིག་རྟེན་འདི་མཛེས་པའི་ཕྱུག་དུས།།
ཕན་ཚུན་ལ་དམ་དུ་འཁྱུད་མྱོང་།།
དྲན་སྣང་གི་སྡོམ་བུ་འཁྱམས་པོ།།
ངེས་མེད་ཀྱི་ཕྱོཊ་བཞིར་ཉུལ་ནས།།
ལས་དབང་གི་དཀོས་ཐག་དེ་ལ།།
བཟོད་མེད་ཀྱི་ན་ཟུག་སྟོང་ཕྲག།
གཞན་སེམས་ཀྱི་གྲོག་མ་ཁེར་རྐྱང་།།
འདུ་སྡོད་ཀྱི་ཨ་ལན་མེད་དུས།།
སྤྲིན་ནག་གི་གད་རྒྱངས་འདི་ཡང་།།
སྐྲགས་སྣང་གི་རྒྱུ་རུ་མི་འགྱུར།།
རང་སེམས་ཀྱི་རྐང་དྲུག་བུང་བ།།
སྐྱེད་ཚལ་ལ་ཡིད་ཀྱིས་བྲིད་ཀྱང་།།
མི་འདོད་པའི་རྣམ་འགྱུར་ཞིག་གིས།།
རང་སེམས་འདི་སྡུག་ལ་སྤྱར་སོང་།།
གར་འགྲོ་ཡི་འདུན་པ་མེད་ཀྱང་།།
ཟ་འདོད་ཀྱི་ཡིད་སེམས་པ་མེད་དུས།།
ཡོད་ཚད་སྐྱོ་སྣང་སྐྱེ་དུས།།
འཇིག་རྟེན་འདིར་ཅི་འདྲ་སྐྱོ་བ།།
རིན་ཐང་གིས་མི་གཞི་འཚོལ་ཞིང་།།
བརྩེ་བ་ཡི་ཨ་ལུང་དམ་སྐབས།།
སྣང་བ་འདི་མཁའ་རུ་འཕུར་འདོད།།
ལས་དབང་གི་བཙན་བཀའ་ཞིག་གིས།།
ལང་ཚོ་འདི་ནག་ནོག་གིས་བྱུག་འདུག།
རྒྱུ་འབྲས་ལ་ལྟག་རྫོང་འཐུག་ན།།
ཁེར་རྐྱང་གི་སྐྱོ་གཞས་གཉོམ་པོ།།
མི་འདོད་བཞིན་ལེན་དུ་བཅུག་སོང་།།
ཚང་དབྱངས་རྒྱ་མཚོ་མགུར་གླུ་བཞིན་ཡག་པོ་བྲིས་ཞག་་་་་་་་་་་་་་་་་
འཛོམས་དུས་ཀྱི་མཐའ་མར། །འབྲལ་དགོས་དེ་ཆོས་ཉིད། །རང་ཉིད་ཀྱིས་བཙོས་ཆང་། །མི་ཞིང་ཡང་འཐུང་དགོས། །
ཕྱོཊ་ཡི་གེ་བསྡུས་ཡིག་ཀློག་པོ་ཀུན་གྱིས་ཀློག་མི་ཐུབ། གལ་ཏེ་ཀུན་གྱིས་ཀློག་ཤེས་པར་འདོད་ན། ཕྱིན་ཆད་བསྡུག་ཡིག་མེད་ལེགས་སོ།།
ལ་དྭགས་པར་ཡག་པོ་འདུག། མུ་མཐུད་དྲྭ་ཚུགས་དུ་དག་བཅོས་དང་ལེགས་ཉེས་བླངས་དོར་གི་བཀའ་སློབ་གནང་ན་དྲྭ་གྲོགས་ཚང་མར་ཕན་ཐོག་ཡོད་ངེས་ཡིན་པས་དེ་དོན་དགོངས་འཇག་གནང་བར་ཞུ།
སྙིང་སྡུག་ཟླ་བའི་ལྷ་མོ། ནམ་མཁའི་མཐོངས་སུ་འཕུར་སོང་། ཡིད་ཀྱི་བཟོད་དཀའི་ན་ཟུག ལྷན་དུ་བསྣམས་ན་དགའ་བ། ཡོད་ཚད་ལས་ལ་བཅོལ་བ། བདག་ཚོའི་སེམས་གཤིས་ཡིན་ན། རིན་ཆེན་གསེར་ལས་ལྷག་པའི། ཁྱད་འཕགས་བློ་འདིས་ཅི་བྱ། ཐེངས་གཅིག་བྲལ་བའི་སྙིང་སྡུག སླར་འཛོམས་སྐལ་བའི་སྔ་ལྟས། ཐུགས་སེམས་སྐྱོ་བ་མ་གནང་། བློ་ཡིད་ཞུམ་པ་མ་གནང་། ཨ་ལ་ཀུ་རེའི་ཚུལ་གྱིས། གང་འདོད་འབྲི་བར་ཐལ་སོང་།
མཛེས་པའི་གངས་ལྗོངས་ཁོར་ཡུག །
རྒྱ་མིས་འཕྲོ་བརླག་བཏང་སོང་། །
སྐྱིད་པའི་གངས་ལྗོངས་ལྷ་ཡུལ། །
རྒྱ་མིར་དམྱལ་བར་བསྒྱུར་སོང་། །
བོད་མི་ཁྲི་སྟོང་མང་བོས། །
རང་ཡུལ་རྒྱབ་ལ་བསྐྱུར་ཅིང་། །
གཞན་ཡུལ་པང་དུ་བླངས་ཏེ། །
རང་དབང་རྩོད་ལེན་གནང་སོང་། །
༧གོང་ས་ཡིད་བཞིན་ནོར་བུ། །
འཛམ་གླིང་གང་སར་བྱོན་ནས། །
ཆོས་ཀྱི་འཁོར་ལོ་སྐོར་བཞིན། །
འཇིག་རྟེན་བདེ་ལ་བཀོད་སོང་། །
ང་ཡི་སྙིང་སྡུག་སྨན་མོ་མཚོ་ཡང་བརླག་སོང་། ད་ང་ནི་ཅི་བྱ་རྟོལ་མེད་དུ་ཆགས་སོང་།
ལས་དབང་འདི་ལ་ལྟོས་དང་། །ཁ་ཅིག་རྒྱལ་ཁབ་དོན་དུ། །རང་ལུས་དམར་སྲེགས་བཏང་སོང་། །ཁ་ཅིག་སྐྱེ་དམན་དོན་དུ། །སྡུག་གི་མིག་ཆུ་ཤོར་འདུག །ཤ་རུས་ཁྲག་རྒྱུད་གཅིག་ཀྱང་། །སེམས་ཀྱི་ཁུར་བཏང་ཁ་ཁ། །ཨ་ཙི་བདེན་པ་ཡིན་ནམ། །མི་ལུས་ཐོབ་པ་འདྲ་ཡང་། །རང་དོན་གཞན་དོན་ཁ་ཁ། །དེ་འདྲབདེན་པ་ཨེ་སྲིད། །གནམ་རྒན་མ་ཡི་འོག་ན། །ཁྱོད་དང་ང་གཉིས་ལས་དབང་། །མི་གཅིག་ཁུར་བཏང་ཁ་ཁ། །ཨ་ཧོ་་གདོང་དམར་བོད་པ། །
སྙིང་སྡུག་ཡིན་ནོ་ཤེས་ན།
དང་པོ་བཙལ་ནས་ཅི་བྱེད།
སྙིང་དགའ་ཞིག་ལ་འགྲོག་དང་།།
རྗེས་མ་བྲལ་དགོས་མི་བྱུང་།།
དང་པོ་མཇལ་དུས་ཡིད་སོང་བུ་མོ།། གཉིས་པ་མཇལ་དུས་འགྲོག་བདེ་བུ་མོ།། གསུམ་པ་མཇལ་དུས་འབྲེལ་འདྲེས་བུ་མོ།། བཞི་པ་མཇལ་དུས་སྙིང་སྡུག་མཛའ་མོ།།
སྲིད་དོན་ཁ་རུ་འཁྱེར་ཀྱང་། ལག་ལེན་ཉིན་མོའི་སྐར་མ། ཨ་མདོ་བག་ལེབ་འདྲ་བར། རྒྱལ་ཞེན་ཡོད་མིན་སུས་ཤེས། འགའ་ཞིག་བརྩེ་དུང་གླེང་ཡང་། དོན་དངོས་འཚོ་བའི་འགྲོ་སྟངས། འདང་ཅན་བརྩེ་དུང་ཅན་པ། ཚེ་འདིའི་ཕྱེད་ཀ་ཡིན་སོང་།